Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་གོ་བཞི་པ།


   
   
   
   
   
   
   
   
   
   
   
ཨུཎ་ལ་སོགས་པའི་འགྲེལ་པ།  ཙནྡྲགོམིན།
   
   


 
previousཨུཎ་ལ་སོགས་པའི་འགྲེལ་པ། ཙནྡྲགོམིན།next

ཨུཎ་ལ་སོགས་པའི་འགྲེལ་པ།
ཙནྡྲགོམིན།


DTG194_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨུ་ཎཱ་དེརྦྲྀ་ཏི། བོད་སྐད་དུ། ཨུན་ལ་སོགས་པའི་འགྲེལ་པ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཀྲྀ། བཱ། པཱ། ཛི། མི། སྭ་དི། སཱ་དྷི། ཨ་ཤཱུ་རྣམས་ལས་ཨུ་ཎའོ། །གྲུབ་པ་ཞེས་བརྗོད་པ་ནི་བཀྲ་ཤིས་པའི་དོན་དང་བགེགས་ཉེ་བར་ཞི་བའི་དོན་ཏོ། །ཉུང་ངུ་རྣམ་གསལ་ཡང་དག་རྫོགས། །སྒྲ་ཡི་མཚན་ཉིད་བརྗོད་པར་བྱ། །ཞེས་སློབ་དཔོན་གྱི་དམ་བཅའ་བ་གསུམ་ནི། སྤྱིར་བཏང་བ་ཉིད་ཀྱི་སྒྲུབ་པ་ལས་ཕ་རོལ་གྱི་བྱ་བའི་དོན་ལས་མང་པོ་ལའོ་ཞེས་པ་རྗེས་སུ་འཇུག་གོ །སྒྲུབ་པ་ཁྱད་པར་དུ་བྱེད་པ་མཐའིའོ་ཞེས་པའི་མདོ་དེ་ལས་སྒྲུབ་པ་ཞེས་པ་རྗེས་སུ་འཇུག་གོ །ལྔ་པ་ལས་ཕ་རོལ་ལོ་ཞེས་པའི་མདོ་དེ་ལས་ཕ་རོལ་ཞེས་པ་རྗེས་སུ་འཇུག་གོ །བྱ་བའི་དོན་


DTG194_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཨཙ་གཅིག་པ་ཧལ་དང་པོ་ལས་ཞེས་བས་བྱ་བའི་དོན་ལས་ཞེས་པ་རྗེས་སུ་འཇུག་གོ །མང་པོ་ལའོ་ཞེས་པའི་མདོ་དེ་ལས་མང་པོ་ལའོ་ཞེས་པ་རྗེས་སུ་འཇུག་གོ །སྤྱིར་བཏང་དེ་རྣམས་འཇུག་བཞིན་པ་ལས་བྱ་བའི་དོན་ལས་ཨུཎ་ཕ་རོལ་ཏུ་འགྱུར་ཏེ། དེ་ལ་ཌུ་ཀྲྀཉ་བྱེད་པ་ལའོ། །ཌུ་ཡིག་ནི་ཌུ་འགྲོ་བ་ལས་ཀྟྲྀའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཉ་ཡིག་ནི་ཀྲྀཉ་ལས་སོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཨིཎ། བཱི། བཱ་འགྲོ་བ་ལའོ། །པཱ་བཏུང་བ་ལའོ། །ཛི་རྒྱལ་བ་ལའོ། །ཌུ་མ་ཉི་རབ་ཏུ་འཕེན་པ་ལའོ། །ཌུ་ཡིག་ནི་ཌུ་འགྲོ་བ་ལས་ཀྟྲྀའོ། །ཞེས་པའི་རྟགས་ཀྱི་དོན་ཏོ། །ཉ་ཡིག་ནི་ཉིཏ་ལས་སོ་ཞེས་པའི་རྟགས་ཀྱི་དོན་ཏོ། །སྭ་ད་སྭཱ་ད་རོ་མྱང་བ་ལའོ། །ར་དྷ་དང་སཱ་དྷ་ཡང་དག་པར་གྲུབ་པ་ལའོ། །ད་ཡིག་དང་དྷ་ཡིག་དག་གི་ཨ་ཡིག་ཀློག་པའི་དོན་ཏེ། ཨ་ཤུ་ཁྱབ་པ་ལའོ། །ཨཱུ་ཡིག་ནི་སྤྲི་སླུང་ཨུ་དིར་ལས་སོ་ཞེས་རྟགས་ཀྱི་དོན་ཏོ། །ཀྲྀ་དང་བཱ་དང་པཱ་དང་ཛི་དང་མེ་དང་སྭ་དང་དི་དང་སཱ་དྷི་དང་ཨ་ཤཱུ་ཞེས་པ་དེ་རྣམས་ལས་འགྱུར་ཏེ། གཞན་དང་གཞན་ལ་དང་གི་དོན་གྱི་བསྡུ་བའོ། །བསྡུ་བ་ཞེས་ཅི་ཞེ་ན། བརྗོད་པར་བྱ་སྟེ། འདྲ་བ་རྣམས་བསྡུས་པའོ། །དེ་ཡང་དོན་ཐ་དད་པ་རྣམས་དོན་གཅིག་ཏུ་གྱུར་པ་ནི་བསྡུ་བའི་སྒྲར་བརྗོད་དེ། ཀ་རོ་ཏི། བཱ་ཏི། པི་བ་ཏི། ཛ་ཡ་ཏི། མི་ནོ་ཏི། སྭ་ད་ཏི། སཱ་དྷྱ་ཏི། ཨ་ཤྣཱ་ཏི། ངག་འདི་རྣམས་ལས་ཨུཎ་ཕ་རོལ་ཏུ་འགྱུར་རོ། །ཎ་ཡིག་ནིཉྞིཏ་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཨཱ་འང་ངོ་ཞེས་པས་ཨཱ་ཉིད་དོ། །རྀ་ཀའི་ཨཎ་ལས་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །རེ་ཕའི་ཨ་ཡིག་ནི་བརྗོད་པའི་དོན་ཏོ། །དོན་ཙམ་ལ་དང་པོའོ་ཞེས་པས་སུའོ། །སུའི་ཨུ་ཡིག་ནི་སུའིའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ས་པ་ཛུ་ཥ་དག་གི་རུའོ་ཞེས་པས་རུ་ཉིད་དོ། །ཨུ་ཡིག་ནི་ཨཏ་ལས་ཧ་ཤ་ལའང་རུའིའོ་ཞེས་པའི་རྟགས་ཀྱི་དོན་ཏོ། རེ་ཕའི་རྫོགས་པ་ལ་རྣམ་པར་བཅད་པའོ་ཞེས་པས་ཐིག་ལེ་ཉིས་བརྩེགས་སུ་འགྱུར་རོ། །ཀཱ་རུཿ་བཟོ་བོའོ། །ཨཱཏའི་ཎལ་མ་ཡིན་པ་ལ་ཡུ་ཀའོ་ཞེས་པས་ཡུག་ཨཱ་ག་མའོ། །ཨུ་ཡིག་བརྗོད་པའི་དོན་ཏོ། །ཀ་ཡིག་ནི་བསྒྲུབ་པ་བསྟན་པའི་དོན་ཏོ། །བཱ་ཡུཿ༌༌༌རླུང་ངོ༌། །པཱ་ཡུ༌༌༌བཤང་ལམ་མོ། །ཨའང་ངོ་ཞེས་པས་ཨཻ་ཉིད་དོ། །ཨེ་ཙའི་ཨ་ཡ་ཨ་ཝ་ཨཱ་ཡ་ཨཱ་ཝ་རྣམས་སོ་ཞེས་པས་ཨཱ་ཡ་རུ་


DTG194_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་རོ། ཛཱ་ཡུཿ༌༌༌སྨན། མི་མཱི་དག་གི་ཁལ་ཨཙ་མ་ཡིན་པ་ལའོ་ཞེས་པས་ཨཱ་ཉིད་དོ། །མཱ་ཡུཿ༌༌༌མཁྲིས་པ། གོ་སྔོན་མ་ལས། གོ་མཱ་ཡུཿ།༌༌༌ཅེ་སྦྱང་ངོ༌། །ཉྞིཏ་ལའོ་ཞེས་པས་ཨཱ་ཉིད་དོ། །སྭཱ་དཿ།༌༌༌སྦྲང་རྩི། སཱ་དྷུཿ།༌༌༌ལེགས་པའམ་གཞན་ལ་ཕན་པའོ། །སུ་ཨམ་དག་གི་མ་ནིང་ལས་སོ་ཞེས་པས་སུ་དབྱིའོ། །མྱུར་བའམ་གྲུའི་མིང༌།༌༌༌ཨཱ་ཤུ་དྲྀ་ས་ནི་ཛ་ནི་ཙ་རི་ཙ་ཊི་ཏ་ལི་རྣམས་ལས་ཉུཎའོ། །དྲྀ་རྣམ་པར་འཇོམས་པ་ལའོ། །ཥ་ཎུ་སྦྱིན་པ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཥྛི་བུ་ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་གི་ས་ཡིག་གོ །རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་གྱི་ཡང་མེད་དོ་ཞེས་པས་ཎ་ཡིག་གི་ན་ཡིག་གོ །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཨཱི་ཡིག་ནི་ཤྭི་ཨཱི་དིཏ་ལས་ཏཏ་བཏ་དག་གིའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཨ་བྷྲ། བ་བྷྲ། མ་བྷྲ། ཙ་ར་འགྲོ་བའི་དོན་ལའོ། །ཙ་ཊ། སྦུ་ཊ་འབྱེད་པ་ལའོ། །ཏ་ལ་རབ་ཏུ་གནས་པ་ལའོ། །འདི་རྣམས་ལས་བྱ་བའི་དོན་ལས་ཉུཎ་ཕ་རོལ་ཏུ་འགྱུར་རོ། །ཎ་ཡིག་ནིཉྞིཏ་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཉ་ཡིག་ལས་ཨུ་ཡིག་ཕྲལ་ཏེ། ཉ་ཡིག་ནི་ཨཻ་ཙའི་ཨཱཏ་ཀྱི་དོན་ཏོ། །ཨཱའང་ངོ་ཞེས་པས་ཨཱ་ཉིད་དོ། །རྀ་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །སུ་ཨམ་དག་གི་མ་ནིང་ལས་སོ་ཞེས་པས་སུ་དབྱིའོ། །དཱ་རུཿཉྞིཏ་ལས་སོ་ཞེས་པས་ཨཱ་ཉིད་དོ།རིའི་ཕྱོགས།༌༌༌ །སཱ་ནུ་རྗེས་སུ་འབྲེལ་པ་གཉིས་བྱེད་པ་ནི་ཛ་ནི་བ་དྷ་དག་གིའོ་ཞེས་པའི་དགག་པ་འགེགས་པའི་དོན་ཏོ། །དེས་ནཉྞིཏ་ལའོ་ཞེས་པས་ཨཱ་ཉིད་དོ། །ཛ་ནུཿ།༌༌༌པུས་མོའི་གནས། ཙཱ་རུཿ།༌༌བཟང་པོ། ཙ་ཊུཿ།༌༌༌གསལ་བར་སྨྲ་བ། ཏཱ་ལུཿ།༌༌༌གནམ་གདོང་གི་ཕྱོགས་གཅིག །ཀི་མ། ཛ་རཱུ་དག་ལས་ཤྲི། ཨ་ཎི་དག་ལས་སོ། །ཤྲཱི་འཚེ་བ་ལའོ། །ཤིང༌། ཨ་ནི། བཱི། བཱ་འགྲོ་བ་ལའོ། །ཎ་ཡིག་ནི་ཨི་ནའི་ཡ་ཎའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །འདི་དག་ཀི་མ་དང་ཛ་རཱ་སྔོན་མ་ཅན་ལས་ཉུཎ་ཕ་རོལ་ཏུ་འགྱུར་རོ། །ཨཱའང་ངོ་ཞེས་པས་བཟང་པོ། ཨཱ་ཉིད་དོ། །རི་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །ཀིམ་གྱི་མ་ཡིག་ནི་ཧལ་ལ་མཱིའོ་ཞེས་པས་རྗེས་སུ་ང་རོའོ། །ཀིཾ་ཤཱ་རུཿ༌༌༌མདའོ།། ཨེ་ཙའི་ཨ་ཡ་ཨ་ཝ་ཨཱ་ཡ་ཨཱ་ཝ་རྣམས་སོ་ཞེས་པས་ཡ་རུ་བསྒྱུར་རོ། །ཛ་རཱའི་སྒྲའི་ཨཱ་ཡིག་དང་ལྷན་ཅིག་


DTG194_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀ་ལ་རིང་པོའོ། །ཛ་རཱ་ཡུཿ།༌༌༌མངལ་ལམ་ཁང་པར་དཀྲིས་པ། ཀྲྀ་ཀ་ལས་བ་ཙའི་ཀའང་ངོ༌། །བ་ཙ་སྨྲ་བ་ལའོ། །ཨ་ཡིག་བརྗོད་དོན། ཀྲྀ་ཀ་སྔོན་དུའོ། །ཀྲྀ་ཀེ་ཎ་བཀྟི་ཞེས་བྱ་བ་འདི་ལས་ཉུཎ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་གི་ཀ་ཡིག་གོ །ཉྞིཏ་ལས་སོ་ཞེས་པས་ཨཱ་ཉིད་དོ། །ཀྲྀ་ཀ་ཝཱ་ཀུཿ།༌༌༌།བྱ་གག་གམ་གཙང་བ། བྷྲྀ། མྲྀ། ཏྲྀ། ཙ་རི། ཏ་ནི། མསྫི། ཤཱིང་རྣམས་ལས་ཨུའོ། །ཌུ་དྷཱཉ་ཌུ་བྷྲིཉ་འཛིན་པ་ལའོ། །ཌུ་ཡིག་ཌུ་འགྲོ་བ་ལས་ཀྟྲྀའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཉ་ཡིག་ནི་བྷྲྀཉ་ལས་མིང་མ་ཡིན་པ་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །མྲྀང་སྲོག་གཏོང་བ་ལའོ། ང་ཡིག་ནི་མྲྀང་ལས་ལུང་ལིང་དག་ལ་ཡང་ངོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཏྲཱྀ་རྒྱལ་བ་ལའོ། །ཙ་ར་འགྲོ་བ་པའི་དོན་ལའོ། །ཨ་ཡིག་བརྗོད་དོན་ཏ་ནུ་རྒྱས་པ་ལའོ། །ཨུ་ཡིག་ནི་ཨུ་དིར་ལས་ཡང་ནའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཊུ་མསྫོ་དག་པ་ལའོ། །ཊུ་ཡིག་ནི་ཊུ་འགྲོ་བ་ལ་ཨ་ཐུ་ཙའོ་ཞེས་པའི་རྟགས་དོན་ཏོ། །ཨོ་ཡིག་ནི་ཨོ་དིཏ་ལས་སོ་ཞེས་པའི་རྟགས་དོན། ཤཱིང་ཉལ་བ་ལའོ། །ང་ཡིག་ནི་ལིཊ་མ་ཡིན་པ་ལ་ཤཱིང་གི་ཨེཏའོ་ཞེས་པའི་རྟགས་དོན་ཏོ། །འདི་རྣམས་ལས་བྱ་བའི་དོན་ལ་ཨུ་ཕ་རོལ་ཏུ་འགྱུར་རོ། །ཨིཀའི་ཨཏ་ཨེང་ངོ་ཞེས་པས་ཨ་ཉིད་དོ། །ར་ཕ་རོལ་ཉིད་དོ། །རེ་ཕའི་ཨ་ཡིག་བརྗོད་དོན། བྷ་རུཿ།༌༌༌།རྒྱས་པ མཱ་རུཿ།༌༌༌མྱ་ངམ་ངམ་ཆུ་མེད་པའི་ཡུལ། ཏ་རུཿ།༌༌༌ཤིང་ངམ་རྐང་ཐུང༌། ཙ་རུཿ༌༌༌སྦྱིན་སྲེག་གམ་བཟའ་བཏུང༌། ལུས་ཏ་ནུཿ། ཛྷལ་གྱི་ཛ་ཤའོ་ཞེས་པས་ས་ཡིག་གི་ད་ཡིག་གོ །ནྱང་ཀུ་ལ་སོགས་པ་རྣམས་སོ་ཞེས་པས་ཀུ་ཉིད་ཀྱིས་ཛ་ཡིག་ག་ཡིག་གོ །མངྒུཿ།༌༌༌།ཆུ་བྱ། ཨཏ་ཨེང་ངོ་ཞེས་པས་ཨེ་ཉིད། ཨེཙའི་ཨ་ཡ་ཨ་ཝ་ཨཱ་ཝ་རྣམས་སོ་ཞེས་པས་ཨ་ཡར་བསྒྱུར་རོ། ཤ་ཡུཿ།༌༌༌གཉིད་ལོག་པ། ཨཎ་ལས་སོ། །ཨཎ་ར་ཎ་ཞེས་པ་རྒྱུན་ཆགས་པའི་བྱིངས་སོ། །ཨ་ཡིག་བརྗོད་པའི་དོན་ཏོ། །འདི་ལས་ཨུ་ཕ་རོལ་ཏུ་འགྱུར་རོ། །ཨ་ཎུཿ།༌༌༌ཕྲ་མོའམ་སོ་སོར་བྱེད་པ།འབྲུ་ལ་ནིཏའོ། །བྱིངས་ཨཎ་ཉིད་འབྲུ་མངོན་པར་བརྗོད་པ་ལ་ཨུ་ཕ་རོལ་ཏུ་འགྱུར་ཞིང་ནིཏ་ཉིད་ཀྱི་ཕྱིར་དབྱངས་སོ། །ཨ་ཎུཿ། བྲཱྀ་ཧི་ཞེས་གནས་པ་ལ། གཉིས་ཀ་ལ་ཛས་སོ། །ཛ་ཡིག་ལས་ཨ་ཡིག་ཕྱུང་སྟེ། ཛ་ཡིག་ནི་ཛས་ལའོ་ཞེས་པའི་རྟགས་དོན་ནོ། །ཛས་ལའོ་ཞེས་པས་ཨོ་ཉིད་དོ། །ཨེ་ཙའི་ཨ་ཡ་ཨཔ་ཨཱ་


DTG194_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཨཱཔ་རྣམས་སོ་ཞེས་པས་ཨ་ཡར་བསྒྱུར་རོ། །ས་ས་ཛུ་ཥ་དག་གི་ཞེས་པས་རུ་ཉིད་དོ། །ཨུ་ཡིག་ནི་ཨཏ་ལས་ཧ་ཤ་ལའང་རུའི་འོ་ཞེས་པའི་རྟགས་དོན་ནོ། །རེ་ཕའི་རྫོགས་པ་ལ་རྣམ་པར་བཅད་པའོ་ཞེས་པས་ཐིག་ལེ་ཉིས་བརྩེགས་སུ་འགྱུར་རོ། །ཨཎ་བཿ། བྲཱྀ་ཧ་ཡཿ་པ་ཊི། ཨ་སི་བ་སི། ཏྲ་སི། ཧ་ནི་མ་ནི་ཨིནྡི་ཀནྡི། བནྡྷི་རྣམས་ལས་སོ། །ཨ་ཊ་ཨི་ཊ་པ་ཊ། ཀི་ཊ་ཀ་ཊཱི་ཨཱི་འགྲོ་བ་ལའོ། །ཨ་སུ་འཕེན་པ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན་ནོ། །བ་ས་ངེས་པར་གནས་པ་ལའོ། །ཨ་ཡིག་བརྗོད་པའི་དོན་ཏོ། །ཏྲ་པཱུ་ཥ་ངོ་ཚ་བ་ལའོ། །ཥ་ཡིག་ནི་བྷིཏ་ལ་སོགས་པ་དང་ཤིཏ་ལས་ཨང་ངོ་ཞེས་པའི་རྟགས་དོན་ནོ། །ཨཱུ་ཡིག་ནི་སྦྲྀ་སཱུང་ཨཱུ་དིཏ་ལས་སོ་ཞེས་པའི་རྟགས་དོན་ནོ། །ཧ་ན་འཚེ་བ་ལའོ། །མ་ན་ཤེས་པ་ལའོ། །ན་ཡིག་གི་ཨ་ཡིག་ཀློག་པའི་དོན་ཏོ། །ཨི་དི་མཆོག་གི་དབང་ཕྱུག་ལའོ། །ཨི་ཡིག་ནི་ཨི་ངིཏ་ལས་ནུམ་མོ་ཞེས་པའི་རྟགས་དོན་ནོ། །འདི་ཉིད་ཀྱིས་ནུམ་མོ། །ཨུ་ཡིག་བརྗོད་པའི་དོན། མ་ཡིག་ནི་མི་ཏ་ཨཙ་མཐའ་ལས་ཕ་རོལ་ཞེས་པའི་རྟགས་དོན་ནོ། །ཀ་དི་ཀྲ་དི་ཀླི་དི་འབོད་པ་ལའོ། །སྔ་མ་བཞིན་དུ་ཨི་ཡིག་དབྱི་སྟེ། ནུམ་ཡེང༌། བནྡྷ་འཆིང་བ་ལའོ། །ཨ་ཡིག་བརྗོད་དོན་ཞེས་པ་བྱིངས་འདི་རྣམས་ལས་ཨུ་ཕ་རོལ་ཏུ་འགྱུར་རོ། །སུའི་རུ་ཉིད་དང་རྣམ་པར་བཅད་པའོ། །པུ་ཊུཿ།༌༌༌།མཁས་པའམ་ཤེས་རབ་ཅན།ཨ་སུཿ།༌༌༌གྲོགས། བ་སུཿ།༌༌༌ནོར་རམ་རྫས། ཏྲ་སུཿ།༌༌༌ཞ་ཉེ། ཧ་ནུཿ།༌༌༌འགྲམ་པའམ་གདོང་གི་ཕྱོགས་གཅིག་མ་ནུཿ།༌༌༌།སྐྱེ་དགུའི་བདག་པོ། ཨིནྡུཿ།༌༌༌ཟླ་བ།ཀནྡྷུཿ།༌༌༌འཚེད་པའི་གནས། བནྡྷུཿ།༌༌༌གཉེན་ནམ་རྩ་ལག །རང་གི་སྐྱེ་བོའོ། །བ་ཧི་ར་ཧི་པ་ཤི་ལས་རིང་པོ་ཡང་ངོ༌། །བ་ཧ་ཐོབ་པ་ལའོ། །ར་ཧ་གཏོང་བ་ལའོ། །ཧའི་ཨ་ཡིག་ཀློག་པའི་དོན། པ་ཤི་མ་པི་ཡོངས་སུ་འཇལ་བ་ལའོ། །ཨི་ཡིག་ནི་ཨ་དིཏ་ལས་ནུམའོ་ཞེས་པའི་རྟགས་དོན་ནོ། །དེ་ནས་ནུམའོ། །ཨུ་ཡིག་བརྗོད་དོན་ནོ། །མ་ཡིག་ནི། མིཏ་ཨཙ་མཐའ་ལས་ཕ་རོལ་ལོ་ཞེས་པའི་རྟགས་དོན་ཏོ་ཞེས་པ་འདི་རྣམས་ལས་ཨུ་ཕ་རོལ་ཏུ་འགྱུར་རོ། །རིང་པོ་ཡང་ངོ་ཞེས་པས་ཨཱ་ཉིད་དོ། །བཱ་ཧུཿ༌༌༌དཔུང་པའམ་ལག་པ། རཱ་ཧུཿ།༌༌༌སྒྲ་གཅན། པཱཾ་ཤུཿ༌༌༌།རྡུལ། ན་མི་མ་ནི་ཛན་རྣམས་ཀྱི་ནཱ་ཀི་དྷ་ཡང་ངོ༌། །ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོ།


DTG194_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཎའི་ན་འོས་ན་ཡིག་གོ །མ་ན་ཤེས་པ་ལའོ། །མ་ཡིག་དང་ན་ཡིག་དག་གི་ཨ་ཡིག་བརྗོད་དོན་ནོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཨཱི་ཡིག་ནི་ཤྭི་ཨཱི་དི་ཏ་ལས་ཏ་ཏ་བ་ཏ་དག་གིའོ་ཞེས་པའི་རྟགས་དོན་ནོ། །ཞེས་པ་དེ་རྣམས་ལས་ཨུ་ཕ་རོལ་ཏུ་འགྱུར་རོ། །འདི་རྣམས་ཀྱི་གནས་སུ་ནཱ་ཀི་དང་དྷ་དང་ཏ་རྣམས་སུ་མཐའ་བསྒྱུར་བ་ཡང་འགྱུར་ཏེ། ན་མའི་ནཱ་ཀི་དང༌། མ་ནིའི་ན་ཡིག་གི་དྷ་ཡིག །ཛ་ནཱིའི་ན་ཡིག་གི་ཏ་ཡིག་གོ །ཨི་ཡིག་བརྗོད་དོན། དྷ་དང་ཏའི་འང་ཨ་ཡིག་བརྗོད་དོན་ནོ། །ནཱ་ཀུཿ།༌༌༌།གྲོང་མཁར། མ་དྷུཿ།༌༌༌སྦྲང་རྩི། ཛ་ཏུཿ།༌༌༌རྒྱ་སྐྱེགས་ཀྱི་རྣམ་འགྱུར། བ་ལི་ཕ་ལི་ལས་གུཀའང་ངོ། །བ་ལ་སྡོམ་པ་ལའོ། །ཕ་ལ་རྫོགས་པ་ལའོ། །འདི་དག་ལས་ཨུ་ཕ་རོལ་ཏུ་འགྱུར་རོ། །གུཀའང་ངོ་ཞེས་པས་གུཀ་ཨཱ་ག་མའོ། །ཨུ་ཡིག་བརྗོད་དོན་ནོ། །ཀ་ཡིག་ནི་ཊ་ཀིཏ་དག་དང་པོ་ཐ་མ་དག་གོ་ཞེས་པའི་རྟགས་དོན་ནོ། །བལྒུཿ།༌༌༌ཡིད་འོང༌།ཕལྒུ།༌༌༌སྙིང་པོ་མེད་པ། ནི་ལས་ཨཉྩ་ལས་སོ། །ཨཉྩུ་འགྲོ་བ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན་ནོ། །ནི་སྔོན་དུའོ། །ནྱཉྩ་ཏི་ཞེས་པ་འདི་ལས་ཨུ་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨ་ཙ་ལ་ཡཎའོ་ཞེས་པས་ནི། ཨི་ཡིག་ག་ཡ་ཡིག་ཏུ་བསྒྱུར་བའོ། །དབྱངས་མེད་དབྱངས་ལ་སྦྱར་རོ། །ནྱངྐུ་ལ་སོགས་པ་རྣམས་སོ་ཞེས་པས་ཀུ་ཉིད་ཀྱི་ཙ་ཡིག་གི་ཀ་ཡིག་གོ །ཛྷལ་ལ་མཐའ་མ་ཡིན་པའི་ནའི་འང་ངོ་ཞེས་པས་རྗེས་སུ་ང་རོའོ། །ཡཡ་ལ་ཡམའོ་ཞེས་པས་ཆེས་ཉེ་བའི་ང་ཡིག་གོ །ནྱངྐུཿ་ཨ་ཥི་བྷི་དི་བྱ་དྷི་གྲྀ་དྷི། ཌྷྲྀ་ཥི་པྲཱྀ། པྲྀ་ཐི། མྲྀ་དི་རྣམས་ལས་ཀུའོ། །ཨི་ཥུ་འདོད་པ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་ཀྱི་དོན་ནོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཨི་ཡིག་དང་རེ་ཕ་ནི་ཨིཏ་འགྲོ་བ་ལ་ཡང་ནའོ་ཞེས་པའི་རྟགས་དོན་ནོ། །རི་དགས། བྱ་དྷ་བསྣུན་པ་ལའོ། །གྲྀ་དྷུ་མངོན་པར་འདོད་པ་ལའོ། །ཨ་ཡིག་དང་ཨུ་ཡིག་སྔོན་མ་བཞིན་དབྱིའོ། །དྷྲྀཥཱ་སྤྱི་བརྟོལ་ལའོ། །ཨཱ་ཡིག་ནི་ཨཱཏ་འགྲོ་བ་ལས་ཞེས་པའི་རྟགས་དོན་ཏོ། །པྲཱྀ་རྫོགས་པ་ལའོ། །ཕྲ་ཐ་པྲྀ་ཐུ་རྒྱ་ཆེ་བ་ལའོ། །མྲྀ་དུ་འཇོམས་པ་ལའོ། །ཨུ་ཡིག་སྔ་མ་བཞིན་དབྱིའོ་ཞེས་བྱ་བ་འདི་རྣམས་ལས་བྱ་བའི་དོན་ལས་ཀུ་ཕ་རོལ་ཏུ་འགྱུར་རོ། །ཀུ་ཡིག་ལས་ཨུ་ཡིག་ཕྱུང་སྟེ། ཀ་ཡིག་ནི་ཀི་ཏ་ལའོ།།


DTG194_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་ཨཱཏ་ཨེང་དགག་པའི་དོན་ཏོ། །དེས་ན་ཡང་བ་མཐའ་ཉེའིའོ་ཞེས་པས་ཨཏ་ཨེང་དུ་མི་འགྱུར་རོ། །ཨི་ཥུཿ།༌༌༌མདའ། བྷི་དུཿ།༌༌༌རྡོ་རྗེ། བྱ་དྷིའི་ཡ་ཡིག་ལས་ཨ་ཡིག་བཟུང་ནས། ཀིཏ་ལ་དེ་རྣམས་ཀྱིའོ་ཞེས་པས་ཡ་ཎ་ཨིཀ་སྟེ། ཡ་ཡིག་གི་ཨི་ཡིག་གོ །ཡ་ཎ་ཨི་ཀའོ་ཞེས་པས་ཨ་ཡིག་ནི་ཕ་རོལ་སྔོན་མ་ཉིད་དོ། །བི་དྷུཿ།༌༌༌།མེ། གྲྀ་དྷུཿ།༌༌༌འདོད་པ། དྷྲྀ་ཥུཿ།༌༌༌སྤྱི་བརྟོལ། མཆུ་བྱུང་ལས་ཨུཏའོ་ཞེས་པས་རི་ཡིག་གི་ཨུ་ཉིད་དོ། །རྀ་ཀའི་ཨཎ་ལས་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །རེ་ཕའི་ཨ་ཡིག་བརྗོད་པའི་དོན་ཏོ། །པུ་རུཿ།༌༌༌རྒྱ་མཚོ། པྲྀ་ཐུཿ།༌༌༌ཡངས་པ། མྲྀ་དུཿ།༌༌༌འཇམ་དབྱངས། ཤ་ཤི་རས་དག་ལས་ཨཏའི་ཨིཏའང་ངོ༌། །ཤ་ཤ་རིང་དུ་འགྲོ་བ་ལའོ། ར་པ་ལ་པ་ཛ་པ་ཛལྤ་སྨྲ་བ་ལའོ། །ཤ་ཡིག་དང་ས་ཡིག་དག་གི་ཨ་ཡིག་ནི་ཀློག་པའི་དོན་ཏེ། འདི་དག་ལས་ཀུ་ཕ་རོལ་ཏུ་འགྱུར་ཏེ། ཤ་ཡིག་དང་རེ་ཕ་དག་གི་ཨ་ཡིག་ཨིཏ་ཉིད་དོ། །ཏ་ཡིག་ཏ་ཡིས་དེའི་དུས་ཀྱིའོ་ཞེས་པའི་རྟགས་དོན་ནོ། །ཤི་ཤུཿ།༌༌༌བྱིས་པ། རི་པུཿ།༌༌༌དགྲ་བོ། ཀྲཱྀ། གྲཱྀ་དག་ལས་ཨུ་འང་ངོ༌། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །གྲཱྀ་གསལ་བར་བྱེད་པ་ལའོ་ཞེས་པ་འདི་དག་ལས་ཀུ་ཕ་རོལ་ཏུ་འགྱུར་ཏེ། ཨུ་འང་ངོ་ཞེས་པས་རྀ་ཡིག་གི་ཨུ་ཡིག་གོ །རྀཀའི་ཨཎ་ལས་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །ཀུ་རུཿ།༌༌༌།རྒྱལ་པོ། གུ་རུཿ།༌༌༌སློབ་དཔོན། ཨརྟིའི་ཨཱུཏ་ཀྱང་ངོ༌། །རྀ་འགྲོ་བ་ལའོ། །འདི་ལས་ཀུ་ཕ་རོལ། ཨཱུཏ་ཀྱང་ངོ་ཞེས་པས་ཨཱུཏ་དང་ཨུ་ཉིད་དོ། །རྀཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །ཨཱུ་རུཿ།༌༌༌བརླའོ། ཨུ་རུཿ།༌༌༌།ཆེན་པོ། སྱནྡི་ལས་ཡཎའི་ཨིཀ་དང་དའི་དྷ་ཡང་ངོ༌།། སྱནྡྷཱུ་འཛག་པ་ལའོ། ཨཱ་ཡིག་ནི་སྦྲི་སཱུང་ཨཱུ་དིཏ་ལས་སོ་ཞེས་པའི་རྟགས་དོན་ཏོ། །འདི་ལས་ཨུ་ཕ་རོལ་དུ་འགྱུར་ཞིང༌། ཡཎའི་ཨིཀ་དང་དའི་དྷ་ཡང་ངོ་ཞེས་པས་ཡ་ཡིག་ལས་ཨ་ཡིག་བཟུང་ནས་ཡ་ཡིག་གི་ཨི་ཡིག་གོ །ཡཎ་ཨིཀ་ཅེས་པས་ཕ་རོལ་སྔོན་མ་ཉིད། ད་ཡིག་གི་དྷ་ཡིག་གོ །སིནྡྷུཿ།༌༌༌རྒྱ་མཚོའམ་ཆུ་ཀླུང༌། བྷྲསྫི། སྤ་ཤི་ལས་ས་དབྱི་བའང་ངོ༌། །བྷྲསྫོ་འཚེད་པ་ལའོ། །སྤ་ཤ་གནོད་པ་ལའོ། །འདི་དག་ལས་ཀུ་ཕ་རོལ་ཏུ་འགྱུར་རོ། །ས་དབྱི་བའང་ངོ་ཞེས་པས་ས་དབྱི། བྷྲསྫིའི་ཀི་ཏ་ལ་དེ་རྣམས་ཀྱིའོ་ཞེས་པས་ཡཎའི་


DTG194_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཀ་རྀ་རེ་ཕའི་ཨི་ཡིག་གོ །ནྱངྐུ་ལ་ས་སོགས་པ་རྣམས་སོ་ཞེས་པས་ཀུ་ཉིད་ཀྱི་ཛ་ཡིག་གི་ག་ཡིག་གོ །བྷྲྀ་གུཿ།༌༌༌གཡང་ས། པ་ཤུཿ།༌༌༌ཕྱུགས་སམ་རྐང་བཞི་པ། པྲྀ་ཛི་ལས་ཨ་སུཾའང་ངོ༌། །པྲི་ཛ་རྣམ་པར་བཅད་པ་ལའོ། །འདི་ལས་ཀུ་ཕ་རོལ་ཏུ་འགྱུར་ཞིང༌། ཨ་སུམ་འང་ངོས་ཨ་སུམའོ། །ཨུ་ཡིག་བརྗོད་དོན། མ་ཡིག་ནི་མི་ཏ་ཨཙ་མཐའ་ལས་ཕ་རོལ་ལོ་ཞེས་པའི་རྟགས་དོན་ནོ། །ས་དབྱི་བ་འང་ངོ་ཞེས་པ་འཇུག་པས་དེའི་ཕྱིར་ས་དབྱིའོ། །ཨི་ཀའི་ཨ་ཙ་ལ་ཡ་ཎའོ་ཞེས་པས་རྀ་ཡིག་གི་རེ་ཕའོ། །དབྱངས་མེད་དབྱངས་ལ་སྦྱར་རོ། །ཛྷལ་གྱི་ཛ་ཤའོ་ཞེས་པས་སའི་ད་ཡིག་གོ །སྟུའི་ཤྩུ་དང་ཥྚུ་དག་གི་དེ་དག་གོ་ཞེས་པས་ད་ཡིག་གོ །རྫཛྫུཿ༌༌༌བཅག་པའམ་ཡོན་ཏན་གྱི་རང་བཞིན་ཅན། ཨཱ་ཁ་ན་བམ་ལས་ན་དབྱི་བའང་ངོ༌། །ཁ་ནུ་ངེས་པར་འཇོམས་པ་ལའོ། །ཨཱང་སྔོན་དུ། ང་ཡིག་ནི་ཨཱང་མཱང་ལས་ཞེས་པའི་རྟགས་དོན་ནོ། །བ་ཧི་མ་ཧི་འཕེལ་བ་ལའོ། །ཨི་ཡིག་ནི་ཨི་དིཏ་ལས་ནུམའོ་ཞེས་པའི་རྟགས་དོན་ནོ། །ནུམ་འང་ངོ་འདི་དག་ལས་ཀུ་ཕ་རོལ་ཏུ་འགྱུར་ཏེ། ན་དབྱི་བའང་ན་དབྱིའོ། །ཨཏ་ཀྱི་དབྱིའོ་ཞེས་པས་ཁ་ཡིག་གི་ཨ་ཡིག་དབྱིའོ། །ཨ་ཁུཿ།༌༌༌བྱི་བ། བ་ཧུཿ།༌༌༌མང་པོ།ཤམ་ཀུ་ལ་སོགས་པ་རྣམས་སོ་ཞེས་པ་འདི་ལྟ་བུ་ལ་སོགས་སྒྲ་རྣམས་ལས་ཀུ་ཕ་རོལ་དང་ནི་པཱ་ཏའི་མཐའ་ཅན་ཏེ། ནི་པཱ་ཏ་ཞེས་བྱ་བ་ཅི་ཞེ་ན། མི་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོས་པའི་སྒྲུབ་པ་འགེགས་པར་བྱེད་པའི་དོན་ཏེ། གང་དང་གང་མཚན་ཉིད་ལས་ཉེ་བར་མི་འགྲུབ་པ་དེ་ཐམས་ཅད་ནི་པཱ་ཏ་ལས་འགྲུབ་པོ། །དེ་ལ་ཤ་ཀི་དགོས་པ་ལའོ། །ཨི་ཡིག་ནི་ཨི་ཏིད་ལས་ནུ་མའོ་ཞེས་པའི་རྟགས་དོན་ནོ། །ནུ་མའང་ངོ༌། །མ་ཡིག་ནི་མི་ཏ་ཨ་ཙ་མཐའ་ལས་ཕ་རོལ་ལོ་ཞེས་པའི་རྟགས་དོན། ཨུ་ཡིག་བརྗོད་དོན། སྔ་མ་བཞིན་དུ་ཛྷལ་ལ་མཐའ་མ་ཡིན་པའི་ནའིའང་ངོ་ཞེས་པས་རྗེས་སུ་ང་རོའོ། །ཡ་ཡ་ལ་རྗེས་སུ་ང་རོའི་ཡམའོ་ཞེས་པས་སྡེ་པའི་ཆེས་ཉེ་བའི་ང་ཡིག་གོ །ཀྲྀ་ཏཱི་གཅོད་པ་ལའོ། །ཨཱི་ཡིག་ནི་ཤྭི་ཨཱི་དིཏ་ལས་ཏ་ཏ་བ་ཏ་དག་གིའོ་ཞེས་པའི་རྟགས་དོན་ནོ། །ཙྪ་ར་ཟོལ་གྱིས་འགྲོ་བ་ལའོ། །ཤྲཱྀ་འཚེ་བ་ལའོ། །དྷ་ན་སོ་བ་ལའོ། །ཌུ་མིཉ་རབ་ཏུ་འཕེན་པ་ལའོ། །ཨ་ཡ་བ་ཡ་མ་ཡ་འགྲོ་བ་ལའོ། །ཥྛཱ་འགྲོ་བ་ལས་ལྡོག་པ་


DTG194_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ།། ཥྛི་བུ་དང༌། ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་གི་ས་ཡིག་གོ །རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་དོ་ཞེས་པས་ཋ་ཡིག་གི་ཐ་ཡིག་གོ །ཨཔ་སུ་དུར་སྔོན་དུ། དྲཱ་སྨད་པ་ལའོ། །ཡཱ་ཐོབ་པ་ལའོ། །ཧ་རི། མི་ཏྲ། སྔོན་དུ་ཞེས་པ་འདི་རྣམས་ལས་ཀུ་ཕ་རོལ་ཏུ་འགྱུར་རོ། །ཤཾ་ཀུཿ།༌༌༌ཕུར་བུའམ་རྟགས། ཀྲྀ་ཏིའི་དང་པོ་དང་མཐའ་བཟློག་པར་བྱ་སྟེ། དང་པོར་གྱུར་པ་ཡ་མཐའ་དང༌། མཐར་གྱུར་པ་ཡང་དང་པོའོ། །དེ་ལ་ཨཀ་ནི་ཡང་བ་མཐའ་ཉེའི་ཞེས་པས་རྀ་ཡིག་གི་ཨ་ཉིད། རྀ་ཀའི་ཨཎ་ལས་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །རེ་པའི་ཨ་ཡིག་བརྗོད་དོན། ཏ་ཡིག་ཨ་ཡིག་དང་སྦྱར་རོ། །ཏརྐུཿ།༌༌༌གཅོད་པར་བྱེད་པའི་རྫས། ཙྪ་རུཿ།༌༌༌མེ་ལོང་གི་ཡུང་བ། ཤ་རུཿ།༌༌༌མདའ། དྷ་ནུཿ།༌༌༌གཞུ། ཨིཀའི་ཨ་ཏ་ཨེང་ཞེས་པས་ཨི་ཉིད་དོ། །ཨེ་ཙའི་ཨམ་ཨབ་ཨཱ་ཡ་ཨཱཔ་རྣམས་སོ་ཞེས་པས་ཨ་ཡར་བསྒྱུར་རོ། །མ་ཡུཿ།༌༌༌མིའམ་ཅི། ཏིཥྛ་ཏིའི་ནི་ཨ་ཙ་ལ་ཀིཏ་ལའང་ཨཱཏ་ཀྱི་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །སུ་ཥཱ་མ་ལས་སོགས་པ་རྣམས་སོ་ཞེས་པས་ཥ་ཉིད་དོ། །ཨ་པ་སྔོན་དུ། པཱུའི་ཤྩུ་དང་ཥྚུ་དག་གི་དེ་དག་གོ་ཞེས་པས་ཐ་ཡིག་གི་ཋ་ཡིག་གོ །ཨ་བཥྛུཿ།༌༌༌བྱིས་པ། སུ་སྔོན་དུ། སུཥྛུཿ།༌༌༌ལེགས་པ། དུར་སྔོན་དུ། དུར་གྱི་རེ་ཕའི་ཁར་ལའོ་ཞེས་པས་རྣམ་པར་བཅད་པའོ། །དུཿཥྛུཿ༌༌༌གདུལ་དཀའ་བ། དུརྦི་ནཱི་ཏཿསྔ་མ་བཞིན་དུ་ཨཱ་ཡིག་དབྱིའོ། །ཧ་རི་དྲུཿ།༌༌༌ཤིང་གི་རིགས། མི་ཏྲ་དྲུཿ།༌༌༌རྒྱ་མཚོ། མི་ཏྲ་ཡུཿ།༌༌༌མཛའ་བཤེས།ཤ་ཏ་དྲུཿ།༌༌༌ཆུ་ཀླུང༌། དེ་བ་ཡུཿ།༌༌༌ཆོས་ལྡན། ཀུ་མཱ་ར།༌༌༌གཞོན་ནུ། ཀུ་མཱ་ར་ཡུཿ།༌༌༌གཞོན་ནུ་ཐ་མ། མྲྀ་ག་སྔོན་དུ། མྲྀ་ག་ཡུཿ།༌༌༌རྔོན་པ། ཛ་ཊཱ་ཡུཿ།༌༌༌བྱའོ། པ་ཊཱ་ཡུཿ།༌༌༌གོས་སུ། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །པི་ཏ་ནི་ག་མི་མ་སི་ས་ཙ་ཨ་བི་དྷཱཉ། ཀྲུ་ཤི་རྣམས་ལས་ཏུནའོ། །ཥི་འཆིང་བ་ལའོ། །ཥྛི་བུ་དང་ཥྚཀྐ་མ་ཡིན་པའི་དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་གི་ས་ཡིག་གོ །ཏ་ནུ་རྒྱས་པ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན། གམླྀ་སྲྀ་སླྀ་འགྲོ་བ་ལའོ། །ལྀ་ཡིག་ནི་ལྀ་དིཏ་དང༌། དྱུ་ཏ་ལ་སོགས་པ་དང་པུཥྱ་ཏི་ལ་སོགས་པ་རྣམས་ལས་ཨ་ཏང་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །པཱ་སཱི་མ་སཱ་ཡོངས་སུ་འཇལ་བ་ལའོ། །ཨཱི་ཡིག་ནི་སྭི་ཨཱི་དིཏ་ལས་ཏ་ཏ་བཏ་དག་གིའོ་ཞེས་པའི་རྟགས་དོན་


