Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། next

སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས།


DTG073_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ། །དེ་ནས། ཡིད་བཞིན་ནོར་བུ་དཀྱིལ་འཁོར་འཁོར་ལོ་ཆེ། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །ཁོ་ན་ཉིད་ཐུགས་གསུང་དང་སྐུ། །ཡོན་ཏན་ཕྲིན་ལས་དམ་ཚིག་བཅས། །དཔལ་ལྡན་དཀྱིལ་འཁོར་ཆེར་བཏུད་དེ། །ཡིད་བཞིན་ནོར་བུའི་སྒྲུབ་ཐབས་བཤད། །བདག་ཉིད་ཆེན་པོས་ཕུན་ཚོགས་བཞིར། །ཆོས་ཀུན་རང་བཞིན་ཉིད་དྲན་བས། །སྙིང་རྗེ་ལས་གྲུབ་དྲང་སྲོང་བསྐྱེད། །ཧྲཱིཿཡིག་ལ་གནས་ཏིང་འཛིན་སྒྲུབ། །ཡེ་ཤེས་རྒྱལ་བ་བཅུ་གནས་སུ། །ཉིད་ཀྱི་སྙིང་པོ་ལས་སྤྲོས་པས། །ལྷར་བཅས་གཞལ་ཡས་ཁང་བསམས་ཏེ། །མར་མེ་ལས་ནི་མར་མེ་ལྟར། །ཧ་ཧྲཱིཿཧཱུཾ་ཕཊ། འདབ་བརྒྱད་ཤར་སོགས་ཕྱོགས་བཞི་ལ། །དོན་ཡོད་ཞགས་སོགས་བཞི་ཡིན་ཏེ། །མཚམས་བཞིར་བུམ་པ་བཟང་བཞི་གནས། །འདི་ནི་ཡེ་ཤེས་འཁོར་ལོའོ། །དྷཱིཿམཻ་ཧཱུཾ་ཧྲཱིཿ། དེ་ལས་འཁོར་ལོ་གཞན་འབྱུང་བ། འདམ་དབྱངས་བྱམས་པ་རྡོ་རྗེ་འཛིན། །གནོད་མཛེས་ཕྱོགས་རྩིབས་བཞི་ལས་ཏེ། །ཛཿཧཱུཾ་བཾ་ཧོཿ། དབྱངས་ཅན་ལ་སོགས་ཡུམ་མཚམས་བཞིར། །ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ། །དེ་མཐར་རྩིབས་བརྒྱད་སེམས་མ་བརྒྱད། །ཨཱ་ཨཱི་ཨཱུ་རཱྀ་ལཱ་ཨཻ་ཨཽ་ཨཿ། དེ་བཞིན་དེ་མཐར་སེམས་དཔའ་བརྒྱད། །རྩིབས་བརྒྱད་ལ་གནས་ཐུགས་གསུང་སྐུ། །བརྒྱད་གསུང་འཁོར་ལོ་རིམ་གྱིས་མཛེས། །ཨཿརྣམ་དག་ཡོན་ཏན་རྩིབས་སྟོད་ལྡན། །འཁོར་ལོ་འབར་བ་གཞན་འབྱུང་པའང༌། །བསྐལ་བཟང་སངས་རྒྱས་སྟོང་གིས་བརྒྱན། །ཨ་སྟོད་ལས་སྐྱེས་རིམ་བཞིན་དགོད། །ཧཱུཾ། དེ་དག་ལས་ཀྱང་འཁོར་ལོ་གཞན། །རྩིབས་སྟོང་ལས་ཧཱུཾ་སྟོད་ལས་སྐྱེས། །ལྔ་བརྒྱ་ལྔ་བརྒྱ་རྒྱལ་སྲས་མཛད། །ཕྲིན་ལས་འཁོར་ལོ་ཞེས་བཤད་དོ། །ཛཿཧཱུཾ་བཾ་ཧོཿ། སྒོ་བཞིར་ལྕགས་ཀྱུ་ཞགས་སོགས་བཞི། །ཁྱམས་རྣམས་སུ་ནི་མཆོད་པའི་ལྷ། །ཁོར་ཡུག་དུར་ཁྲོད་ཀུན་རྫོགས་ལྡན། །དམ་ཚིག་འཁོར་ལོ་ཞེས་བྱར་གྲགས། །ད་རྗེས་དཀྱིལ་འཁོར་ཆེན་པོ་ཡི། །ཡེ་ཤེས་རི་མཆོག་ལས་བཀུག་


