Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་པ།


  collapse section
   
   
   
   
   
   
   
   
   
  collapse section
   
  collapse section
  collapse section
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
འབྲིང་པོ་ལ་དགའ་བའི་གང་ཟག་ལ་མངོན་རྟོགས་རྣམས་དོན་དྲུག་ཏུ་བསྡུས་ཏེ་བསྟན་པ།
   


 
previousའབྲིང་པོ་ལ་དགའ་བའི་གང་ཟག་ལ་མངོན་རྟོགས་རྣམས་དོན་དྲུག་ཏུ་བསྡུས་ཏེ་བསྟན་པ།next

འབྲིང་པོ་ལ་དགའ་བའི་གང་ཟག་ལ་མངོན་རྟོགས་རྣམས་དོན་དྲུག་ཏུ་བསྡུས་ཏེ་བསྟན་པ།


DTG080_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་ཉིད་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བའོ། །རྩེ་མོའི་མངོན་པར་རྟོགས་པ་ནི་རབ་ཏུ་གྱུར་པ་དང་ལྡན་པའོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ནི་གོ་རིམས་དང་ལྡན་པའོ། །སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུག་པའོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་རྣམ་པར་སྨིན་པ་སྟེ། དེ་ལྟར་འདི་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ། །དེས་ན་འདི་སྐད་ཅེས། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་ཡི་རབ་དེའི་གོ་རིམས་དང། །དེའི་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་དེ་རྣམ་པ་དྲུག །ཅེས་བྱ་བ་འདི་གསུངས་པ་ཡིན་ནོ། །


previousའབྲིང་པོ་ལ་དགའ་བའི་གང་ཟག་ལ་མངོན་རྟོགས་རྣམས་དོན་དྲུག་ཏུ་བསྡུས་ཏེ་བསྟན་པ།next