Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དྲུག་པ།


   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
སྐབས་གསུམ་པ།
   
   
   
   
   


 
previousསྐབས་གསུམ་པ།next

སྐབས་གསུམ་པ།


DTG086_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཐམས་ཅད་སྐྱེ་བའི་རྒྱུ་གཞི་ཐམས་ཅད་རྟོགས་པ་ཐམས་ཅད་ཤེས་པའི་རང་གི་ངོ་བོ་དང༌། རྒྱུ་མཚན་དང༌། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་དང༌། ལམ་དང༌། དེའི་ཡན་ལག་དང༌། ཉེ་བར་བསྡུ་བ་རྣམས་ལས། རང་གི་ངོ་བོ་རྟོགས་པ་མེད་པར་ཕྱི་མ་རྣམས་རྟོགས་པར་མི་ནུས་པའི་ཕྱིར་ན། རེ་ཞིག་བརྗོད་པ་གཞི་


DTG086_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །བརྩེ་བ་དང་ཤེས་རབ་དག་གིས་རྟག་པ་དང་ཆད་པའི་མཚན་ཉིད་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང་དེའི་བར་ཏེ། དེ་རྣམས་སུ་གནས་པ་དང་བྲལ་བའི་རང་བཞིན་ཐམས་ཅད་ཤེས་པ་ཡིན་པའི་ཕྱིར་རང་བཞིན་དེ་དང་བྲལ་བ་ཉན་ཐོས་ལ་སོགས་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་གཅིག་ཏུ་གྱུར་པ་ཐམས་ཅད་ཤེས་པ་ཉིད་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་མཁྱེན་པ་ཉིད་ཀྱི་སྐབས་སུ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་དོན་ཡིན་ནོ། །ཀུན་ཤེས་པ་ཉིད་ལ་ཁྱད་པར་མེད་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང༌། མེད་པ་ཡིན་ཞེས་སྐྱེ་བོ་བློ་གྲོས་དམན་པའི་དོགས་པ་བཟློག་པའི་དོན་དུ་གཉིས་པ་རྒྱུའི་ཁྱད་པར་གསུངས་པ་ནི་ལུགས་ལས་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ལ་སོགས་པའི་རང་བཞིན་རྟོགས་པ་ཉིད་ཆོས་ཐམས་ཅད་མཉམ་པ་ཉིད་རྟོགས་པ་ཡིན་ལ། དེ་ཡང་དངོས་པོ་དང༌། དངོས་པོ་མེད་པར་ཤེས་པ་སྤངས་པས་གཟུགས་ལ་སོགས་པ་དམིགས་པ་ནི་འགྱུར་གྱི་གཞན་དུ་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཐབས་མཁས་པ་དང་འབྲེལ་བ་ཡིན་པ་དེ་ལྡོག་ན་ལྡོག་པ་ཉིད་དོ། །དེས་ན་ཉན་ཐོས་ལ་སོགས་པ་ལ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཡོད་པ་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་དངོས་པོར་གྱུར་པ་འགའ་ཡང་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་རྒྱུ་དང་འབྲས་བུའི་དངོས་པོས་དེ་དག་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟ་ཡིན་དང་གཞན་གྱི་ཀུན་བརྟགས་པའི་བདག་ལ་སོགས་པའི་གཉེན་པོ་ཉིད་ཀྱིས་སྟོང་པ་ཉིད་ལ་སོགས་པ་འཇུག་པ་ཡིན་ཡང་མངོན་པར་ཞེན་པ་དང་བཅས་པ་ཡང་བྱ་བ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ཉིད་དོ། །བྱང་ཆུབ་སེམས་དཔའ་རང་ཉིད་ང་རྒྱལ་མེད་པར་སྦྱིན་པ་ལ་སོགས་པ་ལ་ཞུགས་པ་ནི་གཞན་དག་དེ་ཁོ་ན་ལྟར་ངེས་པར་སྦྱོར་བ་གཉེན་པོ་ཡིན་ཏེ། མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །སྤྱིར་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་ཡིན་པས་ན། དེ་བཞིན་གཤེགས་པ་ལ་སོགས་པར་མངོན་པར་ཞེན་པ་ཡང་མི་མཐུན་པའི་ཕྱོགས་ཉིད་དོ། །དེས་ན་ཤེས་པ་དང་ཤེས་བྱའི་ཕུང་པོ་གཉིས་ཀྱིས་བསྡུས་པའི་དངོས་པོ་རྣམས་ལ་རང་བཞིན་གཅིག་