DTG194_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཥཙ་འཁྲུད་པ་ལའོ། །ཥྛི་བུ་དང་ཥཀྐ་མ་པའི་དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་གི་ས་ཡིག་གོ །ཨ་བ་སྲུང་བ་ལའོ། །ཨ་ཡིག་ནི་བརྗོད་པའི་དོན་ནོ། །ཌུ་དྷཱཉ། ཌུ་བྷྲཉ་འཛིན་པ་ལའོ། །ཌུ་ཡིག་ནི་ཌུ་འགྲོ་བ་ལས་ཀྟྲྀའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཉ་ཡིག་ནི་དྷཉའི་ཧིའོ་ཞེས་པའི་རྟགས་ཀྱི་དོན་ནོ། །ཀྲུ་ཤ་འབོད་པ་ལའོ། །ཤ་ཡིག་གི་ཨ་ཡིག་བརྗོད་དོན་ཏོ་ཞེས་པ་འདི་རྣམས་ལས་ཏུན་ཕ་རོལ་ཏུ་འགྱུར་རུ། །ན་ཡིག་དབྱངས་དན། ཨི་ཏའི་ཨཏ་ཨེང་ངོ་ཞེས་པས་ཨེ་ཉིད་དོ། །སེ་ཏུཿ།༌༌༌ཟམ་པའམ་ཆུ་འཆིང་བ། ཏནྟུཿ།༌༌༌སྲད་བུ། གནྟུཿ།༌༌༌འགྲོན་པོ། ཨཱང་སྔོན། ཨཱ་གནྟུཿ།༌༌༌མངོན་པར་ལྷག་པ། མསྟུ།༌༌༌ཞོལ་ཆུ། སཀྟུཿ།༌༌༌རྩམ་པའམ་ནས་ཀྱི་རྣམ་འགྱུར། ཛྭ་ཏ། ཏྭ་ར། ཨ་པ། ཤྲི་ནུ་མས་རྣམས་ཀྱི་མཐའ་ཉེ་དང་བཅས་པའིའོ་ཞེས་པས་ཨ་བའི་གནས་སུ་ཨཱ་ཐའོ། །ཋ་ཡིག་ནི་ཨཱུ་ཋ་ལའོ་ཞེས་པའི་རྟགས་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད་དོ། །ཨོ་རུཿ།༌༌༌བྱི་ལ། དྷཱ་ཏུཿ།༌༌༌ཁམས་ཀྱི་དབྱིངས། ཀྲུ་ཤ་ལས་ཏུན་ནི་ཏྲྀ་ཙའོ་ཞེས་པས་ཏུན་མཐའི་སྠ་ཏྲྀ་ཙ་རུ་བསྒྱུར་བར་འགྱུར་རོ། །ཙ་ཡིག་དབྱངས་དོན་རྀཏ་ཨུ་ཤ་ནས་པུ་རུ་དམ་ཤས་ཨ་ནེ་ཧས་རྣམས་ཀྱིའང་སུ་ལ་ཨ་ནའོ་ཞེས་པས་རྀ་ཡིག་ཨ་ནང་དུ་བསྒྱུར་རོ། །ང་ཡིག་ནི་ངིར་ལའོ་ཞེས་པའི་རྟགས་དོན་ཏོ། །ནའི་ཨ་བརྗོད་དོན་ཏོ། །ཀུན་དུ་བོད་པ་མ་ཡིན་པའི་སུ་ལའོ་ཞེས་པས་རིང་པོའོ།། སུའིའོ་ཞེས་པས་སུ་དབྱིའོ། །སུས་ཀྱི་རང་བཞིན་ན་དབྱིའོ། །ཡང་བ་མཐའ་ཉེའིའོ་ཞེས་པས་ཨོ་ཉིད་དོ། །བྲཥྩུ་སོགས་ཀྱི་མདོས་ཥ་ཉིད་དོ། །སྟུའི་ཤྩུ་དང་ཥྞུ་དག་ལས་དེ་དག་གོ་ཞེས་པས་ཏ་ཡིག་གི་ཊ་ཡིག་གོ །ཀྲོཥྚཱ།༌༌༌ཅེས་སྤྱང༌།པ་སིའི་ཎིཏ་ཡང་ནའོ། །བ་ས་ངེས་པར་གནས་པ་ལའོ་ཞེས་པ་འདི་ལས་ཏུན་ཕ་རོལ་ཏུ་འགྱུར་ཞིང་ཎིཏ་བཞིན་ཡང་ན་འགྱུར་རོ། །བསྟུཿ།༌༌༌ཁྱིམ་གྱིས། བསྟུཿ།༌༌༌དངོས་པོ། ཀ་མི། མ་ནི། ཛ་ནི། ཧི་རྣམས་ལས་ཏུའོ། །ཀ་མུ་མཛེས་པ་ལའོ། །ཨུ་ཡིག་ནི་ཨུ་དི་ཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན། མ་ན་ཤེས་པ་ལའོ། །ཨ་ཡིག་ནི་བརྗོད་དོན། ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཨཱི་ཡིག་ནི་ཤྭི། ཨཱི་དིཏ་ལས་ཏ་ཏ་བཏ་དག་གིའོ་ཞེས་པའི་རྟགས་དོན། ཧི་འགྲོ་བ་ལའོ་ཞེས་པ་འདི་རྣམས་ལས་ཏུ་ཕ་རོལ་ཏུ་འགྱུར་རོ། །ཛྷལ་ལས་མཐའ་མ་ཡིན་པའི་ནའི་འང་ངོ་ཞེས་པས་རྗེས་སུ་ང་རོའོ། །རྗེས་སུ་ང་རོའི་ཡ་ཡ་ལ་ཡམའོ་ཞེས་པས་ཆེས་ཉེ་བའི་ན་ཡིག་གོ །ཀནྟུཿ།༌༌༌མདའ། །


DTG194_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མནྟུཿ།༌༌༌སྐྱེ་དགུའི་བདག་པོ། ཛནྟུཿ།༌༌༌སྲོག་ཅན།ཧེ་ཏུཿ།༌༌༌རྒྱུ། རི་ཏུ་ལ་སོགས་པ་རྣམས་སོ། །རྀ་འགྲོ་བ་ལའོ། །ཌུ་ཏྲྀཉ་བྱེད་པ་ལའོ། །ཉ་ཡིག་སྔར་བཞིན་དབྱིའོ། །ཀིཏ་ངེས་པར་གནས་པ་ལའོ། །ཏའི་ཨ་ཡིག་བརྗོད་དོན་ཏོ། །པཱ་བཏུང་བ་ལའོ། །ཀཻ །གཻ །རཻ་སྒྲ་ལའོ། །ཤིཏ་མ་ཡིན་པ་ལ་ཨེཙའི་ཨཏའོ་ཞེས་པས་ཨཱ་ཉིད་དོ། །བྷཱ་འབར་བ་ལའོ། །ཡཱ་ཐོབ་པ་ལའོ། །ཨེ་དྷ་འཕེལ་བ་ལའོ། །བ་ཧ་ཐོབ་པ་ལའོ། །ཛཱི་བ་སྲོག་འཛིན་པ་ལའོ། །ཨཱ་སླྀ་ཁྱབ་པ་ལའོ། །འདི་རྣམས་ལས་ཏུ་ཕ་རོལ་ཏུ་འགྱུར་རོ། །ཨི་ཡཱརྟི། ཀ་རོ་ཏི། ཀི་ཏ་ཏི། ཡཱ་དྷ་ཏི། བི་བ་ཏི། གཱ་ཡ་ཏི། བྷཱ་ཏི། བ་ཧ་ཏི། ཛཱི་བ་ཏ། ཨཱསྣོཏ་ཞེས་པ་དེ་ལ་ཨརྟིའི་ཨཏ་ཨེང་མེད་པ་ཚིག་ཕྲད་ཀྱི་མཐའོ། །སྔ་མ་བཞིན་དུ་སུའི་རུ་ཉིད་དང༌། རྣམ་པར་བཅད་པ་ལ་སོགས་པའོ། །རི་ཏུཿ།༌༌༌དུས། ཀ་རོ་ཏིའི་ཡཎ་དུ་བསྒྱུར་རོ། །ཀྲ་ཏུཿ། ཀི་ཏིའི་ཏ་དབྱི། བྱ་བའི་དོན་གྱི་ཨིཀ་ཨཏ་ཨེང་ངོ༌། །ཀེ་ཏུཿ།༌༌༌ཏོག་གམ་རྒྱལ་མཚན་ནམ་ན་བཟའ། པཱ་ཏིའི་ཨི་ཉིད་དོ། །པཱི་ཏུཿ།༌༌༌ཉི་མ། གཱ་ཏུཿ།༌༌༌རླུང༌། བྷཱ་ཏུཿ།༌༌༌ཉི་མ། ཡཱ་ཏུཿ།༌༌༌འདོད་ཅན།ཨེ་དྷིཿ། བ་ཧི་ལས་ཨཀ་ཚིག་ཕྲད་དོ། །ཀ་ཡིག་ནི་ཀི་ཏ་བྱ་བའི་དོན་ཏོ། །ཨེ་དྷ་ཏུཿ། པུ་རུ་ཥཿ། བ་ཧ་རུཿ།༌༌༌།གླང༌། ཛཱི་བ་ལས་ཨཀ་ཚིག་ཕྲད་དོ། །སྔ་མ་བཞིན་དུ་ཀ་ཡིག་དབྱིའོ། །ཛི་བ་ཏུཿ།༌༌༌སྨན། ཨསྣོ་ཏིའི་ཐུང་ངུ༌། ཨཔྟུཿ།༌༌༌མཆོད་སྦྱིན་པ།དེ་བཞིན་གཞན་ཡང་བལྟ་བར་བྱའོ། །སྟ་ནི། ཧྲྀ་ཥི། ཕུ་ཥི། མ་དི་རྣམས་ལས་ཎི་མཐའ་ལས་ཨིརྣུ་ཙའོ། །གླང༌། སྟནཿ། བ་ན་ཀ་ལ་སྒྲའི་དོན་རྣམས་སོ། །ཧྲྀ་ཤུ་དགའ་བ་ལའོ། །པུཥ་རྒྱས་པའོ། །ག་ད་སྨྲ་བ་ལའོ། །མ་དི་དགའ་བ་ལའོ། །ཨ་ཡིག་སོགས་དབྱི་བ་སྔར་བཞིན་ནོ། །སྒྲ་སྒྲོགས་པ་ལ་རབ་ཏུ་སྦྱོར་རོ་ཞེས་པ་ལ་སོགས་པའི་ངག་བྱས་ནས་སྦྱོར་བ་ལཎི་ཙའོ། །ཎ་ཡིག་ནི་ཉྞིཊ་ལའོ་ཞེས་པའི་རྟགས་དོན། མང་པོའི་ཚིག་ལས་ཉྞིཏ་ལའོ་ཞེས་པས་ཨཱ་ཉིད་དུ་མི་འགྱུར་རོ་ཞེས་པ་འདི་རྣམས་ལས་ཎིའི་མཐའ་ལས་ཨིརྣུ་ཙ་ཕ་རོལ་རུ་འགྱུར་རོ། །ཙ་ཡིག་ཅཏ་ལས་སོ་ཞེས་པའི་རྟགས་དོན། ཨཱམ་ཨན་ཨཱ་ལུ། ཨཱ་ཡ་ཨིརྣུ་རྣམས་ལ་ཨ་ཡའོ་ཞེས་པས་ཎིའི་ཨ་ཡ་རུ་འགྱུར་རོ། །སྟན་ཡིརྣཿ།༌༌༌སྤྲིན།༌༌༌ཡང་བ་མཐའ་ཉེའི་འོ་ཞེས་པས་ཨ་ཉིད། ར་ཕ་རོལ་ལོ། །ཧཪྵ་ཡིཏྣུཿ༌༌༌ གསེར།ཡང་བ་མཐའ་ཉེའིའོ་ཞེས་པས་ཨོ་ཉིད་དོ། །པོཥ༌༌༌གསོས་པ།


DTG194_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡིརྣུཿ།༌༌༌ཁུ་བྱུག་ག་ད་ཡིརྣུཿ།༌༌༌།མང་དུ་སྨྲ་བ། མ་ད་ཡིརྣུཿ།༌༌༌ཆང༌། ཧྲྀ་ཏྲྀ་དག་ལས་ཨེརྞུའོ། །ཧྲྀཉ་འཕྲོག་པ་ལའོ། །ཉ་ཡིག་ནི་ཧྲིཉ་འགྲོ་བའི་ངང་ཚུལ་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཌུ་ཀྲྀཉ་བྱེད་པ་ལའོ། །ཌུ་ཡིག་ནི་ཌུ་འགྲོ་བ་ལས་ཀྟྲིའོ་ཞེས་པའི་རྟགས་ཀྱི་དོན། །ཉ་ཡིག་ནི་ཀྲྀཉ་ལས་སུཊ་མེད་པ་ལས་སོ་ཞེས་པའི་རྟགས་ཀྱི་དོན་ཞེས་པ་འདི་དག་ལས་ཨེཎུ་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ངོ་ཞེས་པས་ཨ་ཉིད། ར་ཕ་རོལ་ཉིད། ཧ་རེ་ཎུཿ།༌༌༌དྲིའི་རྫས། ཀ་རེ་ཎུཿ།༌༌༌གླང་མོ། དཱ་བྷཱ་དག་ལས་ནུའོ། །དུ་དཱ་སྦྱིན་པ་ལའོ། །ཌུ་ཡིག་ནི་ཌུ་འགྲོ་བ་ལས་ཀྟྲིའོ་ཞེས་པའི་རྟགས་དོན་ཏོ། །བྷཱ་འབར་བ་ལའོ། །ཞེས་པ་འདི་དག་ལས་ནུ་ཕ་རོལ་ཏུ་འགྱུར་རོ། །དཱ་ནུཿ།༌༌༌སྦྱིན་པ་པོ།བྷཱ་ནུཿ།༌༌༌ཉི་མ།རཱྀ་བྲྀཉ་དག་ལས་ནི་ཏའོ། །རྀ་བྲྀ་འགྲོ་བ་ལའོ། །བྲྀཉ་སྒྲིབ་པ་ལའོ། །ཉ་ཡིག་ནི་བྲྀཉ་།སྒྲིབ་པ་ལའོ་ཞེས་པའི་རྟགས་དོན་ཞེས་པ་འདི་ལས་ནུ་ཕ་རོལ་ཏུ་འགྱུར་ཞིང༌། ནི་ཏའོ་ཞེས་པས་ཎ་ཡིག་ཕྱིས་པ་བཞིན་ཏེ། དེས་ན་ནི་ཏ་ཉིད་ཀྱི་ཕྱིར་དབྱངས་སོ། །ཨིཀའི་ཨཏ་ཨེངའོ་ཞེས་པས་ཨེ་ཉིད། ར་ཕ་རོལ་ཉིད་དོ། །ཚིག་གཅིག་ལས་ར་ཥ་ལས་ནའི་ཎའོ་ཞེས་པས་ཎ་ཉིད། རེ་ཎུཿ།༌༌༌རྡུལ། ཝརྞྞུཿ།༌༌༌སྒྲའོ།། སཱུཿ། བི་ཥི་དག་ལས་ཀིཏའོ། །ཥཱུ་དེད་པ་ལའོ། །ཥྛི་བུ་ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་གི་ས་ཡིག །བི་ཥླྀ་ཁྱབ་པ་ལའོ། །ལྀ་ཡིག་ནི་ལྀ་དིཏ་དྱུ་ཏི་སོགས་རྣམས་ལས་ཨཏ་ལའོ་ཞེས་པའི་རྟགས་དོན། དེ་དག་ལས་ནུ་ཕ་རོལ་ཏུ་འགྱུར་ཞིང༌། ཀིཏ་བཞིན་ཡིན་པ་དེས་ན་ཀིཏ་ལ་ཨཏ་ཨེང་དགག་པར་འགྱུར་རོ། །སཱུ་ནུཿ།༌༌༌བུ། བིཥྞུཿ།༌༌༌ཁྱབ་འཇུག་གམ་སྲེད་མེད་བུ། དྷེ་ནུ་ལ་སོགས་པ་རྣམས་སོ། །དྷེ་ཊ་བཏུང་བ་ལའོ། །ཤིཏ་མ་ཡིན་པའི་ཨེཙའི་ཨཏའོ་ཞེས་པས་ཨཱ་ཉིད་དུ་མི་འགྱུར་ཏེ་ཚིག་ཕྲད་ལས་སོ། །ཨོ་ཧཱཀྐ་གཏོང་བ་ལའོ། །ཨོ་ཡིག་ནི་ཨོ་དིཏ་ལས་ཞེས་པའི་རྟགས་དོན། །ཥྛཱ་འགྲོ་བ་ལས་ལྡོག་པ་ལའོ། །ཥྛི་བུ་དང་ཥྭཀྐམ་ཡིན་པའི་དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་གིས་ཡིག །རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་གྱི་ཡང་མེད་དོ་ཞེས་པས་ཋ་ཡིག་གི་ཐ་ཡིག །ཨིཎ་བཱི་བཱ་འགྲོ་བ་ལའོ། །བ་ད་སྨྲ་བ་ལའོ། །དའི་ཨ་བརྗོད་དོན། །འདི་རྣམས་ལས་ནུ་ཕ་རོལ་དུ་འགྱུར་རོ། །དྷེ་ནུཿ།༌༌༌བ་གྲུས་མ། ཛཧཱ་མ་ཏའི་ཚིག་ཕྲད་ལས་གཉིས་བརྗོད། ཧའི་ཐུང་ངུའོ་ཞེས་པས་ཐུང་ངུ་ཉིད། ཀུ་ཧ་དག་གི་


DTG194_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཙུའོ་ཞེས་པས་ཧ་ཡིག་གི་ཛྷ་ཡིག་གོ །ཚིག་ཕྲད་ལས་ཨ་ཡིག་དབྱི་བ་ཉིད་དོ། །ཛྷལ་གྱི་ཛཤའོ་ཞེས་པས་ཛྷ་ཡིག་གི་ཛ་ཡིག་གོ །ཛཧྣཿ།༌༌༌དྲང་སྲོང༌། ཚིག་ཕྲད་ལས་ཎ་ཉིད་དོ། །སྠཱ་ཎུཿ།༌༌ལྷ་ཆེན། ཨིཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད། བེཎུཿ།༌༌༌འོད་མ། བ་དཱིའི་ད་ཡིག་གི་ག་ཡིག །བགྨུཿ།༌༌གསར་བར་སྨྲ་བ། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །ཀྵ་སི། ན་དི་དག་ལས་ཙ་ནུའང་ངོ༌། །ཀྵི་པ་དེད་པ་ལའོ། །པའི་ཨ་བརྗོད་དོན། ཎ་ཥྲཱྀ་ཎོ་ཏིའི་ཤྨ་ཤ་རུ་བསྒྱུར་རོ། །ཤྨ་ཤྲུཿ།༌༌༌སྨ་རའམ་ཁ་སྤུ། དེ་བཞིན་དུ་སྒྲ་གཞན་ཡང་བལྟ་བར་བྱའོ། །ཡུ་ལས་ཨཱ་གཱུ་ཙའོ། །ཡུ་སྤེལ་བ་ལའོ། །འདི་ལས་ཨཱ་གཱུ་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་དོན། ཨེ་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད། ཨེ་ཙའི་ཨ་ཡ་ཨ་པ་ཨཱ་ཡ་ཨཱ་པ་རྣམས་སོ་ཞེས་པས་ཨ་བར་བསྒྱུར་རོ། ཐུག་པ།༌༌༌།ཡ་བཱ་གཱུ་བྷྲ་མི་ལས་ཌཱུའོ། །བྷྲ་མུ་གཡོ་བ་ལའོ། །འདི་ལས་ཌཱུ་ཕ་རོལ་ཏུ་འགྱུར་རོ། །ཌཱུ་ཡིག་ལས་ཨུ་ཡིག་ཕྱུང་སྟེ། ཌ་ཡིག་ནི་ཊིཏ་ལ་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་དབྱི་བའི་དོན་ཏེ། མཐའི་ཨ་ཙ་ལ་སོགས་པ་ཞེས་པས་ཨ་ཡིག་དང་མ་ཡིག་དག་དབྱིའོ། །བྷྲུཿ༌༌༌སྨིན་མའམ་མིག་གི་སྟེང་ན་གནས་པ།ཙ་མི་ཏ་ནི་བ་དྷི་རྣམས་ལས་ཨཱུའོ། །ཙ་མུ་ཙྪ་མུ། ཛ་མུ། ཛྷ་མུ་ཟ་བ་ལའོ། །ཏ་ནུ་རྒྱས་པ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན། །བ་དྷ་འཆིང་བ་ལའོ། །དྷའི་ཨ་ཀློག་དོན། འདི་རྣམས་ལས་ཨཱུ་ཕ་རོལ་ཏུ་འགྱུར་རོ། །སུའི་རུ་ཉིད་ལ་སོགས་པ་སྔ་མ་བཞིན་ནོ། །ཙ་མཱུཿ།༌༌༌བདེའོ།། ཏ་ནཱུཿ།༌༌༌ལུས། བ་དྷཱུཿ།༌༌༌མནའ་མོ།ཀ་ཥའི་ཚ་རུ་འང་ངོ༌། །ཀ་ཥ་ཤི་ཥ་འགྲོ་བ་ལའོ་ཞེས་པ་འདི་ལས་ཨཱུ་ཕ་རོལ་ཏུ་འགྱུར་ཞིང༌། ཚ་རུ་འང་ངོ་ཞེས་པས་ཥ་ཡིག་གི་ས་ཡིག །ཚ་ལའང་ངོ་ཞེས་པས་ཏུ་ཀའོ། །ཨུ་ཡིག་བརྗོད་དོན། ཀ་ཡིག་ཀི་ཏ་བྱ་བའི་དོན། །སྟུའི་ཤྩུ་དང་ཥྚུ་དག་གི་དེ་དག་གོ་ཞེས་པས་ཏ་ཡིག །གི་ཙ་ཡིག །ཀཙྪཱུཿ།༌༌༌གྱན་པ།ཏྲཱྀ་ལས་དུཊ་འང་ངོ༌། །ཏྲཱྀ་ལས་རྐྱལ་པ་ལའོ། །འདི་ལས་ཨཱུ་ཕ་རོལ་དུ་འགྱུར་ཞིང༌། དུཊ་འང་ངོ༌། ཞེས་པས་དུ་ཊའོ། །ཨུ་ཡིག་བརྗོད་དོན། ཊ་ཡིག་ཊི་ཏ་བྱ་བའི་དོན་ཏོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དོ། །ཏརྡུཿ། པ་རི་བེ་ཥ་ཎ་བྷཱཎྜཿ། ཨི་དང་ཨཱ་དབྱི་བ་ད་རི་དྲ་རི་དྲཱ་ལས་སོ། །ད་རི་དྲཱ་འགྲོ་བ་ངན་པ་ལའོ། །འདི་ལས་ཨཱུ་ཕ་རོལ་ཏུ་འགྱུར་ཞིང༌། ཨི་དང་ཨཱ་ནི་ཨི་ཨཱ་སྟེ་དེ་དག་


DTG194_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དབྱི་བ་ནི་ཨི་ཡིག་དང་ཨཱ་ཡིག་དག་དབྱི་བའོ། །དརྡཱུཿ།༌༌༌མཛེའི་རྣམ་འགྱུར། ཛམྦཱུ་ལ་སོགས་པ་རྣམས་སོ། །ཛ་ན་སྐྱེ་བ་ལའོ། །དནྦྷུ་ཚུལ་འཆོས་ལའོ། །ད་དྷ་འཛིན་པ་ལའོ། །བྷཱུ་ཡོད་པ་ལའོ། །པུ་ནར་སྔོན་དུ། ཌུ་ཀྲྀཉ་བྱེད་པ་ལའོ། །ཨ་ཌི་བརྩོན་པ་ལའོ། །ཨི་ཡིག་ནི་ཨི་དེཏ་ཀྱི་ནུམའོ་ཞེས་པའི་རྟགས་དོན་ནོ། །ལ་བི་ཞེས་པའི་བྱིངས་དོན་ནོ། །ན་ཉ་སྔོན། ཉ་ཡིག་ན་ཉའིའོ་ཞེས་པའི་རྟགས་དོན་ཏོ། །ན་ཡིག་ལས་ཨ་ཡིག་ཕྲལ་བའི་ན་ནི་ནཉའི་ནའོ་ཞེས་པའི་རྟགས་དོན། ཀ་ཥ་ཤི་ཥ་འགྲོ་བ་ལའོ། །ཀཱ་སྲྀ་འབད་པ་ལའོ། །ས་ད་འགྲོ་བ་ལའོ། །པྲྀ་ཛ་སྤྲོ་བ་ལའོ། །ཁརྫ་འཁྲུད་པ་ལའོ། །མྲྀ་ཛཱུ་དག་པ་ལའོ། །མྲཱྀ་ཏཱི་གར་ལའོ། །པྲྀ་དྷཱུ་སྨྲ་སྨད་པ་ལའོ། །གྲྀ་དྷུ་མངོན་པར་འདོད་པ་ལའོ། །ཨ་ཏི་ཨ་དི་འཆིང་བ་ལའོ། །ཨི་ཡིག་ནི་ཨུ་དིཏ་ལས་ནུམའོ་ཞེས་པའི་རྟགས་ཀྱི་དོན། དེ་ཉིད་ཀྱིས་ནུམའོ། །ཀྲྀ་བ་བརྩེ་བ་ལའོ། །ཀ་མུ་མཛེས་པ་ལའོ། །རྀཏ་ཅེས་པ་མདོའི་བྱིངས་སོ། །རཱ་ལཱ་ལེན་པ་ལའོ།། །ཀ་ཕ་སྔོན། འདི་རྣམས་ལས་ཨཱུ་ཕ་རོལ་ཏུ་འགྱུར་རོ། །དེ་ལ་ཛ་ནའི་ན་ཡིག་གི་མ་ཡིག་དང་བུག་ཨཱ་ག་མ། ཨུ་ཡིག་བརྗོད་དོན། ཀ་ཡིག་ཀི་ཏ་བྱ་བའི་དོན་ཏོ། །ཛམྦཱུཿ།༌༌༌།ཤིང་གི་རིགས།དནྦྷིའི་ཨ་ཡིག་གི་རྀ་ཡིག་དང༌། རྗེས་སུ་ང་རོ་མེད་པ་ཚིག་ཕྲད་དོ། །དྲྀནྦྷཱུཿ༌༌༌སྦྲུལ་གྱི་རིགས། ད་དྷའི་ཨཏ་ཨི་ཉིད་དང༌། ཨི་ཥུཀ་ཨཱ་གམའོ། །ཨུ་ཡིག་བརྗོད་དོན་ཏོ། །ཀ་ཡིག་སྔར་བཞིན་དབྱིའོ། །དི་དྷི་ཥུཿ།༌༌༌བག་མར་མ་སོང་བའི་བུ་མོ། པཱུནརྦྷཱུཿ།༌༌༌།ཡུགས་ས་མའི་བདག་པོ། ཀ་རོ་ཏིའི་ཨིཀའི། ཨཏ་ཨེང་ངོ་ཞེས་པས་ཨ་ཉིད། ར་ཕ་རོལ་ཉིད་དང་ཀནྡྷུ་ཀ་ཨཱ་ག་མའོ། །རྗེས་འབྲེལ་དབྱི་བ་སྔ་མ་བཞིན་ནོ། །ད་མི་གསལ་བའི་སྒྲ་ལའོ། །དའི་ཨ་བརྗོད་དོན། །ཎའི་ནའོ་ཞེས་པ་འདི་དག་ལས་ཙ་ནུའང་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་ལས་ཨ་ཡིག་ཕྱུང་སྟེ། ཙ་ཡིག་ནི་དབྱངས་དོན་ནོ། །ང་ཡིག་ནི་ཀིཏ་ལའོ་ཞེས་པས་ཨཏ་ཨེང་དགག་པའི་དོན་ཏོ། །དེས་ན་ཡང་བ་མཐའ་ཉེའི་ཨེ་ཉིད་དུ་མི་འགྱུར་རོ། །ཀྵི་པ་ནུཿ།༌༌༌རླུང༌། ན་ད་ནུ།༌༌༌སྤྲིན། སརྟི་ལས་ཨ་ཡུའོ། །སྲྀ་འགྲོ་བ་ལའོ། །འདི་ལས་ཨུ་ཡུ་ཕ་རོལ་དུ་འགྱུར་རོ། །ཨིཀའི་ཨཏ་ཨེང་ཞེས་པས་ཨ་ཉིད། ར་ཕ་རོལ་ལའོ། །སར་ཡུཿ།༌༌༌ཆུ་ཀླུང༌། ཛ་ནཱི་མ་ནི་ད་སི་བྷུ་ཛི་རྣམས་ལས་དཀྱུས་སོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཨཱི་ཡིག་ནི་ཤྭི་ཨཱི་དིཏ་ལས་ཏ་ཏ་བཏ་དག་གིའོ་ཞེས་པའི་


DTG194_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དོན། མ་ན་ཤེས་པ་ལའོ། །ནའི་ཨ་བརྗོད་དོན། ཏ་སུ། ད་སུ། ཉེ་བར་འཕེན་པ་ལའོ། །ཨུ་ཡིག་ནི་ཨུ་དི་ཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན། བྷུ་ཛ་སྐྱོང་བ་ལའོ། །ཛའི་ཨ་ཡིག་ཀློག་དོན་ཏོ་ཞེས་པ་འདི་རྣམས་ལས་བྱ་བའི་དོན་ལ་དཀྱུས་ཕ་རོལ། ཀ་ཡིག་ནི་ཨཏ་ཨེང་དགག་པའི་དོན། ས་ཡིག་ནི་ས་མེད་པའི་ཡུ་བུ་དག་གི་ཨ་ན་ཨཀ་དག་གོ་ཞེས་པའི་རྟགས་དོན་ཏེ་ཚིག་ཕྲད་ལས་ཡུ་ཨ་ནར་མི་འགྱུར་རོ། །ཛནྻུཿ།༌༌༌སྲོག་ཅན། མནྻུཿ།༌༌༌ཁྲོ་བ། ད་སྱུ།༌༌༌རྐུན་པོ། བྷུ་ཛྱུཿ།༌༌༌ཟན། ཧྲཱི་ཨི་ཥི་ཀྲྀ་ཥྀ་རྣམས་ལས་ཀུཀ་སུཀ་ཨཱ་ནུཀའོ། །ཧྲཱི་ངོ་ཚ་བ་ལྸོ། །ཨིཥུ་འདོད་བ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན་ཏོ། །ཀྲྀ་ཤ་ཕྲ་མོར་བྱེད་པ་ལའོ། །ཤའི་ཨ་བརྗོད་དོན་ཞེས་པ་འདི་རྣམས་ལས་རིམ་བཞིན་ཀུཀ་དང༌། སུཀ་དང་ཨ་ནུ་ཀ་རྣམས་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཀིཏ་ལའོ་ཞེས་པས་ཨཏ་ཨེང་དགག་པའི་དོན། ཧྲཱི་ཀུཿ།༌༌༌ཞུམ་པ།ཀ་པི་རི་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཉིད་དོ། །ཧླཱི་ཀུཿ་དེ་ཉིད། ས་ལ་ཥ་ཌྷ་དག་གི་ཨའོ་ཞེས་པས་ཥའི་ཀའོ། །ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། །ཨིཀྵུཿ།༌༌༌བུར་ཤིང༌། ཀྲྀ་ཤཱ་ནུཿ།༌༌༌མེ།མྲྀང་ལས་ཏྱུཀའོ། །མྲྀང་སྲོག་གཏོང་བ་ལའོ། །ང་ཡིག་ནི་དིཏ་ལས་སོ་ཞེས་པའི་རྟགས་དོན། །འདི་ལས་ཏྱུཀ་ཕ་རོལ་ཀ་ཡིག་སྔར་བཞིན་དབྱིའོ། །མྲྀ་ཏྱུཿ།༌༌༌འཆིང་བ། ཤཱིང་ལས་དྷུཀའོ། །ཤཱིང་ཉལ་བ་ལའོ། །ང་ཡིག་ནི་ལིཊ་མ་ཡིན་པ་ལ་ཤིང་གི་ཨེཏའོ་ཞེས་པའི་རྟགས་དོན། འདི་ལས་ཌྷྱུག་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཀིཏ་ལས་སོ་ཞེས་པའི་རྟགས་དོན། །དགག་བའི་དོན་ཏོ། །ཤཱི་དྷུཿ།༌༌༌།ཆང་གི་ཁྱད་པར། པྲཱྀ་ལས་ཤུན་དང་ཨ་ཤུཙ་དག་གོ །པྲཱྀ་སྐྱོང་བ་ལའོ། །འདི་ལས་ཤུན་དང་ཨ་ཤུ་ཙ་ཕ་རོལ་ཏེ། ན་དང་ཙ་ཡིག་དབྱངས་དོན་ནོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད། ར་ཕ་རོལ་ལོ་རེ་ཕའི་ཨ་ཡིག་བརྗོད་དོན། པཪྴུཿ།༌༌༌དགྲ་སྟ་པ་ར་ཤུཿ།༌༌༌རྩིབ་མའི་རུས་པ།པཱི། མཱི་དག་ལས་རུའོ། །པཱིང་བཏུང་བ་ལའོ། མཱིང་འཚེ་བ་ལའོ། །ང་ཡིག་ནི་སྟོང་ལྡན་པ་ལས་ཧལ་དང་པོ་ང་མེད་པ་ལས་སོ་ཞེས་པའི་རྟགས་དོན་ནོ། །འདི་དག་ལས་རུ་ཕ་རོལ་ཏུ་འགྱུར། ཨིཀའི་ཨཏ་ཨེང་ཞེས་པས་ཟེ་ཉིད། པེ་རུཿ།༌༌༌ཉི་མ། མེ་རུཿ།༌༌༌རིའི་རྒྱལ་པོ། །སུ་སྔ་མ་ལས། སུ་མེ་རུཿ།༌༌༌རི་རབ།ཛ་ཏྲུ་ལ་སོགས་པ་རྣམས་སོ། །ཛ་ན་


DTG194_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྐྱེ་བ་ལའོ། །ཤ་དླྀ་རྣམ་པར་རྒྱུ་བ་ལའོ། །ཏུཀྵུ་རུ་ཀུ་སྒྲ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །ཤཱིང་ཉལ་བ་ལའོ། །ཤྲུ་ཐོབ་པ་ལའོ། །འདི་དག་ལས་རུ་ཕ་རོལ་ཏུ་འགྱུར་རོ། །དེ་ལ་ཛ་ནི་དང་ཤ་དིའི་མཐའ་ཏ་ཡིག་ཏུ་བསྒྱུར་བ་ཚིག་ཕྲད་དོ། །ཛ་ཏྲུཿ།༌༌༌མགྲིན་པའི་ཕྱོགས་གཅིག །རུ་རུཿ།༌༌༌རི་དགས། ཤ་ཏྲུཿ།༌༌༌མི་མཛའ་བ། ཁ་ནའི་ན་དབྱི། ཁ་རུཿ།༌༌༌མེ་ལོང་གི་ཡུ་བ། ཤེ་ཏིའི་ཐུང་ངུ་དང་ཀུཀ་ཨཱ་ག་མའོ། །ཤི་གྲུཿ།༌༌༌མིག་སྨན་བཟང་པོ། ཀརྐནྡྷུཿ།༌༌༌རྒྱ་ཤུག་གི་འབྲུ། ཨ་ཌིའི་རིང་པོ་ཉིད། ཨཱ་ཌཱུཿ།༌༌༌ཆུ་སྒྲོལ་བ། ལམ་བིའི་ན་དབྱི་བ་དང་རིང་པོ་ཉིད་དོ། །ཨ་ལཱ་བཱུཿ།༌༌༌ཀུ་བ་ཏུམྦའི་འབྲས་བུ།ཤ་ཀི་ལས་རུ་ཀའོ། །ཀ་ཡིག་ཀི་ཏ་བྱ་བའི་དོན། ཀ་ཥ་རཱུཿ།༌༌༌གྲོ་མ། ཀཱ་སཱུཿ།༌༌༌ངག་མ་ཚང་བ།པཱ་དིའི་རིང་པོ་ཉིད། པཱ་དཱུཿ།༌༌༌རྐང་རྟེན། པྲྀ་ཛིའི་ཡང་བ་མཐའ་ཉེའི་འོ་ཞེས་པས་ཨ་ཉིད་དང༌། ར་ཕ་རོལ་ཉིད། སརྡཱུཿ།༌༌༌གློག་གམ་ལེགས་པར་ཕན་བྱེད།ཁརྫུཿ།༌༌༌ཤིང་འབྲ་གོ།། མྲྀ་ཛིའི་སྔ་མ་བཞིན་ཨ་ཉིད། མརྫུཿ།༌༌༌དྲི་མ་དག་པའི་སྣོད། ནྲྀ་ཏི་དང་སྲྀ་དྷི་དང་གྲྀ་དྷི་རྣམས་ཀྱི་ཨཏ་ཨེང་དུ་འགྱུར་བ་ཚིག་ཕྲད་དོ། །ནྲྀ་དྷཱུཿ།༌༌༌།འབུ་རིང་པོའོ། སྲྀ་དྷཱུཿ།༌༌༌།གནོད་སྦྱིན གྲྀ་དྷཱུཿ།༌༌༌འདོད་པ། ཀྲྀ་ཥའི་ཡང་བ་མཐའ་ཉེའི་ཞེས་པས་ཨཏ་ཨེངའོ། །ར་ཕ་རོལ་ཉིད། ཀཪྵཱུརཿ།༌༌༌ལྕི་བ་སྐམ་པོ།ཨནྡཱུཿ།༌༌༌རྒྱན་གྱི་རིགས། ཀ་པི་ལས་ཨ་ལུཀ་ཨཱ་ག་མའོ། །ཀ་པོ་ལུཿ།༌༌༌འཁུར་ཚོས། ཀ་མའི་བུཀ་ཨཱ་ག་མའོ། །ཨུ་ཡིག་བརྗོད་པའི་དོན། །ཀ་ཡིག་ཀིཏ་བྱ་བའི་དོན་ཏོ། ཀམྦཱུཿ།༌༌༌གཞན་གྱི་རྫས་འཕྲོག་པ། རི་ཏིའི་རྀ་ཡིག་རེ་ཕའོ། །ར་ཏུཿ།༌༌༌ཆུ་ཀླུང༌། ཀ་ཕེའི་ཨེ་ཉིད། ཀེ་ཕ་ལཱུཿ།༌༌༌བད་ཀན་སེལ་བ། དེ་བཞིན་དུ་ཨུ་ཡིག་མཐའ་ཅན་གཞན་ཡང་མཆོག་གི་སྦྱོར་བ་ལས་འདི་བལྟ་བར་བྱའོ། །དི་པི་ལས་རྀ་ནའོ། །དི་བུ་བརྩེ་བ་ལའོ། །ཨུ་ཡིག་ནི་ཨུ་དིཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན། །འདི་ལས་རན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན་ཡང་བ་མཐའ་ཉེའོ་ཞེས་པས་ཨེ་ཉིད། དང་པོ་གཅིག་ཚིག་སུའོ། །སུའི་ཨུ་ཡིག་སུའི་འོ་ཞེས་པའི་རྟགས་དོན། རིཏ་ཨུ་ཤ་ནས། པུ་རུ་དམ་ཤས་ཨ་ནེ་ཧས་རྣམས་ཀྱིའང་སུ་ལ་ཨ་ནང་ངོ་ཞེས་པས་ཨ་ནའོ། །ང་ཡིག་ནི་ངི་ཏ་ལའོ་ཞེས་པས་མཐའ་བསྒྱུར་བའི་དོན་ཏོ། །ནའི་ཨ་བརྗོད་དོན། སཾ་བུདྡྷི་མ་ཡིན་པའི་སུ་ལའོ་ཞེས་པས་རིང་པོའོ། །སུའི་འོ་ཞེས་པས་སུ་དབྱིའོ། །སུས་ཀྱི་རང་ཀྱི་རང་བཞིན་གྱི་ཞེས་པས་ན་དབྱིའོ། །དེ་བཱ།༌༌༌ལྷ། དེ་བ་རཽ།༌༌༌དག་དེ་བ་རཿ།༌༌༌རྣམས།


DTG194_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནཱི་ལས་ཌི་ཏའོ། །ཎཱི་ལས་རབ་ཏུ་ཐོབ་པ་ལའོ། །ཎའི་ནའོ་ཞེས་པ་འདི་ལས་རྀན་ཕ་རོལ་དུ་འགྱུར་རོ། །ཌིཏ་ཉིད་ཀྱི་ཕྱིར་མཐའི་ཨ་ཙ་ལ་སོགས་པ་དབྱིའོ། །དང་པོའི་གཅིག་ཚིག་སུའོ། །སུའི་ཨུ་ཡིག་སུའི་འོ་ཞེས་པའི་རྟགས་དོན་ཏོ། །རྀཏ་ཨུ་ཤ་ནས་པུ་རུ་དེ་ཤས་ཨ་ནེ་ཧས་རྣམས་ཀྱི་སུ་ལ་ཨ་ན་ངའོ་ཞེས་པས་ཨ་ནང་དུ་བསྒྱུར་རོ། །ནཱི༌༌།མི། ན་རཽ༌༌དག །ན་རཿ༌༌མི་རྣམས། སྐྱེས་བུའོ། །མ་ཏྲི་ལ་སོགས་པ་རྣམས་སོ་ཞེས་པ་འདི་རྣམས་ལས་ཏྲན་ཕ་རོལ་དང་ཚིག་ཕྲད་ཀྱི་མཐའོ། །བཱ་སྲུང་བ་ལའོ། །མཱ་འཇལ་བ་ལའོ། །དུ་ཧ་འཇོ་བ་ལའོ། །ཊུ་ན་དི་བསགས་པ་ལའོ། །ཊུ་ཡིག་ནི་ཊུ་འགྲོ་བ་ལས་ཨ་ཐུ་ཙའོ་ཞེས་པའི་རྟགས་དོན། ཨི་ཡིག་ནི་ཨི་དིཏ་ལས་ནུམའོ། ཞེས་པའི་རྟགས་དོན་ཏོ། །ནུམ་འང་ངོ༌། །ནཉ་སྔོན། ཉ་ཡིག་ནཉའི་འོ་ཞེས་པའི་རྟགས་དོན། ཚིག་ཕྲད་ལས་ན་ཁ་ལ་སོགས་པ་རྣམས་སོ་ཞེས་པས། ན་ཡིག་དབྱི་བར་མི་འགྱུར་རོ། །ཊུ་ཀྲྀཉ་འཛིན་པ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཨཱ་སླི་ཁྱབ་པ་ལའོ། །སྭ་སུ་འཚེ་བ་ལའོ། །པཱ་བཏུང་བ་ལའོ། །ཎཱི་རབ་ཏུ་ཐོབ་པ་ལའོ། །ཎའི་ནའོ། །ཏྭཀྵཱུཿ། ཏྭཀྵཱུ་ཕྲ་མོར་བྱེད་པ་ལའོ། །ཀཥ་ད་ཞེས་པ་མདོའི་བྱིངས་ཧུ་སྦྱིན་པ་ལའོ། །སཱུང་དག་བྱེད་དག་ལའོ། །ང་ཡིག་ནི་ངིཏ་ལའོ་ཞེས་པའི་རྟགས་དོན། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །པྲཱ་སྔོན་དུ། འདི་རྣམས་ལས་ཏྲྀན་ལས་ཏྲྀ་ཙའི་མཐའ་དང་ཚིག་ཕྲད་མཐའོ། །ན་ཡིག་དང་ཙ་ཡིག་དབྱངས་དོན། དང་པོའི་གཅིག་ཚིག་སུའོ། །སུའི་ཨུ་ཡིག་སུའིའོ་ཞེས་པའི་རྟགས་དོན། རྀཏ་ཨུ་ཤ་ནས། པུ་རུ་དན་ཤས་ཨ་ནེ་ཧས་རྣམས་ཀྱི་སུ་ལ་ཨ་ནངའོ་ཞེས་པས་ཨ་ནང༌། ང་ཡིག་དི་ཏ་ལ་མཐའ་བསྒྱུར་བའི་དོན། ནའི་ཨ་ཀློག་དོན། སམ་བུདྡྷི་མ་ཡིན་པའི་སུ་ལའོ་ཞེས་པས་རིང་པོ་ཉིད། སུའི་འོ་ཞེས་པས་སུ་དབྱིའོ། །སུས་ཀྱི་རང་བཞིན་གྱི་ཞེས་པས་ན་དབྱིའོ། །དེ་ལ་པཱ་ཏིའི་ཨི་ཉིད། པི་ཏཱ༌༌༌།ཕའམ་སྐྱེས་པ་པོ། མ་ཏཱ༌༌༌མའམ་སྐྱེད་བྱེད་མ། དུ་ཧིའི་ཨིཏ་ཨཱ་གམའོ། །ཏ་ཡིག་ཥྚི་ཏ་བྱ་བའི་དོན་དོ། །ཨཏ་ཨེང་མེད་པ་འང་ངོ༌། །དུ་ཧི་ཏཱ།༌༌༌བུའམྒ་བདག་སྐྱེས་མ། ནནྡིའི་ཨཱ་ཉིད་དོ། །ཨིཊ་མེད་པ་དང་ད་དབྱི་བའོ། །ན་ནཱནྟ།༌༌༌ནེ་ནེ་མའམ་ཕའི་སྲིང་མོ། །བྷྲྀཉའི་བྷྲཱ་རུ་བ་སྒྱུར་རོ། །བྷྲཱ་ཏ།༌༌༌སྤུན་ཟླ་འམ་ལྟོ་མཚུངས་པ། ཛ་ནཱའི་ན་མར་བསྒྱུར་རོ། ཛམ་ཏཱ།༌༌༌དམག་པའམ་བུ་མོའི་བདག་པོ། །ཨཱ་པ།༌༌༌མཆོད་སྦྱིན་པ། སྭ་པའི་ཨིཏ་


DTG194_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་ཏ་དབྱིའོ། །སཱ་སཱ།༌༌༌སྲིང་མོ། ནཉ་སྔོན་མའི་པི་པ་ཏིའི་ཡ་ཡིག་དབྱིའོ། །ནཔྟཱཿ།༌༌༌ཚ་བོའམ་བུའི་བུ།ན་ཡ་ཏི་ལས་ཥུ་ཀའོ། །ཨུ་ཡིག་བརྗོད་དོན། ཀ་ཡིག་ཀི་ཏ་བྱ་བའི་དོན། ཊུ་ཉིད་ཨེ་ཉིད་དོ། །ནེཥྚཱཿ།༌༌༌།ཁྱབ་བདག །ཏྭཀྵིའི་ཀ་ཡིག་དབྱི། ཏྭཥྚཱཿ།༌༌༌སྐྱེ་དགུའི་བདག་པོ། ཀྵ་དིའི་ད་ཡིག་གི་ཏ་ཡིག་གོ །ཀྵརྟཱ།༌༌༌སྒོ་སྲུང་བ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད་དོ། །ཧོ་རཱཿ།༌༌༌།སྦྱིན་སྲེག་མཁན། པོ་ཏཱ།༌༌༌བྱིས་པ།པྲ་ཤཱ་སུ་ལས་ཨིཊ་མེད་དོ། །ཤཱསྟཱ།༌༌༌སྟོན་པ། མཁན་པོ།པྲ་ཤཱསྟཱ༌༌༌མཁན་པོ།། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཨིའོ་བྱ་བའི་དོན་ལས་ཨི་ཕ་རོལ་དུ་འགྱུར་རོ། །ཊུ་ཀྵུ་རུ་ཀ་སྒྲ་ལའོ། ཌུ་ཀྲྀཉ་བྱེད། པ་ལའོ། །དྲི་རྣམ་པར་འཇོམས་པ་ལའོ། །ཤྲཱྀ་འཚེ་བ་ལའོ། ཤྲནྠ་གནྠ་གཞུང་སྒྲིག་པ་ལའོ། །བ་ལ་སྡོམ་པ་ལའོ། །བལླ་ཞེས་པ་མདོའི་བྱིངས་སོ། །དྷྭ་ན་སྒྲ་ལའོ། །ཨ་བ་རཀྵ་སྐྱོང་བ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །མ་ལ། མལླ་འཛིན་པ་ལའོ། །བྷ་ལ། བྷལླ་ཡོངས་སུ་བཤད་པ་ལའོ། །ཙུལླ་རྩེད་འཇོ་བྱེད་པ་ལའོ། །དེ་ལ་ཨི་ཀའི་ཨཏ་ཨེངའོ་ཞེས་པས་ཨོ་ཉིད། ཨེ་ཙའི་ཨ་ཡ་ཨ་པ་ཨཱ་ཡ་ཨཱ་པ་རྣམས་སོ་ཞེས་པས་ཨ་བར་བསྒྱུར་རོ། །ར་བིཿ།༌༌༌ཉི་མ། ཀ་བིཿ།༌༌༌སྙན་ངག་བྱེད་པོ།ཨི་ཀའི་ཨཏ་ཨེངའོ་ཞེས་པས་ཨ་ཉིད་དོ། །ད་རི།༌༌༌གཡང་ས།ཤ་རི།༌༌༌མདའ། ཤྲནྠི།༌༌༌གཞུང་སྒྲིག་གྲནྠི།༌༌༌ཚིག་འཚམ་ག་སྟོབས་ལྡན་ནམ་ལྷ་མིན།༌༌༌ བ་ལི། བལླིཿ།༌༌༌ཡལ་ག།དྷྭ་ནིཿ།༌༌༌སྒྲ། ཨ་བིཿ།༌༌༌ལུགཨི་ཀའི་ཨཏ་ཨེང༌། ར་ཕ་རོལ་ཉིད་དོ། །ཧ་རིཿ།༌༌༌ཁྱབ་འཇུག་མལླི།༌༌༌མེ་ཏོག་རིགས།བྷལླིཿ།༌༌༌མཆོད་སྦྱིན། ཙུལླིཿ།༌༌༌སྒྱེད་བུ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཨིཀ་མཐའ་ཉེ་ལས་ཀིའོ། །ཨིཀ་ཅེས་པ་སོ་སོར་བསྡུ་བ་བཟུང་བ་སྟེ། ཨི་ཨུན། རྀ་ལྀཀ་ཅེས་པ་ཨི་ཀའོ། །མཐའི་ཉེ་བ་ནི་མཐའ་ཉེ་སྟེ། ཨི་ཀ་ཉེ་བའི་མཐའ་གང་ཡིན་པ་དེ་འདིར་ཨིཀ་མཐའ་ཉེའོ། །དེ་ལས་ཏེ་ཨིཀ་ལས་མཐའ་ཉེ་ལས་བྱ་བའི་དོན་ལ་ཀི་ཕ་རོལ་དུ་འགྱུར་རོ། །དེ་ལ་ཀྲྀ་ཋ་རྣམ་པར་བརྐོ་བ་ལའོ། །ཤུ་ཙ་མྱ་ངན་ལའོ། །རུ་ཙིར་གསལ་བ་ལའོ། །ཀྵི་པ་འཕེན་པ་ལའོ། །ཀྲྀ་ཥིཿ།༌༌༌ཞིང་ལས། ཤུ་ཙིཿ།༌༌༌གཙང་བ་འམ་དབེན་བ། རུ་ཙིཿ།༌༌༌མཛེས་པ། ཀྵི་པིཿ།༌༌༌གཡུལ་འཁྲུག་པ།ཀྲ་མུའི་ཨཏ་ཨིཏ་འང་ངོ༌། །ཀྲ་མུ་རྐང་པ་སྐྱེད་པ་ལའོ། །ཨུ་ཡིག་ནི་ཨུ་དེཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན། དེ་ལ་ཀི་ཕ་རོལ་དུ་འགྱུར་རོ། །ཨཏ་ཨེཏ་འང་ངོ་ཞེས་པས་ཀྲ་མའི་ཨི་ཉིད་དོ། །ཀྲི་


