Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོབས་པོ་ཆེའི་སྒྲུབ་ཐབས།  
   
   
   
   
   
   
   
   
   
   
   
   
   
   
   


 
previousསྟོབས་པོ་ཆེའི་སྒྲུབ་ཐབས། next

སྟོབས་པོ་ཆེའི་སྒྲུབ་ཐབས།


DTG076_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་བ་ལ་སཱ་དྷ་ནཾ། བོད་སྐད་དུ། སྟོབས་པོ་ཆེའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། པདྨ་དཀར་པོ་དང་ཉི་མ་ལ་ཧཱུཾ་ལས་བྱུང་བའི་སྟོབས་པོ་ཆེ་ཞལ་གཅིག་པ་ཕྱག་བཞི་པ། སྐུ་མདོག་ཐམས་ཅད་དམར་བ། དབུ་སྐྲ་ཁམ་སེར་གྱེན་ལ་འཕྱུར་བ། སྦྲུལ་གྱི་ཐོད་ཀྱིས་བཅིངས་པ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི་དབྱུག་ཏོ་དཀར་པོ་དང༌། རྔ་ཡབ་དཀར་པོ་བསྣམས་པ། གཡོན་པའི་ཕྱག་གཉིས་ཀྱིས་ནི། ཕྱག་འཚལ་བའི་སྟངས་དང༌། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཀྱི་ཕྱག་གོ །སྟག་གི་པགས་པའི་ཤམ་ཐབས་མན་བས་ཤིང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་ཞལ་མཆི་བ་གཙིགས་པ། ཉི་མའི་དཀྱིལ་འཁོར་གྱི་ཕྲེང་བ་དང་ལྡན་པ། སྣང་བ་མཐའ་ཡས་དབུ་རྒྱན་ལ་གནས་པར་བསྒོམས་ལ། སྔགས་བཟླས་པར་བྱ་སྟེ། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ། འདི་ནི་སྟོབས་པོ་ཆེའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །


previousསྟོབས་པོ་ཆེའི་སྒྲུབ་ཐབས། next