DTG086_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ཉིད་དུ་རྟོགས་པ་དེའི་གཉེན་པོ་ཡིན་ནོ། །དེ་ལྟར་ན་མི་རྟག་པ་ཉིད་ལ་སོགས་པ་དང༌། དེ་བཞིན་གཤེགས་པ་ཉིད་ལ་སོགས་པར་མངོན་པར་ཞེན་པ་ནི་ཀུན་ནས་ཉོན་མོངས་པ་རབ་ཏུ་ཞི་བའི་ཐབས་ཡིན་པས། རྟག་པ་ལ་སོགས་པའི་གཉེན་པོ་ཡིན་ཡང༌། ཤེས་བྱའི་སྒྲིབ་པ་རང་བཞིན་ཡིན་པའི་ཕྱིར་ན་ཆོས་ཐམས་ཅད་མི་དམིགས་པ་དང༌། རང་བཞིན་གཅིག་པ་ཉིད་དུ་ཤེས་པ་དག་གིས་སྤོང་པ་ཡིན་ཏེ། དེས་ན་མཚན་ཉིད་ཀྱིས་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་རེ་རེ་ལ་ཡང་རྣམ་པ་གཉིས་ཡིན་ནོ། །དོན་འདི་ཡིན་ཏེ། མི་རྟག་པ་ཉིད་དང༌། དེ་བཞིན་གཤེགས་པ་ཉིད་ལ་སོགས་པར་དམིགས་པའི་དུས་ན་གལ་ཏེ་རྟག་པ་ཉིད་ལ་སོགས་པའི་གཉེན་པོ་ཉིད་དང༌། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་དག་གིས་དེ་དག་མཚན་མར་བྱེད་ན་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ཡིན་ནོ། །འོན་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་ཀྱི་ཕྱིར་གང་ཞིག་གཉེན་པོར་འགྱུར་བ་འགའ་ཡང་འགའི་ཡང་མི་མཐུན་པའི་ཕྱོགས་མ་ཡིན་ནོ་ཞེས་མཚན་མ་མེད་པའི་སྦྱོར་བས་ངེས་པར་རྟོགས་པ་དེའི་ཚེ་ནི་བྱང་ཆུབ་སེམས་དཔའི་དེ་ནི་གཉེན་པོ་ཡིན་ནོ། །གཉེན་པོས་མི་མཐུན་པའི་ཕྱོགས་སྤངས་པ་དེ་ཡང་ལམ་ལས་འགྱུར་བའི་ཕྱིར་ལམ་བརྗོད་པར་རིགས་པ་ཡིན་ཡང་འབྲས་བུ་ནི་རྒྱུ་ལ་རག་ལས་པའི་ཕྱིར་ན། ལམ་གྱི་རྒྱུའི་རབ་ཏུ་དབྱེ་བ་དང༌། རྣམ་པ་རེ་ཞིག་བརྗོད་པ་ནི། དེ་ལྟར་མི་མཐུན་པའི་ཕྱོགས་ལ་སོགས་པ་བརྗོད་ནས་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་ལ། གཟུགས་སུ་རུང་བ་ལ་སོགས་པ་མཚན་ཉིད་དང༌། མི་རྟག་པ་ཉིད་ལ་སོགས་པ་རྣམས་ལ་བརྟགས་པས་སྟོང་པ་ལ་སོགས་པ་དང༌། མ་རྫོགས་པ་དང༌། རྫོགས་པ་ལ་རབ་ཏུ་འཇིགས་པ་ཉིད་དང༌། མ་ཆགས་པ་ལ་ཡིད་བརྟན་དུ་མེད་པ་ཉིད་དང༌། འགྱུར་བ་མེད་པ་ཉིད་ལ་སྐད་ཅིག་དང༌། བྱེད་པ་པོ་མ་ཡིན་པ་ལ་བྱེད་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདག་ཉིད་ཆེད་དུ་བྱ་བ་བཀག་པ་ཉིད་དང། ལམ་ཤེས་པ་ཉིད་ཀྱི་རང་བཞིན་སྦྱོར་བ་དཀའ་བ་ཉིད་དང༌། ཐམས་ཅད་ཤེས་པའི་རང་བཞིན་བྱེད་པ་དཀའ་བ་ཉིད་གསུམ་ལ། ཐོབ་པ་སྟོང་པ་ཉིད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དང༌། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཉིད་རྣམས་དང༌། རྒྱུན་དུ་ཞུགས་པ་ལ་


DTG086_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་འབྲས་བུ་ཐོབ་པ་སྟོང་པ་ཉིད་ལ་ལྷག་པར་མོས་པའི་རང་བཞིན་དང༌། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་ལ་རྟོགས་པའི་དངོས་པོ་ཉིད་དང༌། ཡོངས་སུ་གྱུར་པ་ལ་སོགས་པ་སྣང་བ་རྣམ་པ་བདུན་ལ། རང་གི་ངོ་བོ་སྟོང་པ་ཉིད་ཀྱིས་རྗེས་སུ་སྒྲུབ་པའི་མངོན་པར་ཞེན་པ་དོར་བའི་ཕྱིར་གོང་དུ་མངོན་པར་སྤེལ་བས། སྦྱོར་བ་རྣམ་པ་བཅུ་པོ་ནི་རེ་རེ་ལ་ཡང༌། གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པ་དང༌། རློམ་པ་མེད་པ་ལ་སོགས་པ་རྣམ་པ་བཞིས་རྟོགས་པར་བྱའོ། །ནུས་པའི་རྒྱུ་སྦྱོར་བ་རྣམ་པ་བཅུ་ཡོད་ན། འབྲས་བུ་མཐོང་བའི་ལམ་འབྱུང་བས། དེའི་རང་གི་ངོ་བོ་དང་རྣམ་པ་སྟོན་པ་ནི། སྦྱོར་བ་མཉམ་པ་ཉིད་སོ་སོར་རྟོགས་ནས་ཞེས་བྱ་བའོ། །རང་བཞིན་མེད་པའི་ངོ་བོ་ཅན་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པ་ཉིད་ཀྱི་རང་བཞིན་དང་མི་ལྡན་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་གིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་སྐད་ཅིག་མ་བཅུ་དྲུག་བསྒོམ་པ་ན། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །མཐོང་བའི་ལམ་སྐྱེས་པ་ནས་ཡང་དངོས་པོ་ཐམས་ཅད་ཀྱི་རྣམ་པ་ཕྱིན་ཅི་མ་ལོག་པར་རྟོགས་ཀྱི་རྣམ་པ་ཐམས་ཅད་རྟོགས་པ་ནི་མ་ཡིན་ནོ། །ཀུན་མཁྱེན་གསུམ་གྱི་མཇུག་བསྡུ་བ་ནི་རྟོགས་སླའོ། །འདི་ཐམས་ཅད་ཀྱིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། ཐབས་མཁས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པའི་དབང་དུ་བྱས་ཏེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡོངས་སུ་ཤེས་པས་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་བ་བརྩམས་པ་དང་ལྡན་པ་ལ་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པ་ཉིད་ཀྱིས་དབེན་པ་ལ་སོགས་པའི་རྣམ་པ་ཅན་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྐྱེ་ལ། དེ་སྐྱེས་པ་ན་ཡང་སྔར་བཤད་པའི་ལམ་ཤེས་པའི་རྣམ་པ་རྣམས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ལམ་ཤེས་བ་ཉིད་ནི་མེད་ན་མི་འབྱུང་བ་ཉིད་ཀྱིས་དེ་ཡོངས་སུ་ཤེས་པའི་དུས་ཁོ་ནར་ཐམས་ཅད་ཤེས་པ་ཉིད་ཀྱང་ཤེས་པ་མ་ཡིན་ནམ། དེས་ན་དེ་སྟོན་པ་བཏགས་ཟིན་པ་འཐག་པ་འདིས་ཅི་བྱ། དེ་སྟེ་སྔར་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའི་ཕྱིར། ཉན་ཐོས་ལ་སོགས་པའི་ཐམས་ཅད་ཤེས་པ་