DTG194_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མིཿ།༌༌༌སྐྱེ་བ་ཕྲ་མོའམ་འབུ། མ་ནིའི་ཨུཏ་ཀྱང་ངོ༌། །མ་ན་ཤེས་པ་ལའོ། །འདི་ལས་ཀི་ཕ་རོལ་ཏུ་འགྱུར་ཞིང༌། ཨུཏ་ཀྱང་ངོ་ཞེས་པས་མའི་ཨུ་ཉིད་དོ། །མུ་ནིཿ།༌༌༌ཐུབ་པའི་དྲང་སྲོང༌། ཨཾ་ཧིཿ། ཀལྦི་དག་གི་ན་དབྱི་བ་འང་ངོ༌། །ཨ་ཧི་འགྲོ་བ་ལའོ། །ཀ་པི་གཡོ་བ་ལའོ། །ཨི་དིཏ་ཀྱི་ནུམའོ། །ཨུ་ཡིག་བརྗོད་དོན། མ་ཡིག་ལིཏ་ཨ་ཙ་མཐའ་ལས་ཕ་རོལ་ལོ་ཞེས་པའི་རྟགས་དོན་ནོ་ཞེས་པ་འདི་དག་ལ་ཀཾ་ཕ་རོལ་ཏུ་འགྱུར་ཞིང་ན་དབྱི་བ་འང་ངོ༌། །ཨ་ཧིཿ།༌༌༌སྲུལ། ཀ་པིཿ།༌༌༌སྤྲེའུ། ཤྲྀ་པ་སི་བ་པི་རཱ་ཛི་བྲྀ་ཧ་ནི་བྷ་ནི་རྣམས་ལས་ཨིཉའོ། །ཤྲཱྀ་འཚེ་བ་ལའོ། །བ་ས་ངེས་པར་གནས་པ་ལའོ། །ཊུ་བ་ས་བོན་བསགས་པ་ལའོ། །ཏུ་ཡིག་ནི་ཊུ་འགྲོ་བ་ལས་ཨ་ཐུ་ཙའོ་ཞེས་པའི་རྟགས་དོན། །རྀ་ཛྲ་འབར་བ་ལའཽ། །རྀ་ཡིག་ནི་ཨཀ་ཕྱིས་པ་དང༌། ཤཱ་སུ་རྀ་དིཏ་རྣམས་།ཀྱི་མ་ཡིན་ནོ་ཞེས་པའི་རྟགས་དོན། བྲི་ཉ་སྒྲིབ་པ་ལའོ། །ཉ་ཡིག་ནི་ཉཏི་ལའོ་ཞེས་པའི་རྟགས་དོན། །ཧ་ན་འཚེ་བ་ལའོ། །ཎ་བྷ་ཏུ་བྷ་འཚེ་བ་ལའོ། །ཎའི་ནའོ་ཞེས་པ་འདི་རྣམས་ལས་ཨིཉ་ཕ་རོལ་ཏུ་འགྱུར་རོ། །ཉ་ཡིག་ཉྞིཏ་ལའོ་ཞེས་པའི་རྟགས་དོན། ཨའང་ངོ་ཞེས་པས་ཨཱ་ཉིད་དོ། །ར་ཕ་རོལ་ཉིད། ཤཱ་རིཿ།༌༌༌བྱ་རི་སྐེག་ཉྞིཏ་ལ་མཐའ་ཉེའི་འོ་ཞེས་པས་རིང་པོ་ཉིད་དོ། བཱ་སི། དཱིཀྵྞ་བྷཱཎྜཿ། བཱ་སིཿ།༌༌༌རྫིང་བུ།རཱ་ཛིཿ།༌༌༌གྲལ་ལ་མ་ཚར་གཏིང་དུ་གནས་པ། ཨ་འང་ངོ་ཞེས་པས་ཨཱ་ཉིད་དང་ར་ཕ་རོལ་ཉིད་དོ། །སུ་ཨམ་དག་གི་མ་ནིང་ལས་སོ་ཞེས་སུ་དབྱིའོ། །བཱ་རི།༌༌༌ཆུ། ཉྞིཏ་ན་ལ་ཧནའི་ཧའི་ཧོ་ཞེས་པས་གྷ་ཉིད་དོ། །ཙི་ཎ་ཎལ་དག་མ་ཡིན་པ་ལ་ཧ་ནའི་ཏའོ་ཞེས་པས་ན་ཡིག་གི་ཏ་ཡིག་གོ །གྷཱ་ཏིཿ།༌༌༌མཚོན་ཆ། ཉྞིཏ་ལའོ་ཞེས་པས་ཨཱ་ཉིད། ནཱ་བྷིཿ།༌༌༌།ལྟེ་བ ཨ་ཛི། ཛེ་ནི། ཨ་ཏི་གྷ་སི་ར་སི་བ་ཎི་རྣམས་ལས་ཨིཎའོ། །ཨཛ་བྲཛ་འགྲོ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཨ་ཏ་མགྱོགས་པར་འགྲོ་བ་ལའོ། །གྷ་སླི་ཟ་བ་ལའོ། །ལྀ་ཡིག་ལྀ་དི་ཏ་དཡུ་སོགས་ཞེས་པའི་རྟགས་དོན། ར་ས་ཞེས་པ་མདོའི་བྱིངས་སོ། །པ་ཎ་ཐ་སྙད་ལའོ། འདི་རྣམ་ཨིཎ་ཕ་རོལ་དུ་འགྱུར་རོ། །ཎ་ཡིག་ནིཉྞིཏ་ལའོ་ཞེས་པའི་རྟགས་དོན། ཡུ་གྷ་ཉ་ཨས་རྣམས་མིན་པ་ལ་ཨ་ཛིའི་བཱིའོ་ཞེས་པས་བཱིའི་དངོས་པོར་མི་འགྱུར་རོ། །མང་པོའི་ཚིག་ལས་ཉྞིཏ་ལའོ་ཞེས་པས་ཨཱ་ཉིད་དོ། །ཨཱ་ཛིཿ།༌༌༌འཐབ་པ། ཛ་ནི་བ་དྷ་དག་གིའོ་ཞེས་པས་ཨ་ཉིད་བཀག་གོ །ཛ་ནིཿ༌༌༌མའོ། །


DTG194_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན་དུ་ཨཱ་ཉིད། ཨཱ་ཏིཿ།༌༌༌འགྲོ་བ་གྷཱ་སིཿ།༌༌མེ། རཱ་སིཿ།༌༌ཁྱིམ། པཱ་ཎིཿ༌༌༌ལག་པ། བེ་ཉ་ལས་ཌིའོ། བེཉ་སྣལ་མའི་རྒྱུད་ལའོ་ཉ་ཡིག་ནི་བེ་ཉའི་ལྀཏ་ལ་བ་ས་ཡང་ནའོ་ཞེས་པའི་རྟགས་དོན། ཤིཏ་མ་ཡིན་པ་ལ་ཨེཙའི་ཨཱ་ཉིད་དོ། །འདི་ལས་ཌི་ཕ་རོལ་ཏུ་འགྱུར་རོ། །ཌ་ཡིག་ལས་ཨི་ཡིག་བཟུང་ནས་ཌ་ཡིག་ནི་ཌེཏ་བྱ་བའི་དོན་ཏོ། །དེས་ན་ཌིཏ་ལ་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་དབྱིའོ། །བཱིཿ་ནི་ལས་ཨཱིཏ་འང་ངོ༌། །བེཉ་ཞེས་པ་འཇུག་པས་ནི་སྔ་མ་ཅན་གྱི་བེཉལ་ཌི་འགྱུར་ཞིང་ཌ་ཡིག་དབྱི་བ་ལ་སོགས་པ་སྔར་བཞིན་ནོ། །ཨིཏ་འང་ངོ་ཞེས་པས་ནིའི་ཨཱི་ཉིད་དོ། །ནཱི་སྐེ་རགས།༌༌༌བི་ས་ཁི་ལ་སོགས་པ་རྣམས་སོ། །ཁྱ་རབ་ཏུ་གཏམ་པ་ལའོ། །ས་མཱན་སྔོན་དུ་ས་མཱ་ནའི་པཀྵ་ལ་སོགས་པ་རྣམས་བྱ། ལའོ་ཞེས་པས་སའི་དངོས་པོའོ། །བྷ་ཛཿ། ཤྲི་བསྟེན་པ་ལའོ། །ཨཱང་སྔོན་དུ། ང་ཡིག་ནི་ཨཱང་མཱངའིའོ་ཞེས་པའི་རྟགས་དོན། ཨོ་ཧཱ་ཀ་གཏོང་བ་ལའོ། །ཨོ་ཡིག་ནི་ཨོ་དི་ཏ་ལས་སོ་ཞེས་པའི་རྟགས་དོན་ཏོ། །ཀ་ཡིག་ནི་ཧཱ་ཀའི་ཏ་ལའོ་ཞེས་པའི་རྟགས་དོན་ཏོ། །བྲ་སྔོན་དུ། བྷྲ་མུ་གཡོ་བ་ལའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །འདི་རྣམས་ལས་ཌི་ཕ་རོལ་ཏུ་འགྱུར་རོ། །མཐའི་ཨ་ཙ་ལ་སོགས་པ་དབྱིའོ། །ཚིག་ཕྲད་ལས་ཨ་ཡིག་དབྱིའོ། །ས་ཁི་ཞེས་གནས་པ་ལ་དང་པོའི་གཅིག་ཚིག་སུའོ། །སུའི་ཨུ་ཡིག་སུའི་འོ་ཞེས་པའི་རྟགས་དོན། རྀཏ་ཨུ་ཤ་ནས་པུ་རུ་དམ་ཤས་ཨ་ན་ཧས་རྣམས་ཀྱི་སུ་ལ་ཨ་ནང་ངོ་ཞེས་པས་ཨིའི་ཨ་ནང་ངོ༌། །ད་ཡིག་ངིཏ་བྱ་བའི་དོན། །ནའི་ཨ་བརྗོད་དོན་ནོ། །སམྦུདྡྷི་མ་ཡིན་པའི་སུ་ལའོ་ཞེས་པས་རིང་པོའོ། །སུའི་འོ་ཞེས་པས་སུ་དབྱིའོ། །སུས་ཀྱི་རང་བཞིན་ཞེས་པས་ན་དབྱིའོ།གྲོགས་ཁོའམ་མཛའ་བཤེས།༌༌༌།ས་ཁཱ་མཐའི་ཨ་ཙ་སོགས་དབྱི་བས་ཨི་ཡིག་དང་ཨ་ཡིག་དབྱིའོ། །ཨཱངའི་ཐུང་ངུ་ཉིད་དོ། །ཨ་ཤྲིཿ།༌༌༌མཐའ། པྲ་ཧིཿ།༌༌༌ཁྲོན་པ།བྷྲ་མའི་མཐའི་ཨཙ་ལ་སོགས་པ་ཚིག་ཕྲད་ལས་མི་དབྱི་བ་དང༌། རི་ཕའི་འང་རྀ་ཡིག་གོ ། བྷྲྀ་མིཿ༌༌༌རླུང༌། ཀ་རོ་ཏིའི་རྀ་ཡིག་གི་ཨ་ཉིད་དོ། །ཀཱ་རིཿ།༌༌༌བཟོ་མོ། དེ་བཞིན་སྒྲ་གཞན་ཡང་ཤེས་པར་བྱའོ། །སཉྫི་ཨ་སེ་དག་ལས་ཀྠིནའོ། །ཥཉྫ་འགྲོགས་པ་ལའོ། ཥྠི་བུ་ཥཀྐ་མ་ཡིན་པའི་དང་པོའི་ཥའི་སའོ། །ཨ་སུ་འཕེན་པ་ལའོ། །འདི་དག་ལས་ཥྛིན་ཕ་


DTG194_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་འགྱུར་རོ། །ན་ཡིག་ནི་དབྱངས་དོན་ནོ། །ཀ་ཡིག་ནི་ཀི་ཏ་བྱ་བའི་དོན་ཏོ། །ཀི་ཏ་ལས་ཧལ་ལམ་ཨི་དི་ཏ་མ་ཡིན་པའི་མཐའ་ཉེའེའོ་ཞེས་པས་ཉ་དབྱིའོ། །ཙུའི་ཀུའོ་ཞེས་པས་ཀུ་ཉིད་ཀྱི་ཛ་ཡིག་གི་ག་ཡིག་གོ །ཁར་ལ་ཛྷ་རཾ་ཙ་ར་ཞེས་པས་ག་ཡིག་གི་ཀ་ཡིག་གོ །སཀྠིཿ།༌༌༌བརླའི་ཕྱོགས ཨསྠིཿ།༌༌༌རུས་པ། སཱ་རི་ལས་ཨ་ཐིནའོ། །པྲྀ་འགྲོ་བ་ལའོ། །འགྲོ་བར་འདོད་པ་ལ་རབ་ཏུ་སྦྱོར་བ་ལ་སྦྱོར་བ་པོའི་བྱ་བ་ལའོ་ཞེས་པས་ཎི་ཙའོ། །ཙ་ཡིག་དབྱངས་དོན། །ཎ་ཡིག་ཉཎིཏ་ལའོ་ཞེས་པའི་རྟགས་དོན་ཏོ། །ཨའང་ངོ་ཞེས་པས་ཨཱ་ཉིད། ཨ་ཐིན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཎིའི་ཨིཊ་མ་ཡིན་པ་ལའོ་ཞེས་པས་ཎི་དབྱིའོ། །ས་ར་ཐིཿ།༌༌༌ཁ་ལོ་བསྒྱུར་བའམ་ཤིང་རྟ་འདྲེན་པ།ཨཾ་གི་ཨ་ཏི་དག་ལས་ཨུ་རི་ཨི་ཐི་ན་དག་གོ །ཨ་གི་ར་གི་ལ་གི་འགྲོ་བའི་དོན་རྣམས་སོ། །ཨི་ཡིག་ནི་ཨི་དི་ཏ་ལས་ནུ་མའོ། །ཨུ་ཡིག་བརྗོད་དོན། རྗེས་སུ་ང་རོའི་ཆེས་ཉེ་བའི་ང་ཡིག་གོ །ཨ་ཏ་མགྱོགས་པ་དང་ལྡན་པར་འགྲོ་བ་ལའོ། །འདི་དག་ལ་རིམ་བཞིན་ཨུ་རི་ཨུ་ཐིན་དག་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན།སོར་མོ།༌༌༌ཨཾ་གུ་རི་ཀ་པི་རི་ཀ་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཉིད་དོ། །ཨཾ་ཀུ་ལིཿ།༌༌༌སོར་མོ། ཨ་ཏིཿ།༌༌༌ཞེས་མགྲོན་པོ།ཐིཿ།༌༌༌མངོན་པར་ལྷག་པ། ནཱི་ད་ལི་དག་ལས་མིའོ། །ཎཱི་རབ་ཏུ་ཐོབ་པ་ལའོ། །ཎའི་ནའོ། །ད་ལ་རྣམ་པར་འཇོམས་པ་ལའོ། །འདི་དག་ལས་མི་ཕ་རོལ་ཏུ་འགྱུར། ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད་དོ། །ནེ་མིཿ།༌༌༌ཤིང་རྟའམ་མུ་ཁྱུད།དེལྨིཿ།༌༌༌བརྒྱ་བྱིན། ཨཱུ་རྨིཿ། རསྨི། བྷཱུ་མི་རྣམས་སོ། །རྀ་འགྲོ་ལའོ། །ར་ས་པ་མདོའི་དབྱིངས་སོ། །བྷཱུ་ཡོད་པ་ལའོ། །འདི་དག་ལས་མི་ཕ་རོལ་ཏུ་འགྱུར་རོ། །དེ་ལ་ཨརྟིའི་ཨཱུ་ཉིད། ར་ཕ་རོལ་ཉིད་དོ། །ཨཱུརྨིཿ།༌༌ཆུ་རླབས།རསྨིཿ།༌༌༌འོད། ཚིག་ཕྲད་ལས་ཨཏ། ཨེང་དུ་མི་འགྱུར་རོ། །བྷཱུ་མིཿ།༌༌སའོ།། ཀུ་ཥི་ལས་སཾ་ཀའོ། །ཀུ་ཤ་འགུགས་པ་ལའོ། །འདི་ལས་སི་ཀ་ཕ་རོལ། ཀ་ཡིག་གི་ཏ་ལའོ་ཞེས་པས་ཨཏ་ཨེད་དགག་པའི་དོན་ནོ། ས་ལ་ཥ་ཌྷ་དག་གི་ཀའོ་ཞེས་པས་སའི་ཀའོ། །ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། །ཀུཀྵིཿ།༌༌༌ལྟོ་བ། ཨ་ཤི་ལས་ནི་ཏའོ། །ཨ་ཤཱུ་ཁྱབ་པ་ལའོ། །ཨཱུ་ཡིག་ནི་སྤྲི་སཱུང་ཨཱུ་དི་ཏ་ལས་སོ་ཞེས་པའི་རྟགས་དོན། འདི་ལས་སིཀ་ཕ་རོལ་ཏུ་འགྱུར་རོ། །བྲ་ཤྩ་ལ་སོགས་པའི་མདོའི་ཥ་


DTG194_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ས་ལ་ཥཌྷ་དག་གི་ཀྐའོ་ཞེས་པས་ཀ་ཉིད་དོ། །ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། མིག༌༌༌།ཨཀྵིཿ། མྲྀ་ཀ་ཎི་དག་ལས་ཨཱི་ཙིའོ། །མྲྀང་སྲོག་གཏོང་བ་ལའོ། །ང་ཡིག་ངིཏ་ལས་སོ་ཞེས་པའི་རྟགས་དོན། ཀ་ཎ་རྒྱུན་ཆགས་པའི་བྱིངས་སོ། །འདི་དག་ལས་ཨཱི་ཙི་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨཏ་ཨེངའོ་ཞེས་པས་ཨ་ཉིད། རྀཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད། མ་རི་ཙིཿ།༌༌༌སྨིག་རྒྱུ་འམ་འོད་ཟེར། ཀཎཱི་ཙིཿ།༌༌༌འཁྲི་ཤིང༌། རཱ་ཤ་དི་དག་ལས་དྲི་སའོ། །རཱ་ལཱ་ལེན་པ་ལའོ། །ཤདླྀ་རྣམ་པར་རྒྱུ་བ་ལའོ། །ལྀ་ཡིག་ནི་ལྀ་དི་ཏ་དྱུཏ་སོགས། པུ་ཥྱ་ཏི་སོགས་རྣམས་ལས་ཨ་ཏང་ལའོ་ཞེས་པའི་རྟགས་དོན་ཏོ། །འདི་དག་ལས་ཏྲྀས་ཕ་རོལ་ཏུ་འགྱུར་ཏེ། ས་ཡིག་ནི་དབྱངས་ཀྱི་དོན། རཱ་ཏྲིཿ།༌༌༌།མཚན་མོ། ཁར་ལ་ཛྷ་ལའི་ཙར་འོ་ཞེས་པས་ད་ཡིག་གི་ཏའོ། །ཤ་རྟྲིཿ།༌༌༌གླང་པོ་ཆེ། བྷཱུ་སཱུང་ཨ་དི་རྣམས་ལས་ཀྲྀནའོ། །བྷཱུ་ཡོད་པ་ལའོ། །ཥཱུདརྦ་ཏུ་སྐྱེ་བ་ལའོ། །ང་ཡིག་སྦྲྀ་སཱུད་ཨུ་དིཏ་ལས་སོ་ཞེས་པའི་རྟགས་དོན། ཥྛི་བུ་ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ་ཞེས་པས་ཥའི་ས་ཨ་ད་སླཱ་བཟ་བ་ལའོ། །འདི་རྣམས་ལས་ཀྲྀན་ཕ་རོལ་ཏུ་འགྱུར་ཞིང་ན་ཡིག་དབྱངས་དོན། །ཀ་ཡིག་ཨཏ་ཨེང་དགག་པའི་དོན། བྷཱུ་རིཿ།༌༌༌མང་པོ། སཱུ་རིཿ། ༌༌༌ཉི་མ། ཨ་དྲིཿ།༌༌༌རི་བོ།ཤ་ཀ །བྷཱུ་དག་ལས་ཨུནྟི། ཨནྟི་ཙ་དག་གོ །ཤ་ཀླྀ་ནུས་པ་ལའོ། །བྷཱུ་ཡོད་པ་ལའོ། །འདི་དག་ལས་གྲངས་བཞི་དུ་ཨུནྟི། ཨནྟི་ཙ་དག་ཕ་རོལ་དུ་འགྱུར་རོ། ཙ་དབྱངས་དོན། ཤ་ཀུནྟིཿ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད། ཨེ་ཙའི་ཨ་ཡ་ཨ་བ་ཨཱ་ཡ་ཨཱ་བ། རྣམས་སོ་ཞེས་པས་ཨབ་རུ་བསྒྱུར་རོ། །བྷབནྟིཿ།༌༌༌དུས། ཨརྟི་ལས་ཨརྣི་ཙའོ། །རྀ་འགྲོ་བ་ལའོ། །འདི་ལས་ཨརྣི་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་ཀྱི་དོན། ཨི་ཀའི་ཨཏ་ཨེངའོ་ཞེས་པས་ཨ་ཉིད་དང༌། ར་ཕ་རོལ་ཉིད་དོ། །ཨ་རལླིཿ།༌༌༌།གླང་པོ་ཆེ།ཨ་ཛི་ལས་ཨ་ལི་ཙའོ། །ཨཉྫུ་གསལ་བ་ལའོ། །ཨཱུ་ཡིག་ནི་སྦྲི་སཱུད་ཨཱུ་དི་ཏ་ལས་སོ་ཞེས་པའི་རྟགས་དོན། འདི་ལས་ཨ་ལི་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་དོན། །ནའི་ཡང་ངོ༌། །ནའི་ཞེས་པས་རྗེས་སུ་ང་རོའོ། །དེའི་ཡམ་དུ་བསྒྱུར་བས་ཉ་ཡིག་གོ །ཨཉྫ་ལིཿ།༌༌༌ལག་པ་ཁ་སྦྱར་བ། རྀ་ཏྲཱྀ་སྲྀ་ཌྷྲྀ་དྷ་མི་ཨ་ཤི་ཨ་བི་བྲྀ་ཏི། གྲ་ཧ་རྣམས་ལས་ཨིནའོ། །རྀ་འགྲོ་བ་ལཱ། ཏྲཱྀ་


DTG194_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ལའོ། །སྲྀ་འགྲོ་བ་ལའོ། །ཌྷྲྀ་འཛིན་པ་ལའོ། །དྷ་མ་ཞེས་པ་མདོའི་བྱིངས་སོ། །ཨ་ཤ་ཟ་བ་ལའོ། །ཨ་བ་རཀྵ་སྐྱོང་བ་ལའོ། །བྲྀ་ཏུ་འཇུག་པ་ལའོ། །གྲ་ཧ་ཉེ་བར་ལེན་པ་ལའོ། །འདི་རྣམས་ལ་ཨ་ནི་ཕ་རོལ་དུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང། ར་ཕ་རོལ་ཉིད་དོ། །ར་ཥ་ལས་ཞེས་པས་ཎ་ཉིད་དོ། །ཨ་ར་ཎིཿ།༌༌༌མའི་སྲུང་ཤིང༌། ཏ་ར་ཎིཿ།༌༌༌རྒྱ་མཚོ། ས་ར་ཎིཿ།༌༌༌ལམ། དྷ་ར་ཎིཿ།༌༌༌འཛིན་མའམ་ས་གཞི། དྷ་མ་ཎིཿ།༌༌༌རྩ། ཨ་ཤ་ནིཿ།༌༌༌ཐོག་རྡོ་རྗེ། ཨ་བ་ནིཿ།༌༌༌སའོ།ཡང་བ་མཐའ་ཉེའིའོ་ཞེས་པས་ཨ་ཉིད་དང༌། ར་ཕ་རོལ་ཉིད་དོ། །བརྟ་ནིཿ།༌༌༌གཅོད་པར་བྱེད་པའི་རྫས། གྲ་ཧ་ཎཿ།༌༌༌ཕྲེང་བར་གནས་པ། ཀྵི་པི་ལས་ཀིཏའོ། །ཀྵི་པ་དེར་བ་ལའོ་ཞེས་པ་འདི་ལས་ཨ་ནི་ཕ་རོལ་ཏུ་འགྱུར་ཟིང་གིཏ་བཞིན་ནོ། །དེས་ན་ཡང་བ་མཐའ་།ཉེའིའོ་ཞེས་པས་ཨཏ་ཨེང་དུ་མི་འགྱུར་རོ། །ར་ཥ་ལ་ཞེས་པས་ཎ་ཉིད། ཀྵི་པ་ཎིཿ།༌༌༌རླུང༌།། ཥ་ཀི་ལས་ཨུ་ནིའོ། །ཤཀླྀ་ནུས་པ་ལའོ། །ལྀ་སྔ་མ་བཞིན་དབྱིའོ། །འདི་ལས་ཨུ་ནི་ཕ་རོལ་ཏུ་འགྱུར་རོ། །ཤ་ཀུ་ནིཿ།༌༌༌།བྱའོ། ཨ་གི་ལས་ནིའོ། །ཨ་ཀ་ཨ་ག་གྱ་གྱུར་འགྲོ་བ་ལའོ། །འདི་ལས་ནི་ཕ་རོལ་ལོ། །ཨགྣིཿ།༌༌༌མེའོ། བཱི་ལས་ནིའོ། །ཨིཎ་བཱི་བཱ་འགྲོ་བ་ལའོ། །འདི་ལས་ནི་ཕ་རོལ། ཎ་ཉིད་ཚིག་ཕྲད་དོ། །བེ་ཎིཿ།༌༌༌ལྷས་མའམ་སྐྲ་བཅིངས་པ།ཤྲུ། ཤྲི། ཡུ། བ་ཧ། རྣམས་ལས་ནིའོ། །ཤྲུ་ཐོབ་པ་ལའོ། །བྷ་ཛ། ཤྲི་བསྟེན་པ་ལའོ། །ཡུ་བསྲེ་བ་ལའོ། །བ་ཧ་ཐོབ་པ་ལའོ། །འདི་རྣམས་ལས་ནི་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་།ཨཏ་ཨེང་ཞེས་པས་ནོ་ཉིད་དང་ཨེ་ཉིད། །ར་ཥ་ལས་ཞེས་པས་ཎ་ཉིད་དོ། །ཤྲུ་ཎིཿ།༌༌༌རྐེད་པའམ་ཕྱོགས། ཤྲེ་ཎིཿ།༌༌༌གྲངས། ཡོ་ཎིཿ།༌༌མོ་མཚན་ནམ་སྐྱེ་གནས། བཧྣིཿ།༌༌༌མེའོ། པཱཪྵྞི་ལ་སོགས་པ་རྣམས་སོ། །པྲྀ་ཥུ་བྲྀ་ཥུ་བཀྲུ་བ་ལའོ། །སྲྀ་འགྲོ་བ་ལའོ། །བྷཱུ་ཡོད་པ་ལའོ། །བྷྲྀ་ཉ་འགེངས་པ་ལའོ། །ཙུ་ར་རྐུ་བ་ལའོ། །ཏུ་ར་མྱུར་བར་བྱེད་པ་ལའོ། །ཛྲྀཥ་རྒས་པ་ལའོ། །འདི་རྣམས་ལས་ནི་ཕ་རོལ་དང་ཚིག་པྲད་མོ་མཚན་ནམ་སྐྱེ་གནས། མཐའོ། །དེ་ལ་པྲྀ་ཥིའི་ཨཱ་ཉིད་དང་ར་ཕ་རོལ་ཉིད་དོ། །པཪྵྞིཿ།༌༌༌རྟིང་པ། བྲྀ་ཥིའི་ཨཏ་ཨེང་དགག་པ་ཚིག་ཕྲད་དོ། །བྲྀཥྞིཿ།༌༌༌དགྲ་བོ། གྷྲྀ་ཎིཿ༌༌༌འོད་ཟེར། སྲྀ་ཎིཿ།༌༌༌ལྕགས་ཀྱུ། བྷཱུ་ནིཿ།༌༌༌སའོ། །བི་བྷརྟིའི་ཨཱུ་ཉིད་དང༌། ར་པ་རོལ། བྷཱུརྞིཿ།༌༌༌སའི་བདག་པོ། ཙུ་རིའི་རིང་པོ་ཉིད། ཙུརྞིཿ༌༌༌ཞིབ་མོ། ཏུ་རིའི་རིང་པོ་ཉིད་


DTG194_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱུརྞྞི།༌༌༌མྱུར་བ། ཛི་ཞེས་པ་འདིའི་ཨུ་ཉིད་དང་ར་ཕ་རོལ་ཉིད། བྱིངས་ཀྱི་ར་བ་དག་ལ་ཨ་ཙ་མེད་པ་དག་ལ་ཨི་ཀའི་རིང་པོ་ཉིད། ཛཱུརྞིཿ།༌༌༌གཏུན་ཤིང༌། དེ་བཞིན་དུ་སྒྲ་གཞན་ཡང་ཤེས་པར་བྱའོ། །བྲྀ་དྲྀ་དག་ལས་བིནའོ། །བྲྀཉ་སྒྲིབ་པ་ལའོ། །ཉ་ཡིག་ནི་ཉི་ཏ་ལའོ་ཞེས་པའི་རྟགས་དོན། །དྲྀང་གུས་པ་ལའོ། །ང་ཡིག་ནི་ཏང་ལྡན་པ་ལས་ཞེས་པའི་རྟགས་དོན་ཏོ། །དེ་དག་ལས་བིན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཨི་ཀའི་ཨེང་ཞེས་པས་ཨ་ཉིད་དོ། །ར་ཕ་རོལ། བརྦིཿ།༌༌༌ཤིང་རྟའོ། དརྦིཿ། སྭརྡཱུཿ། ཛཱ་གྲྀ་ལས་ཀྭིནའོ། ཛཱ་གྲྀ་གཉིད་ཟད་པ་ལའོ། །ཨཀ་ཕྱིས་པ་དང་ཤཱ་སུ་རི་དེ་ཏ་རྣམས་ཀྱི་མ་ཡིན་ནོ་ཞེས་པས་རྀ་ཡིག་དབྱི་བར་མི་འགྱུར་རོ། །དཱི་དྷཱི་བེ་བཱི་དཱ་རི་དྲཱ་ཨུ་རྞུ་དང་ཛཱ་གརྟིའི་འང་ཚི་རེ་ཛི་ཨ་ཙའི་མཐའ་རྣམས་ཀྱི་ནི་བྱིངས་རྣམས་ཀྱི་རྗེས་སུ་འབྲེལ་པ་མ་ཡིན་པའི་སྦྲུབ་པའོ་ཞེས་པའི་རིགས་ལས་སོ། །དེ་ལས་ཀིན་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཀིཏ་ལའོ་ཞེས་པས་ཨཏ་ཨིང་དགག་པའི་དོན། ཛཱ་གྲྀ་བིཿ།༌༌༌རྒྱལ་པོ། ཙྪ་བི་ལ་སོགས་པ་རྣམས་སོ། །ཚ་དང་ལྷག་པར་སྒྲིབ་པ་ལའོ། །ཥྛ་འགྲོ་བ་ལས་ལྡོག་པ་ལའོ། །ཥྛི་བུ་ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ། །རྒྱུ་མཚན་ཞེས་སོགས་ཀྱིས་ཋའི་ཐའོ། །ཀ་ཀི་ཆགས་པ་ལའོ། །ཨི་ཡིག་ནི་ཨི་དི་ཏ་ཀྱི་ནུམའོ་ཞེས་པའི་དོན། འདིས་ནུམ་ཨུ་དང་མ་ཡིག་སྔར་བཞིན་དབྱི། དི་བུ་རྩེ་བ་ལའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །པྲྀ་ཥུ། བྲྀ་ཥུ་བཀྲུ་བའོ། ཛཱི་བ་སྲོག་འཛིན་པ་ལའོ། །ཎཱི་རབ་ཏུ་ཐོབ་པ་ལའོ། །ཎའི་ནའོ། །འདི་རྣམས་ལས་ཀིན་ཕ་རོལ་ཏུ་འགྱུར་རོ། །རྗེས་སུ་འབྲེལ་པ་དབྱིའོ། །རུའིའོ་ཞེས་པའི་རྟགས་དོན་ཏོ། །རེ་ཕའི་རྫོགས་པ་ལ་རྣམ་པར་བཅད་པའོ་ཞེས་པས་ཐིག་ལེ་ཉིས་བརྩེགས་སུ་འགྱུར་རོ། །གླཽཿ།༌༌༌།ཟླ་བ། ནཽཿ།༌༌༌གྲུ། ཛི་ལས་ན་ཀའོ། །ཛི་རྒྱལ་བ་ལའོ། །འདི་ལས་ནག་ཕ་རོལ་ཏུ་འགྱུར་རོ། །ཛི་ནཿ།༌༌༌།རྒྱལ་བའམ་སངས་རྒྱས་རྗེ་བཙུན། ཨུ་ཎ་ལ་སོགས་པའི་འགྲེལ་པ་ལས་རྐང་པ་དང་པོ་རྫོགས་སོ།། །།ཨིན་བྷཱི་ཀཱ་པཱཤ་ལི་མ་རྩི་རྣམས་པས་ཀནའོ། །ཨིཎ་བཱི་བཱ་འགྲོ་བ་ལའོ། །བྷཱི་འཇིག་པ་ལའོ། །ཀཻ་གཻ་རཻ་སྒྲ་ལའོ། ཤིཏ་མ་ཡིན་པ་ལ་ཨེ་ཙའི་ཨཏའོ་ཞེས་པས་ཨཱ་ཉིད་དོ། །པཱ་བཏུང་བ་ལའོ། ཤ་ལ་ཧ་ལ་པ་རླྀ་ལམ་ལ་འགྲོ་བ་ལའོ། །མརྩ་ཞེས་པ་མདོའི་བྱིངས་སོ། །འདི་ལས་ཀན་


DTG194_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་ཀྱི་དོན་ཏོ། །ཨི་ཀའི་ཨཏ་ཨིང་ཞེས་པས་ཨེ་ཉིད་དང༌། སུའི་རུ་ཉིད་ལ་སོགས་པའོ། །ཨེ་ཀཿ།༌༌༌གཅིག་པུ། བྷེ་ཀཿ།༌༌སྦལ་བ། ཀཱ་ཀཿ།༌༌༌བྱ་རོགཔཱ་ཀཿ།༌༌༌།འཚེད་པ། ཤལྐཿ།༌༌༌ཤིང་ཤུན། ཙུའི་ཀུ་ཞེས་པས་ཙའི་ཀའོ། །མརྐཿ།༌༌༌རླུང་ཡུཀ་ལ་སོགས་པ་རྣམས་སོ། །ཡཱུ་བསྲེ་བ་ལའོ། །རྀ་འགྲོ་བ་ལའོ། །པྲ་ཐ་པྲྀ་ཐུ་རྒྱ་ཆེ་བ་ལའོ། །ཨུན་དཱི་ཀླས་པ་ལའོ། །དྱཱུ་རྣམ་པར་གཡོ་བ་ལའོ། །སྱ་མུ་སྭ་ན་དྷཱ་ན་སྒྲ་ལའོ། །ཨ་ཛ་བྲ་ཛ་འགྲོ་བ་ལའོ། བྷཱི་འཇིགས་པ་ལའོ། །ཨིཎ་བཱི་བཱ་འགྲོ་བ་ལའོ། །ཧྲཱི་ངོ་ཚ་བ་ལའོ། །ཨོ་ཧཱ་ཀ་གཏོང་བ་ལའོ། འདི་རྣམས་ལས་ཀན་ཕ་རོལ་ཚིག་ཕྲད་མཐའོ། །དེ་ལ་ཡུ་ཏིའི་རིང་པོ་ཉིད། ཨ་ཙལ་སོགས་པ་དང་ཨཏ་ལས་སོ་ཞེས་པས་ཌཱ་པའོ། །ཌཱ་ཡིག་ལས་ཨཱ་ཡིག་བཟུང་ནས། ཌ་ཡིག་ཌི་ཏ་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཐའི་ཨ་ཙ་ལ་སོགས་པ་དབྱིའོ། །པ་ཡིག་དབྱངས་དོན། དཱི་ཨཱས་རིང་པོ་ལས་སོ་ཞེས་པས་སུ་དབྱིའོ། །གཞན་དུ་རུ་ཉིད་དང་རྣམ་པར་གཅད་པའོ། །ཡཱུ་ཀཱཿ།༌༌༌ཤིག །ཨོ་ཀ་ཎཱིཿ། ཨརྟིའི་ཨརྦྷ་རུ་བསྒྱུར། ཨརྦྷ་ཀཿ།༌༌༌བྱིས་པ། པྲྀ་ཐི་ལས་ཨུ་ཀ་ཨཱ་ག་མའོ། །ཀ་ཡིག་ནི་ཏི་ཏ་བྱ་བའི་དོན་ཏོ། པྲི་ཐུཀཿ།༌༌༌བྱིས་པ། ཨནྡི་ལས་ཨཀ་ཨཱ་ག་མའོ། །ན་ཡིག་དབྱིའོ། །ཨུ་ད་ཀཾ་དྷཱུ་ན་ཏི་ལས་ཨཏ་ཨེང་མེད། དྷཱུ་ཀཿ༌༌༌དུས སྱ་མི་ལས་ཨཱིཊ་ཨཱ་ག་མའོ། །ཊ་ཡིག་ཊིཏ་བྱ་བའི་དོན། སྱ་མཱི་ཀཿ།༌༌༌།གྲོག་མཁར།ཡུ་གྷ་ཉ་ཨས་ཀྱ་རྣམས་མིན་པ་ལ་ཨ་ཛིའི། བཱིའོ་ཞེས་པས་བཱིའི་དངོས་པོའོ། །བཱི་ཀཿ། ཨནྟ་རྒལ་བརྟཱི། ཀཱ་བི་བྷེ་ཏི་ལ་ཨཏ་ཨེང་མེད་དོ། །བྷཱི་ཀཿ།༌༌༌།འཇིགས་བྱེད། ཨི་ཀའི་ཆུ། ཨཏ་ཨེང་ཞེས་པས་ཨེ་ཉིད་དོ། །སེ་ཀཿ།༌༌༌ཤུགས་ཀྱིས་བཞོན་པ་ཚིག་ཕྲད་ལས་ཨཏ་ཨེང་དུ་མི་འགྱུར་རོ། ཧྲཱི་ཀཿ།༌༌༌།སྤོབས་པ་ཞན་པ། ཀ་པི་རི་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཉིད་དོ། །ཧླཱི་ཀཿ། ཧཱ་ཀཿ།༌༌༌།དབྱིད། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཀྲྀ་དཱི་དྷཱ་རཱ་ཨ་རྩ་རྣམས་ལས་ཀའོ། ཌུ་ཀྲིཉ་བྱེད་པ་ལའོ། །ཌུ་དཱ་སྦྱིན་པ་ལའོ། །ཌུ་དྷཱཉ་དང་ཌུ་བྷྲྀཉ་འཛིན་པ་ལའོ། །རཱ་ལཱ་མེན་པ་ལའོ། ཨརྩ་མཆོད་པའོ། འདི་རྣམས་ལས་ཀ་ཕ་རོལ་ཏུ་འགྱུར་རོ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དོ། །ར་པ་རོལ་ཉིད་དོ། །ཀརྐཿ།༌༌༌ཁ་དོག་གི་བྱེ་བྲག །ཀ་པི་རི་ཀ་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཉིད་དོ། །


DTG194_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཀལྐ། གཞན་ཡང་བལྟ་བར་བྱའོ། །དཱ་ཀཿ།༌༌༌མཆོད་སྦྱིན། དྷཱ་ཀཿ།༌༌༌ཟན། ཨ་ཙ་ལ་སོགས་པ་དང་ཨ་ཏ་ལས་སོ་ཞེས་པས་ཌཱཔའོ། །རཱ་ཀཱཿ།༌༌༌ཟླ་བ་ཉ་གང་བ། ཙུའི་ཀུའོ་ཞེས་པས་ཀ་ཡིག་གོ །ཨརྐ།༌༌༌ཉི་མ། ཨུལྐཱ་ལ་སོགས་པ་རྣམས་སོ། །རྀ་འགྲོ་བ་ལའོ། །སྲྀ་འགྲོ་བ་ལའོ། །བྲྀཉ་སྒྲིབ་པ་ལའོ། །བྷྲཱུ་ཡོད་པ་ལའོ། །མུ་ཥ་དུམ་བུ་ལའོ། །བ་ལ་སྡོམ་པ་ལའོ། །ཤུ་ཀ་སྐེམ་པ་ལའོ། །ཥུཉ་མངོན་པར་སྐྱེ་བ་ལའོ། །འདི་རྣམས་ལས། ཀ་ཕ་རོལ་དང་ཚིག་ཕྲད་ཀྱི། མཐའོ། །དེ་ལ་ཨརྩིའི་ཨུ་ཉིད་དང་ར་ཕ་རོལ། རའི་ལ་ཉིད་ཌཱ་པའོ། །ཨུལྐཱ།༌༌༌།སྐར་མདའ་འམ་འབར་བ། མུག་ཨཱ་ག་མའོ། །ཀ་ཡིག་ཀི་ཏ་བྱ་བའི་དོན། མུའི་ཨུ་དབྱི་བར་མི་འགྱུར་བ་ཚིག་ཕྲད་དོ། །ཨུལྨུ་ཀཱ་སརྩིའི་ཨཏ་ཨེང་མེད་དོ།༌༌༌ཕྱེད་ཚིག་པའི་ཤིང་ངམ་མགལ་དུམ།། །པྲྀ་ཀཾ།༌༌༌།ཨུཏྤལ། བྲྀ་ཀཾཿ།༌༌༌ཕྱུགས་ཀྱི་རིགས་བྷཱུ་ཀཾ།༌༌༌འུག་བ། མུཥྐཾ།༌༌༌རླག་པ། བལྐཾ།༌༌༌ཤིང་ཤུན་སྐམ་པོ།༌༌༌ཤུཥྐཾ། ནཱིར་སཾ། སུ་ནོ་ཏིའི་སའི་ཤའོ། །ཤུ་ཀཿ།༌༌ནུ་ཌྷོ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཀྭུནའོ། །ཀྵི་པ་དེད་པ་ལའོ། ལི་ཁ་ཡི་གེ་འདྲི་བ་ལའོ། །ཨ་རྒི་ར་གྷི་ལ་གྷི་གྲོ་བའི་དོན་རྣམས་སོ། །ཨི་དིཏ་ཀྱི་ནུམའོ། དྷ་མ་ཞེས་པ་མདོའི་བྱིངས་སོ། །བ་དྷ་འཆིང་བ་ལའོ། །དེ་ལྟ་བུ་ལ་སོགས་པ་ལ་བྱ་བའི་དོན་ལ་ཀྭུན་ཕ་རོལ་དུ་འགྱུར་རོ། །ན་ཡིག་དབྱངས་དོན། ཀ་ཡིག་ཨཏ་ཨེང་དགག་པའི་དོན། ས་མེད་པའི་ཡུ་བུ་དག་གི་ཨ་ན་ཨ་ཀ་དག་གོ་ཞེས་པས་ཨ་ཀར་བསྒྱུར་རོ། །ཀྵི་པ་ཀཿ།༌༌༌གཡུལ་འགྱེད་པ།ལི་ཁྲ་ཀཿ།༌༌༌ཡི་གེ་པ། ལཾ་གྷ་ཀཿ།༌༌༌མེ་ཏོག་ཕྲེང་རྒྱུད་མཁན།དྷ་མ་ཀཿ།༌༌༌ལས་བྱེད་པ། བ་དྷཀཿ༌༌༌ཤན་པ།ཧའི་གཉིད་ཀྱིས་ཀྱང་ངོ༌། ཨོ་ཧཱ་ཀ་གཏོང་བ་ལའོ། །འདི་ལས་ཀུན་ཕ་རོལ་ཏུ་འགྱུར་རོ། །གཉིས་ཉིད་ཀྱང་ངོ༌། །ཐུང་ངུ་ཞེས་པས་ཐུང་ངུའོ། །ཨཙ་ལ་ཀིཏ་ལའང་ཨཱ་ཏའི་དབྱིའོ་ཞེས་པས་ཨཱ་དབྱིའོ། །ཀུ་ཧ་དག་གི་ཙུའོ་ཞེས་པས་ཀུ་ཉིད་ཀྱི་ཧ་ཡིག་གི་ཛྷ་ཡིག་གོ །ཛྷལའི་ཛས་སོ་ཞེས་པས་ཛས་ཉིད་ཀྱི་ཛྷ་ཡིག་གི་ཛ་ཡིག་གོ །ཛ་ཧ་ཀཿ།༌༌༌།དུས། ཀྲྀ་ཥི་ལས་ཨཙའི་འང་ཨཱ་ཏ་ཡང་ནའོ། །ཀྲྀ་ཥ་རྐོ་བ་ལའོ། །འདི་ལས་ཀུན་ཕ་རོལ་ཏུ་འགྱུར་རོ། །ཨཙའི་གནས་ལ་ཨཱ་ཉིད་དུ་ཡང་ན་འགྱུར་རོ། །རྀ་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །ཀཱཪྵ་ཀཿ།༌༌༌བྲན་བཟའ། ཀྲྀཥ་ཀཿ། བྲ་ཤྩི་མུ་ཥི་ལས་ཀྱང་གི་ཀ་ནའོ། །ཨོ་བྲ་ཥྩཱུ་གཅོད་པ་ལའོ། མུ་ཥ་དུམ་བུ་ལའོ། །ཀྱང་ཡིག་ལས་ཀྲྀ་ཥ་རྐོ་བ་ལའོ། །


