Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་པ།


  collapse section
   
   
   
   
   
   
   
   
   
  collapse section
   
  collapse section
  collapse section
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
དྲུག་པ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་རིམ་གྱིས་འཇུག་པར་བསླབ་པའི་ལེའུ།
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   


 
previousདྲུག་པ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་རིམ་གྱིས་འཇུག་པར་བསླབ་པའི་ལེའུ།next

དྲུག་པ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་རིམ་གྱིས་འཇུག་པར་བསླབ་པའི་ལེའུ།

ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐར་གྱིས་པའི་མངོན་པར་རྟོགས་པ་བཤད་པ།


DTG080_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་བ་ཡིན་པས། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་རྟོགས་པའི་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་མཐར་གྱིས་བགྱི་བ་དང་མཐར་གྱིས་བསླབ་པ་དང༌། མཐར་གྱིས་སྒྲུབ་པར་ཇི་ལྟར་གདགས་ར་འགྱུར་ཞེས་བྱ་བའི་དྲི་བས་མཐར་གྱིས་པའི་མངོན་པར་རྟོགས་པ་ཉེ་བར་དགོད་བའི་དོན་ཏེ། བགྱི་བ་སྨོད་པ་ནི་སེམས་བསྐྱེད་པ་བཟུང་བའི་དོན་དུའོ། །བསླབ་པ་སྨོས་པ་ནི་ངེ་པར་འབྱེད་པའི་ཆད་དང་མཐུན་པ་ཤེས་པའི་དོན་དུའོ། །སྒྲུབ་པ་སྨོད་པ་ནི་མྱོང་བའི་ལམ་དང༌། སྒོམ་པའི་ལམ་ཤེས་པའི་དོན་དུའོ། །གསུམ་སྨོས་པ་ནི་མངོན་པར་རྟོགས་པའི་མཐར་གྱིས་པ་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །དེ་དང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོག་མ་ཉིད་དོ་ཞེས་བྱ་བ་ནས་སྐྲའི་རྩེ་མོའི་ཆ་ཙམ་ཡང་མེད་དོ་ཞེས་ཡ་བ་ནས་བརྩམས་ཏེ། གལ་བདག་མངོན་པར་རྫོགས་པར་སངས་རྒྱས་སམ་མ་རྒྱས་ཀྱང་རུང་སྟེ།


DTG080_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་དངོས་པོ་མེད་པ་ཁོ་ནའོ། །ཞེས་ངེས་པར་བཟུང་ནས་དངོས་པོའི་འདུ་ཤེས་ཅན་རྣམས་ཀྱི་འདུ་ཤེས་དེ་བཟློག་པའི་དོན་དུ་རྫོགས་པའི་བྱང་ཆུབ་ལ་འཇུག་པ་དང༌། མཐར་གྱིས་པའི་བྱ་བ་ལ་སོགས་པ་རྩོམ་པ་ཉེ་བར་བསྟན་པས་མངོན་པར་རྟོགས་པའི་གོ་རིམས་ཀྱིས་གཞན་གྱི་དོན་ཁས་བླང་བའི་ཕྱིར་བརྡ་ལས་བྱུང་བའི་དངོས་པོ་ཤེས་པར་བྱེད་པའི་དོན་དུ་གསུང་པ་ཡིན་ནོ། །མཐར་གྱིས་པའི་མངོན་པར་རྟོགས་པ་འདི་འང་རྣམ་པར་བཅུ་གསུམ་དུ་ཤེས་པར་བྱའོ། །ཇི་ལྟར་བྱའོ། །ཇི་ལར་ཞེ་ན། སྦྱིན་པ་ཤེས་རབ་བར་དག་དང༌། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པའི་བྱ་བར་བཞེད། ཅེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་ནི། བདག་ཉིད་ཀྱང་སྦྱིན་པར་བྱེད་ལ་ཞེས་བྱ་བ་ནས་བརྩམས་ཏེ། སྦྱིན་པས་མཐར་གྱིས་བའི་བྱ་བ་ལ་སོགས་པ་ཤེས་པའི་དོན་དུ་གང་གསུངས་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ། ཏུ་ཕྱིན་པ་ནི་བདག་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། ཚུལ་ཁྲིམས་ཀྱི་མཐར་གྱིས་པའི་བྱ་བ་ལ་སོས་པ་ཤེས་པའི་དོན་དུ་གང་གསུངས་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་བ་ནི། བདག་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། བཙོ་པས་མཐར་གྱིས་པ་ལ་སོག་པ་ཤེས་པའི་དོན་དང༌། དེ་བཞིན་དུ་བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རེ་རེར་ལ་མཐར་གྱིས་པ་རྣམས་པར་འཕེལ་བའི་བྱ་བ་རེ་རེ་མངོན་པར་བརྗོད་བས་མཐར་གྱིས་པའི་མངོན་པར་རྟོགས་སྟོན་པས་ངག་གསུངས་པ་ཡིན་ནོ། །

