Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གྱ་དྲུག་པ།


   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
  collapse section
   
  collapse section
   
   
   
   
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
སྐབས་བདུན་པ།
   


 
previousསྐབས་བདུན་པ།next

སྐབས་བདུན་པ།


DTG086_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྟེན་པར་གྱུར་པའི་དོན་རྣམས་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་གིས་མི་སློབ་པའི་ལམ་ལ་འཇུག་པའི་ཕྱིར། སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུག་པར་འགྲོ་བའི་སྦྱོར་བ་ཡིན་ཏེ། དེ་ལས་གོང་དུ་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །སྐད་ཅིག་གཅིག་པ་ཟག་པ་མེད་པ་དེ་ལ་ཡང་དངོས་པོར་ན་དབྱེ་བ་འགའ་ཡང་མེད་པ་དེས་ན། རྣམ་པར་སྨིན་པ་ཡིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བ་མཚན་ཉིད་མེད་པ་དང། གཉིས་སུ་མེད་པའི་མཚན་ཉིད་ཀྱི་དབྱེ་བས་ལྡོག་པའི་ཐ་དད་པ་ལ་བརྟེན་ནས་རང་གི་ངོ་བོ་དང༌། དབྱེ་བ་བརྗོད་པ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་སྒོམ་པ་ནི་ཞེས་བྱ་བ་སྟེ་གོ་སླའོ། །སྐབས་བདུན་པའོ།། །།


previousསྐབས་བདུན་པ།next