Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཁྲོ་བོས་གསད་པའི་ལས་ཞེས་བྱ་བའི་སྒྲུབ་པའི་ཐབས།  ས་ཝ་རི་པ།
   
   
   


 
previousརྡོ་རྗེ་ཁྲོ་བོས་གསད་པའི་ལས་ཞེས་བྱ་བའི་སྒྲུབ་པའི་ཐབས། ས་ཝ་རི་པ།next

རྡོ་རྗེ་ཁྲོ་བོས་གསད་པའི་ལས་ཞེས་བྱ་བའི་སྒྲུབ་པའི་ཐབས།
ས་ཝ་རི་པ།


DTG073_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཀྲོ་དྷ་ཀརྨ་མཱ་ར་ཡ་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་ཁྲོ་བོས་གསད་པའི་ལས་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །མི་འགྱུར་དབྱེར་མེད་རྟགས་དང་ལྡན། །དྲག་པོ་དེ་ལ་ཕྱག་འཚལ་ནས། །གདུག་པ་མ་ལུས་ཞི་མཛད་པའི། །དྲག་པོའི་སྒྲུབ་ཐབས་བརྩམ་པར་བྱ། །དུར་ཁྲོད་ལ་སོགས་པའི་གནས་སུ་མཎྜལ་མེ་ཏོག་དང་བཅས་པ་སྔོན་པོའི་སྟེང་དུ་མཆོད་རྟེན་སྐུ་གདུང་དང་ལྡན་པ་བཞག་ལ། མཆོད་ཅིང་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེ་ནས་སྟོང་པ་ཉིད་དུ་བསྒོམ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། དེ་ནས་ས་བོན་ཧཱུཾ་ལས་བྱུང་བའི་པཾ་ལས་པདྨ་འདབ་མ་བཞི་པ་བསྐྱེད་ལ། དེའི་དབུས་སུ་ལག་ན་རྡོ་རྗེ་རྣམ་པར་འཇོམས་པ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། གཡས་ན་བེ་ཅོན་བསྣམས་པ། གཡོན་རྡོ་རྗེ་ཐོགས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པར་བསྒོམས་ཏེ། དེའི་ཐུགས་ཀ་ནས་ཧཱུཾ་ལས་འོད་འཕྲོས་ནས་ཀླུའི་རྒྱན་ཆ་བཅིང་བ་ནི། ཨོཾ་ཙི་ལི་ཙི་ལི་ཙི་ལི། ཕུ་རུ་ཕུ་རུ་ཕུ་རུ། ཕུ་ཕུ་ཕུ་ཞེས་པས་ཀླུའི་རྒྱན་ཆ་བཅིང་བར་བྱའོ། །དེས་ནི་རྒྱལ་རིགས་ཀྱིས་ནི་དབུ་ལ། ཆུ་ལྷས་ནི་མགུལ་དུ། གཟི་ཅན་སེ་རལ་ཁར་དཀྲིས་པའོ། །ཨོཾ་ཛྭ་ལ་ཛྭ་ལ། དྷུ་ན་དྷུ་ན་དྷུ་ན། བནྡྷ་བནྡྷ་བནྡྷ། ནཱི་ལཾ་ནཱི་ལམ་ནཱི་ལམ། བཛྲ་དྷ་ར་ཞེས་པ་སྐུ་ཁྲོ་བོ་འཆོལ་བའི་མེ་དཔུང་དང་ལྡན་པར་བྱིན་གྱིས་བརླབས་པའོ། །ཨོཾ་ཀི་ཏི་ཀི་ཏི་ནི། སརྦ་བྷཱུ་ཏ་ནི། བཛྲ་མ་ལི། བཛྲ་དྷ་ར། བཛྲ་ཨཊྚ་ཧཱ་ས། ཚར་ཏུ་མར་ཏུ། །ཀུ་རུ་ཀུ་རུ་ཀུ་རུ། ཧུ་རུ་ཧུ་རུ་ཧུ་རུ། ཧུ་འུཾ་ཧུ་འུཾ་ཧུ་ཧཱུཾ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཙནྡྷ་ཙནྡྷ་ཙནྡྷ། མ་ཧཱ་ཙཎྜ་ཧུ་རུ་ཏུ་ཧུ་རུ་ཏུ་ཧུ་རུ་ཏུ། མུ་རུ་མུ་རུ་མུ་རུ། གྲྀཧྣ་གྲྀཧྣ་གྲྀཧྣ། བཛྲ་པཱ་ཎི་ཧ་ན་ཧ་ན་མཱཾ་སརྦ་ཤ་ཏྲཱུཾ་མུར་ནི་ཧ་ད་ལ་ཕཊ། ཀུ་ཏུ་ཀུ་ཏུ་ཀུ་ཏུ་ཀུ་ཏུ། འདིས་ནི་བར་དུ་གཅོད་པ་སེལ་ཞིང༌། དམ་ཚིག་གི་སྐུ་གཞི་བྱིན་དང་ལྡན་པར་བྱིན་གྱིས་བརླབས་པའོ། །དེ་ནས་པདྨ་འདབ་མ་བཞི་ལ་དྷཱིཿ་ལས་


