Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་གཉིས་པ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞེ་བཞི་པ། གང་གཱའི་ལྷ་མོའི་ལེའུ།
   
   
   
   
   
   
   
   


 
previousཞེ་བཞི་པ། གང་གཱའི་ལྷ་མོའི་ལེའུ།next

ཞེ་བཞི་པ། གང་གཱའི་ལྷ་མོའི་ལེའུ།


DTG092_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་དེར་གང་གཱའི་ལྷ་མོ་ཞེས་བྱ་བའི་བུད་མེད་ཅིག་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ཏེ་ཞེས་བྱ་བ་ནས། ལེའུ་བཞི་བཅུ་རྩ་བཞི་ལ་ཐུག་གི་བར་དུ་ལྷ་མོའི་མིང་གང་གཱ་ཞེས་བྱ་བ་ལུང་བསྟན་པ་བཤད་པ་སྟེ། དེ་ལྟར་ལུང་བསྟན་པ་ཡང་བུད་མེད་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་དགེ་བའི་རྩ་བ་བསྐྱེད་ན་སྐྱེས་པ་དང་འདྲ་བར་འཕགས་པའི་ས་ཐོབ་པར་འགྱུར་བ་བསྟན་པའི་ཕྱིར་ཏེ། ཚིག་རྣམས་ནི་རང་ལོག་ཏུ་ཟད་དོ། །


previousཞེ་བཞི་པ། གང་གཱའི་ལྷ་མོའི་ལེའུ།next