DTG194_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་ལས་ཀི་ཀན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཀི་ཡིག་ལ་ཨི་ཡིག་གཟུང་སྟེ། ཀ་ཡིག་ཀི་ཏ་ལའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཀིཏ་ལའང་དེ་རྣམས་ཀྱིའོ་ཞེས་པས་ཎ་ཨི་ཀའོ། །ཡཎའི་ཨི་ཀའོ་ཞེས་པས་ར་ཕ་རོལ་སྔོན་མ་ཉིད་དོ། །བྲྀ་ཥྩྀ་ཀཿ།༌༌༌སྡིག་པ་ཀྱང་ངོ༌།། མུ་ཥི་ཀཿ༌༌༌བྱི་བ། ཀྲྀ་ཥི་ཀཿ།༌༌༌བྲན་བཟའ། ཨཱང་ལས་པ་ཎི་ལ་ཏི་དག་ལས་སོ། །པཎ་གཙུག་ལག་ལའོ། །པ་ཏླྀ་ལམ་ལ་འགྲོ་བ་ལའོ། །འདི་དག་ཨཱང་སྔོན་མ་ཅན་ལ་ཀི་ཀན་ཕ་རོལ་ཏུ་འགྱུར་རོ། །ང་ཡིག་ཨཱང་མཱང་དག་ལས་སོ་ཞེས་པའི་རྟགས་དོན་ཏོ། །ཨཱ་པ་ཎི་ཀཿ།༌༌༌ཚོང་པ།ཨཱ་པ་ཏི་ཀཿ།༌༌༌བྱིས་པ། སྱ་མུའི་ཡའི་ཨཱིཏ་སྱ་མུ་སྭ་ན་དྷྭ་ན་སྒྲ་ལའོ། །འདི་དག་ལས་ཀི་ཀན་ཕ་རོལ། ན་དབྱངས་དོན། །ཡའི་ཨཱི་ཡིག་གོ །སི་མི་ཀཿ།༌༌༌ཤིང༌། བྷཱི་ཤཱི་དག་ལས་ཨན་ཀའོ། །བྷཱི་འཇིགས་པ་ལའོ། །ཤཱིང་ཉལ་བ་ལའོ། །འདི་དག་ལས་ཨཱ་ཀ་ཕ་རོལ་ཏུ་འགྱུར་རོ། །ཨིཀའི་ཨཏ་ཨེང་ཞེས་པས་ཨེ་ཡིག་གོ །ཨེཙའི་ཨ་ཡ་ཨ་བ་ཨཱ་ཡ་ཨཱ་བ་རྣམས་སོ་ཞེས་པས་ཨ་ར་རུ་བསྒྱུར་རོ། །བྷ་ཡཱན་ཀཿ།༌༌༌འཇིགས་རུང་ངམ་ནགས་འཐིབས་སོ། ཤ་ཡཱ་ན་ཀཿ།༌༌༌།གནིད་ལོག་པ། སི་གྷི་ལས་ཨཱཎ་ཀའོ། །སི་གྷི་སྣོམ་པ་ལའོ། །ཨི་ཡིག་གནི་སི་དིཏ་ལས་ནུ་མྸོ་ཞེས་པའི་རྟགས་དོན། ནུམ་དང་རྗེས་སུ་ང་རོ་ལ་སོགས་པ་སྔར་བཞིན་ནོ། །འདི་ལས་ཨཱན་ཀ་ཕ་རོལ་ཏུ་འགྱུར་རོ། སིཾ་གྷཱ་ཎ་ཀ༌༌༌སྣ་བས་སོ། །ཀྲྀ་ཏི་བྷི་དིར་ལ་ཏི་ལས་ཀྟི་ཀནའོ། །ཀྲྀ་ཏཱི་གཅོད་པ་ལའོ། །བྷཱི་དིར་རྣམ་པར་འཇོམས་པ་ལའོ། །ལ་ཏ་ཞེས་པ་མདོའི་དབྱིངས་སོ། །འདི་དག་ལ་ནི་ཀ་ཏན་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཀི་ཏ་བྱ་བའི་དོན། ཌཱ་པའོ། །ན་ཡིག་དབྱངས་དོན་ཏོ། །ཀྲྀརྟི་ཀཱཿ།༌༌༌སྨིན་དྲུག།ཁར་ལ་ཛྷ་ལའི་ཙརའོ་ཞེས་པས་ད་ཡིག་གི་ཏ་ཡིག་གོ །བྷིརྟི་ཀཱ།༌༌༌བརྩིགས་པ། ལརྟཱི་ཀཱཿ།༌༌༌འཁྲི་ཤིང༌། ཨི་ཥི་ལས་ཀྟ་ཀ་ནའོ། །ཨི་ཥུ་འདོད་པ་ལའོ། །འདི་ལས་ཀྟ་ཀན་ཕ་རོལ་ཏུ་འགྱུར་རོ། །ཚ་དིའིད་ཡིག་དབྱིའོ། །ཚ་བིཿ།༌༌༌།བགས་པ། ཏིཥྛ་ཏིའི་ཐུང་བ། སྠི་བི།༌༌༌།ཐག་པ། ཀ་ཀའི་ན་དབྱི། །ཀའི་ཡིག་ནི་ཨི་ཉིད། །བི་ཡིག་གི་ཨི་།ཡིག་བཟུང་ནས་བ་ཡིག་དབྱི་བ་ཚིག་ཕྲད་དོ། །ཀི་ཀིཿ།༌༌༌བྱ། དི་བིའི། བ་ཡིག་དབྱི། དི་བིཿ།༌༌༌ཉི་མ། བྱིངས་དེ་ཉིད་གཉིས་ཉིད་དོ། །དི་བིའི་ཧལ་དང་པོ་མ་ཡིན་པའིའོ་ཞེས་པས་བ་དབྱིའོ། རིང་པོ་ཉིད་ཀྱང་ངོ༌། །ཕྱི་མའི་ཆོ་ག་ལ་མ་ཡིག་


DTG194_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིའོ། །དཱི་དི་བིཿ།༌༌༌མཐོ་རིས། ཀྲྀ་བིཿ།༌༌༌ཁྲོན་པ།བྲྀཥྭིཿ།༌༌༌རིམས་ནད། ཛི་བའི་བ་དབྱིའོ། །ཛཱི་བིཿ།༌༌༌ཨོ་ཥ་དྷི། ནཱི་བིཿ།༌༌༌ཐོབ་པ། དེ་བཞིན་དུ་སྒྲ་གཞན་ཡང་བལྟ་བར་བྱའོ། །དྲྀ་བ་སི་དག་ལས་ཀིནྟའོ། །དྲྀང་མ་གུས་པ་ལའོ། །བ་ས་གནས་པ་ལའོ། །འདི་དག་ལ་ཀྟིན་ཕ་ཏོལ་ཏུ་འགྱུར་རོ། །ཀ་ཡིག་ཨཏ་ཨེང་དགག་པའི་དོན། ན་ཡིག་དབྱངས་དོན། དྲྀ་ཏིཿ།༌༌༌།པགས་པ། བསྟིཿ།༌༌༌ཆུ་བོ། པཱ་ཏི་ལས་ཌི་ཏིའོ། པཱ་སྲུང་བ་ལའོ། །ཌ་ཏི་ཕ་རོལ། ཌ་ཡིག་ལས་ཨ་ཡིག་གཟུང་སྟེ་ཌ་ཡིག་ནི་ཌིཏ་ཀྱི་དོན་ཏོ། །དེས་ན་ཌྀཏ་ལ་ཨཱ་ཡིག་དབྱིའོ། །པ་ཏིཿ།༌༌༌།བདག་པོའམ་རྗེ་བོ།ཨ་མི་ལས་ཨ་ཏིའོ། །ཨ་མ་ནད་ལའོ། །འདི་ལ་ཨ་ཏི་ཕ་རོལ་ཏུ་འགྱུར་རོ། ཡ་མ་ཏིཿ།༌༌༌དུས། བ་ཧི་བ་སི་དག་ལས་ཙི་ཏའོ། །བ་ཧ་ཐོབ་པ་ལའོ། །བ་ས་གནས་པ་ལའོ། །འདི་དག་ལ་ཨ་ཏི་ཕ་རོལ་ཏུ་འགྱུར་ཞིང་ཚི་ཏ་བཞིན་ནོ། །བ་ཧ་ཏིཿ།༌༌༌བ་གླང༌། བ་ས་ཏིཿ།༌༌༌གྲོང་དུ་གནས་པ། ཏནྟྲི་ལས་ཨཱིའོ། ཏནྟྲ་ཞེས་པ་མདོའི་བྱིངས་སོ། །འདི་ལས་ཨཱི་ཕ་རོལ་ཏུ་འགྱུར་རོ། །ཏནྡྲཱིཿ།༌༌༌།རྒྱལ་བ།། ལཀྵ་ལས། མུ་ཊའང༌། ལཀྵ་ལྟ་བ་ལའོ། འདི་ལས་ཨཱི་ཕ་རོལ་ཏུ་འགྱུར་ཞིང༌། མུ་ཊའོ། ཨུ་ཡིག་བརྗོད་དོན། ཊ་ཡིག་ཊི་ཏ་བྱ་བའི་དོན་ཏོ། །ལཀྵྨཱི།༌༌༌དཔལ་ལམ་ཕུན་ཚོགས། ཨ་བཱི་ལ་སོགས་པ་རྣམས་སོ། །ཨ་བ་རཀྵ་སྐྱོང་བ་ལའོ། །ཏྲཱི་རྒྱལ་བ་ལའོ། །སྟྲི་འགེབས་པ་ལའོ། ཡཱ་ཐོབ་པ་ལའོ། །པཱ་སྲུང་བ་ལའོ། །མཱ་ཚད་ལའོ། །བཱ་ཏ་པྲ་སྔོན་དུ། འདི་རྣམས་ལས་ཨཱི་ཕ་རོལ་དང་ཚི་ཕྲད་མཐའོ། །ཨ་བཱིཿ།༌༌༌།རབ་གསལ། ཨི་ཀའི་ཨཏ་ཨེང་ཞེས་པ་ཨཱ་ཉིད་དོ། །ར་ཕ་རོལ་ཉིད། ཏ་རིཿ།༌༌༌རྒྱ་མཚོ། སྟ་རིཿ།༌༌༌མོའོ། སྟ་རཱིཿ། ཡ་སའི་གཉིས་ཉིད། །ཐུང་ངུ་དང་ཨ་ཡིག་དབྱི་བ་ཚིག་ཕྲད་དོ། །ཡ་ཡཱིཿ།༌༌༌རྟ། པ་པཱིཿ།༌༌༌ཉི་མ། ཚིག་ཕྲད་ལས་ཨ་ཡིག་དབྱི་བ་འང་ངོ༌། །བཱ་ཏ་པྲ་མིཿ།༌༌༌རླུང་ལྟ་བུའི་རི་དགས། དེ་བཞི་དུ་གཞན་ཡང་བལྟ་བར་བྱའོ། །རཱ་ཏི་ལས་ཌེའོ། །རཱ་ལཱ་ལེན་པ་ལའོ། །དེ་ལས་ཌེ་ཕ་རོལ་ཏུ་འགྱུར་རོ། །ཌཻ་ཡིག་ལ་ཨཻ་ཡིག་གཟུང་བར་བྱ་སྟེ། ཌ་ཡིག་ནི་ཌི་ཏ་ལའོ་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་དབྱི་བའི་དོན་ཏོ། །རཻཿ། སུའི་ཨུ་ཡིག་སུའིའོ་ཞེས་པའི་རྟགས་དོན། རཻའི་ཧལ་ལའོ་ཞེས་པས་ཨཻ་ཡིག་གི་ཨཱ་ཡིག་གོ །སུའི་རུ་ཉིད་དང་རྣམ་པར་བཅད་པའོ། །རཱཿ།༌༌༌གསེར། ག་མི་ལས་ཌོའོ། །ག་མླི་སྲྀ་སླྀ་འགྲོ་བ་ལའོ། །ཌོ་འགྱུར་རོ། །ཌོ་ཡིག་ལས་ཨོ་ཡིག་


DTG194_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་སྟེ། ཌ་ཡིག་ནི་ཌི་ཏ་ལའོ་ཞེས་པའི་རྟགས་དོན། མཐའི་ཨ་ཙ་ལ་སོགས་པ་ཞེས་པས་མ་ཡིག་དང་ཨ་ཡིག་དབྱིའོ། །སུའོ། །སུའི་ཨུ་ཡིག་སུའིའོ་ཞེས་པས་རྟགས་དོན། རང་དོན་ལ་གོའི་ཨཽའོ་ཞེས་པས་ཨོ་ཡིག་གི་ཨཽ་ཡིག་གོ །སུའི་རུ་ཉིད་དང༌། རྣམ་པར་གཅད་པའོ། །གཽཿ།༌༌༌སའོ།། གླཱཿ། ནུ་དི་དག་ལས་ཌཽའོ། །གླཻ་དགའ་བ་ཟད་པ་ལའོ། །ཤིཏ་མ་ཡིན་པ་ལ་ཨེ་ཙའི་ཨཏའོ་ཞེས་པས་ཨཱ་ཉིད་དོ། །ཎུ་དའོ། །ཀྵི་བ་དེད་པ་ལའོ། །ཎའི་ནའོ། །འདི་དག་ལས་ཌཽ་ཕ་རོལ་ཏུ་འགྱུར་རོ། །ཌཽ་ཡིག་ལས་ཨཽ་ཡིག་གཟུང་ནས་ཌ་ཡིག་ནི་ཌི་ཏ་ལའོ་ཞེས་པའི་རྟགས་དོན། །མཐའི་ཨ་ཙ་ལ་སོགས་པ་དབྱིའོ། །དང་པོའི་གཅིག་ཚིག་སུའོ། །ཨུ་ཡིག་སུའིའོ་ཞེས་པའི་རྟགས་དོན། སས་ཛུ་ཥ་དག་གི་ཞེས་པས་རུ་ཉིད། ཨུ་ཡིག་ཨཏ་ལས་ཧ་ཤ་ལའང་ཀ་ཡིག་ཨཏ་ཨེང་དགག་པའི་དོན་ཏོ། །སྟུའི་ཤྩུ་དང་ཥྚུ་དག་གི་དེ་དག་གོ་ཞེས་པས་ཏའི་ཌའོ། །ཌཱ་པ་ཨིཥྚ་ཀཱ།༌༌༌སོ་ཕག །ཨ་ཤ་ལས་སོ། །ཨ་ཤ་ཟ་བ་ལའོ། །འདི་ལས་ཀ་ཏ་ཀན་ཕ་རོལ། །ན་དབྱངས་དོན། །ཀ་ཡིག་གི་ཏ་བྱ་བའི་དོན་ཏོ། །སྟུའི་ཤྩུ་ཥྚུ་ཉིད། བྲཤྩ་ཞེས་པས་ཥ་ཉིད་དོ། །ཨཥྚ་ཀཿ།༌༌༌།བརྒྱད་པའམ་དགེ་འདུན། བ་ལི་པ་ཏི་དག་ལས་ཨཱ་ཀའོ། །བ་ལ་སྡོམ་པ་ལའོ། །པ་ཏླྀ་ལམ་ལ་འགྲོ་བ་ལའོ།། འདི་དག་ལས་ཨཱ་ཀ་ཕ་རོལ་ཌཱ་པའོ། །བཱ་ལཱ་ཀཱཿ།༌༌༌།བྱའི་རིགས། པ་ཏཱ་ཀཿ།༌༌༌བ་དན་ནམ་རྒྱལ་མཚན། པི་ནཱ་ཀ་ལ་སོགས་པ་རྣམས་སོ། །པཱི་ནཱ་ཀ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པའི་སྒྲ་རྣམས་ལ་ཨཀ་ཕ་རོལ་དང་ཚིག་ཕྲད་ཀྱི་མཐའོ། །པཱ་སྲུང་བ་ལའོ། །གཱང་ཤྱཻང་འགྲོ་བ་ལའོ། །ཤིཏ་མ་ཡིན་པ་ལ་ཨེཙའི་ཨཱཏའོ། །ཁ་ཛ་སྲུབ་པ་ལའོ། །མ་ན་ཤེས་པ་ལའོ། གུ་པ་སྦེད་པ་ལའོ། །ཏ་ཌ་ཀུན་དུ་བསྣུན་པ་ལའོ། །ཤ་ལ་ཧྭ་ལ་པ་ཏླྀ་ལམ་ལ་འགྲོ་བ་ལའོ། །ཎ་ཤ་མི་མཐོང་བ་ལའོ། །ཎའི་ནའོ། །ཨ་ཊ་པཊ་ཨིཊ་ཀཊ་ཨི་འགྲོ་བ་ལའོ། །བི་ཏ་ཤེས་པ་ལའོ། །ཎམ་རབ་ཏུ་འདུད་པ་དང་སྒྲ་ལའོ། །ཎའི་ནའོ། །ཀུར་ཁུ་ར་ཚུ་ར་གཅོད་པ་ལའོ། །བྷདི་དགེ་བ་ལའོ། །ཨི་ཡིག་ནི་ཨི་དི་ཏ་ལས་ནུམའོ་ཞེས་པའི་རྟགས་དོན། ནུམ་ཡང་ངོ༌། །དེ་ལ་པཱ་ཏི་ཨི་ནིད་ནུམ་ཨཱ་ག་མའོ། །པི་ནཱ་ཀཿ།༌༌༌རྩེ་གསུམ། །ཤྱཱ་ཡ་ཏིའི་མུ་ཀའང་ངོ༌། །ཤྱཱ་མཱ་ཀཿ།༌༌༌རྩྭའི་རིགས། ཁ་ཛཱ་ཀཿ།༌༌༌བྱ་རོལ་མ་ན་ཀཿ།༌༌༌ཆུང་ངུ༌།


DTG194_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གུ་པའི་བའོ། །གུ་བཱ་ཀཾཿ།༌༌༌ཤུ་གའི་འབྲས་བུ། ཏ་ཌཱ་ཀཿ།༌༌༌ཆུའོ། ཤ་ལཱ་ཀཿ།༌༌༌སྨན་ཐུར། པ་ཊཱ་ཀཿ།༌༌༌གོས།ན་ཤཱ་ཀཿ།༌༌༌ལྕགས། བི་དིའི་ཨཏ་ཨེང་མེད། བི་དཱ་ཀཿ།༌༌༌ཡེ་ཤེས། ནཱ་མ་ཀཿ། པཙྪི་ལཾ། བྷཾ་ད་ཀཿ།༌༌༌དགེ་བའོ། ཁུ་རཱ་ཀཿ།༌༌༌གནད་བཅོད་པའི་རྫས། གོ་ར་ཀཿ།གྲལ་སའམ་ཟོལ་བ།༌༌༌དཱུརྟཿ། བྷནྜ་ཀཿ།༌༌༌རབ་ཏུ་བཟོད་པའི་ངང་ཚུལ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཀྲཱྀ་ལས་ཨི་ཀ་ནའང་ངོ༌། །ཌུ་ཀྲྀཉ་རྫ་ཚང་བ་ལའེ། འདི་ལས་ཀི་ཀན་ཕ་རོལ། ཀཱི་ཡིག་ལས་ཨཱི་ཡིག་བཟུང༌། ནས། ཀ་ཡིག་ཨཏ་ཨེང་དགག་པའི་དོན་ན་ཡིག་དབྱངས་དོན། འདི་ལས་ཨཾ་ནྐན་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨ་ཏ་ཨེང་ཞེས་པས་ཨི་ཉེད་དོ། །ཨེ་ཙའི་ཨ་ཡ་ཨ་བ་ཨཱ་ཡ་ཨཱ་བ་རྣམས་སོ། །ཀྲ་ཡི་ཀཿ།༌༌༌ཚོང་བ། ཀྲེ་ཏཱ།༌༌༌ཚོང་པ། ཨལ་ཨི་ཥི་ལས་ཀཱི་ཀནའོ། །ཨལ་ཞེས་པ་མདོའི་བྱིངས་སོ། །ཨི་ཥུ་འདོད་པ་ལའོ། །འདི་དག་ལས་ཀི་ཀན་ཕ་རོལ། ཀཱི་ཡིག་ལས་ཨི་ཡིག་བཟུང་ནས། ཀ་ཡིག་ཨ་ཏ་ཨེང་དགག་པའི་དོན། ན་དབྱངས་དོན། ཨ་ལཱི་ཀཿ།༌༌༌བརྫུན། ཌཱ་པ། ཨི་ཥཱི་ཀཱཿ།༌༌༌ཤིང་བར་གྱི་གནས་སོ། ཀིཾ་ཀི་ནཱི་ཀཱ་ལ་སོགས་པ་རྣམས་སོ། །ཀིཾ་ཀ་ནཱི་ཀཱ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་སྒྲ་རྣམས་ལ་ཀི་ཀན་ཕ་རོལ་དང་ཚིག་ཕྲད་ཀྱི་མཐའོ། །ཀ་ཎ་སྒྲ་ལའོ། །ཏི་མ་སྟིམ། ཥ་ཊི་གཤེར་བར་གྱུར་པ་ལའོ། །མྲྀ་དུ་ཕྲ་མོ་ལའོ། །མྲྀ་ཌ་བདེ་བར་བྱེད་པ་ལའོ། །པ་ཏླྀ་ལམ་ལ་འགྲོ་བ་ལའོ། །བྲྀཉ་སྒྲིབ་པ་ལའོ། །ཛི་ཥ་རྒས་པ་ལའོ། །བ་ལ་སྡོམ་པ་ལའོ། །རི་ཛཱི་འགྲོ་བ་ལའོ། །བྲཧ་བལླ་གཙོ་བོ་ལའོ། །ཤྲཱྀ་འཚེ་བ་ལའོ། །པྲཱྀ་ཀྱོང་བ་ལའོ། །དྲཱྀ་རྣམ་པར་འཇོམས་པ་ལའོ། །པཱ་ར་ཞེས་པ་མདོའི་དབྱིངས་སོ། །སྲཱྀ་འགྲོ་བ་ལའོ། །མ་ན་ཤེས་པ་ལའོ། །ཀ་ཎ་སྒྲ་ལའོ། །དེ་ལ་ཀ་ཎིའི་ཨཏ་ཨི་སང་གཉིས་ཉིད་དོ། །ཧལ་དང་པོ་མ་ཡིན་པའི་འོ་ཞེས་པས་ཎ་ཡིག་དབྱི། ཀིཾ་སྔོན་དང་ནུམ་ཨཱ་ག་མའོ། །ཨུ་ཡིག་བརྗོད་དོན། །མ་ཡིག་མི་ཏ་ཨ་ཙ་མཐའ་ལས་ཕ་རོལ་ལོ་ཞེས་པའི་རྟགས་དོན། །ཀ་དང་ནཡིག་སྣག་མ་བཞིན་དུ་དབྱི། རྗེས་སུ་ང་རོ་ལ་སོགས་པ་སྔ་མ་བཞིན་ནོ། །ཌཱ་པའོ། །ཀིཾ་ཀི་ཎཱི་ཀཿ།༌༌༌དྲིལ་བུ་གཡེར་ཀ །ཏི་མའི་ཌ་ཉིད་དང་གཉིས་ཉིད་དོ། །ཏིཾ་ཏི་ཌཱི་ཀཱཿ།༌༌༌ཤིང་གི་རིགས། མྲྀ་དི་ལས་བུ་ཀ་ཨཱ་ག་མའོ། །མྲྀ་དྭཱི་ཀཱཿ།༌༌༌རྒུན་འབྲུམ། མྲྀ་ཌཱི་ཀཿ། པ་ཏྲིའི་ཏྲིཀ་ཚིག་ཕྲད་ཀྱི་མཐའོ། །ཀ་ཡིག་ཀིཏ་བྱ་བའི་དོན། ཡན་དུ་བསྒྱུར་བར་རེ་ཕའོ། །པ་ཏྲ་ཏྲཱི་


DTG194_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱཿ།༌༌༌རྒྱལ་མཚན་ནམ་བྱའོ། དྲྀཎོ་ཏིའི་ཨཏ་ཨེང་དང་ར་ཕ་རོལ་གཉིས་ཉིད་དོ། །ཧ་ལ་དང་པོ་མ་ཡིན་པའི་དབྱི་བ་མེད་དོ། །སརྦ་རཱི་ཀཱ་ཏ་རུ་ཎཱི།༌༌༌གཞོན་ནུ་མ། ཛྲི་ཎོ་ཏི་ཡང་དེ་བཞིན་ནོ། །ཛརྫ་རཱྀ་ཀཱ།༌༌༌རྒན་མོ། བ་ལཱི་ཀཱ། ཨུ་ད་རཱ་བརྟིཿ། རི་ཛཱི་ཀཱ།༌༌༌དྲང་པོ། བལྨཱི་ཀཿ།༌༌༌ཡུལ་ལྗོངས་པ། ཤྲྀ་ཎོ་ཏིའི་ཨ་ཏ་ཨེང་དང་ར་ཕ་རོལ་གཉིས་ཉིད་དོ། །ཤཪྴ་རཱི་ཀཿ།༌༌༌དབང་པོ པརྤ་རཱི་ཀཱཿ།༌༌༌རྟའི་ཁ་ཆུ། དརད་རཱི་ཀཿ། མརད་ལ་ཀཿ། བརྡི་ལས་ནུཀའོ། །འདི་ལས་ནུཀ་ཨུ་དང་ཀ་དག་སྔ་མ་བཞིན་དབྱིའོ། །ར་ཥ་ལས་ཞེས་པ་ཎ་ཉིད། །འཆུ།༌༌༌པྲྀ་ཎཱི་ཀཱ་ལཱ་ལཱ་མ་ནའི་ཚིག་ཕྲད་ལས་ནའི་ཎ། མ་ཎཱི་ཀཱ།༌༌༌སྐེ་རགས། ཀ་ཎི་ཀཱ།༌༌༌ཕྲ་མོའི་རིགས། ཀྲྀཉ་ལ་སོགས་པ་རྣམས་ལ་བུནའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །པྲཱྀ་འགྲོ་བ་ལའོ། །ནྲྀ་ཚུལ་ལའོ། །ཏྲཱྀ་རྐྱལ་བ་ལའོ། །ཌུ་བྲྀཉ་འཛིན་པ་ལའོ། །བྲྀཉ་སྒྲིབ་པ་ལའོ། །ཛ་ནི་རབ་ཏུ་སྐྱེ་བ་ལའོ། ཀཱ་ནཱི་འབར་བ་ལའོ། །ག་ཎ་གྲངས་ལའོ། །དེ་ལྟ་བུ་ལ་།སོགས་པ་ལས། བུན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ས་མེད་པའི་ཡུ་བུའི་ཨན་ཨ་ཀ་དག་གོ་ཞེས་པས་ཨ་ཀ་རུ་བསྒྱུར་རོ། །ཨི་ཀའི་ཨཏ་ཨེང་དང་ར་ཕ་རོལ་ཉིད་དོ། །ཀ་ར་ཀཿ།༌༌༌།སྤྱི་བླུགས་སམ་ཆང་གི་སྣོད། ས་ར་ཀཿ།༌༌༌ཆང་གི་བཏུང་བ། ན་ར་ཀཿ།༌༌༌དམྱལ་བའི་སྡུག་བསྔལ་གྱི་གནས། ཏ་ར་ཀཿ།༌༌༌སྤུན་ཟླ་བྷ་ར་ཀཿ།༌༌༌རྗེ་བོ། བ་ར་ཀཿ། ཛན་ཀཿ།༌༌༌ཕའོ། ཀ་ན་ཀཿ།༌༌༌གསེར། ག་ན་ཀཿ།༌༌༌མཚན་མ་མཁན་པོ། ཤ་ལི་མཎྜི་དག་ལས་ཨཱུ་ཀཉའོ། །ཤ་ལ་ཧྭ་ལ་པཏླྀ་ལམ་ལ་འགྲོ་བ་ལའོ། །མ་ཌི་རྒྱན་ལའོ། །ཨི་དིཏ་ཀྱི་ནུམའོ། །འདི་དག་ལས་ཨཱུཀ་ཉ་ཕ་རོལ་ཏུ་འགྱུར་རོ། །ཉ་ཡིག་ཨཏ་ཨཻཙའི་དོན། ཉྞིཏ་ལའོ་ཞེས་པས་ཤ་ཡིག་གི་ཨཱ་ཡིག་གོ །ཤཱ་ལཱུ་ཀཿ།༌༌༌ཨུཏྤལ་ལ་སོགས་པའི་རྩ་བ། མཎྜིའི་མཐའ་ཉེ་མ་ཡིན་པའི་ཕྱིར་རིང་པོར་མི་འགྱུར་རོ། །མཎྜཱུ་ཀཿ།༌༌༌།སྦལ་པ། ཨ་ལཱུ་ཀ་ལ་སོགས་པ་རྣམས་སོ། །རྀ་འགྲོ་བ་ལའོ། །མ་ན་ཤེས་པ་ལའོ། །བ་ལ་སྡོམ་པ་ལའོ། །ཛ་ལ་སོ་བ་ལའོ། །པྲྀ་ཙི་ཚོགས་པ་ལའོ། །མྲྀང་སྲོག་གཏོང་བ་ལའོ། །མ་ལ་མལླ་འཛིན་པ་ལའོ། ཀ་ཎ་སྒྲ་ལའོ། །བྷ་ལ་བྷལླ་ཡོངས་སུ་བཤད་པ་ལའོ། པ་ཙི་གསལ་པོར་བྱེད་པ་ལའོ། །ཀ་ཙ་འཆིང་བ་ལའོ། །འདི་ལྟ་བུའི་སྒྲ་རྣམས་ལ་ཨཱུ་ཀ་ཉ་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་ཨརྟིའི་ཨུ་ཉིད་དང༌། ར་ཕ་རོལ་དང༌།


DTG194_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉིད་དོ། །ཨུ་ལཱུ་ཀཿ།༌༌༌འུག་པ། མ་ནའི་ནའི་དྷའོ། །མ་དྷཱུ་ཀཿ།༌༌༌།ཤིང་ག་རི།བལླུ་ཀཿ། ཧི་ས་ཀཿ། ཛ་ལཱུ་ཀཿ།༌༌༌ཆུ་ལས་འབྱུང་བ། པྲྀ་ཙཱུ་ཀཿ།༌༌༌བུག་པ། མྲྀངའི་ཨཏ་ཨེང་དང་ར་ཕ་རོལ། མ་རཱུ་ཀཿ།༌༌གཤིན་རྗེའི་གྲོང༌། །མ་ལཱུ་ཀཿ།༌༌༌སྲིན་པོའི་རིགས། ཀ་ཎིའི་རིང་པོ་ཉིད། ཀཱ་ཎཱུ་ཀཿ།༌༌༌ཞར་བ། བྷཱ་ལཱིའི་ཨཱ་ཉིད། བྷཱ་ལཱུ་ཀཿ།༌༌༌།དོམ། ཀ་ཙཱུ་ཀཱཿ།༌༌༌འུག་པ། ཤཱ་ལ་པ་ཙའི་ཨི་ཉིད། པི་ཙཱུ་ཀཱཿ།༌༌༌།ཤིང་བལ།། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །ཤ་མི་ལས་ཁའོ། ཤ་མུ་ད་མུ་ཉེ་བར་ཞི་བ་ལའོ། །འདི་ལས་ཁ་མུ་ཕ་རོལ། ཧལ་ལས་མའི་ཞེས་པ་རྗེས་སུ་ང་རོ། ཡ་ཡ་ལ་རྗེས་སུ་རོའི་ཡམའོ། ཞེས་པས་ཆེ་ཉེ་བའི་ང་ཡིག་གོ །ཤངྑཿ།༌༌༌།དུང་ངམ་ཆུ་ལས་འབྱུང་བ། མུ་ཧི་ལས་ཁར་ཏེ་མཱུར་འང་ངོ༌། །མུ་ཧ་རྣམ་པར་རྨོངས་པ་ལའོ། །དེ་ལ་ཁར་ཕ་རོལ། །རེ་ཕ་དབྱངས་དོན། འདིས་མུ་ཧའི་མཱུར་དུ་བསྒྱུར་རོ། །མཱུརྑཿ།༌༌༌རྨོངས་པའམ་བྱིང་བ། ཤི་ཁཱའོཿ། ཤཱིང་ཉལ་བ་ལའོ། །འདི་ལས་ཁ་ཕ་རོལ་ཐུང་ངུ་ཉིད་ཌཱ་པའོ། །ཤི་ཁཱ་མུ་དི།༌༌༌གཙུག་ཕུད་དམ་འབར་བ། གྲཱྀ་དག་ལས་གག་དང་ག་དག་གོ །མུ་ད་དགའ་བ་ལའོ། །གྲཱྀ་ངེས་པར་གནོན་པ་ལའོ། །འདི་དག་ལ་ཀ་ག་དང་ག་ཕ་རོལ་དུ་འགྱུར་རོ། །ཀ་ཡིག་ཨཏ་ཨེང་དགག་པའི་དོན་ཏོ། །མུངྒཿ།༌༌༌སྲན་མ། གརྒཿ།༌༌༌དྲང་སྲོང༌། པ་ཏི་ལས་ཨཾ་ག་ཙའོ། །པཏླྀ་ལམ་ལ་འགྲོ་བ་ལས། ག་ཙ་ཕ་རོལ། ཙ་དབྱངས་དོན་ཏོ། །པ་ཏཾ་ག༌༌༌།ཕྱེ་མ་ལེབ།།ག་མི་ལས་གནའོ། །གམླྀ་སྲྀ་པླྀ་འགྲོ་བ་ལའོ། །འདི་ལས་གན་ཕ་རོལ་ན་ཡིག་དབྱངས་དོན། །ཛྷལ་ལ་མཐའ་མ་ཡིན་པའི་ནའི་འང་ཞེས་པས་རྗེས་སུ་ང་རོ། ཡ་ཡ་ལ་རྗེས་སུ་ང་རོའི་ཡམའོ་ཞེས་པས་ཆེས་ཉེ་བའི་ང་ཡིག་གོ །ཌཱ་པ། གངྒཱ།༌༌༌ཆུ་བོ་གངྒཱའམ་ཛཧྣུའི་བུ་མོ། ཤྲཱྀངྒཱ། ཨང༌། དྷྲྀངྒ་རྣམས་སོ། ཤྲཱྀ་འཚེ་བ་ལའོ། །ཨ་གི་ར་གི་ལ་གི་འགྲོ་བའི་དོན་རྣམས་སོ། །ཌུ་དྷཱཉ་ཌུ་བྷྲྀ་ཉ་འཛིན་པ་ལའོ། །འདི་དག་ལས་གན་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ནས་ཤྲཱྀ་ཎ་ཏིའི་ཏུང་ངུ་ཉིད་དང་ནུམ་ཨཱ་ག་མའོ། །ཨུ་ཡིག་བརྗོད་དོན། །མ་ཡིག་སྔར་བཞིན་དབྱིའོ།།རྗེས་སུ་ང་རོའི་ང་ཡིག་གོ །ཤྲྀངྒཿ།༌༌༌རྭ། ཨཾ་གའི་ག་ཡིག་དབྱིའོ། །ཨངྒཾཿ།༌༌༌ལུས། བྷྲྀཉ་ནུམ་ཨཱ་ག་མའོ། །བྷྲྀངྒཿ།༌༌༌བུང་བ། ཛ་ནི་ལས་གྷའོ། །ཛ་ནི་རབ་ཏུ་སྐྱེ་བ་ལའོ། །འདི་ལས་གྷ་ཕ་རོལ། རྗེས་སུ་ང་རོ་ལ་སོགས་པ་སྔ་མ་བཞིན་ནོ། །ཌཱ་པ། ཛིགྷཱ།༌༌༌པུས་མོ།ཀ་ཙ་ལས་ཚའོ། །ཀ་ཙ་འཆེང་བ།


DTG194_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །འདི་ལས་ཚ་ཕ་རོལ། ཀཙྪཿ།༌༌༌།རྩི་བ་ལོགས། ཤ་ཀ་ལ་སོགས་པ་རྣམས་ལ་ཨཊ་ནའོ། །ཤ་ཀླྀ་ནུས་པ་དག་ལའོ། །ཨ་བ་རཀྵ་སྐྱོང་བ་ལའོ། །ཀུ་ལ་གྲངས་ལའོ། །ཏེ་བྲྀ་དེ་བྲྀ་རྩེ་བ་ལའོ། །མརྐ་ཞེས་པ་མདོའི་བྱིངས་སོ། །ཀ་མུ་མཛེས་པ་ལའོ། །འདི་རྣམས་ལས་ཨེ་ཊན་ཕ་རོལ་ཏུ་འགྱུར་རོ། །ན་དབྱངས་དོན། ཤ་ག་ཊཾ།༌༌༌ཤིང་རྟཱམ་བཞོན་པ། ཨ་པ་ཊཾ།༌༌༌།དགོན་པ། ཌཱཔ། མང་པོ་ལས་ཨཏ་ཨེང་དུ་མི་འགྱུར་རོ། །ཀུ་ལ་ཊཱ།༌༌༌མོ་གཤམ་འཆིངས་བྱེད་མ། དེ་བ་ཊ།༌༌༌དྲང་སྲོང༌། མརྐ་ཊ།༌༌༌སྤྲེའུ། ཀ་མ་ཊ།༌༌༌འཇམ་པོའམ་དྲག་པོ། ཛ་ཊཱ་ལོཥྚའོ། །ཛཱ་ནི་རབ་ཏུ་སྐྱེ་བ་ལའོ། །ལུ་ཊ་རྣམ་པར་དཀྲུགས་པ་ལའོ། །འདི་དག་ལ་ཨཊ་ན་ཕ་རོལ་ཏུ་འགྱུར་རོ།། ཛ་ནའི་ཨ་ཡིག་དང་ན་དབྱིའོ། །ཛ་ཊཱ།༌༌༌རལ་པའམ་སྐྲ་བཅིངས་པ། ལུ་ཊའི་ཥ་ཉིད་དོ། ཨ་དབྱི་ཞིང་ཡང་བ་མཐའ་ཉེའི་ནའོ། །ཞེས་པས་ཨོ་ཉིད། ལོཥྚཿ།༌༌༌བོང་བ།ཏྲྀ་ཏྲྀ་ཀྲྀ་པྲྀ་ལས་ཀཱི་ཊ་ནའོ། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །ཏྲཱི་རྐྱལ་བ་ལའོ། །ཀྲྀ་པཱུ་ནུས་པ་ལའོ། །འདི་རྣམས་ལས་ཀཱི་ཊན་ཕ་རོལ་ཏུ་འགྱུར་རོ། །ཀཱི་ཡིག་ལས་ཨཱི་ཡིག་བཟུང་ནས། ཀ་ཡིག་ནི་ཨཏ་ཨེང་དགག་པའི་དོན། །ན་དབྱངས་དོན། །བྱིངས་ཀྱི་རྀཏ་ཀྱི་ཨིཏ་ཅེས་པས་ཨེ་ཉིད། ར་ཕ་རོལ་ཉིད་དོ། །ཀི་རཱི་ཊཾ།༌༌༌ཅོད་པན། ཏི་རཱི་ཊཾ།༌༌༌མགོ་དཀྲིས། ཀྲྀ་པཱི་ཊ།༌༌༌ཆུ། ཀརྤ་ཊཾ། ཤ་མི་ལས་ཋའོ། །ཤ་མུ་ད་མུ་ཉེ་བར་ཞི་བ་ལའོ། །ཋ་ཕ་རོལ། །རྗེས་སུ་ང་རོ། ཆེས་ཉེ་བའི་ཎ་ཡིག་གོ །ཤཎྛ།༌༌༌མ་ཧེ་རྐུ་བ། ཀ་མུ་ལས་ཨ་ཋ་ཙའང་ངོ༌། །ཀ་མུ་མཛེས་པ་ལའོ། །ཨ་ཋ་ཙ་ཕ་རོལ། འང་ཡིག་ལས་ཋའང་ངོ༌། །ཙ་དབྱངས་དོན། །ཀ་མ་ཁྲཿ།༌༌༌མིའུ་ཐུང༌། རྗེས་སུ། ང་རོ་ལ་སོགས་པ་སྔ་མ་བཞིན་ནོ། །ཀཎྛཿ།༌༌༌མགྲིན་པ།ཀ་ཎི་ལས་ཋའོ། །ཀ་ཎ་འགྲོ་བ་ལའོ། །འདི་ལས་ཋ་ཕ་རོལ། ཀཎྛཿ།༌༌༌།མགྲིན་པའི་རྩ།ཀྲཱྀ་བྲྀཉ་ལས་ཨཎྜན་ནོ། །ཀྲྀ་རྣམ་པར་གཡེང་བ་ལའོ། །བྲྀཉ་སྒྲིབ་པའོ། །འདི་ཨཎྜན་ཕ་རོལ་ཏུ་འགྱུར་རོ། །ན། ཡིག་དབྱངས་དོན། ཨི་ཀའི་ཨར་ཨེང་ཞེས་པས་ཨ་ཉིད་དང་ར་ཕ་རོལ། ཀ་རཎྜཿ།༌༌༌ཟ་མ་ཏོག །བ་རཎྜཿ།༌༌༌ངའི་སྤུ། ཨཱུརྞྞ་ལས་ཌའོ། །ཨཱུརྞུཉ་འགེབས་པ་ལའོ། །འདི་ལས་ཌ་ཕ་རོལ། ཌ་ཡིག་ལས་ཨ་ཡིག་བཟུང་སྟེ། ཌཱ་ཡིག་ནི་ཌིཏ་ལ་ཞེས་པའི་རྟགས་དོན། མཐའ་ཨ་ཙ་ལ་སོགས་པ་དབྱིའོ། །ཌཱ་པ། ཨཱུརྞཱ།༌༌༌ལུག་གི་བལ། ཉ་མ་


DTG194_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལས་ཌའོ། །ཉ་མ་ཞེས་པ་སོ་སོར་བསྡུ་བ་གཟུང་བ་སྟེ། ཉ་མ་ང་ཎ་ན་མའོ། །ཉ་མའི་མཐའ་གང་གི་བྱ་བའི་དོན་ཡིན་པ་དེ་འདིར་ཉ་མ་མཐའོ། །དེ་ལ་ཙ་མུ། ཚ་མུ། ཛ་ལུ། ཛྷ་མུ་ཟ་བ་ལའོ། །ཤ་མུ། ད་མུ་ཉེ་བར་ཞི་བ་ལའོ། །ཨ་ཎ་ར་ཎ་བ་བྷ་ཎ་རྒྱུ་ན་ཆགས་པའི་བྱིངས་སོ། །ར་མུ་རྩེ་བ་ལའོ། །ཀ་མུ་མཛེས་པ་ལའོ། །པ་ཎ་ཥ་ཎ་ཡང་དག་པར་གུས་པ་ལའོ། །ཥ་ཎུ་སྦྱིན་པ་ལའོ། །མ་ན་ཤེས་པ་ལའོ། །གམླྀ་སྲྀ་སླྀ་འགྲོ་བ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །འདི་རྣམས་ལས་ཌ་ཕ་རོལ་ཏུ་འགྱུར་རོ། །ཌ་ཡིག་གི་སྒྲུབ་པ་ལ་ཌ་ཡིག་ནི་ཐོབ་པར་བྱེད་པའི་དོན་ནོ། །རྗེས་སུ་ང་རོ་ལ་སོགས་པ་སྔ་མ་བཞིན་ནོ། །ཙཎྜཿ།༌༌༌།གཏུམ་པོའམ་ངན་པ་ཁྲལ་དཔྱད་ནན་རྒྱུར། དཎྜཿ།༌༌༌སྡོང་བུ་དབྱུག་པ། ཨཎྜཿ།༌༌༌སྒོ་ང༌། རཎྜཱཿ།༌༌༌ཡུགས་མོ། བཎྜཿ།༌༌༌པགས་པ་ངན་པ།ཀཎྜཿ།༌༌༌མཚོན་ཆ། ཥཎྜཿ།༌༌༌པདྨའི་ཚལ།མཎྜཿ།༌༌༌སྙིང་པོའམ་ཟན། གཎྜཿ།༌༌༌འགྲམ་པ།ཁཎྜཿ།༌༌༌དུམ་བུའམ་བུ་རམ་གྱི་རྣམ་འགྱུར། ཀུཎྜ་ལ་སོགས་པ་རྣམས་སོ། །ཀུ་ཎ་སྒྲ་ལའོ། །མུ་ཎ་སོ་སོར་ཤེས་པ་ལའོ། །ཛུ་ན་འགྲོ་བ་ལའོ། །ཏུ་ན་མྱུར་དུ་འགྲོ་བ་ལའོ། །མ་ཎ་ཤེས་པ་ལའོ། །བྷ་དི་དགེ་བ་ལའོ། །ཨི་ཡིག་དབྱི་བ་དང་ནུམའོ། །འདི་རྣམས་ལ་ཌ་ཕ་རོལ་དང་ཚིག་ཕྲད་མཐའོ། །དེའི་ཚིག་ཕྲད་ལས་ཨཏ་ཨེང་དགག་གོ །ཀུཎྜཾ།༌༌༌མེ་ཐབ། མུཎྜཾ།༌༌༌མགོ་ཟླུམ།ཛུཎྜཾ།༌༌༌ནགས་ཚལ།ཏུཎྜཾ།༌༌༌མཚུལ་པའམ་མཆུ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཤ་མི་ལས་ཌྷའོ། །ཤ་མུ་ད་མུ་ཉེ་བར་ཞི་བ་ལའོ། །ཌྷ་ཕ་རོལ་རྗེས་སུ་ར་རོ་ལ་སོགས་པ་སྔ་མ་བཞིན་ནོ། །ཤཎྜྷཿ།༌༌༌།ལྷའི་ཁྱུ་མཆོག །ཤ་ཀི་ལས་ཨནྟའོ། །ཤླྀ་ནུས་པ་ལའོ། །ཨུནྟ་ཕ་རོལ། ཤ་ཀུནྟཿ།༌༌༌གདོང་པ། བྱའོ། ཛྲྀ་པི་ཤ་དག་ལས་ཨནྟ་ཙའོ། ཛྲྀ་རྒས་པ་ལའོ། །བི་ཤ་རབ་ཏུ་འཇུག་པ་ལའོ། །འདི་དག་ལས་ཨནྟ་ཙ་ཕ་རོལ། ཨཏ་ཨེང་དང་ར་ཕ་རོལ་ཉིད་དོ། ཛརནྟཿ།༌༌༌རྒས་པ།ཡང་བ་མཐའ་ཉེ་ཞེས་པས་ཨེ་ཉིད་དོ། །བེཤནྟཿ།༌༌༌ཕྱེ་མ་ལེབ། །རུ་ཧི། ནནྡི། ཛཱི་བ་ལ་ཥི་ཏའོ། །ར་ཧུ་རབ་ཏུ་སྐྱེ་བ་ལའོ། །ཌུ་ན་དི་ཀུན་དུ་འབྱོར་བ་ལའོ། །ཛི་བ་སྲོག་འཛིན་པ་ལའོ། །འདི་རྣམས་ལས་ཨནད་ཙ་ཕ་རོལ་དུ་འགྱུར་ཟིང་ཥི་ཏ་བཞིན་ནོ། །ཡང་བ་མཐའ་ཉེའི་ཞེས་པས་ཨོ་ཉིད། རོཧནྟཿ།༌༌༌ཤིང༌། ཥིཏ་ལས་དཱི་ཥའོ། ཞེས་པས་དཱི་ཥའོ། །ང་ཡིག་དཱི་ལའོ་ཞེས་པའི་རྟགས་དོན། ཥ་ཡིག་ནི་དཱིཔ་དང་དཱིཥ་ཞེས་པ་ཐུན་མོང་