DTG086_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་བརྗོད་ན། འོ་ན་ནི་ལམ་ཤེས་པ་ཉིད་ཀྱིས་ལམ་ཐམས་ཅད་མ་བསྡུས་པ་དེས་ན་རྣམ་པ་ཐམས་ཅད་མཁྱེན་པས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མི་མཁྱེན་པར་འགྱུར་ཞིང༌། ཐམས་ཅད་ཤེས་པས་ཀྱང་ཉན་ཐོས་ལ་སོགས་པ་བསྡུས་པ་ན་གང་ཟག་གཅིག་ལ་མངོན་པར་རྟོགས་པ་བརྒྱད་མེད་པར་འགྱུར་རོ་ཞེ་ན། བསམ་པ་མ་ཤེས་ན་ཐམས་ཅད་བདེན་ནོ། །འདི་ལྟར། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་སྔར་བཤད་ཟིན་ཏོ། །འདིའི་དོན་ནི་འདི་ཡིན་ཏེ། བདེན་པ་བཞི་ཉིད་ཕ་རོལ་གྱིས་ཀུན་བརྟགས་པ་ལ་སོགས་པའི་གཉེན་པོར་མི་རྟག་པ་ཉིད་ལ་སོགས་པའི་རྣམ་པ་རྣམས་ཀྱི་སྒོ་ནས་ཉན་ཐོས་ལ་སོགས་པས་མངོན་དུ་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་དག་ཉིད་མི་དམིགས་པའི་རྣམ་པ་ཡིན་ཏེ། དེ་ལྟར་ན་རྣམ་པའི་ཁྱད་པར་ཉེ་བར་མཚོན་པ་ལྷུར་བྱེད་པས་མ་ཤེས་པར་ཉན་ཐོས་ལ་སོགས་པའི་ལམ་ཡིན་ལ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་ཕྱོགས་དང་གཉེན་པོ་དག །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་བྱ་བ་གསུངས་པའི་ཕྱིར་ན། འདིར་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བ་ཅན་སྦྱོར་བ་ཇི་ལྟ་བ་བཞིན་དངོས་པོ་ཐམས་ཅད་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལྟ་ན་ཡང་སྔ་མར་ལམ་ཉིད་རྟོགས་པར་བྱ་བ་ཡིན་ལ་ཕྱི་མར་ནི་ལམ་གྱི་དངོས་པོ་རྟོགས་པར་བྱ་བ་ཡིན་པས། དེས་ན་ཇི་ལྟར་བཏགས་པ་འཐད་པ་ཡིན། དེ་ཉིད་ཀྱི་ཕྱིར་མངོན་པར་རྟོགས་པ་གཉི་ག་ཡང་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཡིན་པའི་ཕྱིར་མངོན་པར་རྟོགས་པ་གཞི་ཐ་དད་པར་ཐལ་བར་འགྱུར་བའི་ཉེས་པ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་གང་ཟག་གསུམ་དང་འབྲེལ་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་པ་ནི་སྔར་གྱི་སྐབས་གཉིས་སུ་ཅི་རིགས་པར་བཤད་ཟིན་པའི་ཕྱིར་འདིར་བརྗོད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ལམ་བཞིན་དུ་དེའི་རྒྱུ་རྣམས་ཀྱང་བརྗོད་པར་བྱ་བར་ཐལ་ལོ། །ལམ་གྱི་དངོས་པོ་རྟོགས་ན། ལམ་རྟོགས་པ་དང༌། དངོས་པོ་རྟོགས་པ་སྔོན་དུ་འགྲོ་བ་ཅན་མི་འགྱུར་རོ་ཞེས་བརྗོད་པར་མི་བྱ་སྟེ། ལམ་མེད་པར་འགའ་ཡང་


DTG086_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་མེད་པའི་ཕྱིར་རོ། །འདིས་ནི་མངོན་པར་རྟོགས་པའི་རིམ་པ་བརྗོད་པ་ཡིན་གྱི་དངོས་པོ་གནས་པའི་རིམ་པ་བརྗོད་པ་མ་ཡིན་ནོ། །དེ་ཡང་ལམ་མེད་པར་མི་འབྱུང་བ་དེས་ན་དེ་ཡང་ལམ་སྔོན་དུ་འགྲོ་བ་ཅན་དུ་འདོད་པ་ཁོ་ནའོ། །དེས་ན་ཐམས་ཅད་ལེགས་པར་གནས་སོ། །སྐབས་གསུམ་མོ།། །།


previousསྐབས་གསུམ་པ།next