Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་སྔགས་ཀྱི་བཟླས་བརྗོད།  བཱིཪྻ་ཙནྡྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་སྔགས་ཀྱི་བཟླས་བརྗོད། བཱིཪྻ་ཙནྡྲ།next

གསང་སྔགས་ཀྱི་བཟླས་བརྗོད།
བཱིཪྻ་ཙནྡྲ།


DTG073_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་བཟླས་བརྗོད་བཞུགས། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །དབེན་ཞིང་ཉམས་དགའི་གནས་


DTG073_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ། །རྣལ་འབྱོར་སྔགས་ཀྱི་སྐྱོན་གྱུར་པ། །སྒྲ་ཆེས་སྐྱོན་གྱུར་འབྱུང་པོ་དག །སྣོད་མེད་གྱུར་པས་ཐོས་གྱུར་ན། །སྒྲ་ཆེས་བར་ཆད་མཐུ་མེད་གྱུར། །སྒྲ་ཆུང་གྱུར་ན་དངོས་གྲུབ་མེད། །སྐྱེན་གྱུར་ལུས་ཀྱི་ཕྲད་པ་ཉམས། །དེས་ན་སྔགས་ཀྱི་མཐུ་མེད་འགྱུར། །བུལ་ན་བཟླས་པའི་གྲངས་མེད་པས། །དུས་འདས་པར་གཅོད་སྦྱོར་བ་འབྱུང༌། །གློ་དང་གཡལ་དང་སྒྲིད་པ་དང༌། །གཉིད་ལ་སོགས་པས་བར་ཆོད་ན། །དེས་ནི་ཡི་དགས་བདུད་ལ་སོགས། །སྤྲོ་ནས་མྱུར་དུ་བར་གཅོད་འབྱུང༌། །སྔགས་ཀྱི་བསྙེན་པ་བྱེད་དུས་སུ། །མེ་དང་འདྲ་བའི་ཞེ་སྡང་གིས། །སྔགས་ཀྱི་འབྲས་བུ་སེག་པར་བྱེད།། ཀུན་ནས་དཀྲིས་པའི་འདོད་ཆགས་ཀྱིས། །ཡོན་ཏན་རྒྱུར་ནམས་འཆིང་བར་བྱེད། །མུན་པ་ལྟ་བུའི་གཏི་མུག་གིས། །དངོས་གྲུབ་སྟེར་བ་རྙེད་མི་འགྱུར། །སྒང་བུ་ལྟ་བུའི་ང་རྒྱལ་གྱིས། །དངོས་གྲུབ་ཆུ་འདྲ་རྩེ་ལ་མིན། །སྔགས་ཀྱི་ཡོན་ཏན་སྤྲིན་འདྲ་ལ། །ཕྲག་དོག་རླུང་གིས་འཐོར་བར་བྱེད། །དངོས་གྲུབ་བྱེ་མའི་རྒྱུན་འདུས་པའང༌། །བརྩོན་འགྲུས་རྡོ་རྗེའི་བྲག་མེད་ན། །ལེ་ལོའི་དབང་རླབས་ཆེན་པོ་འཁྲུག །དངོས་གྲུབ་བར་དུ་གཅོད་པ་བཅུ། །ལྔ་ལས་འབྱུང་བས་ལྔ་བཅུ་སྟེ། །མི་དགེ་བཅུ་ཞེས་གསུངས་པ་ཡིན། །མ་བྱིན་ལེན་དང་སྲོག་གཅོད་གཡེམ། །ཚིག་འཁྱལ་ངག་རྩུབ་ཕྲ་མ་རྫུན། །བརྣབ་སེམས་གནོད་སེམས་ལོག་པར་ལྟ། །དགེ་བཅུའི་བར་དུ་གཅོད་པ་སྟེ། །ཡང་དག་དོན་གྱི་སྒྲ་ཞེས་བཤད། །འདི་ལྟར་དངོས་གྲུབ་ཀུན་བྲལ་བས། །སྔགས་ཀྱི་འབྲས་བུ་འདོད་པས་སྤང༌། །དེ་སྤངས་འབྲས་བུ་མྱུར་དུ་འཐོབ། །རྟག་ཏུ་བཟླས་བརྗོད་མེ་དཔུང་ལ། །བསམ་གཏན་རླུང་གིས་སྤར་གྱུར་ན། །སྡིག་པ་སྟོབས་ཅན་མི་བཟད་པའི། །ལྗན་ལྗིན་ཐམས་ཅད་སྲེག་པར་བྱེད། །བཟླས་བརྗོད་མེ་ཡི་རྒྱུན་འདྲ་ཡང༌། །བསམ་གཏན་བྲལ་བས་མི་འགྲུབ་སྟེ། །སྡིག་པ་ཆུ་དང་འདྲ་བས་གསོད། །དེ་བས་བསམ་གཏན་ལྡན་པར་བྱ། །རྡོ་རྗེའི་བཟླས་པ་ཞེས་གསུངས་པས། །རྡོ་རྗེ་གསུམ་གྱི་སྐུར་བསྒོམས་ཏེ། །ཕྱི་དང་ཤིན་ཏུ་ནང་དག་དང༌། །དགུག་དང་གདོན་དང་ཡང་དག་དང༌། །ཨོཾ་གྱི་དོན་དང་ལ་སོགས་པ། །དེ་ལ་དམིགས་ནས་བཟླ་སྤར་བྱ། །གང་ཞིག་དོན་འདི་མེད་གྱུར་པས། །གསང་སྔགས་བཟླས་བརྗོད་བྱས་གྱུར་པ། །མུན་ལ་བྱེ་མའི་གསེར་ཕྱེ་ཚོལ། །མི་འདོད་འདུ་


DTG073_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འདོད་པ་མིན། །སློབ་དཔོན་ཆེན་པོ་བཱིཪྻ་ཙནྡྲས་མཛད་པ་གསང་སྔགས་ཀྱི་བཟླས་བརྗོད་རྫོགས་སོ།།


previousགསང་སྔགས་ཀྱི་བཟླས་བརྗོད། བཱིཪྻ་ཙནྡྲ།next