DTG073_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །མེ་ལོང་གཉིས་གཟུགས་བྲག་ཅ་དང༌། །མཁའ་འདྲར་དག་པ་རྟོགས་པར་བྱ། །ཇི་སྲིད་གཉིས་མེད་མཉམ་འཇོག་པ། །དེ་སྲིད་དེ་ཡོད་མི་འགལ་བའམ། །ཡང་ན་རོ་གཅིག་བསམ་གཏན་གནས། །སྐྱོ་བར་གྱུར་ན་གསང་སྔགས་བཟླས། །ཨོཾ་ཨཱཿཧྲཱིཿབཛྲ་ཛྙཱ་ན་ཙིནྟ་མ་ཎི་རཏྣ་མཎྜལ་ཙཀྲ་པྲི་ཏི་སྠི་ཏི་ཧཱུཾ་སརྦ་བུདྡྷ་ཏ་ཏྭཱ་གརྦྷེ་ཀཱ་ཡ་ཝཀཱ་ཙིཏྟ་གུ་ཎ་ཀརྨ་ས་མ་ཡ་པྲ་སིདྡྷཾ་ཧཱུཾ། སརྦ་ཏ་ཐཱ་ག་ཏེ་ཛྙཱ་ན་གརྦྷ་བི་ཤུདྡྷ་བཛྲ་ཏ་ཏྭཱ་ཨ་དྷིཥྛཱ་ན། ཛྭ་ལ་ཛྭ་ལ། སྥ་ར་སྥ་ར། སརྦ་པཱ་པ་བྷིཀྐ་ནཾ། ད་ཧ་ད་ཧ། ཧ་ར་ཧ་ར། ཤཱནྟ་ཀ་ར་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། དེ་བཞིན་གཤེགས་ཀུན་སྙིང་པོ་འདིས། །དཀྱིལ་འཁོར་བདག་པོ་ཀུན་མཉེས་བྱེད། །དད་དང་སྙིང་བརྩི་བདེན་སྟོབས་མཐུས། །མ་ལུས་ཐུགས་བསྐུལ་འོད་འཕྲོ་འགྱུར། །རང་རང་རྗེས་མཐུན་དོན་བསྒྲུབས་ནས། །ས་གསུམ་མགོན་པོའི་སྲས་གྱུར་ཏེ། །བསམ་གཏན་རྒྱུན་གཅིག་ལ་གནས་མཐར། །དངོས་པོ་ཀུན་མཆོད་བཟོད་པར་གསོལ།། དེ་རྗེས་བྱང་ཆུབ་སེམས་ལྡན་པས། །ཐལ་སྦྱར་ཡི་དམ་གསུམ་བླངས་ལ། །དངོས་གྲུབ་དོན་དུ་གསོལ་བཏབ་སྟེ། །བདེ་བར་སྤྱོད་ཡུལ་གཤེགས་པར་བྱ། །ཡིད་བཞིན་ནོར་བུའི་དཀྱིལ་འཁོར་ཆེ། །བརྟག་པའི་རྒྱལ་པོ་བླ་ན་མེད། །མ་ལུས་ཀུན་དོན་སྒྲུབ་བྱེད་པ། །འདིར་བསྡུས་མྱུར་བདག་གཏེར་ཆེན་གྱུར། །སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྫོགས་སོ།།


previousསྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། next