DTG073_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་ཡུམ་སངས་རྒྱས་སྤྱན་ནོ། །ཏྲཱཾ་ལས་བསྐྱེད་པའི་མཱ་མ་ཀཱིའོ། །རཱཾ་ལས་བསྐྱེད་པའི་གོས་དཀར་མོ། །ཏཱཾ་ལས་བསྐྱེད་པའི་སྒྲོལ་མ་རྣམས་བསྐྱེད་དོ། །དེ་ནས་སྤྱན་དྲངས་ཞིང་གཉིས་སུ་མེད་པར་བསྟིམས་ནས་དབང་བསྐུར་བ་ནི། ཏདྱ་ཐཱ་ཨོཾ་མོ་ཧ་ནི་མོ་ཧ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཏ་ཐཱ་ག་ཏ་ས་མ་ཏཱི་དྷི་དེ་ནི། མ་ཨཱ་བརྟ་ཨི་ཤྱཱ་མི། ཨེ་ཧི་བཛྲ་ཀུ་ཏི་ལི། ཏི་པ་ལ་ཀ་ཀུ་ལ། ཤི་ཁོ་ཀི་བ་ལ་ཀི་ཤི། ཏི་ཊ་ཙི་ཏི་ཙི་ཏི། མ་ཧཱ་ནི། ཀརྒ་ཏི་མུ་ཏི་བ་ཏི་བཛྲེ། མ་ཧཱ་བི་དུ་དུལློ་ལ་བུ་གུ་གུ། སུ་མུ་སུ་མུ། ས་ར་ས་ར་སྭཱཧཱ། སྱ་ཧཱ། ཨུ་ཏོ་ཏེ་བི་ག་ལེ་ཙི་ཏེ། བི་ཙ་བི་ཛ་ལ་སིང་ག་ལེ། སརྦྦ་དེ་བཱ་ག་ཎ་པྲ་ཧ་ར། ན་མ་ཡ་སིདྡྷི་ད་ཡི་གེ །སུ་རུ་ཀེ། བཛྲ་གྲི་ནེ། བཛྲ་དྷི་དྷ་ས་པྲ་ཧ་ར་ཎེ། རཏྣ་ཏྲ་ཡཱ་དྷི་ག་ལ་བུདྡྷེ། བཛྲ་བེ་ཤ་ས་ནི་ཀ །ཨ་པྲཏི་ཧ་ཏ་པྲམ་ཏ་ནི་སྭཱ་ཧཱ། ཁྲོ་བོ་མེ་ལྟར་འབར་བ་རྡོ་རྗེའི་གླུས་མཆོད་ཅིང་གསོལ་བ་བཏབ་པའོ། །ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ཎི། ཏདྱ་ཐཱ། ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡ་བ་ཏི་ཡེ། བུདྡྷེ་ཨ་བི་ཤི་ཏེ། དྷརྨྨཱ་ཨ་པཱ་བྷ་སཾ་ནི་བུདྡྷཱི་ཨི་དྷ་ཨི་དྷ་ག་མྱེ། ཛྙཱ་ན་ཨ་བ་བྷ་སེ་སྭཱཧཱ། དབང་བསྐུར་ཞིང་སྤྱི་བོ་ན་བཅོམ་ལྡན་འདས་བསམ་ཞིང་བསྒོམ་མོ། །སྙིང་པོ་ནི་འདིའོ། །ཨོཾ་ཙཎྜ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨོཾ་ཨ་མྲྀ་ཏེ་ཧུ་འུཾ་སྭཱ་ཧཱ། ཉེ་བའི་སྙིང་པོ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་དྷཱིཿ་ཨོཾ། ཨོཾ་ཏྲཱཾ་ཨཾ། ཨོཾ་ཏཱཾ་ཨཾ་སྭཱཧཱ། སྒྲུབ་པའི་སྙིང་པོ་དི་ལས་དང་འབྲེལ་ཏེ་འདིའོ། །ཨོཾ་མ་ཧཱ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷྭཾ་ས་ཡ། ཛཱ་ཊི་ལཾ་བོ་དཱ་རཱ་ཡ། ཨུཙྪུཥྨ་ཀྲོདྷ་ཧུ་འུཾ་ཕཊ། ཀླུའི་གཟུགས་བྱས་ཏེ་ཚོན་སྣ་ལྔས་བཅིངས་ལ། ཁམ་པའི་གའུར་བཅུག་ལ་ཡུངས་ཀར་སྔགས་ལ་གདབ་པོ། །དགུག་ཅིང་མནན་པའི་སྔགས་ནི་འདིའོ། །ཨོཾ་སརྦྦ་ཨཏྨ་ཛ། མ་ཧ་དེ་ཙ་བཛྲ་ཨ་ཀུ་ཤ་ནི། བཛྲ་པྲ་ཤ་ཨ་ནུ་པྲ་བི་ཤ་སརྦྦ་དུཥྚཱན་སྟཾ་བྷ་ཡ་སྟཾ་བྷ་ཡ་ཧུ་འུཾ་ཕཊ། མཚོན་གྱིས་གཏུབ་པ་ནི། བཛྲ་ཀྲོ་དྷ་བཛྲ་ཀཱརྟ་རི་ཀ་ར་ཀ་ར། ཙིནད་ཚིནད་ཧུ་འུཾ་ཕཊ། བསྲེག་པ་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། དི་བྱ་དི་བྱ། དི་བྱ་ཡ་དབྱེ་ཡ་ཧུ་འུཾ་ཕཊ། དབྱེ་བ་ནི། ཨོཾ་བཛྲ་ཀྲོ་དྷ་


DTG073_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་བ་ལ། ཏད་ཏད། ཏད་ཡ། ཏདྱ་ཐཱ་ཧུ་འུཾ་ཕཊ་ཞེས་བྱའོ། །དེ་ནས་གཏོར་མ་བཏང་བ་ནི། སྤྱོད་ལམ་གྱིས་གནས་པར་བྱའོ། །མ་ལུས་གདུག་པའི་དུག་སེལ་བའི། །དམ་པ་ལ་བརྟེན་འདི་བརྩམས་པས། །ཉོན་མོངས་དུག་གིས་ཟིན་པ་རྣམས། །གྲོལ་ནས་བདེ་དང་ལྡན་གྱུར་ཤོག །རྡོ་རྗེ་ཁྲོ་བོས་གསད་པའི་ཕྲིན་ལས་སློབ་དཔོན་ཆེན་པོ་ས་པ་རི་པས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།།


previousརྡོ་རྗེ་ཁྲོ་བོས་གསད་པའི་ལས་ཞེས་བྱ་བའི་སྒྲུབ་པའི་ཐབས། ས་ཝ་རི་པ།next