Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་གཞན་གྱི་ལྷ་ལྔ་ལེགས་པར་བསྟན་པར་བྱ་བ།  
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་གཞན་གྱི་ལྷ་ལྔ་ལེགས་པར་བསྟན་པར་བྱ་བ། next

གདམས་ངག་གཞན་གྱི་ལྷ་ལྔ་ལེགས་པར་བསྟན་པར་བྱ་བ།


DTG076_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་ཐ་ཨ་བ་བ་དཱ་ནྱ་པ་ཉྩ་དེ་བ་ཏཱ་སུ་ཤཱ་ས་ནཾ། བོད་སྐད་དུ། དེ་ནས་གདམས་ངག་གཞན་གྱི་ལྷ་ལྔ་ལེགས་པར་བསྟེན་པར་བྱ་བའོ། །དེ་ལ་སོ་སོར་འབྲད་མ་ཆེན་མོ་སེར་མོ་ཞལ་གསུམ་མ་སྟེ། ཞལ་སོ་སོར་སྤྱན་གསུམ་གསུམ་མ། ནག་མོ་དང་དཀར་མོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ལོ། །ཕྱག་བཅུ་ལས་གཡས་ཀྱི་ཕྱག་ལྔ་ན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་རྡོ་རྗེ་དང་མདའ་དང་མཆོག་སྦྱིན་པ་དང་སྙིང་ག་ན་གནས་པའི་ཕྱག་གིས་གདུགས་འཛིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་ལྔ་ན་ཡང་གཞུ་དང༌། རྒྱལ་མཚན་དང་རིན་པོ་ཆེའི་གདུགས་དང་མདུང་དང་དུང་ངོ༌། །དབུ་རྒྱན་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །སྟོད་ཤག་ནི་ནག་པོའོ། །སྟོད་གཡོགས་དམར་པོ་བསྣམས་པའོ། །སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བསྐྱོད་པ། ལྷ་རྫས་ཀྱིས་རྒྱན་རྣམས་ཀྱིས་ཀྱང་བརྒྱན་པ་ནི་རྫོགས་སོ། །རྨ་བྱ་ཆེན་མོའི་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་སྟེ། ཕྱག་གཡས་པ་དང་གཡོན་པས་ནི་མཆོག་སྦྱིན་པ་དང་ལྷ་རྫས་ཀྱི་རྨ་བྱའི་མཇུག་སྒྲོ་བསྣམས་པས་ཀྱང་རྫོགས་པ་ཡང་ཡིན་ནོ། །སྟོད་ཆེན་མོ་རབ་ཏུ་འཇོམས་མ་ནི་སྔ་མ་ཉིད་ཁོ་ན་བཞིན་ནོ། །གསང་སྔགས་རྗེས་སུ་འབྲད་བ་ཆེན་མོ་ནི་ཞལ་གཅིག་ཕྱག་བཞི་མ་སྐུ་མདོག་ནག་མོ་སྟེ། གཡས་པའི་ཕྱག་གཉིས་ན་རལ་གྲི་དང་མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གཉིས་ན་ནི་མདུང་དང་ཞགས་པ་སྟེ་རྫོགས་པ་ཡིན་ནོ། །བསིལ་བའི་ཚལ་ཆེན་མོ་ནི་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི་རལ་གྲི་དང་མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གཉིས་ཀྱིས་ནི་མདུང་དང་ཞགས་པ་ཡིན་ནོ། །ཡི་གེ་གསུམ་གྱིས་


DTG076_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པའི་རང་གི་ས་བོན་བར་དུ་རང་གི་མིང་དང་བཅས་བ་ནི་ཆེ་གེ་མོའི་སྔགས་སོ། །


previousགདམས་ངག་གཞན་གྱི་ལྷ་ལྔ་ལེགས་པར་བསྟན་པར་བྱ་བ། next