རྗེས་དྲན་དྲུག་གི་མཐར་གྱིས་པའི་མངོན་པར་རྟོགས་པ་བཤད་པ།


DTG080_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱ་རྗེས་སུ་དྲན་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་ནི། ཡང་དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་བ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་བྱེད་དུ་ལག་པར་མོས་པ་དང་ལྡན་པ་ནི་དེ་བཞིན་གཤེགས་བ་ལ་གཟུགས་ལ་སྒོ་པར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་ནི་སངས་རྒྱ་རྗེས་སུ་དྲན་པ་དག་དེ་ཅིའི་ཕྱིར་ཞེ་ན། གཟུགས་


DTG080_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ་ངོ་བོ་ཉིད་མེད་པའི་ཕྱིར་ངོས་བོ་མེད་པ་ཉིད་དང༌། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པ་མེད་པ་ཉིད་ཡིན་པ་དང༌། དེ་བཞིན་དུ་རེ་རེ་ཞིང་གཏན་ཚིགས་ཀྱི་སྦྱོར་བ་དྲུག་པ་གཉིས་ཀྱིས་དེ་བསྟན་པ་ཡན་མཛད་ནས། ཡང་མཚན་དང་དཔེ་བྱད་ལ་སོགས་པ་ཡིད་ལ་མེ་བྱེད་པས་སངས་རྒྱས་རྗེས་སུ་དྲན་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང༌། དེ་བཞིན་དུ་སྟོབས་བཅུ་ལ་སོག་པར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་སྟེ། དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་རྣམ་པར་ལྔའོ། །དེ་ལ་དང་པོས་ནི་སེམས་བསྐྱེད་པའོ། །བཞིན་པོ་རྣམས་ཀྱིས་ནི་ངེས་པར་འབྱེད་པའི་ཆད་དང་མཐུན་པ་བཞིའོ། །དེ་ལྟར་སློབ་པ་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པས་ནི་མཐོང་བའི་ལམ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་བར་གྱིས་ནི་སྒོམ་པའི་ལམ་ཡིན་ཏེ། དེ་ལྟར་དངོས་པོ་མེད་པའི་ངོ་བོ་བྱིད་ཡིན་དུ་ཟིན་ཀྱང་མཐར་གྱིས་པའི་བྱ་བ་ལ་སོགས་པ་རབ་ཏུ་ཤེས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་རྟོགས་པར་བྱའོ་།དེ་ཁོ་ན་བཞིན་དུ་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ལ་སོགས་པའི་ཆོས་ཡིད་ལ་མི་བྱེད་པས་ཆོས་རྗེས་སུ་དྲན་པ་དང༌། སྐྱེས་བུ་ཟུང་བཞི་པོ་རྣམས་དངོས་པོ་མེད་པའི་ངོ་བོ་ཉེད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། དངོས་པོ་མེད་པ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་བ་མེད་པས་དགེ་འདུན་རྗེས་སུ་དྲན་པ་དང༌། དང་པོ་སེམས་བསྐྱེད་པ་ནས་ཉེ་བོར་བཟུང་སྟེ། མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། ནག་ངོ་མེད་པ། མཆོག་ཏུ་འཛིན་པ་མེད་པ། དབང་འབྱོར་པ། མཁས་པས་མངགས་པ་ཤིན་ཏུ་རྫོགས་བའི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་ཚུལ་ཁྲིམས་ལ་ངས་པས། ཚུལ་ཁྲིམས་དེ་དངོས་པོ་མེད་པའི་ངོ་བོ་ཉེད་དུ་ཡིད་ལ་བྱེད་བྱས་དྲན་པ་མེད་ཅིང་ཡིད་ལ་བྱེད་པའི་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་སྟེ། དེ་ལ་ཚུལ་ཁྲིམས་མ་ཉམས་པ་ནི་ཐེག་པ་གཞན་ལ་མི་བརྟེན་པས་སོ། །སྐྱོན་