DTG194_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཟུང་བའི་དོན་ཏོ། །ངཱི་ལའོ་ཞེས་པས་ཨ་ཡིག་དབྱིའོ། །ནནྡནྟཱི།༌༌༌གྲོགས་མོ། ཛཱི་བནྟཱི། བྷཱུ། ཛི། བ་སི། བ་ཧི། སཱ་དྷི། བ་སི། བྷཱ་སི། ག་ཊི། མཎྜི། ཧེ་མི་རྣམས་ལས་སོ། །བྷཱུ་ཡོད་པ་ལའོ། །ཛི་རྒྱལ་བ་ལའོ། །བ་ས་ངེས་པར་གནས་པ་ལའོ། །བ་ཧ་ཐོབ་པ་ལའོ། །རཱ་དྷ། སཱ་དྷ། ཡང་དག་པར་གྲུབ་པ་ལའོ། །ཊུ་པ་པ་ས་བོན་འདེབས་པ་ལའོ། །བྷཱ་སྲྀ་འབར་བ་སྨན། ལའོ། །ག་ཌ་འཁྲུད་པ་ལའོ། །ཙུ་ར་སོགས་ལས་ཎི་ཙའོ། །ཥ་ཧ་བཟོད་པ་ལའོ། །མ་ཌི་རྒྱན་ལའོ། །སྦྱོར་བ་པོའི་བྱ་བ་ལ་ཎི་ཙའོ། །ཙ་ཡིག་དབྱངས་དོན། ཎ་ཡིག་ཉྞིཏ་ལའོ་ཞེས་པའི་རྟགས་དོན། ཧེ་མ་ཞེས་པ་དོའི་བྱིངས་སོ། །འདི་རྣམས་ལས་ཨནྟ་ཙ་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད་ཨེ་ཙའི་ཨ་ཡ་ཡ་བ་ཨཱ་ཡ་ཨཱ་བ་རྣམས་སོ། །བྷ་བནྟ།༌༌༌དུས། སྔ་མ་བཞིན་དུ་ཨེ་ཉིད་དང་ཨ་བ་རུ་བསྒྱུར་བའང་ངོ༌། །ཛ་ཡནྟཿ།༌༌༌ཤིང༌།བ་སནྟཿ།༌༌༌དཔྱིད་ཀ་བ་ཧནྟཿ།༌༌༌ཤིང་རྟ། སཱ་དྷནྟཿ།༌༌༌སྒྲུབ་པའམ་དགེ་སློང༌། བྷཱ་སནྟཿ།༌༌ཉི་མ། ཨ་མ་ཨནྟ། ཨཱ་ལུ་ཨ་ཡཱ་ཨི་རྣུ་རྣམས་ལ་ཨ་ཡའོ་ཞེས་པས་གཎྜི་མཎྜི་དག་གི་ཎི་ཨ་ཡ་རུ་བསྒྱུར་རོ། །ག་ཌ་ཡནྟ།༌༌༌།སྤྲིན། མ་ཌ་ཡནྟ།༌༌༌ཟན། ཧེ་མནྟཿ།༌༌བྲུན། ས་ཧནྟཿ།༌༌བཟོད་པའི་ངང་ཚུལ། ཨཏ་ལས། བྷཱུ་ལས་ཌུ་ཏ་ཙའོ། །བྷཱུ་ཡོད་པ་ལའོ། །ཨ་ཏ་སྔོན་དུ། ཌུ་ཏ་ཙ་ཕ་རོལ། ཙ་ཡིག་དབྱངས་དོན། །ཌུ་ཡིག་ལས་ཨུ་ཡིག་བཟུང་སྟེ། ཌ་ཡིག་ནི་ཌིཏ་ལའོ་ཞེས་པའི་རྟགས་དོན། མཐའི་ཨ་ཙ། ལ་སོགས་པས་ཨུ་ཡིག་དབྱིའོ། །སུའོ། །སུ་ཨ་མ་དག་གི་མ་ནིང་ལས་སོ་ཞེས་པས་རྗེས་སུ་འཇུག་བཞིན་པ་ལས་ཨ་ཏ་ལས་ཨ་མའོ་ཞེས་པས་ཨམ་གྱི་དངོས་པོའོ། །ཨམ་ལ་སྔོན་མའོ་ཞེས་པས་ཕ་རོལ་སྔོན་མ་ཉིད་དོ། །ཨདྦྷཱུ་ཏཾ།༌༌༌ངོ་མཚར་བ། རུ་ཧི། ཧྲྀ། ཤྱ་རྣམས་ལས་ཨིཏ་ཙའོ། །རུ་ཧ་སྐྱེ་བར་རབ་ཏུ་སྐྱེ་བ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །གཱང་ཤྱཻང་འགྲོ་བ་ལའོ། །ང་ཡིག་ངིར་ལས་སོ་ཞེས་པའི་རྟགས་ཀྱི་དོན། ཤིཏ་མ་ཡིན་པ་ལ་ཨེ་ཙའི་ཨཱཏའོ།། འདི་རྣམས་ལས་ཨིཏ་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་དོན། ཡང་བ་མཐའ་ཉེའོ་ཞེས་པས་ཨོ་ཉིད། རོ་ཧི་ཏཿ།༌༌༌ཉ། ཀ་པི་རིཀ་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཉིད་དོ། །ལོ་ཧི་ཏཿ།༌༌༌ཁྲག །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད། ར་ཕ་རོལ། ཧ་རི་ཏཿ།༌༌༌ལྗང་གུ། ལ་ཉིད་ཀྱིས།


DTG194_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧི་ཏཿ།༌༌༌ལྗང་གུ། གཉིས་དག་གི་གཅིག་ཨཏ་ཨེང་ཞེས་པས་ཨེ་ཉིད་དོ། །ཤྱཻཏཿ།༌༌༌།དཀར་པོ། བྷྲྀཉ་ལ་སོགས་པ་རྣམས་ལས་ཨཏ་ཙའོ། །ཌུ་བྷྲྀཉ་འཛིན་པ་ལའོ། །དྲྀ་ཤིར་ལྟ་བ་ལའོ། །ཛི་རྒྱལ་བ་ལའོ། །ཨརྦ་པརྦ་འགྲོ་བ་ལའོ། །ཡ་ཛ་ལྷ་མཆོད་པ་ལའོ། །ས་ཙ་གསལ་པོར་བྱེད་པ་ལའོ། །ཡ་མུ་ཉེ་བར་དགའ་བལའོ། །ཎ་མ་རབ་ཏུ་འདུད་པ་སྒྲ་ལའོ། །ཎའི་ནའོ། ཧ་ཡ། ཧརྻ་འགྲོ་བ་ལའོ། །ཁ་ལ་ཀུན་དུ་གཡོ་བ་ལའོ། །འདི་རྣམས་ལ་ཨ་ཏ་ཙ་ཕ་རོལ་དུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང་ར་ཕ་རོལ་ཉིད་དོ། བྷ་ར་ཏཿ།༌༌གར། དཪྵ་ཏཿ།༌༌༌ཟླ་བཨ་ཏ་ཨེང་ཞེས་པས་ཨེ་ཉིད་དང༌། ཨ་ཡ་རུ་བསྒྱུར་རོ། །ཛ་ཡ་ཏཿ།༌༌༌མེ།པརྦཏཿ།༌༌༌རི་བོ། པ་ཟ་ཏཿ།༌༌༌བདེ་བའི་ཡོ་བྱད། ཛ་ཡ་ཏཿ།༌༌༌མེ། ཡ་མ་ཏཿ།༌༌ནང༌། ན་མ་ཏཿ།༌༌༌ཆུག་པ། ཧ་ཡ་ཏཿ།༌༌༌གནོད་སྦྱིན། ཁ་ལ་ཏཿ།༌༌༌སྐྱེ་བོ་ངན་པ། སྲྀཥི་རཉྫི་དག་ལས་ཀིཏའོ། །སྲྀ་ཥུ་བྲྀ་མྲྀ་གུ་བཀྲུ་བ་ལའོ། །རཉྫ་ཚོས་པ་ལའོ། །འདི་དག་ལས་ཨ་ཏ་ཙ་ཕ་རོལ། ཏུ་འགྱུར་ཏེ། ཀིཏ་བཞིན་ནོ། །ཀིཏ་ཀྱི་ཕྱིར་ཨཏ་ཨེང་མེད་དོ། །སྲྀ། ཥཏཿ། ཀི་ཏ་ལའོ། ཞེས་པས་རཉྫའི་དབྱིའོ། །ར་ཛ་ཏཿ།༌༌༌དངུལ། མྲྀ། གྲཱྀ། བཱ། ཧ་སི། ཎ་མི། ད་མི། ལཱུ། པཱུ། བྷུརྦི་རྣམས་ལས་ཏནའོ། །མྲྀང་སྲོག་གཏོང་བ་ལའོ། །གྲཱྀ་ངེས་པར་གནོན་པ་ལའོ། །ཨིཎ་པི་བཱ་འགྲོ་བ་ལའོ། །ཧ་ཡེ་དགོད་པ་ལའོ། །ཨི་ཎ་འགྲོ་བ་ལའོ། །ཨ་མ་ནད་ལའོ། །ཤུ་མ་ད་མུ་ཉེ་བར་ཞི་བ་ལའོ། །ལཱུ་གཅོད་པ་ལའོ། །པཱུང་དག་བྱེད་པའོ། །དྷུརྦཱི་འཚེ་བ་ལའོ། །འདི་རྣམས་ལས་ཏན་ཕ་རོལ་ཏུ་འགྱུར་རོ། །ཨཏ་ཨེང་དང་ར་ཕ་རོལ་ཉིད་དོ། །མརྟཿ།༌༌༌མེ་ཡུལ་ལམ་འཇིག་རྟེན། གརྟྟཿ།༌༌༌དོང༌།བཱ་ཏཿ།༌༌༌རླུང༌། ཧསྟཿ།༌༌༌ལག་པ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད་དོ། །ཨེཏ།༌༌༌གྱར། ཧལ་ལ་མའིའོ་ཞེས་པས་རྗེས་སུ་ང་རོ། རྗེས་སུ་ར་རོ་ནི་ཡ་ཡ་ལ་ཡ་མའོ་ཞེས་སྡེ་པ་སོ་སོར་དང་ཉེ་བའི་ན་ཡིག་གོ །ཨནྟཿ།༌༌༌།མཐའ། དནྟཿ།༌༌༌སོ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད་དོ། །ལོ་ཏཿ།༌༌༌མཆི་མ་ལྷུང་བ། པོ་ཏཿ།༌༌༌བྱིས་པ ར་ལས་དབྱིའོ་ཞེས་པས་བ་ཡིག་དབྱི། བྱིངས་ཀྱི་ར་བ་དག་ཨཙ་མེད་པ་ལ་ཨི་ཀའི་རིང་པོའོ་ཞེས་པས་རིང་པོ། དྷཱུརྟྟཿ།༌༌༌གཡོ་ཅན། གྷྲྀ་སི་དཱུ་རྣམས་ལས་ཀྟའོ། །གྷྲྀ་འགྱུར་བྱེད་ལའོ། ཥི་འཆིང་བ་ལའོ། །ཥྛི་བུ་ཥཀྐ་མ་ཡིན་པའི་


DTG194_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་ཁའི་སའོ། །དཱུང་ཡོངས་སུ་གདུང་བ་ལའོ། །ང་ཡིག་ཏང་ལྡན་པ་ཧལ་དང་པོ་ལས་སོ་ཞེས་པའི་རྟགས་དོན། །འདི་རྣམས་ལས་ཀཏ་འགྱུར་རོ། །ཀ་ཡིག་ཀིཏ་ལའོ་ཞེས་པའི་རྟགས་དོན། དེས་ན་ཨཏ་ཨེང་དུ་མི་འགྱུར་རོ། །གྷྲྀ་ཏཾ།༌༌༌།མར།སིཏཾ།༌༌༌དཀར་པོ། དཱུ་ཏཿ།༌༌༌ཕོ་ཉ། ཏ་ཏཱ། པ་ལི་ཏ། ཛརྟ། སཱུ་ར་ཏ་རྣམས་སོ། །ཏ་ནུ་རྒྱས་པ་ལའོ། །པ་ཏླི་ལམ་ལ་འགྲོ་བ་ལའོ། །ཛ་ན་སྐྱེད་པ་ལའོ། །ར་མུ་རྩེ་བ་ལའོ། །སུ་སྔོན་དུ། ཏ་ནིའི་རིང་པོ་ཉིད་དང༌། ན་དབྱི། །ཏཱ་ཏ།༌༌༌ཕ།པ་ཏིའི་ལ་ཉིད་དང༌། ཨིཊ་ཡང་ངོ༌། །ས་ལི་ཏཿ།༌༌༌སྐྲ་དཀར།ཛ་ནིའི་མཐར་རེ་ཕ་རུ་འགྱུར་རོ། ཛརྟྟཿ།༌༌༌སྤུ་རིང་པོ། ར་མའི་མ་དབྱི་བ་དང༌། སུའི་རིང་པོ། སཱུ་ར་ཏ།༌༌༌རེ་ས་ཕ། འགྲོགས་ན་བདེ་བ། ཤ་མ་ལ་སོགས་པ་རྣམས་ལས་ཨ་ཐའོ། །ཤ་མུ། ད་མུ་ཉེ་བར་ཞི་བ་ལའོ། །ཤ་པ་སྤྱོ་བ་ལའོ། །བ་ས་ངེས་པར་གནས་པ་ལའོ། །ཨཱང་སྔོན། ཨུ་པ་དང་རི་སྔོན་དུ། ང་ཡིག་ཨཱང༌། མཱང་ཞེས་པའི་རྟགས་དོན། བ་ད་སྨྲ་བ་ལའོ། །ཨཉྩུ། བཉྩུ་འགྲོ་བ་ལའོ། །རུ་སྒྲ་ལའོ། །གམླྀ། སྲྀ་སླྀ་འགྲོ་བ་ལའོ། །ཤཱིང་ཉལ་བ་ལའོ། །ཨ་ན། ཤྭ་པ་སྲོག་ལའོ། །པྲ་སྔོན། ཌུ་བྲྀཉ། འཛིན་པ་ལའོ། །བི་ད་ཤེས་པ་ལའོ། །འདི་རྣམས་ལས་ཨ་ཐར་ཕ་རོལ་ཏུ་འགྱུར་རོ། །ཤ་མ་ཐཿ།༌༌༌ཞི་གནས་སམ་ཏིང་ངེ་འཛིན ཤ་པ་ཐཿ།༌༌༌ཡིད་ཆེས་པར་བྱེད་པའམ་མནའ་འདོར་བ། ཨཱ་ས་ཐཿ།༌༌༌ཁྱིམ། ཨ་པ་བ་ས་ཐཿ།༌༌༌གྲོང༌། པ་རི་བ་ས་ཐཿ།༌༌༌འདུག་གནས། པཉྩ་ཐཿ།༌༌༌ཁུ་བྱུག།༌༌༌བ་ད་ཐཿ། གོ་མ་ཐཿ།༌༌༌དུས། ལིཊ་མ་ཡིན་པ་ལ་ཤཱིངཱི་ཨཏ་ཨེངའོ་ཞེས་པས་འདི་ཉིད་དོ། །ཨ་ཡ་རུ་བསྒྱུར་རོ། །ཤ་ཡ་ཐཿ།༌༌༌ཉལ་བ།ཛཱི་བ་ཐཿ།༌༌༌ཆོས། ཨ་ཀའི་ཨ་ཀ་ལ་རིང་པོའོ་ཞེས་པས་བྲའི་སྒྲའི་ཨ་ཡིག་ནི་ཨ་ཡིག་དང༌། ལྷན་ཅིག་གཉིས་དག་གི་གཅིག་ཨ་ཀ་ལ་རིང་པོའོ། །པྲ་ཎ་ཐཿ།༌༌༌སྐྱེ་དགུའི་བདག་པོ། ཨཏ་ཨེང་དང༌། ར་ཕ་རོལ་ཉིད། བ་ར་ཐཿ།༌༌༌མི། ཡང་ན་མཐའ་ཉེ་བའི་ཞེས་པས་ཨེ་ཉིད། །པེ་ད་ཐཿ། མཱ་ཛཱ་ཀཿ། ར་མིཿ། ཀུ་སིཿ། ཀཱ་ཀི་རྣམས་ལས་ཀནཐའོ། །ར་མུ་རྩེ་བ་ལའོ། །ཀུ་ཤ་ངེས་པར་འགུགས་པ་ལའོ། །ཀཱ་ཤྲྀ་སྒྲ་ལའོ། །འདི་རྣམས་ཀནྠ་ཕ་རོལ་དུ་འགྱུར་རོ། །ཀ་ཡིག་གི་ཏ་བྱ་བའི་དོན། ན་ཡིག །དབྱངས་དོན། ཀིཏ་ལ་ཞེས་པས་མ་ཡིག་དབྱིའོ། །ར་ཐཿ།༌༌༌ཤིང་རྟ། སྟུའི་ཤྩུ་དང༌། ཥྚུ་


DTG194_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་དེ་དག་གོ་ཞེས་པས་ཐ་ཡིག་གི་ཋ་ཡིག་གོ །བྲཤྩ་སོགས་ཀྱི་མདོས། ཥ་ཉིད། ཀུཥྛཾ།༌༌༌ཤ་ཕོ་རུ་རྟ།ཀཱཥྛཾ།༌༌༌ཤིང༌། ཨ་བ་ལས་བྷྲྀཉ་ལའོ། །ཌུ་བྷྲྀཉ་འཛིན་པ་ལའོ། །ཨ་བ་སྔོན། ཀནྠ་ཕ་རོལ། །ཨ་བ་བྷྲྀ་ཐཿ།༌༌༌མཆོད་སྦྱིན་གྱི་མཐའ། ཨ་ཥི། ཀུ་ཥི། ག །ཨརྟི་རྣམས་ལས་ཐནའོ། །ཨུ་ཥ་སྲེག་པ་ལའོ། །ཀུཥ་འགུགས་པ་ལའོ། །གཻ་སྒྲ་ལའོ། །ཤིཏ་མ་ཡིན་པའི་ཨ་ཙའི་ཨཱཏའོ། །རྀ་འགྲོ་བ་ལའོ། །འདི་དག་ལས་ཐན་ཕ་རོལ། ན་དབྱངས་དོན། ཡང་བ་མཐའ་ཉེའི་འོ་ཞེས་པས་ཨོ་ཉིད། ཋ་ཉིད་ཀྱང་སྔ་མ་བཞིན། །ཨོཥྛཾ།༌༌༌མ་མཆུ།ཀོཥྛ།༌༌༌བང་མྫྷོད། ཌཱ་པ།༌༌༌ལྟོ་བ། གཱ་ཐཱ།༌༌༌སྡེབ་སྦྱོར་གྱི་བྱེ་བྲག་ཨི་ཀའི་ཨཏ་ཨེང་དང་ར་ཕ་རོལ་ཉིད། ཨརྠཿ།༌༌༌ནོར་རམ་དོན། ཛྲཱྀ་བྲྀཉ་ལས་ཨཱུ་ཐནའོ། །ཛྲཱྀ་རྒས་པ་ལའོ། །བྲྀཉ་སྒྲིབ་པ་ལའོ། །འདི་དག་ལས་ཨཱུ་ཐན་ཕ་རོལ། །ན་ཡིག་དབྱངས་དོན། ཨི་ཀའི་ཨ་ཏའི་ཨེང་དང་ར་ཕ་རོལ། །ཛ་རཱུ་ཐཿ།༌༌༌ཟླ་བའི་རྩེ་མོ། པ་རཱུ་ཐ།༌༌༌དཔུང་པའི་ཚིགས།པཱ། ཏྲཱྀ། ཏུ་རི། བཙི། ར་ཙི། ས་ཙི། བ་ཤི་ལས་ཐཀཱོ། པཱ་བཏང་བ་ལའོ། །ཏྲཱྀ་རྒྱལ་པ་ལའོ། །ཏུ་ད་གཟིར་བ་ལའོ། །བ་ཙ་སྨྲ་བ་ལའོ། །རི་ཙིར་རྣམ་པར་འཐོར་བ་ལའོ། །ཥིཙ་འགྱུར་བ་ལའོ། །ཥྛི་བུ་ཥྭཀྐ་མ་ཡིན་པའི་དང་པོའི་ཥཱི་སའོ། །བི་ཥླི་ཁྱབ་པ་ལའོ། །འདི་རྣམས་ལས་ཐཀ་ཕ་རོལ་ཏུ་འགྱུར་རོ། །ཀྲ་ཡིག་ཀིཏ་བྱ་བའི་དོན། མཱ། སྠཱ། སཱ། གཱ། པིབ། ཧཱཀ །དཱ་དྷཱ་རྣམས་ཀྱི་ཧལ་ལའོ་ཞེས་པས་ཨཱི་ཉིད་དོ། །པི་ཐཿ།༌༌༌ཆུ་བོ། བྱིངས་ཀྱི་རྀཏ་ཀྱི་ཨིཏའོ་ཞེས་པས་ཨི་ཉིད། རྀ་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད། བྱིངས་ཀྱི་ར་བ་དག་ལ་ཨ་ཙ་མེད་པ་ལ་ཨཱི་ཀའི་རིང་པོ་ཉིད་དོ། །ཏཱིརྠཾ།༌༌༌མུ་སྟེགས་སམ་འགྲམ། ཁར་ལ་ཛྷ་ལའི་ཙརའོ་ཞེས་པས་དའི་ཏ། ཏུཏྠཿ།༌༌༌བསོད་ནམས་ཀྱི་གནས་སམ་ཚེ། བ་ཡིག་ལས་ཨ་གྱི་བཟུང་སྟེ། བ་ཡིག་ནི་ཀིཏ་ལའང་དེ་རྣམས་ཀྱིའོ་ཞེས་པས་ཡ་ཎའི་ཨི་ཀའོ། །ཨ་ཡིག་ནི་ཡཎའི་ཨིཀ་ཅེས་པས་ཕ་རོལ་སྔོན་མ་ཉིད་དོ། །ཙུའི་ཀུའོ་ཞེས་པས་ཙའོ་ཀའོ། །ཨུཀྠཿ།༌༌༌སྙན་ཚིག་གམ་རིག་བྱེད། རྀཀཐཿ།༌༌༌རྫས། མ་དྷཱུཙྪིཥྚཾ། བྲཤྩ་ལ་སོགས་པའི་མདོས་ཥ་ཉིད། ཊུ་ཉིད་སྔར་བཞིན་ཌཱཔའོ། །བིཥྛཱ།༌༌༌བཤད་པ། ཡཱུ་ཐ་ལ་སོགས་པ་རྣམས་སོ། །ཡཱུ་འཕེལ་བ་ལའོ། །གུཔ་སྦེད་པ་ལའོ། །པྲྀ་ཥུ་བྲྀ་ཥུ་བཀྲུ་བ་ལའོ། །


DTG194_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཨིན་འགྲོ་བ་ལའོ། །སཾ་སྔོན་དུ། ཤཱིང་ཉལ་བ་ལའོ། །ནི་སྔོན་དུ། རྀ་འགྲོ་བ་ལའོ། །ནི་སྔོན། ཌུ་བྲྀཉ་འཛིན་པ་ལའོ། །ནི་སྔོན། པཱ་བཏུང་བ་ལའོ། །གོ་སྔོན། །གཻ་སྒྲ་ལའོ། །ཨུཏ་སྔོན། ཤིཏ་མ་ཡིན་པ་ལ་ཨེ་ཙའི་ཨཱཏའོ། །པྲ་རྫོགས་པ་ལའོ། །ཏི་ཛ་རྣོ་བ་ལའོ། །འདི་རྣམས་ལ་ཐཀ་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་ཡཽ་ཏི་དང་གུ་པའི་རིང་པོ་ཉིད། གུཔའི་པ་ཡིག་དབྱིའོ། །ཡཱུ་ཐཿ།༌༌ཁྱུའམ་སྲོག་ཆགས་ཀྱི་ཕུང་པོ། གཱུ་ཐཿ།༌༌བཤང་བ། ཐ་ཡིག་གི་ཋ་ཡིག །པྲྀཥྛཿ།༌༌༌རྒྱན། ས་མི་ཐཿ།༌༌༌དུས་ཀྱི་མཆོད་པའི་ཁྱད་པར། ནི་ཤཱི་ཐཿ།༌༌མཚན་མོའི་བུ་ག་ནི་རི་ཐཿ།༌༌།མཆོད་སྦྱིན་གྱི་མཐའ། ན་བྷྲྀ་ཐཿ།༌༌༌རྗེ་བོ། མཱ། སྠཱ། སཱ། གཱ། པི་བ། ཧཱ་ག །དཱ། དྷཱ་རྣམས་ཀྱི་ཧལ་ལའོ་ཞེས་པས་ཨི་ཉིད་དོ། །གོ་པཱི་ཐ། པྲ་ཏྱུ་ཥཿ། ཨུངྒཱི་ཐཿ།༌༌སྨྱན་ཚིག།པྲཱ་ཏི་ཨའི་ཨོ་ཉིད། པྲོ་ཐཾ།༌༌༌སྣབས། ཏི་ཛ་ཛ་དབྱི། ཏིཐཿ།༌༌༌མེ།ཤ་བི་ཀ་མི་དག་ལས་དནའོ། །ཤ་བ་འགྲོ་བ་ལའོ། །ཀ་མུ་མཛེས་པ་ལའོ། །འདི་དག་ལས་དན་ཕ་རོལ། ནན་དབྱངས་དོན། ཤཔྡཿ།༌༌༌གྲོ། མ་བ་དག་ལའང་མའི་ནའོ་ཞེས་པས་མའི་ནའོ། །ཀནྡཿ།༌༌༌རྩ་བ། ཨབད་ལ་སོགས་པ་རྣམས་སོ། །ཨ་བ་རཀྵ་སྐྱོང་བ་ལའོ། །བྲྀཉ་སྒྲིབ་པ་ལའོ། །ཉ་ཡིག་བྲྀཉ་ལས་སྒྲིབ་པ་ལའོ་ཞེས་པའི་རྟགས་དོན། །ཀུ་མུ་མཛེས་པ་ལའོ། །མ་དཱི་དགའ་བ་ལའོ། །ཏུ་ད་གཟིར་བ་ལའོ། གཱང་ཤྱཻང་འགྲོ་བ་ལའོ། །ཤིཏ་མ་ཡིན་པ་ལ་ཨི་ཙའི་ཨཱ་ཉིད་དོ། །ཨབྡཿ།༌༌ལོ་བྲྀ་ཎོ་ཏི་ལས་ནུམའོ། །ཨཏ་ཨང་མེད། བྲྀནྡཾ།༌༌༌ཚོགས་པ། ཀ་མའི་ཨཏ་ཨུ་ཉིད། མ་བདག་ལའང་མའི་ནའོ་ཞེས་པས་མའི་ནའོ། །ཀུནྡཿ།༌༌༌མེ་ཏོག་གི་ཁྱད་པར། མ་དི་དང་རུ་དིའི་ནའོ། །མནྡཿ།༌༌།ཞན་པའམ་དང་དལ་བ་རྨོངས་པ།ཏུནྡཿ།༌༌ལྟོ་འཕེལ་བ། ཤྱཱ་ཡ་ཏི་ལས་ནུམ། ཤྱཱནྡཿ།༌༌གསེར། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཤྱཱ། སྟྱཱ། ཧྲྀཉ། ཨ་བི། རྣམས་ལས་ཨིནྩའོ། །གཱང་ཤྱཻང་འགྲོ་བ་ལའོ། །ཥྛཻ་ཚོགས་པ་ལའོ། །ཤིཏ་མ་ཡིན་པ་ལ་ཨེ་ཙའི་ཨཱ་ཉིད། ཧྲྀཉ་འཕྲོག་པ་ལའོ། ཨ་བརཀྵ་སྐྱོང་བ་ལའོ། །འདི་རྣམས་ལས་ཨིན་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་དབྱངས་དོན། །གཉིས་དག་གི་གཅིག །ཨཱ་ཡིག་དང་ལྷན་ཅིག་ཨ་ཏ་ཨེང་ཞེས་པས་ཨེ་ཉིད་དོ། །ཤྱེནཿ།༌༌༌བྱང༌།སྟྱེནཿ༌༌ཆོམ་རྐུན། །ཨི་ཀའི་ཨཏ་ཨེང་དང་ར་ཕ་རོལ་


DTG194_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །རཥ་ལས་ནའི་ཎའོ། །ཧ་རི་ཎཿ།༌༌རི་དགས། ཨ་བི་ན།༌༌༌མཐོང་བ།པྲྀ་ཛི་ན་ཨ་ཛི་ནའོ། །བྲྀ་ཛའི་འདོད་པ་ལའོ། །ཨཛ་བྲ་ཛ་བ་ཛ་འགྲོ་བ་ལའོ། །འདི་དག་ལས་ཨི་ན་ཙ་ཕ་རོལ་ཚིག་ཕྲད་ལས་པྲྀ་ཛའི་ཨཏ་ཨེང་དུ་མི་འགྱུར་རོ། །བྲྀ་ཛི་ནཾ།༌༌༌འཁྱོགས་པོ། ཡུ་གྷཉ་ལས་ཀྱང་རྣམས་མ་ཡིན་པ་ལ་ཨ་ཛའི་བཱིའོ་ཞེས་པས་བཱིའི་དངོས་པོར་མི་འགྱུར་རོ། །ཨ་ཛི་ནཿ།༌༌༌།པགས་པའི་གཡང་གཞི། བཱི་བ་ཏི་དག་ལས་ཏ་ན་ནའོ། །ཨི་ཎ་བཱི། བཱ་འགྲོ་བ་ལའོ། །པཏླྀ་ལམ་ལ་འགྲོ་བ་ལའོ། །འདི་དག་ལ་ཏ་ན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད་ཌཱ་པ་བ་ཏ་ནཱཿ།༌༌གཡོག།པཏྟ་ནི།༌༌༌གྲོང་ཁྱེར། དྲུ་དཀྵི་དག་ལས་ཨི་ན་ནའོ། དྲུ་འགྲོ་བ་ལའོ། །དཀྵ་འཕེལ་བ་ལའོ། །འདི་དག་ལས་ཨི་ནན་ཕ་རོལ། ན་ཡིག་དབྱངས་དོན། །ཨི་ཀའི་ཨ་ཏ་ཨེང་ཞེས་པས་ཨོ་ཉིད། །ཨེ་ཙའི་ཨ་ཡ་ཨ་བ་ཨཱ་ཡ་བ་རྣམས་སོ་ཞེས་པས་ཨཱ་བར་བསྒྱུར། །རཥ་ལས་ཞེས། པས་ཎ་ཉིད་དོ། །དྲི་བི་ཎཾ།༌༌༌རྫས། དཀྵིཎཾ།༌༌༌ཡོན། སྦྱིན་པ།བི་སི་ན། ཨི་རི་ཎ། ཏུ་ཧི་ན། མ་ཧི་ན་རྣམས་སོ། །ཊུ་པ་ས་བོན་འདེབས་པ་ལའོ། །ཨིར་འགྲོ་བ་ལའོ། །ཏུ་ད་གཟིར་བ་ལའོ། །ཨརྷ་མཧ་མཆོད་པ་ལའོ། །འདི་རྣམས་ལ་ཨི་ནན་ཕ་རོལ། །བ་པ་ཏིའི་ཨཏ་ཀྱི་ཨི་ཉིད་དོ། །བི་པི་ནཾ།༌༌༌འཐིབས་པོ། ཨི་རིའི་ཐུང་གནུ་དང་ཎ་ཉིད། ཨི་རི་ཎཾ། མཱུ་ཁ་ལཾ། ཏུ་ཏིའི་དའི་ཧ་དང་ཨཏ་ཨེང་མེད། ཏུ་ཧི་ནཾ།༌༌༌བ་མོ། མ་ཧི་ནཾ།༌༌༌མཆོད་པ། ར་སི། རུ་ཙི། རུ། བྲྀཉ་རྣམས་ལས་ཡུཙའོ། །རས་མདོའི་བྱིངས་སོ། །རུ་ཙིར་འབར་བ་ལའོ། །རུ་སྒྲ་ལའོ། །བྲྀཉ་སྒྲིབ་པ་ལའོ། །འདི་རྣམས་ལ་ཡུཙ་རོལ་ཙ་ཡིག །དབྱངས་དོན། ས་མེད་པའི་ཡུ་བུའི་ཨ་ན་ཨ་ཀ་དག་གོ་ཞེས་པས་ཨ་ནར་བསྒྱུར་རོ། །ཨཙ་ལ་སོགས་པ་དང་ཨཏ་ལས་སོ་ཞེས་པས་ཌཱཔའོ། །ར་ས་ནཱ།༌༌༌སྐེ་རགས། ཡང་བ་མཐའ་ཉེའི་འོ་ཞེས་པས་ཨོ་ཉིད་དོ། །རོཙ་ནཱ།༌༌༌འདི་ནང་ངམ་བ་ལང་གི་མཁྲིས་པ། བྱ་བའི་དོན་གྱི་ཨི་ཀའི་ཨཏ་ཨེང་ངོ་ཞེས་པས་ཨོ་ཉིད་དོ། །ཨེ་ཙའི་ཨ་ཡ་ཨ་བ་ཨཱ་ཡ་ཨཱ་བ་རྣམས་སོ་ཞེས་པས་ཨཱ་བར་བསྒྱུར། །རཥ་ལས་ཞེས་པ་ཎ་ཉིད་དོ། །ཉ་མ།༌༌༌ར་བ་ནཾ། ཨཏ་ཨེང་དང་ཕ་རོལ་ཉིད་ཌཱ་པའོ། །ཎ་ཉིད་དོ། །བ་ར་ཎཱ།༌༌༌ཆུ་ཀླུང༌། ཨུནྡིའི་ན་དབྱི་བའང་ངོ༌། །ཨུཎྜི་ཀླས་པ་ལའོ། །འདི་ལས་ཡུ་ཙ་ཕ་རོལ། །ས་མེད་པའི་ཡུ་བུའི་ཨ་ན་ཨ་ཀ་དག་དན་


DTG194_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབྱི་བ་འང་ངོ༌། །ཡང་བ་མཐའ་ཉེ་ཞེས་པས་ཨོ་ཉིད་དོ། །ཨ་ད་ནཾ།༌༌༌།ཟས། རཉྫི་ལས་ཀྱུ་ནའོ། །རཉྫ་ཚོས་ལའོ། །འདི་ལས་ཀྱུན་ཕ་རོལ་ཀ་ཡིག་ཀ་ཀིཏ་ལའོ་ཞེས་པའི་རྟགས་དོན། ན་དབྱངས་དོན། རཉྫ་ནཾ།༌༌༌།ཆོས། གོ་ར་སོགས་ཀྱི་ཕྱིར་དཱི་པའོ། །རིཉྫ་ནཱི།༌༌༌།མཚན་མོ། ཀྲཱྀ། པྲཱྀ། བྲྀ་ཛི། མཎྜི། ནི་དྷཱཉ་རྣམས་ལས་ཀྱུའོ། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །པྲྀ་རྫོགས་པ་ལའོ། པྲྀ་ཛི་འདོར་བ་ལའོ། །མ་ཌི་རྒྱན་ལའོ། །ཨི་དིད་ཀྱི་ནུ་མའོ། །ཌུ་དྷཱཉ་འཛིན་པ་ལའོ། །ནི་སྔོན། འདི་རྣམས་ལས་ཀྱུ་འགྱུར་རོ། ཀ་ཡིག་ཨཏ་ཨེང་དགག་པའི་དོན་ཏོ། །ས་མེད་པའི་ཡུ་བུའི་ཨ་ན་ཨ་ཀ་དག་གོ་ཞེས་པས་ཨ་ནར་བསྒྱུར་རོ། །བྱིངས་ཀྱི་རིཏ་ཀྱི་ཨིཏའོ། །རི་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་དང༌། ཎ་ཉིད་ཀྱང་ངོ༌། །ཀི་ར་ཎཿ།༌༌༌འོད། མཆུ་འབྱུང་ལས་ཨུཏའོ་ཞེས་པས་ཨཱུ་ཉིད་དོ། །པཱུ་ར་ཎཿ།༌༌༌རྒྱ་མཚོ། བྲྀ་ཛ་ཎཿ།༌༌༌བར་སྣང༌། མཎྜ་ཎཾཿ།༌༌༌རྒྱན། ནི་སྡོན་མ་ལས་དྷཱཉ། ནི་དྷཱ་ནཿ།༌༌༌།གཏེར། དྷྲྀ་ཥའི་དྷི་ཥ་ཡང་ངོ༌། །དྷྲྀ་ཋཱ་སྤྱི་བརྟོལ་ལའོ། །ཨ་ཡིག་ནི་ཨཱ་དི་ཏ་ལས་སོ་ཞེས་པའི་རྟགས་དོན་ཏོ། །འདི་ལས་ཀྱུ་ཕ་རོལ་ཏེ། དྷཱི་ཥ་རུ་བསྒྱུར་བ་ཡང་ངོ༌། །དྷི་ཥ་ཎཱ། ཧ་ནའི་ཛ་གྷ་ཡང་ངོ༌། །ཧ་ན་འཚེ་བ་ལའོ། །འདི་ལས་ཀྱུ་འགྱུར་ཞིང་ཛ་གྷར་ཡང་འགྱུར་རོ། ཛ་གྷ་ནཿ།༌༌༌སྐེད་པའི་ཕྱོགས། བྲ་དྷ། བ་སི། དྷཱ། བྲཱྀ་རྣམས་ལས་ནའང་ངོ༌། །བྲ་དྷ་ཞེས་པ་མདོའི་བྱིངས་སོ། །བ་ས་ངེས་པར་གནས་པ་ལའོ། །ཌུ་དྷཱཉ་ཌུ་བྷྲྀཉ་འཛིན་པ་ལའོ། །པྲཱྀ་རྫོགས་པ་ལའོ། །འདི་དག་ལས་ན་ཕ་རོལ་ཏུ་འགྱུར་རོ། །བྲ་དྷྣཿ།༌༌༌ཉི་མ། བྶྣཿ།༌༌༌རིང༌། ཌཱ་པ།ནས་ཀྱི་རྣོ་འགྱུར།༌༌༌དྷཱ་ནཱ། ཨཏ་ཨེང་དང་ཕ་རོལ་ཉིད་དོ། །ར་ཥ་ལས་ཞེས་པས་ཎ་ཉིད་དོ། །པརྞྞཿ།༌༌འདབ་མ། ཀྲྀ་བྲྀ་ཏྲྀ་སྭ་པི་སི། དྲུ་རྣམས་ལས་ནནའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །བྲྀཉ་སྒྲིབ་པ་ལའོ། །ཏྲྀ་རྐྱལ་པ་ལའོ། །སྭ་པ་ཉལ་བ་ལའོ། །ཥི་འཆིང་བ་ལའོ། །ཥྛི་བུ་དང་ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ། །དུ་དྲུ་འགྲོ་བ་ལའོ། །འདི་རྣམས་ལས་ནན་ཕ་རོལ། ན་ཡིག་དབྱངས་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད་དང་ར་ཕ་རོལ། ར་ཥ་ལས་ཎ་ཉིད་དོ། །ཀརྞྞཿ།༌༌༌རྣ་བ།བརྞྞཿ།༌༌༌ཁ་དོག་གི་མདོག །ཏརྞྞཿ།༌༌༌རྒྱ་མཚོ།སྭཔྣཿ།༌༌༌གཉིད། ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད། སྡེའམ་དམག་གི་ཚོགས༌༌༌སེ་ནཱ་སྔ་མ་བཞིན་ཨོད་ཉིད། དྲོ་ཎཿ།༌༌༌བྲེའམ་འཇལ་བྱེད། ཨི་ཥི། ཨི་ཎ།


DTG194_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བི། ཀྲྀ་ཥི། ཏྲྀ་ཥི། བུ་དྷི། ར་ཏི། དྷཱ་པྲཱྀ་རྣམས་ལས་ནཀའོ། །ཨུ་ཥ་བསྲེག་པ་ལའོ། །ཨི་ཎི་འགྲོ་བ་ལའོ། །ཨ་པ་རཀྵ་སྐྱོང་བ་ལའོ། །ཀྲྀ་ཥ་རྣམ་པར་རྐོ་བ་ལའོ། །ཏྲཱྀ་ཥ་སྐོམ་པ་ལའོ། །བུ་དྷ་རྟོགས་པ་ལའོ། ར་ཏ་ཞེས་པ་མདོའི་བྱིངས་སོ། །ཌུ་དྷཱཉ་ཌུ་བྷྲྀཉ་འཛིན་པ་ལའོ། །པྲཱྀ་རྫོགས་པ་ལའོ། །འདི་རྣམས་ལས་ནག་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ཨཏ་ཨེང་དགག་པའི་དོན། ཚིག་གཅིག་ལས་ར་ཥ་ལས་ནའི་ཎའོ་ཞེས་པས་ཎ་ཉིད། ཀིཏ་ལ་ཞེས་པས་ཨཏ་ཨེང་དག་གོ །ཨུཥྞཿ།༌༌༌དྲོ་བའམ་མེ། ཨིཎ།༌༌༌རྗེ་བོ།ཛྭ་ར་ཏྭ་ར་ཨ་བ་ཤྲི་བུ་མ་རྣམས་ཀྱི་མཐའ་ཉེ་དང་བཅས་པའི་འོ་ཞེས་པས་ཨཱུ་ཋའོ་ཞེས་པའི་རྟགས་དོན་ཏོ། །ཨཱུ་ན།༌༌༌།མ་ཚང་བའི། ཀྲྀཥྞཿ།༌༌༌ནག་པོ། ཌཱཔ། སྲེད་པའམ་མངོན་པར་འདོད་པ།༌༌༌ཏྲྀཥྞཱ། བུདྷྲ།༌༌༌དྲིས་པའི་མཐའོ། རཏྣ།༌༌༌རིན་ཆེན་ནམ་དཀོན་མཆོག་མཱ་སྠཱ་སོགས་ཀྱི་མདོས་ཨཱི་ཉིད། དྷཱི་ནཿ།༌༌༌རྒྱ་མཚོ། མཆུ་འབྱུང་ལས་ཨུཏའོ་ཞེས་པས་ཨུ་ཉིད། བྱིངས་ར་བ་དག་ལ་ཨ་ཙ་མེད་པ་ལ་ཨི་ཀའི་རིང་པོ་ཉིད་དོ། །པཱུརྞྞཿ།༌༌༌གང་བ། ཀྲྀ་ཏི་ལས་པུཀ་ཡང་ངོ༌། །ཀྲྀ་ཏི་གཅོད་པ་ལའོ། འདི་ནས་ན་ཀ་ཕ་རོལ་དང་སུཀའང་ངོ༌། །ཀ་ཡིག་ཀིཏ་བྱ་བའི་དོན་ཏོ། །དེས་ན་ཀིཏ་ལའོ་ཞེས་པས་ཨཏ་ཨེང་བཀག་གོ །ཀྲྀཏྶྣཾ།༌༌༌ཟད་པར་རམ་མཐའ་དག་གམ་མ་ལུས་པ། ཤླྀ་ཥི་ལས། ཨིཏའི་ཨཏ་ཀྱང་ངོ༌། །ཤླྀ་ཥ་འཁྱུད་པ་ལའོ། །འདི་ལས་ན་ཀ་ཕ་རོལ་ཏུ་འགྱུར་ཏེ། སུཀའང་ངོ༌། །ཨིཏ་ཀྱི་ཨཏ་ཅེས་པས་ཨི་ཡིག་གི་ཨ་ཡིག་གོ །ཥ་ཌྷ་དག་གི་ས་ལའོ་ཞེས་པས་ཀ་ཉིད་དོ། །ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། །ར་ཥ་ལས་ཞེས་པས་ཎ་ཉིད་དོ། །ཤླཀྵྞཿ།༌༌༌འཇམ་པོ། ཏི་ཛིའི་ཨཱིཏ་ཀྱང་ངོ༌། །ཏི་ཛ་རྣོ་བ་ལའོ། །འདི་ལས་ནག་ཕ་རོལ་དང་སུཀའང་ངོ༌། །ཨི་ཡིག་གི་ཨཱི་ཡིག་གོ །སྔ་མ་བཞིན་ཥ་ཉིད་དོ། །ཀུ་ཉིད་དང་ཎ་ཉིད་ཀྱང་ངོ༌། །ཏིཀྵྞཿ།༌༌༌རྣོན་པོ། རསྣ་ལ་སོགས་པ་རྣམས་སོ། །རཱ་ལཱ་ལེན་པ་ལའོ། །ཥོ་མཐའ་ལའོ། །ཥྛི་བུ་ཥྭཀྐཱ་མ་ཡིན་པའི་དང་པོའི་ཥའི་སའོ། །རྒྱུ་མཚན་མེད་ན་སོགས་ཀྱིས་ཋའི་ཐའོ། །ཨི་ཎ། བཱི་བཱ་འགྲོ་བ་ལའོ། །ཏྲྀ་ཥ་སྐོམ་པ་ལའོ། །རྀ་འགྲོ་བ་ལའོ། །ཛྲྀ་རྒ་བ་ལའོ། འདི་རྣམས་ལས་ནག་ཕ་རོལ་དང་སུགཱང་ངོ༌། །ཌཱ་པའོ། །རསྣཱ།༌༌༌སྨན།སཱ་སྣཱ།༌༌༌ལྐོག་ཤལ།


DTG194_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་ཏིའི་ས་ཡིགའོ། ཥ་དབྱི་བ་དང་ཎ་ཉིད་ཀྱང་ཚིག་ཕྲད་དོ། །སྠཱ་ནཱ།༌༌༌ཀ་བ། བཱི་ནཱ།༌༌༌གི་ཝཾ། ཏྲྀ་ཥའི་ཥ་དབྱི་བ་ཚིག་ཕྲད་དོ། །ཏྲཱྀ་ཎཾ།༌༌༌རྩྭ། ཨརྟིའི་ཨཏ་ཨེང་དང་ར་ཕ་རོལ་ཉིད་དང་ཎ་ཉིད་ཀྱང་ངོ༌། །ཨརྞཿ། བི་ཊ་པཿ། ཛཱིརྞྞཿ།༌༌༌རྒས་པ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཀྲྀ། བྲྀ། ཏྲྀ། ཡ་མི། དྲཱ་རི། ཨརྫི་རྣམས་ལས་ཨུ་ནནའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །བྲྀཉ་སྒྲིབ་པ་ལའོ། །ཏྲཱྀ་རྐྱལ་པ་ལའོ། །ཡ་མུ་ཉེ་བར་འགོག་པ་ལའོ། །ཏྲཱྀ་རྣམ་པར་འཇོམས་པ་ལའོ། །སྦྱོར་བ་པོའི་བྱ་བ་ལ་ཎི་ཙའི་ཨཙའིའོ་ཞེས་པས་ཨཱ་ཉིད། ར་ཕ་རོལ། ཨརྫ། སརྫ་སྒྲུབ་པ་ལའོ། །འདི་རྣམས་ལས་ཨུ་ནན་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང་ར་ཕ་རོལ་ཉིད་དོ། །ར་ཥ་ལས་ཎ་ཉིད་དོ། །ཌཱ་པ། ཀ་རུ་ཎཱ།༌༌༌།སྙིང་རྗེའམ་བརྩེ་བ། བཱ་རུ་ནཱ།༌༌༌ཆུ་ལྷའམ་ཤིང་གི་རྒྱལ་པོ།ཏ་རུ་ཎཿ།༌༌༌ལང་ཚོ། ཀ་པི་རི་ཀ་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཉིད། རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་གྱི་ཡང་མེད་དོ་ཞེས་པས་ཎའི་ནའོ། །ཏ་ལུ་ནཿ།༌༌༌ལང་ཚོ། ཌཱ་པ། ཡ་བུ་ནཱཿ།༌༌༌ཆུ་ཀླུང༌། ཎིའི་ཨིཊ་མ་ཡིན་པ་ལའོ་ཞེས་པས་ཎི་དབྱིའོ། །དཱ་རུ་ཎཱཿ།༌༌༌།དྲག་ཤུལ། ཨརྫུ་ཎ།༌༌༌སྲིད་སྒྲུབ་བམ་སྒྲུབ་བྱེད། ཤིང་གི་ཁྱད་པར་རམ་དཀར་པོའང་ངོ༌། ཤ་ཀི་ལས་ཨུཎའོ། །ཤླྀ་ནུས་པ་ལའོ། །ལྀ་ཡིག་ནི་ལྀ་དིཏ་དཡུདྟ་སོགས་སུ་ཥ་སོགས་རྣམས་ལ་ཨ་ཏང་ལའོ་ཞེས་པའི་རྟགས་དོན་ཏོ། །འདི་ལས་ཨུ་ནན་ཕ་རོལ་ཏུ་འགྱུར་རོ། ཤ་ཀུ་ནཿ།༌༌༌འདབ་ཆགས། པྲཱྀ་པཱ་ཏ་ལིས་རྣམས་ལས་སའོ། །པྲཱྀ་རྫོགས་པ་ལའོ། །པཱ་བཏུང་བ་ལའོ། །ཏ་ལ་རབ་ཏུ་གནས་པ་ལའོ། །འདི་ལས་པ་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད། རྀ་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད། པརྦཿ།༌༌༌།ཁྱིམ། པཱ་པ།༌༌༌སྡིག་པ། ཏལྤཾ།༌༌༌མལ་ས། སྟུ་ལས། ཨཱུཏ་ཀྱང་ངོ༌། །ཥྚུཉ་བསྟོད་པ་ལའོ། །ཥྛི་བུ་ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ། །རྒྱུ་མཚན་མེད་ན་ཞེས་པས་ཊའི་ཏ་ཡིག་གོ །འདི་ལས་པ་ཕ་རོལ་ཏུ་འགྱུར་ཞིང་ཨུའི་ཨཱུཏའོ། །སྟཱུ་པཿ།༌༌༌མཆོད་བརྟེན། ཡུ། ཀུ། སུ། རྣམས་ལ་སྟེ་ཀིཏའང་ངོ༌། ཡུ་སྤེལ་བ་ལའོ། །ཀུ་སྒྲ་ལའོ། །ཥུན་མངོན་པར་སྐྱེ་བ་ལའོ། །སྔ་མ་བཞིན་པ་དབྱི། འདི་རྣམས་ལས་པ་ཕ་རོལ་དང་ཀིཏ་བཞིན་ནོ། །ཨུ་ཡིག་གི་ཨཱུ་ཡིག་


DTG194_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཡཱུ་པཿ།༌༌༌།མཆོད་སྡོང༌། ཀཱུ་པཿ།༌༌༌ཁྲོན་པ། སཱུ་པཿ།༌༌༌ཚོད་མ། བཱ་སྤ་ལ་སོགས་པ་རྣམས་སོ། །བཱ་སྲྀ་སྒྲ་ལའོ། །ཤུ་ཥཱ་སྐེམ་པ་ལའོ། །ཤ་ལ་འགྲོ་བ་ལའོ། །རུ་སྒྲ་ལའོ། །ཤྲཱྀ་འཚེ་བ་ལའོ། །ཥ་ནུ་ངེས་པར་འཇོམས་པ་ལའོ། །ཎི་ཐོབ་པ་ལའོ། །འདི་རྣམས་ལས་པ་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་བཱ་སའི་ཥ་ཉིད་དོ། བཱཥྤ།༌༌༌།རླངས་པ། ཤུ་ཥའི་ཨུ་ཡིག་གི་ཨ་ཉིད་དོ། །ཤཥྤཾ།༌༌༌རྩྭ་གཞོན་ནུ། ཤ་ལིའི་ཨཏ་ཀྱི་ཨི་ཉིད་དོ། །ཤིལྤཾ།༌༌༌།རྣོ་ཤེས།རཽ་ཏིའི་རིང་པོ་ཉིད་དོ། །རཱུ་པཾ།༌༌༌གཟུགས། ཤྲྀ་ཎོ་ཏིའི་ཨཱུ་ཉིད་དོ། །ཤུརྦུཿ།༌༌༌སློབ་མ།པྲ་སྥོ་ཊ་ནི།༌༌༌རབ་ཏུ་འཁྲབ་བྱེད། ཁ་ནའི་ན་ཡིག་གི་ཥ་ཉིད་དོ། །ཁཥྤཾ། བ་ལཱཏྐཱ་རཾ། ནཱི་པཾ། ཀུ་ཊ་ཛཿ།༌༌༌དུག་མོ་ཉུང༌། སརྟི་ལས་ཨ་པ་དང་སུ་ཀ་ཡང་ངོ༌། སྲྀ་འགྲོ་བ་ལའོ། །འདི་ལས་ཨ་པ་ཕ་རོལ་དང་སུཀ་ཡང་ངོ༌། ཨུ་ཡིག་བརྗོད་དོན། ཀ་ཡིག་ཀིཏ་བྱ་བའི་དོན། བྱ་བའི་དོན་གྱི་ཨི་ཀའི་ཨེང་ཞེས་པས་ཨ་ཉིད་དོ། །ར་ཕ་རོལ་ཉིད། སརྦ་པཿ།༌༌༌ཡུངས་ཀར། བི་ཊ་པ་ལ་སོགས་པ་རྣམས་སོ། །བི་ཊ་སྤྱོ་བ་ལའོ། །བི་ཥ་རབ་ཏུ་འཇུག་པ་ལའོ། །རྀ་འགྲོ་བ་ལའོ། །ཀུ་ཎ་སྒྲ་ལའོ། །ཨུ་ཥ་སྲེག་པ་ལའོ། །ཀུ་ཊ་གྱ་གྱུ་ལའོ། །ང་ལ་རྣམ་པར་འཇོམས་པ་ལའོ། །ཀ་ཙ་འཆིང་བ་ལའོ། །བི་ཥཱྀ་ཁྱབ་པ་ལའོ། །མ་ཌི་རྒྱན་ལའོ། །ཨི་དིཏ་ཀྱི། ནུ་མའོ། །ཨུ་ཡིག་དང་མ་ཡིག་དབྱིའོ། །བི་ཤ་རབ་ཏུ་འཇུག་པ་ལའོ། །འདི་རྣམས་ལ་ཨ་བ་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་བི་ཊིའི་ཨཏ་ཨེང་མེད་དོ། །བི་ཊ་པཿ།༌༌༌འཐིབས་བོ། བི་ཤ་པཿ།༌༌༌ཁྱིམ། ཨརྟིའི་ཨུ་ཉིད་དང་ར་ཕ་རོལ་དང་ལ་ཉིད་དོ། །ཨུ་ལ་པཿ།༌༌༌ཀུན་དུ་གདུང་བ།ཀུ་ཎ་ཏིའི་ཨཏ་ཨེང་མེད། ཀུ་ཎ་པཿ།༌༌༌ཤི་བའི་རོ། ཨུ་ཥ་པཿ།༌༌༌མི། ཀུ་ཊ་པཿ།༌༌༌བྲེའི་བཞི་ཆ། ད་ལ་པཿ། པྲ་ཧ་ར་ཎཿ། ཀ་ཙ་པཿ།༌༌༌ཡལ་ག །བི་ཥི་ལས་ཊུ་ཀའོ། །བེཥྚ་པཿ།༌༌༌དགེ་བ།མཎྜ་པཿ།༌༌༌ཁྱིམ་མམ་འདུན་ཁང་ངམ་ལྷ་ཁང༌། བི་ཤི་ལས་ཕ་རོལ་གྱི་ཨའི་ཨི་ཡིག་གོ །བི་ཤི་པཿ།༌༌༌རབ་ཏུ་འཇུག་རཱ་ཏི་ལས་ཨི་ཕའོ། །རཱ་ལཱ་ལེན་པ་ལའོ། །འདི་ལས་ཨི་ཕ་རོལ་ཏུ་འགྱུར་རོ། །ཨཏ་ཨེང་ཞེས་པས་གཉིས་དག་གི་གཅིག་ཉིད་ཨེའོ། རེ་ཕཿ།༌༌༌ར་ཡིག །གུ་རི་ལས་ཕཀའོ། །གུ་རཱི་བརྩོན་པ་ལའོ། །འདི་ལས་ཕཀ་ཕ་རོལ་ཉིད། ཀ་ཡིག་ཨཏ་ཨེང་


DTG194_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འགེགས་པའི་དོན་ཏོ། །ཀ་པི་རི་ཀ་ལ་སོགས་པ་རྣམས་སོ་ཞེས་པས་རེ་ཕའི་ལ་ཉིད། གུ་ལྥཾ།༌༌༌ལོང་བུ། གྲཱྀ། ཤྲཱྀ་དག་ལས་བའོ། །གྲཱྀ་ངེས་པར་གནོན་པ་ལའོ། །ཤྲཱྀ་འཚེ་བ་ལའོ། །འདི་དག་ལས་བ་ཕ་རོལ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད་དོ། །རྀ་ཀའི་ཨཎ་ལར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །གརྦཿ།༌༌༌ང་རྒྱལ།ཤརྦཿ།༌༌༌ལྷ་ཆེན་པོ། ཨ་ཤི་།ལ་ཊི། ག་ནི། ཁ་ཊཱི། པི་ཤི་ལས་ཀྭནའོ། ཨ་ཤ་ཟ་བ་ལའོ། །ལ་ཌ་བྱིས་པ་ཉིད་ལའོ། །ཀ་ཎ་སྒྲ་ལའོ། །ཥ་ཌ་འདོད་པ་ལའོ། །བི་ཤི་རབ་ཏུ་འཇུག་པ་ལའོ། །འདི་རྣམས་ལས་ཀྭན་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ཨཏ་ཨེང་དགག་པའི་དོན། ན་ཡིག་དབྱངས་དོན། ཨ་ཤྭཿ།༌༌༌རྟའམ་མགྱོགས་འགྲོ། ཌཱ་པ། ལ་ཊཱ།༌༌༌བྱ། ཀ་ནཾ།༌༌༌སྡིག་པ། ཁ་ཊྭཱ།༌༌སྣ་ཚོགས་སམ་འདུས་པ།༌༌༌བི་ཤྭཿ། ཤི་བ་ལ་སོགས་པ་རྣམས་སོ། །ཤ་མུ། ད་མུ་ཉེ་བར་ཞི་བ་ལའོ། །སྲྀ་འགྲོ་བ་ལའོ། །རྀ་འགྲོ་བ་ལའོ། །ཤ་ལ་འགྲོ་བ་ལའོ། །ཎཱི་ཐོབ་པ་ལའོ། །ཎའི་ནའོ། །ཊུ་བ་མ་སྐྱུགས་པ་ལའོ། །ཊུ་ཡིག་ནི་ཊུ་འགྲོ་བ་ལ་ཨ་ཐུ་ཙའོ། །ཤ་མུ་ད་མུ་ཉེ་བར་ཞི་བ་ལའོ། །སྟི་མ་གཤེར་བར་གྱུར་པ་ལའོ། །ཨོ་ཧཱཀ་གཏོང་བ་ལའོ། །ཨོ་ཡིག་ནི་ཨོ་དིཏ་ལས་སོ་ཞེས་པའི་རྟགས་དོན། ཨ་ཡིག་ནི་ཨོ་ཧྭ་ཀའི་ཏི་ཞེས་པའི་རྟགས་དོན། གྲཱྀ་སྒྲ་ལའོ། །འདི་རྣམས་ལས་ཀྭན་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་ཤ་མའི་ཨཏ་ཀྱི་ཨི་ཉིད། མ་ཡིག་དབྱིའོ། །ཤི་བཾ།༌༌༌ཞི་བ། སརྟིའི་ཨཏ་ཨེང་དང་ར་ཕ་རོལ། སརྦཾ།༌༌༌མ་ལུས་པ། ཨརྟིའི་ཨུ་ཉིད་དང་ར་ཕ་རོལ་དང་ལ་ཉིད་དོ། །ཨུལྤཿ། ཤ་ལའི་ཨཏ་ཀྱི་ཨུ་ཉིད། ཤུལྦཾ།༌༌༌ཟངས། ན་ཡ་ཏིའི་ཐུང་ངུ་ཉིད་དང་ནུ་མའོ། །ནིམྦཾ།༌༌༌།ལུང་ཏང༌། བ་མིའི་ཨཏ་ཀྱི་ཨིའོ། །བིམྦཾ།༌༌༌ལུས།ཤམྦཿ།༌༌༌ལྕགས་ཀྱི་རྣམ་འགྱུར། སྟི་མིའི་ཨིཏ་ཀྱི་ཨའོ། །སྟམྦཿ།༌༌༌འཐིབས་པོ།། ཛ་ཧཱ་ཏིའི་གཉིས་ཉིད་དང་ཐུང་ངུ་དང༌། ཨ་ཡིག་གི་ཨི་ཡིག་གོ །ཨཱ་ཡིག་གིའང་དབྱི་སྟེ། ཌཱ་པའོ། །ཛི་ཧྭཱ།༌༌༌ལྕེ། གྲྀ་ཎཱ་ཏིའི་གྲིའི་དངོས་པོའོ། གྲཱྀ་བ།༌༌༌མགྲིན་པ། ཀྲཱྀ་ཤྲཱྀ། གརྡི་ལས་ཨ་བྷ་ཙའོ། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །ཤྲཱྀ་འཚེ་བ་ལའོ། །ནརད། གརད། ན་ར་སྒྲ་ལའོ། །འདི་དག་ལས་ཨ་བྷ་ཙ་ཕ་རོལ། ཙ་ཡིག་དབྱངས། དོན། ཨཏ་ཨེང་དང་ར་ཕ་


DTG194_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཉིད་དོ། །ཀ་ར་བྷཿ།༌༌༌།རྔ་མོ། ཀ་པི་རི་ཀ་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཉིད་དོ། །ཀ་ལ་བྷཿ།༌༌༌།གླང་པོ་ཆེ་ཕྲུག་གུ། ཤ་ར་བྷཿ།༌༌༌རི་དགས་ཤ་ར་བྷ། ལ་ཉིད་ཀྱིས། ཤ་ལ་བྷཿ།༌༌༌ཕྱེ་མ་ལེབ། གརད་བྷཿ།༌༌༌བོང་བུ། རྀ་ཥི། རཱ་ཤཾ་།བལི་ལས་ཀི་ཏའོ། །རྀ་ཥི་འགྲོ་བ་ལའོ། །བྲྀ་ཥུ་བཀྲུ་བ་ལའོ། །རཱ་སྲྀ་འབར་བ་ལའོ། །བལླ་ཞེས་པ་མདོའི་བྱིངས་སོ། འདི་རྣམས་ལས་ཨ་བྷ་ཙ་ཕ་རོལ་ཏུ་འགྱུར་ཞིང་ཀ་ཏ་བཞིན་ནོ། དེས་ན་ཀིཏ་ལའོ་ཞེས་ཨཏ་ཨེང་དུ་མི་འགྱུར་རོ། །རྀ་ཥ་བྷཿ།༌༌༌།ཁྱུ་མཆོག་གླང༌། བྲྀ་ཥ་བྷཿ།༌༌༌ཁྱུ་མཆོག །རཱ་ས་བྷཿ།༌༌༌བོང་བུ།བ་ལ་བྷཿ།༌༌༌ཡིད་གཅུགས་སམ་མཛའ་བཤེས། དྲྀང་ལས་བྷའོ། །འདི་ལས་བྷ་ཕ་རོལ། དྲྀང་མ་གུས་པ་ལའོ། །འདི་ལས་བྷ་ཕ་རོལ། ཨཏ་ཨེང་དང་ར་ཕ་རོལ། དྷརྦྷཿ།༌༌༌རྩྭ་ཀུ་ཤ་གྲཱྀ་ལས་བྷནའོ། །གྲཱྀ་ངེས་པར་གནོན་པ་ལའོ། །འདི་ལས་བྷ་ཕ་རོལ་ལོ། །ཨ་ཉིད་དང་ར་ཕ་རོལ་ཉིད་དོ། གརྦྷཿ།༌༌༌སྙིང་པོའམ་མངལ། ཨི་ན་ལས་ཀིཏའོ། །ཨི་ཎ་འགྲོ་བ་ལའོ། །འདི་ལས་བྷན་ཕ་རོལ་དང་ཀིཏ་བཞིན་ནོ། །དེས་ན་།ཀིཏ་ལའོ་ཞེས་པས་ཨཏ་ཨེང་དུ་མི་འགྱུར་རོ། །ཨི་བྷཿ།༌༌༌གླང་པོ་ཆེ། གུ་དྷི་ལས་ཨཱུ་མའོ། །གུ་དྷ་ཡོངས་སུ་དཀྲིས་པ་ལའོ། །འདི་ལས་ཨཱུ་མ་ཕ་རོལ། ཡང་བ་མཐའ་ཉེ་ཞེས་པས་ཨོ་ཉིད། གོ་དྷཱུ་མཿ།༌༌༌འགྲོའམ་འབྲུའི་རིགས པྲ་ཐི་ཙ་རི་ལས་ཨ་མ་ཙའོ། །པྲ་ཐ། པྲྀ་ཐུ་རྒྱས་པ་ལའོ། །ཙ་ར་འགྲོ་བའི་དོན་རྣམས་སོ། །འདི་དག་ལས་ཨ་མ་ཙ་ཕ་རོལ། ཙ་ཡིག་དབྱངས་སོ། །པྲ་ཐ་མཾ། ཙ་ར་མཾ། རྀ། སྟུ། སུ། ཧུ། དྷྲྀ། ཀྵི། ཀྵུ། བྷཱ། ཡཱ། པ་དི། ཡཀྵི། ཎ་རྣམས་ལས་མ་ནའོ། །རྀ་འགྲོ་བ་ལའོ། །ཥྚུཉ་བསྟོད་པ་ལའོ། །ཥུཉ་མངོན་པར་སྐྱེ་བ་ལའོ། །སྔ་མ་བཞིན་དུ་རྗེས་སུ་འབྲེལ་པ་དབྱི་བ་དང༌། ས་ཡིག་ཏུ་བསྒྱུར་བ་ཡང་ངོ༌། །ཧུ་སྦྱིན་པ་ལའོ། །དྷྲྀ་འཛིན་པ་ལའོ། །ཀྵི་ཟད་པ་ལའོ། །ཊུ་ཀྵུ། རུ་ཀྵུ་སྒྲ་ལའོ། །བྷཱ་འབར་བ་ལའོ། །ཡཱ་རབ་ཏུ་ཐོབ་པ་ལའོ། །པ་ད་འགྲོ་བ་ལའོ། །ཡཀྵ་ཟ་བ་ལའོ། །ཎི་ཐོབ་པ་ལའོ། །འདི་དག་ལས་མན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཨི་ཀའི་ཨཏ་ཨེང་དང་ར་ཕ་རོལ་ཉིད་དོ། །ཨརྨཿ།༌༌༌མིག་ནད། སྟོ་མཿ།༌༌༌འདུས་པ། སོ་མཿ།༌༌༌རི་བོང་མཚན་མ། ཧོ་མཿ།༌༌༌སྦྱིན་སྲེག །


DTG194_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨཿ།༌༌༌།ཆོས། བསོད་ནམས། ཀྵེ་མཿ།༌༌༌བདེ་བའམ་དགེ་བ། ཀྵོ་མཿ།༌༌༌ཟར་མ་བྷཱ་མཿ།༌༌༌མཛེས་པ། ཡཱ་མཿ།༌༌༌ཐུན་ནམ་མེལ་ཚེ།པདྨཿ།༌༌༌ཆུའི་རྒྱན།ཡཀྵྨཿ།༌༌༌ནད། ནེ་མཿ།༌༌༌དུས། གྲ་སའི་ཨཏའོ། །གྲ་སུ། གླ་སུ་ཟ་བ་ལའོ། །འདི་ལས་མན་ཕ་རོལ་དང་སའི་ཨཱ་ཉིད་དོ། །གྲཱམཿ།༌༌༌གྲོང་ངམ་སྐྱེ་བོ་གནས་པ། སཱུ་ཙི་ལས་སྨནའོ། །སཱུ་ཙ་ཕྲ་མོ་ལའོ། །འདི་ལས་སྨན་ཕ་རོལ། ན་དབྱངས་དོན། ཙུའི་ཀུའོ་ཞེས་པས་ཙའི་ཀའོ། ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། །སཱུ་ཀྵྨཿ།༌༌༌ཕྲ་མོ། ནཻ་རནྫ་ནཾ། ཡུདྷ། ཧི། ཨནྡྷ། ཛ་ནི། ཤྱཱ། དྷཱུ་རྣམས་ལས་མ་ཀའོ། །ཡཱུ་དྷ་འཁྲུག་པ་ལའོ། །ཧི་འགྲོ་བ་ལའཽ། །ཨིནྡྷཱི་འབར་བ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཤྱཻང་འགྲོ་བ་ལའོ། །ཤིཏ་མ་ཡིན་པ་ལ་ཨེཙའི་ཨཱཏའོ། །དྷཱུཉ་གཡོ་བ་ལའོ། །འདི་རྣམས་ལས་མ་ཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ཀིཏ་བྱ་བའི་དོན་ཏོ། །ཡུ་དྷྨཾ།༌༌༌མདའ། ཧི་མཾ།༌༌༌ཁ་བ། ཀི་ཏྲ་ལ་ཧལ་གྱི་ཨི་དིཏ་མ་ཡིན་པའི་མཐའ་ཉེའིའོ་ཞེས་པས་ན་དབྱིའོ། །ཨི་དྷྨཾ།༌༌༌བུད་ཤིང༌། ཛནྨཾ།༌༌༌སྐྱེ་བ། ཤྱ་མཾཿ།༌༌༌ལྗང་གུའམ་སྔོ་བསངས། དྷཱུ་མཿ།༌༌༌དུ་བ། བྷི་ལས་ཥུཀ་ཡང་ནའོ། །བྷཱི་འཇིགས་པ་ལའོ། །འདི་ལས་མཀ་ཕ་རོལ་དང་ཥུ་ཀ་ཡང་ནའོ། །ཨུ་ཡིག་བརྗོད་དོན། ཀ་ཡིག་ཨཏ་ཨེང་དགག་པའི་དོན། བྷཱིཥྨཿ།༌༌༌འཇིགས་སྡེའམ་སྒྲ་ངན་གྱི་པ།ཡང་ནའོ་ཞེས་པས་ཥུཀ་མ་གྱུར་པ་དེའི་ཚེ། བྷཱི་མ།༌༌༌འཇིགས་རུང༌། ཡུ་ཛི། རུ་ཛི། ཏི་ཛི་རྣམས་ཀྱི་ཀུ་ཡང་ངོ༌། །ཡུ་ཛིར་སྦྱོར་བ་ལའོ། །རུ་ཛོ་འཇིགས་པ་ལའོ། །ཨོ་ཡིག་ཨོ་དིཏ་ལས་སོ་ཞེས་པའི་རྟགས་དོན། ཏི་ཛ་རྣོ་བ་ལའོ། འདི་དག་ལས་མ་གྱུར་ཏེ། ཀུ་ཡང་ངོ་ཞེས་པས་ཛ་ཡིག་གི་ག་ཡིག་གོ །ཡུགྨཾ།༌༌༌ཟུང༌། རུགྨཾ།༌༌༌དངུལ། ཏིཀྨཾ།༌༌༌རྡོ་བ།གྷརྨ། གྲཱྀཥྨ། ཨ་དྷ་མ་རྣམས་སོ། །གྷྲཱྀ་འགྱུར་བྱེད་ལའོ། །གྲཱྀ་ངེས་པར་གནོན་པ་ལའོ། །ཨ་དྷ་ཞེས་པ་མ་དའི་བྱིངས་སོ། །འདི་རྣམས་ལས་མྐ་ཕ་རོལ་ལོ། ཨཏ་ཨེང་དང་ར་ཕ་རོལ་ཉིད། གྷརྨཾ།༌༌༌རྡུལ། གི་ར་ཏིའི་གྲཱྀ་རུ་བསྒྱུར་ཞིང་ཥཀ་ཡང་ངོ༌། །གྲཱྀཥྨཿ།༌༌༌།སེས་ཀ ཨ་དྷི་ལས་ཨཀ་ཨཱ་ག་མའོ། །ཨ་དྷ་མཿ།༌༌༌ཐ་མ། ཏ་ནི་ལས་ཀ་ཡནའོ། །ཏ་ནུ་རྒྱ་ཆེ་བ་ལའོ། །འདི་ལས་ཀ་ཡན་ནོ། །ཀ་ཡིག་ལས་ཨ་ཡིག་གཟུང་སྟེ་ཀ་ཡིག་ཀིཏ་ལའོ་ཞེས་པའི་རྟགས་དོན། ཏ་ན་ཡཿ།༌༌༌ལུས་སྐྱེས་སམ་བུ། ཧྲྀཉ་ལས་དུག་འང་ངོ༌།


DTG194_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲྀཉ་འཕྲོག་པ་ལའོ། །འདི་ལས་ཀ་ཡན་དང་དུཀའང་ངོ༌། །ཨུ་ཡིག་བརྗོད་དོན། ཀ་ཡིག་ཀིཏ་བྱ་བའི་དོན་ཏོ། །ཧྲྀ་ད་ཡཾ།༌༌༌སྙིང་པོའམ་ཡིད། མཱ། ཙྪཱ། ཤ་སི། སཱུ་རྣམས་ལས་ཡའོ། །མཱང་འཇལ་བ་ལའོ། །ཙྪེ་གཅོད་པ་ལའོ། །ཤིཏ་མ་ཡིན་པ་ལ་ཨེཙའོ་ཨཱ་ཉིད་དོ། །ཤ་ས་ཉལ་བ་ལའོ། །སཱུང་སྐྱེ་བ་ལའོ། །འདི་རྣམས་ལས་ཡ་ཕ་རོལ། ཨ་ཙ་ལ་སོགས་པ་དང་ཨཏ་ལས་ཞེས་པས་ཌཱ་པའོ། །རྗེས་སུ་འབྲེལ་པ་དབྱི་བའང་ངོ༌། །མཱ་ཡཱ།༌༌༌།སྒྱུ་མཱམ་ཕ་རོལ་བསླུ་བ། ཙྪཱ་ཡ།༌༌༌གྲིབ་མའམ་གཟུགས་བརྙན། ས་སྱ།༌༌༌མེ་ཏོག་གམ་སྙིང་པོ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད། བྱིངས་ཀྱི་དེ་ཉིད་ལའོ་ཞེས་པས་ཨ་བར་བསྒྱུར་རོ། །ས་བྱཾ།༌༌༌གཡོན། ཛཱ་ཡཱ་ལ་སོགས་པ་རྣམས་སོ། །ཛ་ན་སྐྱེད་པ་ལའོ། །ཀ་ཎ་སྒྲ་ལའོ། །དྷཻ། མྲྀ་སེམས་པ་ལའོ། །ཤིཏ་མ་ཡིན་པ་ལ་ཨེ་ཙའི་ཨཱཏའོ། སམ་སྔོན་དུ། བནྡྷ་འཆིང་བ་ལའོ། །འདི་དག་ལ་ཡ་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་ཛ་ནིའི་ནའི་ཨཱ་ཉིད་དང༌། ཌཱ་པ། ཛཱ་ཡཱ།༌༌༌ཆུང་མ། ཀ་ཎིའི་ན་ཡིག་གོ །ཀ་ནྱཱ།༌༌༌གཞོན་ནུ་མ། དྷྱ་ཡ་ཏིའི་ཨཱ་ཡིག་གོ །སནྡྷྱཱ།༌༌༌དགོངས་ཐུན། ཉིན་མའི་མཐའ།བནྡྷྱཱ།༌༌༌མོ་གཤམ། ཀུ་མ་ཊཱ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །རུ་ཙི། བྷུ་ཛི་ལས་ཀི་ཥྱནའོ། །རུ་ཙ་འབར་བ་ལའོ། །བྷུ་ཛ་སྐྱོང་བ་ལའོ། །འདི་དག་ལས་ཀྱི་ཥྱན་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ལས་ཨི་ཡིག་གཟུང་སྟེ། ཀ་ཡིག་ནི་ཨཏ་ཨན་དགག་པའི་དོན་ཏོ། །ན་ཡིག་དབྱངས་དོན། རུ་ཙི་ཥྱཿ།༌༌༌ཟན། བྷུ་ཛི་ཥྱཿ།༌༌༌ཟ་བ། མ་དྷི་ལས་སྱནའོ། །མ་དྷི་དགའ་བ་ལའོ། །འདི་ལས་སྱན་ཕ་རོལ་ལོ། །ན་དབྱངས་དོན། ཁར་ལ་ཛྷ་ལའི་ཙར་འོ་ཞེས་པས་དའི་ཏ་ཡིག་གོ །མཏྶྱཱཿ།༌༌༌ཉའམ་ཆུ་ལ་རྒྱུ་བ། སྤྲྀ་ཧི་ལས་ཨཱ་ཡྻའོ། །སྤྲྀ་ཧཱའི་སྒྲ་ལས་གཉིས་པའི་གཅིག་ཚིག་སྤྲྀ་ཧཱ་མཱ་ཙཥྚའམ། སྤྲྀ་ཧཱཾ། ཀ་རོ་ཏི་ཞེས་པ་ལ་སུས་ལས་བྱིངས་དོན་ལ་མང་པོར་འདོད་པ་བྮིནཱང་ངོ་ཞེས་པས་ཎི་ཙའོ། །དོན་གཅིག་ལ་ཞེས་པས་ཨི་འཇིག་གོ །ཎ་ཡིག་ཀྞིཏ་ལའོ་ཞེས་པའི་རྟགས་དོན་ཏོ། །ཙ་ཡིག་ཐུན་མོང་བ་གཟུང་བ་འགོག་པའི་དོན་ཏོ། །འདོད་པ་བཞིན་གྱི་དངོས་པོའི་ཕྱིར་མཐའི་ཨ་ཙ་ལ་སོགས་པ་དབྱིའ་འོས་ཨཱ་ཡིག་དབྱིའོ། །སྤྲྀ་ཧི་ཞེས་གནས་པ་ལ་ཨཡྻ་ཕ་རོལ་


DTG194_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགྱུར་རོ། །ཨཱམ། ཨནྟཿ། ཨཱ་ལུ། ཨཱཡྻ། ཨིཏྣུ་རྣམས་ལ་ཨ་ཡའོ་ཞེས་པས་ཨ་ཡ་རུ་བསྒྱུར་རོ། །སྤྲྀ་ཧ་ཡཱ་ཡྻཿ།༌༌༌མར། མང་པོ་ལའོ་ཞེས་སྤྱིར་བཏང་བའི་ཕྱིར་གཞན་ལའང་འགྱུར་ཏེ། ཤྲདྡྷ་ཡཱཡྻཿ།༌༌༌དད་པ། ཞེས་བྱ་བ་ལ་སོགས་པའོ། །བྲྀང་ལས་ཨེ་ཎྱའོ། །བྲྀང་ཡང་དག་པར་གུས་པ་ལའོ། །ང་ཡིག་ནི་ཏ་ལྡན་པ་ཧལ་དང་པོ་ལས་ང་མེད་པ་ལས་སོ་ཞེས་པའི་རྟགས་དོན་ཏོ། །འདི་ལས་ཨ་ཎྱ་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད། རྀ་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །བ་རེ་ཎྱཿ།༌༌༌གཙོ་བོའམ་མཆོག་ལྡན། ཨརྟི་ལས་ཨ་ནྱ་ཙའོ། །རྀ་འགྲོ་བ་ལའོ། །འདི་ལས་ཨ་ནྱ་ཙ་ཕ་རོལ། ཙ་དབྱངས་དོན། སྔ་མ་བཞིན་ཨ་ཉིད་དང་ར་ཕ་རོལ། ཨ་ར་ཎྱཾ།༌༌༌དགོན་པའམ་ནགས་ཚལ། ཧཱིའི་ཧིར་ཡང་ངོ༌། །ཨོ་ཧཱ་ཀ་གཏོང་བ་ལའོ། །འདི་ལས་ཨ་ནྱ་ཙ་ཕ་རོལ་ཏུ་འགྱུར་རོ། །ཧིར་དུ་བསྒྱུར་བ་ཡང་ངོ༌། །ཧི་ར་ཎྱཾ།༌༌༌དབྱིག་གམ་གསེར། པརྫ་ནྱའོ། །པྲྀ་རྫོགས་པ་ལའོ། །འདི་ལས་ཨ་ནྱ་ཙ་འགྱུར་ཞིང་འཇུག་གོ །ཨ་ཉིད་དང་ར་ཕ་རོལ་ཉིད་དོ། །པརྫ་ནྱཿ།༌༌༌བརྒྱ་བྱིན། པུ་ཎི་ལས་ཀྱནའོ། །པུཎ་དགེ་བ་ལའོ། །འདི་ལས་ཀྱན་ཕ་རོལ། ཀ་ཡིག་ཨཏ་ཨེང་དགག་པའི་དོན། པུ་ཎྱཾ།༌༌༌བསོད་ནམས་སྡམ་དགེ་བའི་གནས། ཤཀྱཾ། དྷིཥྞྱཾའོ། །སྒྲ་འདི་དག་ཚིག་ཕྲད་དོ། །ཤ་ཀླྀ་ནུས་པ་ལའོ། །ཌུ་དྷཱུཉ་འཛིན་པ་ལའོ། །འདི་དག་ལས་ཀྱན་ཕ་རོལ་ཏུ་འགྱུར་རོ། །ཤ་ཀའི་ཨཏ་ཀྱི་ཨི། ཤི་ཀྱཾ།༌༌༌དྲ་བ་ས། ད་དྷཱ་ཏིའི་ཨ་ཡིག་གི་ཨི་ཉིད་ཥུ་ཀ་དང་ནུཊའངའོ། །ར་ཥ་ལས་ཞེས་པས་ཎ་ཉིད། དྷིཥྞྱཾ།༌༌༌ཁྱིམ ཨུཎ་ལ་སོགས་པའི་འགྲེལ་པས་ལས་རྐང་པ་གཉིས་པ་རྫོགས་སོ།། །།མནྡི། ཨཾ་ཀི །བཱ་སི། མ་ཐི། ཙ་ཏི་རྣམས་ལས་ཨུ་ཙ་ཙའོ། །མ་དི་རྒྱགས་པ་ལའོ། ཨི་དཏ་ཀྱི་ནུ་མའོ། །ཨུ་ཡིག་དང་མ་ཡིག་དབྱི། ན་ཡིག་གི་རྗེས་སུ་ང་རོ། །རྗེས་སུ་ང་རོ་ཡ་ཡ་ལ། ཡམའོ་ཞེས་པས་སླར་ཡང་སྡེ་པ་དང་ཆེས་ཉེ་བའི་ན་ཡིག་གོ །ཨཾ་གི་མཚོན་བྱེད་ལའོ། །སྔ་མ་བཞིན་ཨི་ཡིག་དབྱི། བཱ་སྲྀ་སྒྲ་ལའོ། །རྀ་ཡིག་ནི་ཨཀ་ཕྱིས་པ་དང་ཤཱ་སུ་རི་དིཏ་རྣམས་ཀྱི་མ་ཡིན་ནོ་ཞེས་པའི་རྟགས་དོན། མ་ཐེ་རྣམ་པར་དཀྲུགས་པ་ལའོ། །ཨེ་ཡིག་ནི་ཤྭ་པཀྵ་ཎ་ཧ་


DTG194_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཨེ་དིཏ་མ་ཡིན་པའི་ཧལ་དང་པོའི་མཐའ་ཉེའི་ཨཏ་ཀྱིའོ་ཞེས་པའི་རྟགས་དོན། ཙ་ཏེ། ཙ་དེ། ཙ་དྷ་སློང་བ་ལའོ། །སྔ་མ་བཞིན་ཨ་ཡིག་དབྱིའོ། །འདི་རྣམས་ལས་ཨུ་ར་ཙ་ཕ་རོལ་ཏུ་འགྱུར་རོ། །ཨ་ཡིག་དབྱངས་དོན། ཌཱ་པ། མནྡུ་རཱ།༌༌༌རྟའི་ར་བ།ཨངྐུ་རཿ།༌༌༌མྱུ་གུ། ཌཱཔ། བ་སུ་རཱ།༌༌༌མཚན་མོ། མ་ཐུ་རཱ།༌༌༌བཅོམ་བརླག །ཙ་ཏུ་རཿ།༌༌༌མཁས་པ། མ་ཀུ་ར། དརྡུ་ར། བི་དྷུ་ར་རྣམས་སོ། །མ་ཀི་རྒྱན་ལའོ། །ཨི་དབྱི་བ་སྔ་མ་བཞིན་ནོ། །ནུ་མའོ། །འདིའི་ན་ཡིག་དབྱིའོ། །ཨུ་ར་ཙ་ཕ་རོལ། དྲི་རྣམ་པར་འཇོམས་པ་ལའོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད། ར་ཕ་རོལ་ཉིད། །ཨེ་དིཏ་ཉིད་ཀྱིས་དུཀ་ཨཱ་ག་མའོ། །ཨུ་ཡིག་བརྗོད་དོན། ཀ་ཡིག་ཀིཏ་བྱ་བའི་དོན། མ་ཀུ་རཿ།༌༌༌མེ་ལོང༌། དརྡུ་རཿ།༌༌༌སྦལ་པ། བ་དྷ་འཆིང་བ་ལའོ། །བ་ཡིག་གི་ཨི་ཉིད་དོ། །པི་དྷུ་རཿ།༌༌༌ཡོན་ཏན་མེད་པ། ཨ་སི་ལས་ཨུ་ར་ཙའོ། །ཨ་སུ་འཕེན་པ་ལའོ། །ཨུ་ར་ཙ་ཕ་རོལ། ཨུ་ཡིག་བརྗོད་དོན། ཙ་ཡིག་དབྱངས་དོན། ཨ་སུ་རཿ།༌༌༌ལྷ་མ་ཡིན་ནམ་སྦྱིན་སྐྱེས། སྭ་སུ་རའོ། །ཊུ་ཨེ་ཤྭི་འགྲོ་བ་འཕེན་པ་ལའོ། །ཊུ་ཡིག་ཊུ་འགྲོ་བ་ལ་ཨ་ཐུ་ཙའོ་ཞེས་པའི་རྟགས་དོན། ཨོ་ཡིག་ནི་ཨོ་དིཏ་ལས་སོ་ཞེས་པའི་རྟགས་དོན། །འདི་ལས་ཨུ་ར་ཙ་ཕ་རོལ། ཨི་ཡིག་གིའང་ཨ་ཡིག་གོ ། སུ་ཀ་ཨཱ་ག་མའོ། །ཨུ་ཡིག་བརྗོད་པའི་དོན་ཏོ། །ཤྭ་སུ་རཿ།༌༌༌གྱོས་པོའམ་ཆུང་མའི་པ། ཏི་མི། རུ་དྷི། མ་དི། མནྡི། ཙནྡི། བནྡི་རྣམས་ལས་ཀི་ར་ཙའོ། །ཏི་མ། སྟི་མ། ཥྚཱི་མ་གཤེར་བའི་དངོས་པོ་ལའོ། །རུ་དྷི་ར་སྒྲིབ་པ་ལའོ། །མ་དཱི་དགའ་བ་ལའོ། །མ་དི་བསྟོད་པ་ལའོ། །ཙ་དི་ཚིམ་པ་ལའོ། །ཨི་དིཏ་ཀྱི་ནུ་མ་འོས་ཨི་ཡིག་དབྱི་ཞིང་ནུ་མ་འདའོ། །བནྡྷ་འཆིང་བ་ལའོ། འདི་རྣམས་ལས་ཀི་ར་ཙ་ཕ་རོལ། ཀི་ཡིག་ལས་ཨི་ཡིག་གཟུང་སྟེ་ཀ་ཡིག་ཀིཏ་བྱ་བའི་དོན། ཙ་ཡིག་དབྱངས་དོན། ཏི་མི་རཾཿ།༌༌༌རབ་རིབ་བམ་མི་ནག །རུ་དྷི་རཾ།༌༌༌ཁྲག་གམ་རྨ་ལས་སྐྱེས་པ། ཌཱང་འོ། །མ་དི་རཱ།༌༌༌ཆང༌། མནྡི་རཾ།༌༌༌ཁྱི། བནྡེ་རཿ།༌༌༌ལག་ལྡན། ཀིཏ་ལས་ཧལ་གྱི་ཨི་དིཏ་མ་ཡིན་པའི་མཐའོ་ཞེས་པས་ན་དབྱིའོ། །བ་དྷི་རཿ།༌༌༌འོན་པའམ་རྣ་བ་མ་ཚང་བ། སྠི་ར་ལ་སོགས་པ་རྣམས་སོ། །ཥྛ་འགྲོ་བ་ལས་ལྡོག་པ་ལའོ། །ཥྛི་བུ་ཥྭཀྐ་མ་ཡིན་པའི་དང་པོ་ཥའི་སའོ། །རྒྱུ་མཚན་མེད་ན་


DTG194_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཅན་གྱི་ཡང་མེད་དོ་ཞེས་པས་ཋའི་ཐའོ། །ཨ་ཛ། བྲ་ཛ་འགྲོ་བ་ལའོ། །ཤྲྀ་འཚེ་བ་ལའོ། །སྑ་ད་འཚེ་བ་ལའོ། །ཥྛཱ་འགྲོ་བ་ལས་ལྡོག་པ་ལའོ། །ཨིཥུ་འདོད་པ་ལའོ། །ཙྪི་དིར་རྣམ་པ་གཉིས་སུ་བྱེད་པ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཨི་ཡིག་དང་རེ་ཕ་ནི། ཨིར་འགྲོ་བ་ལ་ཡང་ནའོ་ཞེས་པའི་རྟགས་དོན། མུ་ཧ་རྣམ་པར་རྨོངས་པ་ལའོ། །མུ་ཙྪི་ཐར་པ་ལའོ། །རུ་ཙ་འབར་བ་ལའོ། །ཤྲ་ཐ་ལྷོད་པ་ལའོ། །སྠི་ཡཱི་ཨེ་སྱཱ་ཡཱི་འཕེལ་བ་ལའོ། །སྒྲ་འདི་རྣམས་ལས་ཀི་ར་ཙ་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་ཏིཥྛ་ཏིའི་ཨ་ཙ་ལ་ཀིཏ་ལའང་ཨཱཏ་ཀྱི་དབྱིའོ་ཞེས་པས་ཨཱ་དབྱིའོ། །སྠི་རཿ།༌༌༌བརྟན་པའམ་སྨྲ་བ། ཡུ་གྷཉ་ཨས་ཀྱ་རྣམས་མིན་པ་ལ་ཨ་ཛིའི་བཱིའི་འོ་ཞེས་པས་བཱིའི་དངོས་པོར་མི་འགྱུར་ཏེ་ཚིག་ཕྲད་ལས་སོ། །ཨ་ཛི་རམ།༌༌༌ཁྱིམ། ཤྲྀ་ཎི་གཉིས་ཉིད་དང༌། ཨཏ་ཀྱི་ཨི་ཉིད་དང༌། ར་ཡིག་དབྱིའོ། །ཤི་ཤི་རཾ།༌༌༌དགུན། སྑ་དིའི་ས་ཡིག་དབྱིའོ། །ཁ་དི་རཿ།༌༌༌སིང་ལྡེང༌། སྠཱ་ཞེས་པའི་ཐུང་ངུ་ཉིད་དང༌། བུཀ་ཨཱ་ག་མ། ཀ་ཡིག་ཀིཏ་བྱ་བའི་དོན་ཏོ། །སྠ་བི་རཿ།༌༌༌གནས་བརྟན། ཨི་ཥི་རཿ།༌༌༌མདའ། ཙྪི་དི་རཿ།༌༌༌རྣམ་པ་གཉིས་སུ་བྱེད་པ། བྷི་དི་རཿ།༌༌༌རྡོ་རྗེ། མུ་ཧི་རཿ།༌༌༌རྨོངས་པ། མུ་ཙི་རཿ། དཱ་ཏཱ། རུ་ཙི་རཿ།༌༌༌མཛེས་པ། ཤྲ་ཐི་རཿ།༌༌༌ཤྲ་ཐི་ར། སྥི་ཡི་རཾ།༌༌༌རྒྱས་པ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཏཉྩི། བཉྩི། ཤ་ཀི། །ཀྵི་པི། ཀྵུ་དི། རུ་དི། མ་དི། མནྡི། ཙནྡི་རྣམས་ལས་རཀའོ། །ཏཉྩུ་ཡང་དག་པར་བསྐུལ་བ་ལའོ། །བཉྩུ་འགྲོ་ཕ་ལའོ། །ཤ་ཀླྀ་ནུས་པ་ལའོ། །ཀྵི་པ་དེད་པ་ལའོ། །ཀྵུ་ད་ཡང་དག་པར་བསྔགས་པ་ལའོ། །རུ་དིར་མཚི་མ་འཛག་པ་ལའོ། །མ་དཱི་དགའ་བ་ལའོ། །མ་དི་བླུན་པ་ལའོ། །ཙ་དི་ཀུན་དུ་ཚིམ་པ་ལའོ། །འདི་རྣམས་ལས་རཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ཀིཏ་ལའོ་ཞེས་པའི་རྟགས་དོན། ཀཏ྄ ལ་ཧལ་གྱི་ཨི་དིཏ་མ་ཡིན་པའི་མཐའ་ཉེའིའོ་ཞེས་པས་ན་དབྱིའོ། །ནྱཾ་ཀུ་ལ་སོགས་པར་རྣམས་སོ་ཞེས་པས་ཀུན་ཉིད་དོ། །ཏ་ཀྲཾ།༌༌༌ད་རའམ་ཞོ་དཀྲོགས་པ། བ་ཀྲཾ།༌༌༌འཁྱོག་པོ། ཤ་ཀྲཿ།༌༌༌ལྷའི་རྒྱལ་པོ། །ཀྵི་པྲཾ།༌༌༌མྱུར་བ། ཀྵུ་དྲཿ།༌༌༌ཕྲ་མོའམ་ཞན་པ། རུ་དྲཿ།༌༌༌དྲག་པོའམ་ལྷ་ཆེན་པོ། ཀིཏ྄ ལ་ཧལ་གྱི་ཨི་དིཏ་མ་ཡིན་པའི་མཐའ་ཉེའི་འོ་ཞེས་པས་ན་དབྱི་བར་མི་འགྱུར་