DTG080_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནི་ཉམ་ང་བའི་སྐྱེ་བ་རྣམ་པར་སྤངས་པས་སོ། །མ་འདྲེས་པ་ནི་སྐྱེ་བོ་ངན་པ་དང༌། ཉོན་མོངས་པ་དང་མ་འདྲེས་པ་ཉིད་ཀྱིས་སོ། །ནག་ངོ་མེད་པ་ནི་ཆག་གཅིག་ཏུ་དཀར་པོའི་ཆོས་རྣམ་པར་འཕེལ་བ་ཉིད་ཀྱིས་སོ། །མཆོག་ཏུ་འཛིན་པ་མེད་པ་ནི་སྐྱེ་བར་སྨིན་ལམ་མི་འདེབས་པ་ཉིད་ཀྱིས་སོ། །དབང་འབྱོ་བ་ནི་ཇི་ལྟར་འདོད་པ་བཞིན་དུ་བགྲོད་པ་ཉིད་ཀྱིས་སོ། །མཁས་པས་བསྔགས་པ་ནི་མཛངས་བ་རྣམས་ཀྱི་སོ། །ཤིན་ཏུ་རྫོགས་པ་ནི་དབང་པོ་རྣམས་དྲུང་བ་ཉིད་ཀྱིས་སོ། །རིང་ངེ་འཛིན་སྒྲུབ་པར་བྱེད་པ་ནི་བསམ་གཏན་གྱི་ཡན་ལག་གི་ཚིག་ཉེ་བར་སོགས་པ་ཉིད་ཀྱིས་སོ། །ཆོས་དང་ཟག་ཟིང་གི་སྦྱིན་པ་དག་ངོས་པོ་ཉིད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅང་ཡིད་ལ་མེད་ཅིང་ཡིད་ལ་བྱད་པ་མེད་པའི་གཏོང་བ་རྗེས་སུ་དྲན་པ་དང༌། འདོད་པ་ན་སྤྱོད་པའི་ལྟའི་རིགས་དྲུག་ཏུ་སྐྱེས་པའི་རྒྱུན་དུ་ཞུགས་པ་རྣམས་དང༌། གཟུགས་དང། གཟུགས་མེད་པ་ན་སྤྱོད་པའི་ཕྱིར་མི་འོང་བ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་དང་ཡིད་ལ་བྱེད་པ་བྱེད་པའི་ལྟ་རྗེས་སུ་དྲན་པས་མཐར་གྱིས་བའི་བྱ་བ་ལ་སོགས་པ་རབ་ཏུ་གདགས་པར་གང་གསུངས་པ་ཡིན་ནོ། །འོ་ན་མདོ་སྡེ་གཞན་ལས་འདི་སྐད་ཅེས་ལྷའི་རིས་གཉིས་སུ་དྲན་པར་བྱ་སྟེ། དགའ་ལྡན་དང༌། ངས་ཙང་མ་བའོ་ཞེས་གསུངས་བ་དེ་ཇི་ལྟར་ཞེན་ན། དེ་ནི་མ་འདྲེས་པའི་གང་ཟག་ལ་དགོངས་ནས་གསུངས་པ་ཡིན་པས་ཉེས་པ་མེད་དོ། །

ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པས་མངོན་པར་རྟོགས་པ་བཤད་པ།


DTG080_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་དང་པོ་མེད་པའི་ངོ་བོ་ཉེད་དུ་ཤེས་པས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི། དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། འཕགས་པའི་བདེན་པ་དང༌། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་བ་དང༌། མཐར་གྱིས་གནས་པའི་སྙོམ་པའི་འཇུག་པ་དང༌། ཏིང་ངེ་འཛིན་དང༌། གཟུགས་ཀྱི་སྒོ་དང༌། རྣམ་པར་ཐར་བའི་སྒོ་གསུམ་དང༌། མི་འཇིགས་པ་ལ་སོགས་པ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་དང༌། སྙིང་རྗེ་ཆེན་པོ་ལ་སློབ་པ་ནི་དངོས་བ་ནི་དངོས་པ་མེད་པའི་ངོ་བོ་ཉིད་


DTG080_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་མཐར་གྱིས་པའི་བྱ་བ་ལ་སོགས་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་དང༌། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་ཐམས་ཅད་མེད་པའི་ཕྱིར་མཐའ་གཅིག་ཏུ་ཆད་པ་མེད་པར་སྨྲ་བར་ཐལ་བར་འགྱུར་བ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་ཡོད་པའམ་མེད་པ་མི་དམིགས་པས་དེ་སྤངས་པ་དང༌། རང་ཉིད་ལ་ནེ་མ་ནུར་མེད་ཀྱང་མ་འོངས་པའི་སྐྱེས་བོ་ལ་ལྟོས་ནས་ངས་བརྟན་རབ་འབྱོར་གྱིས་ཞུས་པ་ཡིན་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇིག་པ་མེད་པ་དང༌། དེ་ཉིད་ཀྱིས་དེ་ཡང་དག་པར་འགྲུབ་པ་དང༌། དེ་ཅིའི་ཕྱིར་ཞེས་ན། དམིགས་པའི་འདུ་ཤེས་ཅན་ལ་ཐོན་པ་དན་མངོན་པར་རྟོགས་པ་བཀག་པ་དང༌། མི་དམིགས་པ་ཉི་ཆོས་ཀྱི་དབྱིངས་འཁྲུག་པ་མེ་པ་ཡིན་པས་དེ་ཐོབ་པ་དང་མངོན་པར་རྟོགས་པ་མིན་པ་ཉིད་དང༌། དེ་ཡིན་ནས་བཅུ་ལ་སོགས་པར་རྣམ་པར་གཞག་པ་མེད་པ་དང༌། དེ་ཉིད་ཀྱི་ཕྱིར་མངོན་པར་འདོད་པ་ཡང་དག་པར་འགྱུར་བ་དང༌། མི་དམིགས་པ་དང་སྦྱིན་པ་ལ་སོག་པ་རྣམས་ཐ་དད་དུ་བྱ་བ་བཀག་པ་དང༌། དེ་མི་དམིགས་པའི་རྣམ་པར་སྒོམ་པར་བྱེད་པ་རྣམས་ལ་དེའི་ཁྱད་པར་ཞལ་གྱིས་བཞེས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །དེ་དེ་ལྟར་བྱས་ན་མཐར་གྱིས་པ་རྣམ་གསུམ་རྣ་པ་བཅུ་ཞེ་སྣང་གསུངས་པ་དེ་ཡོངས་སུ་རྫོགས་པ་ཡིན་པར་ཤེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་མཐར་གྱིས་མངོན་པར་རྟོགས་པའི་སྐབས་རིམ་གྱིས་འཇིག་པར་བསླབ་པའི་ལེའུ་སྟེ་དྲུག་པའོ།། །།


previousདྲུག་པ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་རིམ་གྱིས་འཇུག་པར་བསླབ་པའི་ལེའུ།next