DTG194_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཨི་དིཏ་ཉིད་ཀྱི་ཕྱིར་རོ། །མནྡྲཿ།༌༌༌བརྟན་པ།ཙནྡྲཿ།༌༌༌ཟླ་བ། ཤྭི་ཏི། བྲྀ་ཏི། ནཱི། བཱི། ཙྪི་དི། མུ་དི། ད་ཧི། ཏྲྀ་བི། ཤུ་བྷི་རྣམས་ལས་སོ། །ཤྭི་ཏ་ཁ་དོག་ལའོ། །ཨཱ་ཡིག་ནི་ཨཱ་དིཏ་ལས་སོ་ཞེས་པའི་རྟགས་དོན་ཏོ། །བྲྀ་ཏུ་འཇུག་པ་ལའོ། །ཎཱི་རབ་ཏུ་ཐོབ་པ་ལའོ། །ཎའི་ནའོ། །བཱི་འགྲོ་བ་ལའོ། །ཙྪི་དིར་རྣམ་པ་གཉིས་སུ་བྱེད་པ་ལའོ། །མུ་ད་དགའ་བ་ལའོ། །ད་ཧ་ཐལ་བར་བྱེད་པ་ལའོ། །ཏྲྀ་པ་ཚིམ་པ་ལའོ། །ཤུ་བྷ་དང་ཤུཾ་བྷ་མཛེས་པའི་དོན་ལའོ། །འདི་རྣམས་ལས་རཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ཀིཏ་ལའོ་ཞེས་པས་ཨཏ་ཨེང་དགག་པའི་དོན། དེས་ན་བྱ་བའི་དོན་གྱི་ཨིཀའི་ཨཏ་ཨེངའོ། །ཡང་བ་མཐའ་ཉེའིའོ་ཞེས་པས་ཨཏ་ཨེང་དུ་མི་འགྱུར་རོ། །ཤྭི་ཏྲཾ།༌༌༌།མཛེ་ནད། བྲྀ་ཏྲཿ།༌༌༌ལྷ་མ་ཡིན་ན་མ་སྦྱིན་མའི་བུ། ནཱི་རཾ།༌༌༌ཆུ། བཱི་རཿ།༌༌༌དཔའ་བོའམ་རྣམ་པར་གནོན་པ། ཙྪི་དྲཾཿ།༌༌༌བུ་ག །ཌཱཔའོ། །མུ་དྲཱ།༌༌༌ཕྱག་རྒྱའམ་ཡིད་ཆེས་པར་བྱེད་པ། ད་ཧྲཿ།༌༌༌གཞོན་ནུ། ཏྲྀ་སྲཾ། པུ་རོ་ཌཱ་ཤཿ།༌༌༌བརྒྱ་བྱིན། ཤུ་བྷྲཾ།༌༌༌དཀར་པོ། ཏ་མི། ཨ་མི། ཛི་རྣམས་ཀྱི་རིང་པོ་ཡང་ངོ༌། །ཏ་མུ་འདོད་པ་ལའོ། །ཨ་མ་ནད་ལའོ། །ཛི་རྒྱལ་བ་ལའོ། །འདི་རྣམས་ལས་རཀ་འགྱུར་ཞིང་རིང་པོ་ཡང་ངོ༌། ཏཱ་མྲཾ།༌༌༌།ཟངས། ཨཱ་མྲཾ།༌༌༌ཤིང་གི་རིགས། ཛཱི་རཿ།༌༌༌མེ། དུ་ར་ལ་སོགས་པ་རྣམས་སོ། །ཊུ་དུ་ཉེ་བར་གདུང་བ་ལའོ། །ཨུནྡཱི། ཀླྀ་ད་ནེ། ཀྲྀ་ཏཱི་གཅོད་པ་ལའོ། །ཙ་ཀ་ཚིམ་པ་ལའོ། །དནྦྷུ་དན་གཡོ་བ་ལའོ། །བ་ས་གནས་པ་ལའོ། །བཱ་སྲྀ་སྒྲ་ལའོ། །ཤཱིང་ཉལ་བ་ལའོ། །ཧ་སེ་དགོད་པ་ལའོ། །སི་དྷུ་གྲུབ་པ་ལའོ། ར་མུ་རྩེ་བ་ལའོ། །ཀ་པ་འགྲོ་བ་ལའོ། །བ་དི་གསོང་པོར་སྨྲ་བ་ལའོ། །ཁི་ད་དམན་པ་ལའོ། །འདི་རྣམས་ལས་རཀ་ཕ་རོལ་ཏུ་ཚིག་ཕྲད་བྱའོ། །དེ་ལ་དུ་ནོ་ཏིའི་རིང་པོ་ཉིད་དོ། །དཱུ་རཿ།༌༌༌།ཐག་རིང་ངམ་བསྐལ་པ། ཨུནྡིའི་ན་དབྱི། ཨུ་དྲཿ།༌༌༌སྲམ་མམ་ཆུ་ལ་རྒྱུ་བ། ཀྲྀ་ཏིའི་ཏ་ཡིག་གི་ཚ་ཡིག་གོ །སྟུའི་ཤྩུ་དང་ཥྚུ་དག་གི་དེ་དག་གོ་ཞེས་པས་ཏ་ཡིག་གི་ཙ་ཡིག །ཀྲྀཙྪུཾ།༌༌༌དཀའ་ཚེགས།ཙ་ཀིའི་ཨཏ་ཀྱི་ཨུ་ཉིད་དོ། །ཙུ་ཀྲཾ།༌༌༌སྐྱུར་མོ། ད་ནྦྷའི་ན་དབྱིའོ། །ད་བྷྲཿ།༌༌༌ཀུ་ཤ །བ་སའི་བ་ཡིག་གི་ཨུ་ཡིག་སྟེ། ཡ་ཎའི་ཨིཀ་ཅེས་པས་སོ། ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དུ་ཚིག་ཕྲད་ལས་མི་འགྱུར་རོ། །ཨུ་ཕྲཿ།༌༌༌ཟོར་བ། ཌཱ་པ། དཀའ་ཚེགས།


DTG194_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་པྲཱ།༌༌༌ལྐོག་ཤལ་ལམ་བ་ལང་གི་མགྲིན་པ། བཱ་པྲཱཿ།༌༌༌རྩུབ་པ། ཤཱིརཿ།༌༌༌གཉིད་མ་སད་པ། ཧ་སྲཿ།༌༌༌དགོད་པ། སི་དྷྲཿ།༌༌༌སྐྱེ་བོ་ལེགས་པ། ར་མའི་དྷྲཀའོ། །རནྡྷྲཾ།༌༌༌།བུ་བད། བི་སྔོན་མའི་ཀས་ཏིའི་ཨཏ་ཀྱི་ཨུ་ཉིད། བི་ཀུསྲཿ།༌༌༌།ཟླ་བ། བནྡྲཿ༌༌༌མཆོད་པ་པོ། ཁི་དྲཿ།༌༌༌དམན་པ། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །སུ་སཱུ། དྷཱཉ། གྲྀ་དྷི་ལས་ཀྲནའོ། །ཥུཉ་མངོན་པར་སྐྱེ་བ་ལའོ། །ཥཱུ་རབ་ཏུ་སྐྱེ་བ་ལའོ། ཥྛི་བུ་ཥཀྐ་མ་ཡིན་པའི་དང་པོའི་ཥའི་སའོ། ཌུ་དྷཉ་ཌུ་བྷྲྀཉ་འཛིན་པ་ལའོ། །གྲྀ་དྷུ་མངོན་པར་འདོད་པ་ལའོ། །འདི་རྣམས་ལས་ཀྲན་ཕ་རོལ། ན་ཡིག་དབྱངས་དོན། ཀ་ཡིག་ཨཏ་ཨེང་དགག་པའི་དོན། སུ་རཿ།༌༌༌།ཆང༌།སཱུ་རཿ།༌༌༌ཉི་མ། མཱུ། སྠཱ། སཱ། གཱ། པི་བ། ཧཱཀ །དཱ། དྷཱ་རྣམས་ཀྱི་ཧལ་ལའོ་ཞེས་པས་ཨཱི་ཉིད་དོ། །དྷཱི་རཿ།༌༌༌།བརྟན་པ། གྲྀ་དྷྲཿ།༌༌༌བྱ་རྒོད། སི་མི་ཙི་རྣམས་ཀྱི་ཨཱི་ཏ་ཡང་ངོ༌། །ཥི་འཆིང་བ་ལའོ། །ཌུ་མི་ཉ་རབ་ཏུ་འཕེན་པ་ལའོ། །ཅི་སོགས་པ་ལའོ། །འདི་རྣམས་ལས་ཀྲན་འགྱུར་ཞིང་ཨཱིཏ་ཡང་ངོ༌། སཱི་རཿ།༌༌༌ཐོང་གཤོལ། མཱི་རཾ།༌༌༌ཆུ། ཙཱི་རཾ།༌༌༌རིང་པོ། བ་པི།༌༌༌ཤིང་ཤུན། བ་ཛི། བྲྀ་དྷི། ཨིནྡི་རྣམས་ལས་རནའོ། །ཌུ་པ་ས་བོན་འདེབས་པ་ལའོ། བ་ཛ་འགྲོ་བ་ལའོ། །བྲྀ་ཏུ་འཕེན་པ་ལའོ། །ཨི་དི་མཆོག་གི་དབང་ཕྱུག་ལའོ། །ཨི་དིཏ་ཀྱི་ནུ་མའོ། །འདི་རྣམས་ལས་རན་ཕ་རོལ་དུ་འགྱུར་རོ། །ན་ཡིག་དབྱངས་དོན། བ་པྲཿ།༌༌༌།ཟོར་བ། བཛྲཿ།༌༌༌རྡོ་རྗེ། བདྷྲཿ།༌༌༌པགས་པ།ཨིནྡྲཿ།༌༌༌དབང་པོའམ་བརྒྱ་བྱིན། བྷ་དྲ་ལས་སོགས་པ་རྣམས་སོ། །བྷ་དི་དགེ་ལེགས་ལའོ། །ཨི་དིཏ་ཀྱི་ནུམའོ། །ཀཻ །གཻ། རཻ་སྒྲ་ལའོ། །ཨུཏ་སྔོན་དུ། བྷི་འཇིགས་པ་ལའོ། །ཨ་ཀ་ཨ་ག་གྱ་གྱུར་འགྲོ་བ་ལའོ། །གྲཱྀ་ངེས་པར་གནོན་པ་ལའོ། །ཤུ་ཙ་མྱ་ངན་ལའོ། བྲྀ་དྷུ་འཕེལ་བ་ལའོ། །རྀ་འགྲོ་བ་ལའོ། །པྲ་རྫོགས་པ་ལའོ། །བི་སྔོན་དུ། ཀུ་པ་ཁྲོ་བ་ལའོ། །ཙུ་བི་ཁ་སྦྱོར་བ་ལའོ། །ཀྵུ་ར་རྣམ་པར་རྐོ་བ་ལའོ། །ཨིར་ཀ་སེ་བི་པཱིང་འགྲོ་བ་ལའོ། །དེ་རྣམས་ལས་རན་ཕ་རོལ་དང་ཚིག་ཕྲད་མཐའོ། །དེ་ལ་བྷ་དིའི་ན་ཡིག་དབྱི། །བྷྲ་དྲཾ།༌༌༌བཟང་པོའམ་དགེ་བ། གཱ་ཡ་ཏིའི་ཨཱ་དང་ཏ་དབྱི། ཨུ་གྲཿ།༌༌༌དྲག་ཤུལ་ལམ་མི་བཟང་པ། བྷེ་ར།༌༌༌རྔ་བོ་ཆེ། གཽ་ར་ལ་སོགས་པ་རྣམས་ལས་དཱི་ཥའོ། །


DTG194_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྷེ་རཱི།༌༌༌རྔ་བོ་ཆེ། ཨ་གྲཾ༌༌༌མཆོག །ཚིག་ཕྲད་ལས་ཨཽ་ཉིད། གཽ་རཿ།༌༌༌དཀར་པོ། ཤུ་ཙའི་ཀུ་ཉིད་དང་ཨཏ་ཨེང་མེད་དོ། །ཤུ་ཀྲཾ།༌༌༌ཁུ་བ་ཡང་ན་བཟའ། བྲྀདྡྷཱཿ།༌༌༌རྒན་པོ། ཨརྟིའི་ཛུག་ཨཱ་ག་མའི། །རྀ་ཛྲཿ།༌༌༌འདྲེན་པ། བི་སྔོན་མའི་པྲ་ཏིའི་ཨཱ་དབྱིའོ། །བི་པྲཿ།༌༌༌བྲམ་ཟེ། ཀུ་པྲཿ།༌༌༌མདའ། ཙུ་བའི་ན་དབྱིའོ། །ཙུ་བྲཾ།༌༌༌དགའ་བར་བྱེད་པ། ཀྵུ་རཿ།༌༌༌སྤུ་གྲི། །བུ་རི།༌༌༌རྨིག་པ། ཨི་རཱ།ས།༌༌༌མ་ཧཱི། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཙ་ཏི། ཀ་ཊི་ཤྲྀ་བྲྀཉ་ལས་ཊྭ་ར་ཙའོ། །ཙ་ཏེ་སློང་བ་ལའོ། །ཀ་ཊི་སྒྲིབ་པ་ལའོ། །ཨེ་ཡིག་ནི་ཧལ་དང་པོའི་མཐའ་ཉེའི་འོ་ཞེས་པའི་རྟགས་དོན་ཏོ། །ཤྲྀ་འཚེ་བ་ལའོ། །བྲྀཉ་སྒྲིབ་པ་ལའོ། །ཊ་ཡིག་དཱིཔ་ཀྱི་དོན་ཏོ། །ཙ་ཡིག་དབྱངས་དོན། ཙ་ཏྭ་རཾ། ཨཾ་གྷ་ཎཾ། ཀ་ཏྭ་རཿ།༌༌༌ཞོའི་རྣམ་འགྱུར། ཨཏ་ཨེང་དང་ར་ཕ་རོལ། ཤརྦ་རཿ།༌༌༌།ལྷ་ཆེན་པོ་ཊིཏ་ཌྷྲ་ཨན་ཨཉ་ཞེས་པ་ལ་སོགས་པས་དཱི་པའོ། །ཤརྦ་རཱི།༌༌༌མཚན་མོ། བརྦ་རཱི།༌༌༌སྐྲ་ལི་བ།བརྦྦ།༌༌༌སྐྲའི། རཾ།༌༌༌རྡོ་འགྱུར། པཱི་བ་ར་ལ་སོགས་པ་རྣམས་སོ། །པཱ་བཏུང་བ་ལའོ། །ཙི་སོགས་པ་ལའོ། །ཏྲཱྀ་རྐྱལ་པ་ལའོ། །ཎཱི་རབ་ཏུ་ཐོབ་པ་ལའོ། །ཎའི་ནའོ། །གཱ་ཧཱུ་རྣམ་པར་དཀྲུགས་པ་ལའོ། ཙྪི་དིར་རྣམ་པ་གཉིས་སུ་བྱེད་པ་ལའོ། །ཙྪ་ད་སྒྲིབ་པ་ལའོ། །ཌ་དྷཱཉ་འཛིན་པ་ལའོ། །ཌུ་མི་ཉ་འཕེན་པ་ལའོ། །ཌུ་ཡིག་ཌུ་འགྲོ་བ་ལ་ཀྟྲིའོ་ཞེས་པའི་རྟགས་དོན་ཏོ། །ཡ་ཏིའི་རབ་ཏུ་འབད་པ་ལའོ། །སམ་སྔོན། འདི་རྣམས་ལ་ཊྭ་ར་ཙ་ཕ་རོལ་ཏུ་ཚིག་ཕྲད་མཐའོ། །དེ་ལ་པཱི་བ་ཏིའི་ཨཱི་ཉིད། པཱི་བ་རཾ།༌༌༌སྦོམ་པོ། ཙཱི་བ་རཿ།༌༌༌ཆོས་གོས། ཏ་རི་ཏིའི་ཨཱི་ཉིད་དང༌། ར་ཕ་རོལ་ཉིད་མེད་པ་ཚིག་ཕྲད། ཏཱི་བ་རཿ།༌༌༌ཀླ་ཀློ། ཚིག་ཕྲད་ལས་ཨཏ་ཨེང་མེད་དོ། །ནཱི་བ་རཾ།༌༌༌།ཁྱིམ། གཱ་ཧིའི་ཐུང་ངུ་ཉིད། ག་ཧ་རཾ།༌༌༌ནགས་ཐིབས་པོ། ཙྪི་དིའི་དའི་ཏའོ། །ཙྪི་ཏྭ་ར།༌༌༌གཡོ་ཅན། ཙྪ་ཏྭ་རཿ།༌༌༌ཉེ་བར་སྒྲིབ་པ། ད་དྷཱ་ཏེའི་ཨཱི་ཉིད་དོ། །དྷཱི་བ་རཿ།༌༌༌།ཉ་པ། མོ་ནོ་ཏིའི་རིང་པོ། མཱི་བ་རཾ།༌༌༌མཆོད་པ། ཡ་ཏིའི་ཏའི་ཡིག་གོ །སཾ་ཡ་དྭ་རཿ།༌༌༌།རླངས་པ། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །ཀུ་ལས་ཀྲ་རན་ནོ། ཀུ་སྒྲ་ལའོ། །འདི་ལས་ཀྲ་རན་ཕ་རོལ་ཏུ་འགྱུར་རོ། ན་ཡིག་དབྱངས་དོན། ཀ་ཡིག་ཨཏ་ཨེང་དགག་པའི་དོན། ཀུར་རཿ།༌༌༌བྱའོ།


DTG194_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མ་ད། ཨ་སི། བ་སི་ལས་ས་རནའོ། །མ་དཱི་དགའ་བ་ལའོ། །ཨ་ཤ་ཟ་བ་ལའོ། །བ་ས་གནས་པ་ལའོ། །འདི་དག་ལས་ས་རན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཁར་ལ་ཛྷལའི་ཙ་རའོ་ཞེས་བས་ཙ་ཡིག་གིའོ། །མཏྶ་རཿ།༌༌༌སེར་སྣ།བྲཤྩ་སོགས་ཀྱི་མདོས་ཥ་ཉིད། ས་ལ་ཥ་ཌྷ་དག་གི་ཀའོ་ཞེས་པས་ཀ་ཉིད། ཨ་ཀྵ་རཾ།༌༌༌ཡི་གེ། བ་སིའི་ས་ཡིག་གོ །ས་ལ་སའི་ལིང་ཨ་ཏང་མ་ཡིན་པ་ལའོ་ཞེས་པས་ཏ་ཡིག་གོ །བཏྶ་རཿ།༌༌༌།ལོ། སཾ་སྔོན་མ་ལས། སམྦཏྶ་རཿ།༌༌༌ལོ་ཀྲྀ་དྷཱུ་ཏ་ནི་ལས་ཀིཏའོ། །ཌུ་ཀྲིཉ་བྱེད་པ་ལའོ། །དྷཱུ་རྣམ་པར་བསྐྱོད་པ་ལའོ། །ཏ་ནུ་རྒྱས་པ་ལའོ། །འདི་རྣམས་ལས་ས་རན་ཕ་རོལ་ཏུ་འགྱུར་ཞིང་ཀིཏ་བཞིན་ནོ། །ཀིཏ་ཉིད་ཀྱི་ཕྱིར་ཨཏ་ཨེང་འགེགས་སོ། །ཌཱཔའོ། ཀྲྀ་ས་རཱ།༌༌༌འོ་ཐུག །དྷཱུ་ས་རཿ།༌༌༌རྩུབ་མོ། ཏ་ས་རཿ། ཀུ་བིནྡརྟ་བྱཾ། བྷྲ་མི་བཋི་དེ་བི་བཱ་སི་ལས་ཨ་ར་ནའོ། །བྷྲ་མི་གཡོ་བ་ལའོ། །བ་ཋ་སྦོམ་པོ་ཉིད་ལའོ། །དེ་བྲྀ་རྩེ་བ་ལའོ། །བ་ས་གནས་པ་ལའོ། །གནས་པ་རབ་ཏུ་སྦྱར་རོ་ཞེས་པས་ཎི་ཙའོ། །ཎ་ཡིག་ནི་ཉྞིཏ་ལའོ་ཞེས་པའི་རྟགས་དོན་ཏོ། །ཙ་ཡིག་སྤྱི་གཟུང་བའི་དོན། ཉྞིཏ་ལའོ་ཞེས་པའི་ཨཱ་ཉིད་དོ། །འདི་རྣམས་ལས་ཨ་རན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། བྷྲ་མ་རཿ།༌༌༌།བུང་བའམ་རྐང་དྲུག །བ་ཋ་རཿ།༌༌༌རྨོངས་པ། དེ་བ་རཿ།༌༌༌སྒྱུར་པོ། ཎིའི་ཨིཊ་མ་ཡིན་པའོ་ཞེས་པས་ཎི་དབྱིའོ། །བཱ་ས་རཿ།༌༌༌ཉིན་མོ། ཨ་གི །མ་དི། མནྡི། ཀ་ཊི་ལས་ཨཱ་རནའོ། །ཨ་གི་འགྲོ་བའི་དོན་རྣམས་སོ། །ཨི་ཡིག་ནི་ཨི་དི་ཏ་ཀྱི་ནུམ་འོ་ཞེས་པའི་རྟགས་དོན། འདིས་ནུམའོ། །རྗེས་སུ་ང་རོ་ཡམ་དུ་བསྒྱུར་བས་ང་ཡིག་གོ །མ་དཱི་དགའ་བ་ལའོ། །མ་དི་བླུན་པ་ལའོ། །ཨི་ཡིག་དབྱི་བ་དང་ནུམ་ལ་སོགས་པ་སྔ་མ་བཞིན་ནོ། །ཀ་ཊ་རྒྱགས་པ་ལའོ། །འདི་རྣམས་ལས་ཨཱ་རན་འགྱུར་ཏེ་ན་ཡིག་དབྱངས་དོན། ཨངྒཱ་རཿ།༌༌༌།སོལ་བ། མནྡཱ་རཿ།༌༌༌ནོར་བུའི་བྱེ་བྲག །མནྡཱ་རཿ།༌༌༌ཤིང་གི་རིགས། ཀ་ཌཱ་རཿ།༌༌༌དམར་པོ། ཤྲྀངྒི། བྷྲྀངྒི། མྲྀཛི། ཀཉྫི་ལས་ཙིཏའོ། །ཤྲྀངྒི། བྷྲྀངྒི་དག་གཉིས་པའི་གཅིག་གི་ཚིག་གོ །སྒེག་པར་བྱེད་དོ། །བྷྲྀངྒི་བྱེད་དོ་ཞེས་པས་སུབ་ལས་བྱིངས་དོན་ལ་མང་པོར་འདོད་པ་བཞིན། ཡང་ངོ་ཞེས་པས་ཎི་ཙའོ།


DTG194_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་ཡིག་དང་ཙ་ཡིག་དག་སྔ་མ་བཞིན་དབྱིའོ། །འདོད་པ་བཞིན་ཡང་ངོ་ཞེས་པས་ཨ་ཡིག་དབྱིའོ། །ཤྲྀངྒི། བྷྲྀངྒི། མྲྀ་ཛུ་དག་པ་ལའོ། །ཀཉྫ་ཞེས་པ་མདོའི་བྱིངས་སོ། །འདི་རྣམས་ལས་ཨཱ་རན་ཕ་རོལ་དུ་འགྱུར་རོ། །ཙི་ཏ་བཞིན་ནོ། །དེས་ན་ཙི་དབྱངས་སུ་འགྱུར་རོ། །ཎིའི་ཨི་ཊ་མ་ཡིན་པ་ལའོ་ཞེས་པས་ཨི་ཡིག་དབྱིའོ། །ཤྲྀངྒཱ་རཾ།༌༌༌སྒེག་པའམ་ལྟ་ན་སྡུག་པ། བྷྲྀངྒཱ་རཾ།༌༌༌གསེར་གྱི་རིལ་བ། ཡང་བ་མཐའ་ཉེའིའོ་ཞེས་པས་ཨ་ཉིད་དང༌། ར་ཕ་རོལ་ཉིད་དོ། །མྲྀ་ཛིའི་ཨཱཏའོ་ཞེས་པས་ཨཱ་ཉིད་དོ། །མཱརྫཱ་རཿ།༌༌༌བྱི་ལ།ཀཉྫཱ་རཿ།༌༌༌རྨ་བྱ་ཀ་མའི་ཨཏ་ཀྱི་ཨུཏ་ཀྱང་ངོ༌། །ཀ་མུ་མཛེས་པ་ལའོ། །འདི་ལས་ཨཱ་རན་ཕ་རོལ་ཏུ་འགྱུར་ཞིང་ཀའི་ཨཏ་ཀྱི་ཨུ་ཉིད་དོ། །ཀུ་མཱ་རཿ།༌༌༌།གཞོན་ནུའམ་བྱིས་པའི་སྐྱེ་བོ། ཤྲྀ་ལས་ཀ་ར་ཎའོ། །ཤྲཱྀ་ཚེ་བ་ལའོ། །འདི་ལས་ཀ་རན་འགྱུར་རོ། །ན་ཡིག་དབྱངས་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད། རྀ་ཀའི་ཨན་ལས་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་ཌཱ་པའོ། །ཤརྐ་རཱ།༌༌༌བུ་རམ་ཀ་ར། པུ་ཥ་ལས་ཀིཏའོ། །པུ་ཥ་རྒྱས་པ་ལའོ། འདི་ལས་ཀ་རན་འགྱུར་ཞིང་ཀིཏ་བཞིན་ནོ། །དེས་ན་ཡང་བ་མཐའ་ཉེའིའོ་ཞེས་པས་ཨཏ་ཨེང་དུ་མི་འགྱུར་རོ། །པུཥྐ་རཾ།༌༌༌པདྨ། ཀྵ་ཎ་ལས་ཌཱི་ར་ཙའོ། །ཀྵ་ཎུ་འཚེ་བ་ལའོ། །འདི་ལས་ཌཱི་ར་ཙ་ཕ་རོལ། ཌཱི་ཡིག་ལས་ཨཱི་ཡིག་གཟུང་སྟེ། ཌ་ཡིག་ནི་ཌིཏ་ལ་ཞེས་པས་མཐའི་ཨཙ་ལ་སོགས་པ་དབྱི་བའི་དོན་ཏོ། །ཀྵི་རཾ།༌༌༌འོ་མ། ཀྲཱྀ། ཤྲཱྀ། ཤོ་ཊི་རྣམས་ལས་ཨཱི་ར་ཙའོ། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །ཤྲཱྀ་འཚེ་བ་ལའོ། །ཤོ་ཊི་སྙིང་པོ་ལའོ། །འདི་རྣམས་ལས་ཨཱི་ར་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དོ། །རྀཀའི་ཨན་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ། ཀ་རཱི་རཾ།༌༌༌འོད་མའི་མྱུ་གུ། ཤ་རཱི་རཾ།༌༌༌ལུས། ཤོ་ཊཱི་རཾཿ།༌༌༌སྦྱིན་བྱེད། བ་ཤ་ལས་ཀིཏ་འོ། །བ་ཤ་མཛེས་པ་ལའོ། །འདི་ལས་ཨཱི་ར་ཙ་ཕ་རོལ་ཏུ་འགྱུར་ཞིང་ཀིཏ་བཞིན་ནོ། །དེས་ན་ཀིཏ་ལ་དེ་རྣམས་ཀྱིའོ་ཞེས་པས་བ་ཡིག་ལས་ཨ་ཡིག་ཕུང་ནས་ཡནའི་ཨིཀའོ། །ཡ་ཡིག་ནི་ཡཎའི་ཨི་ཀ་ལས་ཞེས་པས་ཕ་རོལ་སྔོན་མ་ཉིད་དོ། །ཨུ་ཤཱི་རཾ།༌༌༌སྤུ་ཤེལ་ཅོ། བཱི་ར་ཎ་མཱུ་ལཾ།༌༌༌འཇག་མའི་རྩ་བ། གཾ་བྷཱི་ར་ལས་སོགས་


DTG194_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སོ། །གམླྀ་སྲྀ་པླྀ་འགྲོ་བ་ལའོ། །བྷུཀ་ཨཱ་ག་མའོ། །ཨཱུ་ཡིག་བརྗོད་དོན། ཀ་ཡིག་ཀི་ཏ་བྱ་བའི་དོན། འདི་རྣམས་ལས་ཨཱི་ཙ་ཕ་རོལ་ཏུ་ཚིག་ཕྲད་དོ། །གམྦྷཱི་རཿ།༌༌༌རྒྱ་མཚོའདི་ཉིད་ཀྱི་མ་ཡིག་དབྱི་བས་ག་བྷཱི་རཿ།༌༌༌ཟབ་མོ། ཀུ་ཎ་སྒྲ་ལའོ། །ཎའི་ན་འོ། བྷུ་ཀའོ། །ཀུམྦྷི་རཿ།༌༌༌ཆུ་སྲིན། ཀ་ཌེ་སྒྲིབ་པ་ལའོ། །ཨེ་ཡིག་ཨེ་དེར་ལས་སོ་ཞེས་པའི་རྟགས་ཀྱི་དོན། ཀ་ཊཱི་རཿ།༌༌༌།གསེར། པྲཱྀ་སྐྱོང་བ་ལའོ། །ཨི་ཀའི་ཨཏ་ཨེང་དང་ར་ཕ་རོལ་ཉིད་དོ། །པ་རཱི་རཿ།༌༌༌རྒྱ་མཚོ། པ་ཊ་འགྲོ་བ་ལའོ། །པ་ཊཱི་རཿ།༌༌༌།བྱེའུ་ཁུག་རྟ། ཀུ་ར་སྒྲ་ལའོ། །ཀུ་རཱི་རཿ།༌༌འཁྲིག་པ། དེ་བཞིན་དུ་སྒྲ་གཞན་ཡང་བལྟ་བར་བྱའོ། །མ་སི་ལས་ཨུ་རནའོ། །མ་སཱི་འཇམ་པ་ལའོ། འདི་ལས་ཨུ་རན་ཕ་རོལ། ན་ཡིག་དབྱངས་དོན། མ་སུ་རཿ།༌༌༌འབྲུའི་བྱེ་བྲག །ཛ་ནི་ལས་ཨ་ར་ཏེ་ཋ་ཡང་ངོ༌། ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །འདི་ལས་ཨར་ཕ་རོལ་ཏེ། མཐའ་ཡང་ཋ་རུ་བསྒྱུར་རོ། །ཛ་ཋ་རཾ།༌༌༌ལྟོ་བ། བ་དི་ལས་ཡང་ནའོ། །བ་ད་སྨྲ་བ་ལའོ། །འདི་ལས་ཨ་ར་ཙ་ཕ་རོལ་ཏེ་མཐའ་ཋ་རུ་བསྒྱུར་བ་ཡང་ནའོ། །བ་ཋ་རཿ།༌༌༌།རྨོངས་པ། བ་ད་རཿ།༌༌༌རྒྱ་ཤུག་གི་འབྲས་བུ། བ་ཙའི་ཨཏ་ཀྱི་ཨིཏ་ཀྱང་ངོ༌། །ཌུ་པ་ཙ་ཥ་འཚེད་པ་ལའོ། །འདི་ལས་ཨཙ་ཕ་རོལ་ཏེ་ཕའི་ཨཏ་ཀྱི་ཨིཏ་ཀྱང་ངོ༌། །ཙ་ཡིག་དབྱངས་དོན། མཐའ་ཡང་ཋ་རུ་བསྒྱུར་རོ། །པི་ཋ་རཿ།༌༌༌འཚེད་པའི་སྣོད། ཀ་ཊྷི་ཙི་ཀི་དག་ལས་ཨོ་རའོ། །ཀ་ཊ་ཚེགས་ཀྱིས་འཚོ་བ་ལའོ། ཙ་ཀ་ཙིམ་པ་ལའོ། །འདི་ལས་ཨོ་རོལ་ཏུ་འགྱུར་རོ། །ཀ་ཋོ་རཿ།༌༌༌བརྩེ་བ་མེད་པ།ཙ་ཀོ་རཿ།༌༌༌བྱ་གོང་མོ། །གྷུ་ཎི་ལས་ཌོ་རཙའོ། །གྷུ་ཎ་དང་གྷཱུརྞ་འཁོར་བ་ལའོ། །འདི་ལས་ཌོ་རཙ་ཕ་རོལ། ཌོ་ཡིག་ལས་ཨོ་ཡིག་གཟུང་སྟེ་ཌ་ཡིག་ནི་ཌིཊ་ལའོ་ཞེས་པའི་རྟགས་དོན། མཐའི་ཨཙ་ལ་སོགས་པ་ཞེས་པས་ཨུ་ཡིག་དང་ཎ་ཡིག་དབྱིའོ། །གྷོ་རཾ།༌༌༌དྲག་པོའམ་མུན་ནག། ཥྚནའོ། །ཌུ་དྷཱཉ་འཛིན་པ་ལའོ། །ཌུ་དཱ་སྦྱིན་པ་ལའོ། །ཎཱི་ཐོབ་པ་ལའོ། །ཎའི་ནའོ། །པཏླྀ་ལམ་ལ་འགྲོ་བ་ལའོ། །པཱ་བ་སྲུང་བ་ལའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ལ་ཥྚ་ན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཥ་ཡིག་


DTG194_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱཔ་ཀྱི་དོན། རྒྱུ་མེད་ན། རྒྱུ་མཚན་ཅན་ཡང་མེད་དོ་ཞེས་པས་ཊའི་ཏ། ཥིཏ་ལས་དཱིཥ་ཞེས་པས་དཱིཥའོ། །ང་ཡིག་དཱི་ཨུང་ཞེས་པའི་རྟགས་དོན། ཥ་ཡིག་དཱིས་དང་དཱི་ཥ་ཐུན་མོང་བ་གཟུང་བའི་དོན་ཏེ། དཱི་ཨཱམ་ཞེས་པས་ཨ་ཡིག་དབྱིའོ། །སུའིའོ། །དཱི་ཨས་ཀྱི་རིང་ཕོ་ལས་སོ་ཞེས་པས་སུ་དབྱིའོ། །དྷཱ་ཏྲཱི།༌༌༌།ཡ་མ།དཱ་ཏྲཱི།༌༌༌ཟོར་བ།ཨིཀའི་ཨཏ་ཨེང༌། ནེ་ཏྲཾ། བལ་དང་པོའི་ཨི་ཊ་ཞེས་པས་ཨིཏ་མི་འགྱུར་ཏེ། མང་པོ་ལས་སྤྱིར་བཏང་བའི་ཕྱིར་རོ། །པཏྟྲཾ།༌༌༌།ལོ་མ། པཱ་ཏྲཾ།༌༌༌ལྷུང་བཟེད། ཤཱསྟྲཾ།༌༌༌བསྟན་བཅོས། དེ་ལ་སོགས་པ་གཞན་ཡང་ཤེས་པར་བྱའོ། །ཨུ་ཥི་སཱུ་མཱུ་རྣམས་ལས་ཀིཏའོ། །ཨུ་ཥ་སྲེག་པ་ལའོ། །ཥཱུ་དེད་པ་ལའོ། མཱུང་འཆིང་བ་ལའོ། །མིག །འདི་རྣམས་ལས་ཥྚྲན་ཕ་རོལ་ཏུ་འགྱུར་ཏེ། ཀིཏ་བཞིན་ནོ། །དིས་ན་ཨཏ་ཨེང་དུ་མི་འགྱུར་རོ། སྟུའི་ཤྩུ་དང་ཥྚུ་དག་གི་དེ་དག་གོ་ཞེས་པས་ཏ་ཡིག་གི་ཊ་ཡིག་གོ །ཨུཥྚྲཿ།༌༌༌རྔ་མོ། སཱུ་ཏྲཾ།༌༌༌སྲད་བུའམ་སྣལ་མ། མཱུ་ཏྲཾ།༌༌༌གཅིན། ཨ་མི། ནཀྵི། ཀ་ཌི་རྣམས་ལས་ཨ་ཏྲནའོ། །ཨ་མནད་ལའོ། །ན་ཀྵ་འགྲོ་བ་ལའོ། །ཀ་ཌ་རྒྱགས་པ་ལའོ། །འདི་རྣམས་ལས་ཨ་ཏྲན་ཕ་རོལ་དང༌། ན་ཡིག་དབྱངས་དོན། ཨ་མ་ཏྲཾ།༌༌༌སྣོད། ནཀྵ་ཏྲཾ།༌༌༌རྒྱུ་སྐར། ཀ་ཌ་ཏྲཾ།༌༌༌ཆུང་མ། ཀ་པི་རི་ཀ་ལ་སོགས་བསལ་ཉིད་དོ། །ཀ་ལ་ཏྲཾ།༌༌༌ཆུང་མ། བྲྀཉ་ལས་ཨ་ཏྲ་ཙའོ། །བྲྀཉ་སྒྲིབ་པ་ལའོ། །འདི་ལས་ཨ་ཏྲ་ཙ་ཕ་རོལ། ཙ་དབྱངས་དོན། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨཉིད་དོ། །ཌཱཔའོ། །བ་ར་ཏྲཱ།༌༌༌འབྲང་བ། ཨ་མི། ཙི། མི་དི་ལས་ཏྲ་ཀའོ། །ཨ་མ་ནད་ལའོ། ཙི་སོགས་པ་ལའོ། །མི་དཱ་སྣུམ་པ་ལའོ། །ཨཱ་ཡིག་ཨཱ་དིཏ་ལས་སོ་ཞེས་པའི་རྟགས་དོན། འདི་དག་ལས་ཏྲཀ་ཕ་རོལ། ཀ་ཡིག་ནི་ཀིཏྲ་ལས་སོ་ཞེས་པས་ཨཏ་ཨེང་དགག་པའི་དོན། མ་བ་དག་གིའང་མའི་ནའོ་ཞེས་པས་མའི་ནའོ། །ཨནྟཾ།༌༌༌སྒྱུ་མ། ཙི་ཏྲཾ།༌༌༌བཀྲ་བ་འམ་རྨད་དུ་བྱུང་བ།མི་དིའི་ང་ཡིག་གི་ཏ་ཡིག་གོ །མིཏྟྲཾ།༌༌༌བཤེས་གཉེན་ནམ་མཛའ་བཤེས། པཱུཉ་ལས་ཐུང་དུ་ཡང་ངོ༌། །པཱུཉ་དག་བྱེད་ལའོ། །འདི་ལས་ཏྲཀ་ཕ་རོལ་ཏེ་ཐུང་དུ་ཡང་ངོ༌། །པུ་ཏྲཿ།༌༌བུ། བ་ཧ་དང་ལ་ལ་སོགས་པ་རྣམས་ལས་ཨི་ཏྭ་ཨུ་ཏྲ་དག་གོ །བ་ཧ་ལ་སོགས་དང་ལ་ལ་སོགས་པ་རྣམས་ལས་ཀྱང་གྲངས་ཇི་ལྟ་བ་བཞིན་དུ་ཨི་ཏྲ་དང་ཨུ་ཏྲ་ཞེས་པ་འདི་


DTG194_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཕ་རོལ་ཏུ་འགྱུར་རོ། །བ་ཧ་ཐོབ་པ་ལའོ། །ཀ་ཊེ་སྒྲིབ་པ་ལའོ། །པཱུང་དག་བྱེད་ལའོ། །ང་ཡིག་ངིཏ་ལས་ཞེས་པའི་རྟགས་དོན། འདི་རྣམས་ལས་ཨི་ཏྲ་ཕ་རོལ་ཏུ་འགྱུར་རོ། །བ་ཧི་ཏྲཾ།༌༌༌།གཞོན་པ། ཀ་ཊཾ་ཏྲཾ།༌༌༌པགས་པའི་རང་བཞིན།ཨིཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད། ཨེ་ཙའི་ཨ་ཡ་ཨབ་ཨཱ་ཡ་ཨཱ་བ་རྣམས་སོ་ཞེས་པས་ཨ་བ་རུ་བསྒྱུར་རོ། །པ་བི་ཏྲཾ།༌༌༌མཆོད་ཕྱིར་ཐོགས་པ།དེ་བཞིན་དུ་ལ་ལ་སོགས་པ་ནི། རཱ་ལཱ་ལེན་པ་ལའོ། །པཱ་སྲུང་བ་ལའོ། །ལཱུ་གཅོད་པ་ལའོ། །འདི་རྣམས་ལས་ཨུ་ཏྲ་ཕ་རོལ་ཏུ་འགྱུར་རོ། གཉིས་དག་གི་གཅིག་ཨཏ་ཨེང་ཞེས་པས་ཨོ་ཉིད། ལོ་ཏྲཾ།༌༌༌འཕྲོག་པའི་རྫས། སོ་ཏྲཾ།༌༌༌༌མཚོན་བྱེད། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད། ཨ་བར་བསྒྱུར་རོ། །ལ་བུ་ཏྲཾ།༌༌༌རྣོན་པོའི་ཆ་བྱད། ཁརྫ། པཉྫ་སོགས་རྣམས་ལས་ཨུ་ར་ཨཱུ་ལ་ཙ་དག་གོ །ཁརྫ་ལ་སོགས་པ་རྣམས་དང༌། སིཉྫ་སོགས་རྣམས་ལས་ཀྱང་རྣམས་ལས་ཀྱང་རིམ་པ་བཞིན་དུ་ཨཱུ་ར་ཨཱུ་ལ་ཙ་དག་ཕ་རོལ་ཏུ་འགྱུར་རོ། །ཁརྫ་འཁྲུད་པ་ལའོ། །ཀྲྀ་པཱུ་ནུས་པ་ལའོ། །བ་ལ་ཞེས་པ་མདོའི་བྱིངས་སོ། །འདི་རྣམས་ལས་ཨཱུ་ར་ཕ་རོལ་ཏུ་འགྱུར་རོ། །ཁརྫྲཱུ་རཿ།༌༌༌འབྲ་གོ་ཤིང་གི་རིགས། ཡང་བ་མཐའ་ཉེའིའོ་ཞེས་པས་ཨ་ཉིད་དང་ར་ཕ་རོལ་ཉིད་དོ། །ཀརྤཱུ་རཿ།༌༌༌ག་པུར། བ་ལཱུ་རཿ།༌༌༌ཤ་སྐམ། པཉྫི་སོགས་ལས་ནི། པི་ཛི་འགྲོ་བ་ལའོ། །ཨི་དབྱི་བ་དང་ནུ་མའོ། །རྗེས་སུ་ང་རོ་ལ་སོགས་པ་སྔ་མ་བཞིན་ནོ། །ལ་གི་འགྲོ་བའི་དོན་རྣམས་སོ། །དེ་ལྟར་བུ་ལ་སོགས་པ་རྣམས་ལ་ཨུ་ལ་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་དོན་ཏོ། །པཉྫཱ་ལཿ༌༌༌བྱའི་རིགས། གཞན་རྣམས་ལ་ཡང་ངོ་ཞེས་པས་རིང་པོ་ཉིད་དོ། །ལཱངྒུ་ལཿ།༌༌༌མཇུག་མ། དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཏ་མི་ལས་བུཀ་ཡང་ངོ༌། །ཏ་མུ་འདོད་པ་ལའོ། །འདི་ལས་ཨཱུ་ལཙ་ཕྲ་རོལ་དང་བུཀ་ཀྱང་ངོ༌། །ཨུ་ཡིག་བརྗོད་དོན། གཞན་རྣམས་ལ་ཡང་ངོ་ཞེས་པས་རིང་པོར་རོ། །ཏཱམྦཱུ་ལཾ་༌༌༌སོ་རྩེ་ཁའི་རྒྱན། ཤ་བི། ཀ་མི་ལས་ཀ་ལའོ། །ཤ་བ་འགྲོ་བ་ལའོ། །ཀ་མུ་མཇས་པ་ལའོ། །འདི་དག་ལས་ཀ་ལ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ལས་ཨ་ཡིག་ནི་ཀཏྲ་ལའོ་ཞེས་ཨེང་དགག་པའི་དོན་ཏོ། །ཀ་ཡིག་ནི་བྱེད་པ་ཕྱི་མའི་དོན། ཤ་བ་


DTG194_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ།༌༌༌ཁྲ་བོ། ཀམ་ལཾ།༌༌༌པདྨ། བྲྀ་ཥ་སོགས་ལས་ཙི་ཏའོ། །བྲྀ་ཥུ་བཀྲུ་བ་ལའོ། །པཱ་བཏུང་བ་ལའོ། །ཨུཏ་སྔོན། པ་ཊ་འགྲོ་བ་ལའོ། །ཙྪོ་གཅོད་པ་ལའོ། །ཤིཏ་མ་ཡིན་པའི་ཨེ་ཙའི་ཨཱཏའོ། །ཀ་ལ་གྲངས་ལའོ། །ཀ་བྲྀ་འགྲོ་བ་ལའོ། །དེ་ལྟ་བ་རྣམས་ལས་ཀ་ལ་ཕ་རོལ་ཏུ་འགྱུར་བ་ཙིཏ་བཞིན་ནོ། །ཉྞིཏ་ལའོ་ཞེས་པས་ཨཏ་ཨེང་དགག་པའི་དོན་ཏོ། །བྲྀ་ཋ་ལཿ།༌༌༌དམངས་རིགས། ཨ་ཙ་ལ་ཀིཏ་ལའང་ཨཱཏ་ཀྱི་དབྱིའོ་ཞེས་པས་ཨཱ་ཡིག་དབྱིའོ། །ཨུཏྦཱ་ལཾ། ཨིནྡཱ་བ་རའོ། །པ་ཊ་ལཾ།༌༌༌མིག་གི་ནད་དམ་ལིང་ཏོག་སྔ་མ་བཞིན་ཨ་དབྱིའོ། །ཙྪཱ་ལཾ།༌༌༌རོལ་ལོ། ཀ་ལཱ་ལཾ།༌༌༌།ཐིབས་པོ། ཀེ་བ་ལཿ།༌༌༌འབའ་ཞིག་གམ་གྲོགས་མེད་པ། ཤ་ཀི། །ཤ་མི་ལས་ནི་ཏའོ། །ཤ་ཀླྀ་ནུས་པ་ལའོ། །ཤ་མུ། ད་མུ་ཉེ་བར་ཞི་བ་ལའོ། །འདེ་དག་ལས་ཀ་ལ་ཕ་རོལ། ཏུ་འགྱུར་བ་ནི་ཏ་བཞིན་ནོ། །ཤ་ཀ་ལཾ།༌༌༌དུམ་བུ། ཤ་མ་ལཾ།༌༌༌མི་གཙང་བ།ཀུ་ཊི་ལས་ཀྨ་ལཙའོ། །ཀུ་ཊ་གྱ་གྱུ་ལའོ། །འདི་ལས་ཀྨ་ལཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་དོན། ཀ་ཡིག་ཨཏ་ཨེང་དགག་པའི་དོན། ཀུཊྨ་ལཾ།༌༌༌།ཁ་མ་བྱེ་བ། པ་ཏི་ཙཎྜི་དག་ལས་ཨཱ་ལཉའོ། །པ་ཏླྀ་ལམ་ལ་འགྲོ་བ་ལའོ། ཙཌི་ཁྲོ་བ་ལའོ། །ཨི་ཡིག་དབྱི་བ་དང་ནུམའོ། །རྗེས་སུ་ང་རོ་སོགས་པ་སྔ་མ་བཞིན་ནོ། །འདི་དག་ལས་ཨཱ་ལཉ་ཕ་རོལ་ཏུ་འགྱུར་རོ། །ཉ་ཡིག་ནི་ཉྞིཏ་ལའོ་ཞེས་པའི་རྟགས་དོན་ཏོ། །པ་ཡིག་གི་ཨ་ཡིག་ནི་ཉྞིཏ་ལའོ། ཞེས་པས་ཨཱ་ཉིད་དོ། །པཱ་ཏཱ་ལཾ།༌༌༌ས་འོག །ཙཎྜཱ་ལཿ།༌༌༌དམན་པའི་རིགས། ཀུ་ཎ། པཱི་དག་ལས་ཀཱ་ལནའོ། །ཀུ་ཎ་སྒྲ་ལའོ། །བིང་བཏུང་བ་ལའོ། །འདི་དག་ལས་ཀཱ་ལན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཀ་ཡིག་ཨཏ་ཨེང་དགག་པའི་དོན། ཀུ་ཎཱ་མཿ།༌༌༌ཁེའོ། ཨ་ཙ་ལ་ཤྣུ་བྱིངས་བྷཱུ་རྣམས་ཀྱི་ཨཱི་ཨཱུ་དག་གི་ཨི་ཡ་ཨུ་བ་དག་གོ་ཞེས་པས་ཨི་ཡར་བསྒྱུར་རོ། །པི་ཡཱ་ལཿ།༌༌༌ཤིང༌། ཤཱིང་ལས་ཕཱ་ལན་བ་ལཉ་དག་གོ །ཤཱིང་ཉལ་བའོ། །འདི་ལས་ཕཱ་ལཉ་ཞེས་པ་འདི་དག་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན། ཨི་ཀའི་ཨཏ་སེང་ཞེས་པས་ཨེ་ཉིད་དོ། །ཤེ་ཕ་ལཿ།༌༌༌ཆུའི་རྩྭ། ཉ་ཡིག་ཨཱཏ་ཨཻཙའི་དོན་ནོ། །ཨ་ཡང་ངོ་ཞེས་པས་ཨཻ་ཡིག་གོ །ཤཻ་བ་ལཾ།༌༌༌༌ཆུའི་རྩྭ། མ་གི་ལས་ཨ་ལ་ཙའོ། །མ་གི་འགྲོ་བའི་དོན་རྣམས་སོ། །ཨི་ཡིག་དབྱི་བ་དང་ནུམ་ལ་སོགས་པ་སྔ་མ་བཞིན་ནོ། །འདི་ལས་ཨ་ལ་ཙ་ཕ་རོལ་ཏུ་འགྱུར་རོ། །ཙ་ཡིག་དབྱངས་ཀྱི་དོན།


DTG194_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ།༌༌༌།བཀྲ་ཤིས་སོ། མཱ་ལཱ། ཨི་ལྭ་ལ། པ་ལྭ་ལ། ཙ་ཥཱ་ལ། ཤི་ཐི་ལས། ཤུཀླ། ཏཎྜུ་ལ་རྣམས་སོ། །འདི་རྣམས་ལས་ཨ་ལ་ཙ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །མཱང་འཇལ་བ་ལའོ། །ཨི་ལ་འགྲོ་བ་ལའོ། །པ་ལྭ་ཞེས་པ་མདོའི་བྱིངས་སོ། །ཙ་ཥ་ཟ་བ་ལའོ། །ཤྲནྠ་སྤེལ་བ་ལའོ། །ཤུ་ཙ་མྱ་ངན་ལའོ། །ཏ་ཌི་བསྣུན་པ་ལའོ། །འདི་རྣམས་ལས་ཨ་ལ་ཙ་ཕ་རོལ་དུ་འགྱུར་རོ། །ཌཱཔ། མཱ་ལཱ།༌༌༌ཕྲེང་བ། ཨི་ལི་ལས་བུག་ཨཱ་ག་མའོ། །ཨི་ལྭ་ལ།༌༌༌སྐར་མ། པ་ལྭ་ལཿ།༌༌༌ཡལ་འདབ། ཙ་ཥིའི་ཨའི་ཨཱའོ། །ཙ་ཥཱ་ལཿ།༌༌༌མཆོད་སྦྱིན་གྱི་ཡོ་བྱད། ཤྲནྠའི་ན་དང་ར་དབྱི་ཞིང་ཨའི་ཨི་ཉིད་ཚིག་ཕྲད་དོ། །ཤི་ཐི་ལཿ།༌༌༌ལྷོད་པའམ་དམ་པོ་མ་ཡིན་པ་ཤིག་ཤིག་པོ།ཤུ་ཙིའི་ཀུ་ཉིད་དང་ཨ་ཡིག་གི་འང་དབྱི། ཤུཀླཾ།༌༌དཀར་པོ། ཏཎྜིའི་ཌའི་ཨུ་ཉིད་དོ། །ཏཎྜུ་ལཿ།༌༌༌འབྲས་དྲུས་མ་སོ་བ་ལས་བྱུང་བ།ཨརྟི་ལས་པི་སནའོ། །རྀ་འགྲོ་བ་ལའོ། །འདི་ལས་པི་སན་ཕ་རོལ། ན་ཡིག་དབྱངས་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དོ། །པརྦི་སཾ།༌༌༌ཤའི་མཆོག །བྲྀ་བྷྲྀ། བ་མི། ཀུ་རྣམས་ལས་ཤཀའོ། །བྲྀཉ་སྒྲིབ་པ་ལའོ། །བྷྲྀ་འཛིན་པ་ལའོ། །ཌུ་བ་མ་སྐྱུག་པ་ལའོ། །ཀུ་སྒྲ་ལའོ། །འདི་རྣམས་ལས་ཤཀ་ཕ་རོལ་ཏུ་འགྱུར་ཞིང༌། ཀ་ཡིག་ཨཏ་ཨེང་དགག་པའི་དོན་ཏོ། །བྲྀ་ཤཾ། མ་ལ་ཀཾ། བྷྲྀ་ཤི།༌༌༌མྱུར་བ། མ་ཡིག་གི་རྗེས་སུ་ང་རོ། །བཾ་ཤཿ།༌༌༌འོད་མ། ཀུ་ཤཿ།༌༌༌རྩྭ་དཱུར་བ། ཀཱི་ནཱ་ཤ་།དཱ་ཤ་།ཨཾ་ཀུ་ཤ་རྣམས་སོ། །ཀྲྀ་ཥ་རྣམ་པར་རྐོ་བ་ལའོ། །དཾ་ཤ་མཆེ་བ་ལའོ། །ཨ་ཀི་མཚོན་བྱེད་ལའོ། །ཨི་དབྱི་བ་དང་ཨི་དིཏ་གྱི་ནུམའོ། །འདི་རྣམས་ལས་ཤཀ་ཕ་རོལ་འགྱུར་ཟིང་ཚིག་ཕྲད་ལས་ཨི་ཉིད་དང་ཥ་ཡིག་གི་འང་ན་རུ་བསྒྱུར་རོ། །ཀཱི་ནཱ་ཤཿ།༌༌༌རལ་གྲི། ཀྲྀ་པ་ཎཿ།༌༌༌བརྩེ་བ། དན་ཤའི་ཤ་ཡིག་དང་ན་དབྱི་བ་དང༌། དའི་ཨཱ་ཉིད་དོ། །དཱ་ཤཿ།༌༌༌ཉ་པ། ཨ་དཀི་ལས་ཨུ་ཀ་ཨཱ་ཀ་མའོ། །ཀ་ཡིག་ཀིཏ་བྱ་བའི་དོན། ཨངྐུ་ཤཿ།༌༌༌ལྕགས་ཀྱུའམ་གླང་པོ་ཆེ་བསྐུལ་བ། རྀ། མཉྫི། པཱི་ཡི། ཧ་ནི། ཨངྒི་རྣམས་ལས་ཨཱུ་ཥནའོ། །རྀ་འགྲོ་བ་ལའོ། །མཉྫི། པཱི་ཡི་མདོའི་བྱིངས་སོ། །ཧ་ན་འཚེ་བ་ལའོ། །ཨ་གི་འགྲོ་བའོ་དོན་རྣམས་སོ། །འདི་རྣམས་ལས་ཨཱུ་ཥན་ཕ་རོལ། ན་ཡིག་དབྱངས་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང་ཕ་རོལ་ཉིད་དོ། །ཨ་རཱུ་ཥ།། ཙནྡྲམཿ། ཌཱ་པའི་ཤིང་སྐམ༌༌༌མཉྫཱུ་ཥཱཿ།


DTG194_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པཱི་ཡཱུ་ཥཿ།༌༌༌བདུད་རྩི། ཧ་ནཱུ་ཥཿ།༌༌༌།སྟགཨངྒཱུ་ཥཿ།༌༌༌གླང་པོ་སྲུང་བ། པྲཱྀ་ལས་ཀུ་ཥ་ནའོ། །པྲཱྀ་སྐྱོང་བ་ལའོ། །འདི་ལས་ཀུ་ཥ་ན་ཕ་རོལ། ན་དབྱངས་དོན་ཏོ། །ཀ་ཡིག་ཀི་ཏ་ལའོ་ཞེས་པའི་རྟགས་དོན། མཆུ་འབྱུང་ལས་ཨུཏའོ་ཞེས་པས་ཨུ་ཉིད་དོ། །རྀཀའི་ཨན་ལ་ར་ལ་ཞེས་པས་ར་ཉིད་དོ། །པུ་རུ་ཥཿ།༌༌༌སྐྱེས་བུ། ཀྲྀ། ཏྲྀ་དག་ལས་ཨཱི་ཥནའོ། ཀྲཱྀ་རྣམ་པར་གཡེང་བ་ལའོ། །ཏྲཱྀ་རྐྱལ་པ་ལའོ། །འདི་དག་ལས་ཨཱིཥ་ན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དབྱངས་དོན་ཏོ། །ཨི་ཀའི་ཨཏ་ཨེང་དང་ར་ཕ་རོལ་ཉིད་དོ། །ཀ་རཱི་ཥཿ།༌༌༌ལྕི་བ། ཏ་རཱི་ཥཿ།༌༌༌རྒྱ་མཚོ། ཤི་རཱི་ཥ་ལ་སོགས་པ་རྣམས་སོ། འདི་རྣམས་ལས་ཨཱི་ཥ་ན་ཕ་རོལ་ཤྲཱྀ་འཚེ་བ་ལའོ། །ཨི་ཉིད་དང་ཕ་རོལ། ཤི་རཱི་ཥཿ།༌༌༌ཤིང་གི་རིགས། པྲྀ་སྐྱོང་བ་ལའོ། །ཨུ་ཉིད་དང་ར་ཕ་རོལ། པུ་རཱི་ཥཿ།༌༌༌བཤང་བ། ཨ་མ་ནད་ལའོ། །འདི་ཨམྦ་རུ་བསྒྱུར། རེ་ཕའི་ཨ་ཡིག་བརྗོད་དོན། ཨམྦ་རཱི་ཥཿ། བྷྲཥྚཾ། རྀ་ཛི་འགྲོ་བ་ལའོ། །ཚིག་ཕྲད་ལས་ཨཏ་ཨེང་མེད་དོ། །རྀ་ཛཱིཥཿ།༌༌༌ཉ་དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །ཨ་བི་ལས་ཊི་ཥཙའོ། །ཨ་བ་དང་རཀྵ་སྐྱོང་བ་ལའོ། །འདི་ལས་ཊི་ཥ་ཙ་ཕ་རོལ། ཊ་ཡིག་དཱི་བ་ཀྱི་དན་ཏོ། །ཙ་ཡིག་དབྱངས་དོན། ཨ་བི་ཥཿ།༌༌༌རྒྱ་མཚོ། ཊིཏ་ཉིད་ཀྱི་ཕྱིར་དཱིབའོ། །བ་ཡིག་དབྱངས་དོན། དཱི་ཡིག་ལས་ཨི་ཡིག་ཕྱུང་ནས་ང་ཡིག་ནི་དཱི་ཨཱུང་ཞེས་པའི་རྟགས་དོན་ཏོ། །ཨ་བི་ཥཱི། ན་དཱི། ཀི། ལྭི། ཥ་ལ་སོགས་པ་རྣམས་སོ། །འདི་རྣམས་ལས་ཊི་ཥཙ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱས་པའོ། །ཀི་ལ་རྩེ་བ་ལའོ། །རུ་ཧ་རབ་ཏུ་སྐྱེ་བ་ལའོ། །ཏ་ནུ་རྒྱས་པའོ། །ཏྲཱྀ་རྐྱལ་བ་ལའོ། །བྱ་ཐ་སྡུག་བསྔལ་བ་ལའོ། །ནཉ་སྔོན་དུ། དེ་ལ་ཀི་ལ་ལ་བུ་ཀ་ཨཱ་ག་མའོ། །ཀི་ལྭི་ཥཾ།༌༌༌སྡིག་པ་ཚིག་ཕྲད་ལས་ཨོ་ཉིད་དོ། །ཧོ་རི་ཥ།༌༌༌།རི་དགས། སྔ་མ་བཞིན་དུ་དཱི་བའོ། །རོ་ཧི་ཥཱི།༌༌༌རི་དགས་མོ། ཏ་ནི་ཥཿ།༌༌རྒྱ་མཚོ། ཨིཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང་ར་ཕ་རོལ་ཉིད་དོ། །ཏ་རི་ཥཿ།༌༌༌ཆུ་ཀླུང་གི་བདག་པོ། ཨ་བྱ་ཐི་ཥཿ།༌༌༌ཉི་མ། ཨ་བྱ་ཐི་ཥི།༌༌༌མཚན་མོ།དེ་བཞིན་དུ་གཞན་ཡང་བལྟ་བར་བྱའོ། །བྲྀ་གྲཱྀ་བ་ནི་ཧ་ནི་མཱ་ནི་ཀ་མི་ཨ་ཤི། ཀ་སི་ལས་སོ། །བྲྀ་ཉ་སྒྲིབ་པ་ལའོ། ཏྲཱྀ་རྒྱལ་བ་ལའོ། །བ་ད་སྨྲ་བ་ལའོ། །ཧ་ན་འཚེ་བ་ལའོ། །མཱ་ན་མཆོད་པ་ལའོ། ཀ་མུ་མཛེས་པའོ། །


DTG194_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཤ་ཟ་བ་ལའོ། །ཀ་ཥ་དང་ཤི་ཥ་རྒྱུན་ཆགས་པའི་བྱིངས་སོ། །འདི་རྣམས་ལས་ས་ཕ་རོལ་ཏུ་འགྱུར་རོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང༌། ར་ཕ་རོལ་ཉིད་དོ། །ཀུན་ལས་ཀྱང་ཞེས་པས་ཥ་ཉིད་དོ། །བཪྵ།༌༌༌ལོ། ཏཪྵཿ།༌༌༌རྒྱ་མཚོ། བ་དཱི་དའི་ཏའོ། །བཏྶཿ།༌༌༌གཞོན་ནུ། ཧ་ནི་ན་ཡིག་གི་ཛྷལ་ལ་མཐའ་མ་ཡིན་པའི་ནའི་འོ་ཞེས་པས་རྗེས་སུ་ང་རོའོ། །ཧཾ་སཿ།༌༌༌ངང་པ།མཱཾ་སཿ།༌༌༌ཤ།ཀཾ་སཿ།༌༌༌མཁར་པ་འམ་ལྷ་མ་ཡིན། ཨ་ཤི་བྲ་ཤྩ་སོགས་ཀྱི་མདོས་ཥ་ཉིད། ཨཀྵཿ།༌༌༌།མིག་ཅན་ནམ་ཚོ་ལོ། སྔ་མ་བཞིན་དུ་ཀ་ཉིད་དང༌། ཥ་ཉིད། ཀ་ཀྵཿ།༌༌༌མཆན་ཁུང་ངམ་ལུས་ཀྱི་ཕྱོགས་གཅིག །ལུས་ཀྱི་ཕྱོགས་གཅིག་གོཿ། རྀ་ཥི། བྲྀ་ཥི། སྣུ་རྣམས་ལས་ས་ཀའོ། །རྀ་ཥི་འགྲོ་བ་ལའོ། །བྲྀ་ཥ་སྒྲིབ་།པ་ལའོ། །སྣུ་རབ་ཏུ་སྐྱེ་བ་ལའོ། །འདི་རྣམས་ལས་ས་ཀ་ཕ་རོལ། ཀ་ཡིག་གི་ཀིཏ་བྱ་བའི་དོན། ས་ལ་ཥ་སྒྲ་དག་གི་ཀའོ་ཞེས་པས་ཀ་ཉིད། ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། །ཀྵཿ།༌༌༌དོམ་མམ་རི་དགས་གཏུམ་པོ།བྲྀཀྵཿ།༌༌༌ཤིང༌། ཌཱཔའོ། །སྣུ་ཥ།༌༌༌མནའ་མའམ་བུའི་ཆུང་མ།པ་ཎི། མ་ནི། ར་བི། ཙ་མི། ཨ་དི། བེ་དི། ཡུ་རྣམས་ལས་ཨ་སཙའོ། །བ་ཎ་བསྟོད་པ་ལའོ། །མ་ན་ཤེས་པ་ལའོ། །ར་བྷ་རྩོམ་པ་ལའོ། །ཙ་མུ། ཙྪ་མུ། ཛ་མུ། ཛྷ་མུ་ཟ་བ་ལའོ། །ཨ་ཏ་མགྱོགས་པ་དང་ལྡན་པར་འགྲོ་བ་ལའོ། །བེ་ཏ་ཞེས་པ་མདོའི་བྱིངས་སོ། །ཡུ་སྤེལ་བ་ལའོ། །འདི་རྣམས་ལས་ཨས་ཙ་ཕ་རོལ་ཏུ་འགྱུར་རོ། །ཙི་ཡིག་དབྱངས་དོན། པ་ན་སཿ།༌༌༌ཤིང་གི་རིགས། མན་སཿ།༌༌༌སྙིང༌། ར་བྷ་སཿ།༌༌༌སྨྱོན་བ། ཙ་མ་སཿ།༌༌༌པིཎྜཀ།ཨ་ཏ་སཿ།༌༌༌ཟར་མ། གོ་ར་སོགས་ཉིད་ཀྱི་ཕྱིར་དཱི་ཥའོ། ཨ་ཏ་སཱི། ཨུརྞྞ་བེ་ཏ་སཿ།༌༌༌ཤིང་གི་རིགས། ཨི་ཀའི་ཨ་ཏ་སེང་ཞེས་པས་ཨོ་ཉིད། ཨེ་ཙའི་ཨ་ཡ་ཨ་བ་ཨཱ་ཡ་ཨཱ་བ་དག་གོ་ཞེས་པས་ཨ་བར་བསྒྱུར་རོ། རྩྭ་སྔོན།༌༌༌།ཡ་བ་སཿ། ཀྲྀཉ་ལས་པཱ་སའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །འདི་ལས་བས་ཕ་རོལ་ལོ། ཨིཀའི་སཏ་ཨིའོ་ཞེས་པས་ཨ་ཉིད་དོ། །རས་བལ།༌༌༌ཀ་ཏཔཱ་སཿ།༌༌༌རབ་ཏུ་གྲགས་པ་ཉིད།


DTG194_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སི་ཙི་ལས་ཀན་ཏེ་ནུ་མ་དང་ཧ་དག་ཀྱང་ངོ༌། །ཥི་ཙ་འགྱུར་བ་ལའོ། །ཥྠི། བུ་ཥྭཀྐ་མ་ཡིན་པའི་དང་པོའི་ཥའི་སའོ། །འདི་ལས་ཀན་ཕ་རོལ། ན་དབྱངས་དོན། ཀ་ཡིག་དབྱངས་དོན། ནུམ་དང་ཧ་དག་ཀྱང་ཞེས་པས་ནུམ་དང་ཙ་ཡིག་གི་ཧ་ཡིག་གོ །ཨུ་ཡིག་བརྗོད་དོ། མ་ཡིན་མིཏ་ཨ་ཙ་མཐའ་ལས་ཕ་རོལ་ལོ་ཞེས་པའི་རྟགས་དོན་ཏོ། །ཛྷལ་ལ་མཐའ་མ་ཡིན་པའི་ནའི་འང་ངོ་ཞེས་པས་རྗེས་སུ་ང་རོ། ཆེས་ཉེ་བ་མེད་པའི་ཕྱིར་རྗེས་སུ་ང་དོ་ཉིད་དུ་གནས་སོ། །སིཾ་ཧ།༌༌༌།སེང་གེ། ཤྲི། སྲུ། དྲུ། སྲུ་ཛུ་རྣམས་ཀྱི་ཀྭིཔ་སྟེ་རིང་པོ་ཡང་ངོ༌། །ཤྲི་བསྟན་པ་ལའོ། །སྲུ་འགྲོ་བ་ལའོ། །དྲུ་འགྲོ་བ་ལའོ། །སྲུང་འགྲོ་བ་ལའོ། །ང་ཡིག་གི་ཏ་ལས་ཞེས་པའི་རྟགས་དོན། ཛུ་ཞེས་པ་མདོའི་བྱིངས་སོ། །འདི་རྣམས་ལས་ཀྭིཔ་ཕ་རོལ་ཏུ་འགྱུར་རོ། པ་ཡིག་དབྱང་དོན། ཀ་ཡིག་ཀི་ཏ་བྱ་བའི་དོན། ཨི་ཡིག་ཨ་ཙ་མ་ཡིན་བ་ལ་བིའི་འོ་ཞེས་པའི་རྟགས་དོན། འཇིག་པ་དང་རིང་པོར་ཡང་འགྱུར་རོ། །ཤྲཱིཿ།༌༌༌དཔལ། སྲུཿ།༌༌༌མཆོད་སྦྱིན་གྱི་སྣོད།དྲཱུཿ།༌༌༌སྲིན་པོ། སྲཱུཿ།༌༌༌འདོད་པ་སྤྱོད་པ། ཛཱུཿ།༌༌༌ཤ་ཟ། པྲིཙྪ། བ་ཙི་དག་ལས་དེ་དག་ཀྱང་ངོ༌། །པྲཙྪ་ཞེས་པར་འདོད་པ་ལའོ། །བ་ཙ་འཆད་པ་ལའོ། །འདི་དག་ལས་ཀྭིབ་ཕ་རོལ་དུ་འགྱུར་ཞིང་རྗེས་སུ་འབྲེལ་པ་དབྱི་བ་སྔ་མ་བཞིན་ནོ། །དེ་དག་ཀྱང་ངོ་ཞེས་པས་རིང་པོར་བསྒྱུར་རོ། །ཡཎ་ཨི་ཀ་ཅེས་པ་དགག་པའི་དོན་གྱི་ཚིག་སྟེ་གཞན་དུ་ན་ཀི་ཏ་ལའང་དེ་རྣམས་ཀྱིའོ་ཞེས་པས་ཡཎ་ཨི་ཀ་ཏུ་འགྱུར་རོ། །ཉམ་ལ་འང་ཚ་བ་དག་གི་ཤ་ཨཱུ་ཋའོ་ཞེས་པས་ཙྪ་ཡིག་གི་ཤ་ཡིག་གོ །བྲ་ཤྩ་སོགས་ཀྱི་མདོས་ཥ་ཉིད་དོ། །ཛྷལ་གྱི་ཛྷ་ཤའོ་ཞེས་པས་ཥ་ཡིག་གི་ཌ་ཉིད་དོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཌའི་ཊའོ། །པྲཱ་ཊ།༌༌༌སློབ་མ་ཙུའི་ཀུའོ་ཞེས་པས་ཙའི་ཀའོ། །བཱཀ༌༌༌ངག །གམའི་གཉིས་ཀྱང་ངོ༌། །གམླྀ། སླྀ། པླྀ་འགྲོ་བ་ལའོ། །འདི་ལས་ཀྭིཔ་ཕ་རོལ་ཏུ་འགྱུར་རོ། །གཉིས་ཀྱང་ངོ་ཞེས་པས་གཉིས་བརྗོད། །ཧ་ལ་དང་པོ་མ་ཡིན་པའི་འོ་ཞེས་པས་མ་ཡིག་དབྱའོ། །ཀུ་ཧ་དག་གི་ཙུའོ་ཞེས་པས་ག་ཡིག་གི་ཛ་ཡིག་གོ །


DTG194_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ལ་སོགས་པ་རྣམས་ཀྱི་ཀྭིཔ་ཞེས་པས་རྩ་བའི་རང་བཞིན་གྱི་མ་དབྱིའོ། །ཐུང་ངུའི་ཏིང་མ་ཡིན་པའི་པིཏ་ལ་ཏུ་ཀའོ། །ཨུ་ཡིག་བརྗོད་དོན། །ཀ་ཡིག་ཀི་ཏ་བྱ་བའི་དོན་ཏོ། །ཛ་གཏ།༌༌༌།འཕྲོ་བ། འཇིག་རྟེན་གསུམ་པོའོ། །པ་རི་བྲ་ཛི་ལས་ཥ་ཡང་ཚིག་མཐའ་ལའོ། །ཨ་ཛ་དང་བྲ་ཛ་འགྲོ་བ་ལའོ། །པ་རི་སྔོན། །འདི་ལས་ཀྭིཔ་ཕ་རོལ་དང༌། རིང་པོ་ཡང་ངོ༌། །ཥ་ཡང་ཞེས་པས་ཛ་ཡིག་གོ །ཛྷལ་གྱི་ཛ་ཤའོ་ཞེས་པས་ཛའི་ཌའོ། རྫོགས་པ་ལ་ཡང་ནའོ་ཞེས་པས་ཌའི་ཊ་ཡིག་གོ །པ་རི་བྲཊ།༌༌༌ཀུན་དུ་རྒྱུ། པ་རི་བྲཱ་ཛཽ།༌༌༌ཀུན་དུ་རྒྱུ་དག་པ་རི་བྲ་ཛཱཿ།༌༌༌ཀུན་དུ་རྒྱུ་རྣམས། སྲུ་ལས་ཙི་ཀའོ། །སྲུ་འགྲོ་བ་ལའོ། །འདི་ལས་ཙི་ཀ་ཕ་རོལ་དུ་འགྱུར་རོ། །ཀ་ཡིག་ཨཏ་ཨེང་དགག་པའི་དོན། ཙུའི་ཀུའོ་ཞེས་པས་ཙའི་ཀའོ། །སྲུཀ།༌༌༌མཆོད་སྦྱིན་གྱི་ཡོ་བྱད། བ་སི་བ་ནི་དག་ལས་ཛི་ཀའོ། །བ་ཤ་མཛེས་པ་ལའོ། །བ་ཎ། བྷ་ཎ་།ཞེས་པ་རྒྱུན་ཆགས་པའི་བྱིངས་སོ། འདི་དག་ལས་ཛི་ཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ཀིཏ་བྱ་བའི་དོན། ཛིའི་ཨི་ཡིག་བརྗོད་དོན། །ཙུའི་ཀུའོ་ཞེས་པས་ཛའི་གའོ། །བ་ཤིའི་གིཏ་ལའང་ངེད་རྣམས་ཀྱིའོ་ཞེས་པས། །ཡ་ཎའི་ཨིཀའོ། ཡ་ནའི་ཡི་ཀ་ཞེས་པས་ཨ་ཡིག་ཕ་རོལ་གྱི་གཟུགས་ཉིད་དོ། །ཨུ་ཤི་ཀཿ།༌༌༌ཐགས་མཁན། བ་ཎི་ཀཿ།༌༌༌ཚོང་པ། མྲྀང་ལས་ཨུ་ཏིའོ། །མྲྀ་སྲོག་གཏོང་བ་ལའོ། །འདི་ལས་ཨུ་ཏི་ཕ་རོལ། ཨི་ཡིག་བརྗོད་དོ། །ཡང་བ་མཐའ་ཉེའི་ཞེས་པས་ཨ་ཉིད་དོ། །རྀ་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད། མ་རུ་ཏ།༌༌༌རླུང༌། གྲཱྀ་ལས་ཀྱང་སྟེ། མུ་ཏ་ཨཱ་ག་མ་ཡང་ནའོ། །གྲཱྀ་ངེས་པར་གནོན་པ་ལའོ། །འདི་ལས་ཨུ་ཏི་ཕ་རོལ་ཏུ་འགྱུར་ཏེ། ཡང་ན་མུཏ་ཨཱ་ཀ་མའོ། །ཨི་ཀ་ཨེང་ཞེས་པས་ཨ་ཉིད་དང༌། ར་ཕ་རོལ་ཉིད་དོ། །གརྨུད།༌༌༌གསེར། ག་རུ་ཏ།༌༌༌བྱ་ཁྱུང༌། ཧྲྀ། སྲྀ། ཏ་ཌི། རུ་ཧི། ཡུ་ཥ་རྣམས་ལས་ཨི་ཏིའོ། །ཧྲྀཉ་འཕྲོག་པ་ལའོ། །སྲྀ་འགྲོ་བ་ལའོ། །ཏ་ཌ་ཀུན་དུ་བསྣུན་པ་ལའོ། །རུ་ཧ་རབ་ཏུ་སྐྱེ་བ་ལའོ། །ཡུ་


DTG194_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཥ་འཚེ་བ་ལའོ། །འདི་རྣམས་ལས་ཨི་ཏི་ཕ་རོལ། ཨི་ཡིག་བརྗོད་དོན། ཨི་ཀའི་ཨཏ་ཨེང་ཞེས་པ་ཨ་ཉིད། རི་ཀའི་ཨཎ་ལ་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད། ཧ་རི་ཏ།༌༌༌ནེའུ་སེང༌། ས་རྀ་ཏ།༌༌༌ཆུ་ཀླུང༌། ཏ་ཌྀ་ཏ།༌༌༌ གློག །ཡང་བ་མཐའ་ཉེའི་འོ་ཞེས་པས་ཨོ་ཉིད། རོ་ཧི་ཏ།༌༌༌ཉི་མ། མཏྶྱ།༌༌༌ཉ ལོ་ཧི་ཏ།༌༌༌དམར་པོ། ཡོ་ཥིཏ།༌༌༌བཙུན་མོ། ཤ་རད། ད་རད། དྲྀ་ཤད་རྣམས་སོ། །ཤྲྀ་འཚེ་བ་ལའོ། །དྲཱྀ་རྣམ་པར་འཇོམས་པ་ལའོ། །དྲྀ་ཤིར་ལྟ་བ་ལའོ། །འདི་རྣམས་ལས་ཨི་ཏི་ཕ་རོལ་ལོ། །ཨི་ཀ་ཨཏ་ཨེང་དང་ར་ཕ་རོལ། །ཉིད། ཤ་རཏ།༌༌༌སྟོན་ཀ །ད་རཏ།༌༌༌སྙིང་པོ། དྲྀ་ཤའི་ཨཏ་ཨེང་མེད། དྲྀ་ཤཏ།༌༌༌རྡོ་བ།པྲྀ་ཥི། བྲྀ་ཥི། མྲྀ་ཧི་རྣམས་ལས་ཤ་ཏྲིའོ། །པྲྀ་ཥུ་དང་བྲྀ་ཥུ་བཀྲུ་བ་ལའོ། །ཨརྫ་མ་ཧ་མཆོད་པ་ལའོ། །འདི་རྣམས་ལས་ཤ་ཏྲི་ཕ་རོ། ཤ་ཡིག་ལས་ཨ་ཡིག་ཕྱུང་སྟེ། ཤ་ཡིག་ནི་པིཊ་སྨིན་པའི་ལིང༌། མ་ཡིན་པའི་ཏིང་ཤྟ་ལའོ། ཞེས་པའི་རྟགས་དོན། རྀ་ཡིག་ནི་ཨུ་ཀ་ཨིཏ་ཀྱི་བྱ་བའི་དོན་ཏོ། །མང་པོ་ལ་སྤྱིར་བཏང་བའི་ཕྱིར་ཥ་མི་འགྱུར་རོ། །ཏིང་ཤི་ཏ་ལའོ་ཞེས་པས་ཨཏ་ཨེང་འགོག་གོ །བྲྀ་ཥཏ།༌༌༌རི་དགས། བྲྀ་ཥཏ།༌༌༌ཡང་བ། སྐྱེས་པའི་སུཊ་ལ་ཨུཀ་ཨིཏ་ཅེས་པས་ནུམའོ། །སམྦུདྡྷི་མ་ཡིན་ཨཱི་སུ་ལའོ་ཞེས་པས་རིང་པོ། སུའིའོ་ཞེས་པས་སུ་དབྱི། བརྩེགས་པའི་ཚིག་གིའོ་ཞེས་པས་ཏ་དབྱིའོ། མ་ཧཱ་ན།༌༌༌མཆོག །བྲྀ་ཥི། ཏཀྵི། རཱ་ཛི། དྷ་ནྭི། པྲ་ཏི་དེ་བི། ཡུ་རྣམས་ལས་ཀ་ནི་ནའོ། །བྲྀ་ཥུ་བཀྲུ་བ་ལའོ། །ཏ་ཀྵུ་ཕྲ་མོར་བྱེད་པ་ལའོ། །རཱ་ཛྲི་གསལ་བ་ལའོ། །དྷ་ནྭ་ཞེས་པས་མདོའི་བྱིངས་སོ། །དི་བུ་རྩེ་བ་ལའོ། །ཕྲ་ཏི་སྔོན་དུའོ། །ཡུ་བསྲེ་བ་ལའོ། །འདི་རྣམས་ལས་ཀ་ནིན་ཕ་རོལ་ཏུ་འགྱུར་རོ། །ཨི་ཡིག་བརྗོད་དོན། ན་ཡིག་དབྱངས་དོན། ཀ་ཡིག་གི་ཏ་བྱ་བའི་དོན། སམྦུདྡྷི་མ་ཡིན་པ་ལ་སུའོ་ཞེས་པས་རིང་པོ་ཉིད་དོ། །སུ་དབྱི་བ་དང་ན་དབྱི་བ་དག་གོ །བྲྀ་ཥཱ།༌༌༌གླང༌། ཏཀྵཱ།༌༌༌ཤིང་བཟོ་མོ། རཱ་ཛཱ།༌༌༌མིའི་བདག་པོ་རྒྱལ་པོ། དྷ་ནྭི།༌༌༌ནོར། ཕྲ་ཏི་དི་པཱ།༌༌༌ཉིན་ཞག །ཨ་ཙ་ལ་ཤྣུ་བྱིངས་བྷྲུ་


DTG194_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཨཱི་ཨཱུ་དག་གི་ཨི་ཡ་ཨུ་བ་དག་གོ་ཞེས་པས་ཨུ་བར་བསྒྱུར་རོ། གཞོན་ནུ།༌༌༌ཡུ་བཱ། ཤྭན་ལ་སོགས་པ་རྣམས་སོ། །ཊུ་ཨོ་ཤྭི་འགྲོ་བ་འཕེལ་བ་ལའོ། ཨུཀྵ་བཀྲུ་བ་ལའོ། པུ་ཥ་རྒྱས་པ་ལའོ། །བླྀ་ཧ་འགྲོ་བ་ལའོ། །སྨྲྀང་སྲོག་གཏོང་བ་ལའོ།། ཊུ་མསྫོ་དག་པ་ལའོ། །མཱ་ཏ་རི་སྔོན་དུ། མ་ཧ་མཆོད་པ་ལའོ། །འདི་རྣམས་ལས་ཀ་མིན་ཕ་རོལ་དུ་འགྱུར་རོ། །སུ་དང་རིང་པོ་ལ་སོགས་པ་སྔ་མ་བཞིན་ནོ། །ཤྭ་ཏིའི་ཨི་ཡིག་དབྱི་བ་ཚིག་ཕྲད་དོ། །ཤྭཱ།༌༌༌ཁྱི། ཨུཀྵཱ།༌༌༌གླང་ཁྱུ་མཆོག་པུ་ཥིའི་རིང་པོ། པཱུ་ཥ།༌༌༌ཉི་མ། པླཱྀཧ།༌༌༌ནད། མྲྀ་ཡ་ཏིའི་མཱུརྡྷ་ཚིག་ཕྲད་དོ། ཨ་ཡིག་བརྗོད་དོན། མཱུརྡྷཱ།༌༌༌མགོ་བོ། མསྫིའི་ཛྷལ་གྱི་ཛྟ་ཤ་ཞེས་པས་ས་ཡིག་གི་ད་ཡིག །སྟུའི་ཤྩུ་དང་ཥྚུ་དག་གི་དེ་དག་གོ་ཞེས་པས་ཛ་ཡིག་གོ །མཛྫ།༌༌༌རྐང་མར་རམ་རུས་པའི་སྙིང་པོ། ཤྭ་ཡ་ཏིའི་ཨི་ཡིག་དབྱི། །མཱ་ཏ་རི་ཤྭཱ།༌༌༌རླུང༌། མ་ཧའི་མ་གྷར་བསྒྱུར། མ་གྷ་བཱ།༌༌༌།དབང་པོ། དེ་བཞིན་དུ། གཞན་ཡང་བལྟ་བར་བྱའོ། །དི་ན་ཀ་ར་ལ་སོགས་པ་རྣམས་སོ། །མཆོག་གི་སྦྱོར་བའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །བྷཱ་སི། ཛ་ནི། བྲྀ་ཏི། ལས་མ་ནི་ནའོ། །བྷཱ་སྲྀ་འབར་བ་ལའོ། ཇ་ན་བསྐྱེད་པ་ལའོ། །བྲྀ་ཏུ་འཇུག་པ་ལའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ལས་ནྣ་ནིན་ཕ་རོལ་ཏུ་འགྱུར་རོ། །ཨི་ཡིག་བརྗོད་དོན། །ན་ཡིག་དབྱངས་དོན། མ་ནིང་ལས་སུ་ཨམ་དག་གིའོ་ཞེས་པས་སུ་ཨམ་འཇིག་གོ །སུཔ་ཀྱི་རང་བཞིན་གྱི་ན་དབྱིའོ། །བྷསྨ།༌༌༌ཐལ་བ། ཛནྨ།༌༌༌སྐྱེ་བ། བྲྀ་ཏིའི་ཨཏ་ཨེངའོ། །བརྟྨ།༌༌༌ལམ་དེ་ལྟ་བུ་ལ་སོགས་པ་གཞན་ཡང་བལྟ་བར་བྱའོ། །བྱོ་མ་ལ་སོགས་པ་རྣམས་སོ། །བྱེཉ་སྡོམ་པ་ལའོ། །ཤི་ཏ་མ་ཡིན་པ་ལ་ཨེཙཱི་ཨཱ་ཏའོ་ཞེས་པས་ཨ་ཉིད། རུ་ཧ་རབ་ཏུ་སྐྱེ་བ་ལའོ། །བཱི་འགྲོ་བ་ལའོ། །སོ་མཐའ་ལའོ། །སྔ་མ་བཞིན་དུ་ཨཱ་ཉིད་དོ།། །ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོ། །ཎའི་ནའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ལ་མ་ནི་ན་ཕ་རོལ་ཏུ་འགྱུར་རོ། །དེ་ལ་བྱཱ་ཡིག་གི་ཨཱཏ་ཀྱི་ཨོ་ཉིད། མ་ནིང་ལ་སུ་ཨམ་དག་གིའོ་ཞེས་པས་སུ་


DTG194_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དབྱི་བ་སྔ་མ་བཞིན་ནོ། །བྱོ་མ།༌༌༌ནམ་མཁའ། རུ་ཧའི་རོ་ཉིད་དང་ཧ་དབྱིབ་ཡང་ངོ༌། །རོ་མ།༌༌༌སྤུའམ་ལུས་ལ་སྐྱེས་པ། ལ་ཉིད་ཀྱིས། ལོ་མ།༌༌༌སྤུ་ལོང༌། བེ་མ།༌༌༌སྙན་ཚིག་གི་རིག་བྱེད། ན་མའི་རིང་པོ། ནཱ་མ། ཨི་མ་ནིཙའོ། །ཌུ་བྷྲྀཉ་འཛིན་པ་ལའོ། །དྷྲྀ་འཛིན་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །བྲྀཉ་སྒྲིབ་པ་ལའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ལས་ཨི་མ་ནི་ཙའོ། །ཙ་ཡིག་དབྱངས་དོན། ཨི་ཡིག་བརྗོད་དོན། ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང་ར་ཕ་རོལ་ཉིད། སུའིའོ་ཞེས་པས་སུ་དབྱིའོ། །སམྦུདྡྷི་མ་ཡིན་པའི་སུ་ལའོ་ཞེས་པས་རིང་པོ། སུཔ་ཀྱི་རང་བཞིན་གྱི་ན་དབྱིའོ། །བྷ་རི་མཱ།༌༌༌རྗེ་བོ། དྷ་རི་མཱ།༌༌༌ས་ཧ་རི་མཱ༌༌༌ཁྱབ་འཇུག །བ་རི་མཱ།༌༌༌དཀའ་ཐུབ་ཅན། པ་ཐི། མ་ཐི་དག་ལས་ཨི་ནིའོ། །པ་ཐེ་འགྲོ་བ་ལའོ། །མ་ཐེ་རྣམ་པར་དཀྲུགས་པ་ལའོ། །ཨེ་ཡིག་ནི་ཧལ་དང་པོ་མ་ཡིན་པའི་མཐའ་ཉེའིའོ་ཞེས་པའི་རྟགས་དོན། འདི་རྣམས་ལས་ཨི་ནི་ཕ་རོལ་ཏུ་འགྱུར་རོ། ཨི་ཡིག་བརྗོད་དོན། སུའོ། པ་ཐི་མ་ཐི་རྀ་བྷུཀྵ་རྣམས་ཀྱིའོ་ཞེས་པས་ན་ཡིག་གི་ཨ་ཡིག་གོ །ཤི་སུ་ཊ་ལ་ཨིའིའོ་ཞེས་པས་ཨི་ཡིག་གི་ཨཱ་ཡིག་གོ །ཨ་ཀྰྸི་ཨ་ཀ་ལ་རིང་པོའི། ཐཱའི་ནྠའོ་ཞེས་པས་ནྠཱ་རུ་བསྒྱུར་རོ། །སུའི་རུ་ཉིད་དང་རྣམ་པར་བཅད་པའོ། །བནྠཱཿ།༌༌༌ལམ། མནྠཱཿ།༌༌༌ཕུར་བུའམ་ལྷའི་བླ་མ། ག་མི་ལས་སོ། །གམླྀ་འགྲོ་བ་ལའོ། །འདི་ལས་ཨི་ནི་ཕ་རོལ་དུ་འགྱུར་རོ། །སུའོ། །ཨི་ན་ཧན་པཱུ་ཥན་ཨརྻ་མན་རྣམས་ཀྱི་ཤི་ལ་འང་ངོ་འོ་ཞེས་པས་རིང་པོར་འགྱུར་རོ། །སྔ་མ་བཞིན་དུ་ས་ཡིག་དང་ན་ཡིག་དག་དབྱིའོ། །ག་མི་ཥྱ་ཏཱི་ཏི། ག་མཱི། གནྟཱ། ཨཱང་ལས་ཎིཏ་ཀྱང་ངོ༌། །ཨཱང་སྔོན་མའི་ག་མི་ལས་ཨི་ནི་འགྱུར་ཞིང་ཎི་ཏ་བཞིན་ནོ། །ཎིཏ་ཉིད་ཀྱི་ཕྱིར་ཉྞིཏ་ལའོ་ཞེས་པས་ཨ་ཡིག་གི་ཨཱ་ཉིད་དང་རིང་པོ་ཉིད་ལ་སོགས་པ་སྔ་མ་བཞིན་ནོ། །ཨཱ་གཱ་མི་ཥྱ་ཏཱི་ཏི། ཨཱ་གཱ་མཱི། ཨཱ་གནྟཱ། བྷུ་ལས་སོ། །བྷཱུ་ཡོད་པ་ལའོ། འདི་ལས་ཨི་ནི་འགྱུར་ཞིང་ཎིཏ་བཞིན་ནོ། །ཨ་ཙ་ལས་སོ་ཞེས་པས་ཨཽ་ཉིད་དོ། །ཨེ་ཙེའི་ཨ་ཡ་ཨ་བ་ཨཱ་ཡ་ཨཱ་བ་རྣམས་ཞེས་པས་ཨཱ་བར་བསྒྱུར་རོ། །


DTG194_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་བཱི།༌༌༌དངོས་པོ་ཉིད། བ་ར་མེཥྛཱིའོ། །ཥྛ་འགྲོ་བ་ལས་ལྡོག་པ་ལའོ། །པ་ར་སྔོན་དུ། དེ་ལ་བདུན་པའི་གཅིག་ཙིག་ངིའོ། ང་ཡིག་དེ་ལ་དི་ཨཱ་མའོ་ཞེས་པའི་རྟགས་དོན། །ཨི་ཡིག་ནི་ཨ་ཡིག་དང་ལྷན་ཅིག་གཉིས་དག་གི་གཅིག་ཨཏ་ཨེངའོ་ཞེས་པས་ཨ་ཉིད་དོ། །འདི་ལས་ཨི་ནི་ཕ་རོལ་དུ་འགྱུར་རོ། །ཚིག་ཕྲད་ལས་ཨཱ་ཡིག་དབྱིའོ། །ཥ་ཉིད་དང་ཌུ་ཉིད་དང་རིང་པོ་ཉིད་དོ། །ས་ཡིག་དང་ན་ཡིག་དག་དབྱིའོ། །པ་ར་མེཥྛི།༌༌༌།ཚངས་པ། ཨརྟི། ཧུ། སྲྀ་པི། ཙྪདི། ཙྪརྡི་རྣམས་ལས་ཨི་སིའོ། །ཨ་ཙ་མཆོད་པ་ལའོཿ། ཧུ་སྦྱིན་པ་ལའོ། །སྲྀ་བླྀ་འགྲོ་བ་ལའོ། །ཙུར་སོགས་ལས་ཎི་ཙའོ། །ཉྞིཏ་ལའོ་ཞེས་པས་ཨཱ་ཉིད། ཨུ་ཙྪྲི་དིར་འབར་བ་ལའོ། །ཨུ་ཡིག་ཨུར་འགྲོ་བ་ལས་ཡང་ནའོ། ཞེས་པའི་རྟགས་དོན། ཨི་ཡིག་དང་རེ་ཕ་ནི་ཨི་ཏ་འགྲོ་བ་ལས་ཡང་ནའོ་ཞེས་པའི་རྟགས་དོན། འདི་རྣམས་ལས་ཨི་སི་འགྱུར་ཏེ། ཨི་ཡིག་བརྗོད་དོན། མ་ནིང་ལས་སུ་ཨ་མ་དག་གིའོ་ཞེས་པ་སུ་དབྱིའོ། །ས་ཡིག་ས་ས་ཛུ་ཥ་དག་གི་རུའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཨུ་ཡིག་ཨ་ཏ་ལས་ཧ་ཤ་ལའང་རུའིའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཨརྩི༌༌༌འབར་བ། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད་དང་ཨ་བ་རུ་བསྒྱུར་རོ། ཧ་བིཿ།༌༌༌སྔགས་ཀྱི་དག་བྱེད། ཡང་བ་མཐའ་ཉེའིའོ་ཞེས་པས་ཨ་ཉིད་དོ། །ར་ཕ་རོལ་ཉིད་དོ། །སརྦིཿ།༌༌༌མར། ཎིའི་ཨིཊ་མ་ཡིན་པ་ལའོ་ཞེས་པས་ཎི་ཙ་དབྱིའོ། །ཨི་ས་མ་ཏྲ་ཀྭི་པ་རྣམས་ལའོ་ཞེས་པས་ཐུང་ངུ་ཉིད་དོ། །ཙྪ་དི།༌༌༌ཆར་པའམ་གདུགས། སྔ་མ་བཞིན་དུ་ཨ་ཉིད་དང༌། ར་ཕ་རོལ་ཉིད། ཙྪིརྟིཿ། ཨུངྒཱ་རཿ།༌༌༌སྒྲགས་པ། ཛྱོ་ཏི་ལ་སོགས་པ་རྣམས་སོ། །ངྱུ་ཏ། འབར་བ་ལའོ། །སུ་ཙ་མྱ་ངན་ལའོ། །བྷཱུ་ཡོད་པ་ལའོ། །པ་ཐ་འགྲོ་བ་ལའོ། །འདི་ལྟ་བུའི་སྒྲ་རྣམས་ལས་ཨི་སི་ཕ་རོལ་དུ་འགྱུར་རོ། །དེ་ལ་དྷུ་ཏིའི་ད་ཡིག་གི་ཛ་ཡིག་གོ །ཛྱོ་ཏིཿ། སྒྲགས་པ། ནཀྵ་ཏྲཾ།༌༌༌སྐར་མ།སོ་ཙི།༌༌༌དམར་སེར། ཨི་ཀའི་ཨཏ་ཨེང་ཞེས་པས་ཨོ་ཉིད་དང་ཨཔ་ཏུ་བསྒྱུར་རོ། །བྷ་བིཿ།༌༌༌འགྲོ་བ། པ་ཐིཿ།༌༌༌མཐོ་རིས། བི་སྔོན།


DTG194_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བི་པ་ཐིཿ།༌༌༌ལམ་གོལ་པ། ཛ་ལི་ལས་ཨུ་སིའོ། །ཛན་བསྐྱེད་པ་ལའོ། །འདི་ལས་ཨུ་སི་ཕ་རོལ་དུ་འགྱུར་རོ། །ཨུ་ཡིག་བརྗོད་དོན། རུ་ཉིད་ལ་སོགས་པའོ། །ཛ་ནུཿ།༌༌༌པུས་མོ། རྀ། པྲཱྀ། བ་པི། ཡ་ཛི། དྷ་ནི། ཏྲ་པ། ལས་ནི་ཏའོ། །རྀ་འགྲོ་བ་ལའོ། །པྲཱྀ་སྐྱོང་བ་ལའོ། །ཌུ་བ་པ་ས་བོན་འདེབས་པ་ལའོ། །ཡ་ཛ་ལྷ་མཆོད་པ་ལའོ། །དྷ་ན་སོ་བ་ལའོ། །ཏྲ་པུ་ཥ་ངོ་ཚ་བ་ལའོ། །ཥ་ཡིག་ནི་བྷི་ད་སོགས་དང༌། ཥིཏ་ལས་ཨངའོ་ཞེས་པའི་རྟགས་དོན། ཨཱུ་ཡིག་སྦྲྀ་པཱུ་དི་ཏ་ལས་སོ་ཞེས་པའི་རྟགས་དོན། འདི་རྣམས་ལས་ཨུ་སི་ཕ་རོལ་ཏུ་འགྱུར་ཞིང་ནིཏ་བཞིན་ནོ། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨ་ཉིད་དང་ར་ཕ་རོལ་ཉིད་དོ། །ཨ་རུཿ།༌༌༌རྨ།པ་རུཿ། པ་རུ་ཏཿ། པ་པུཿ།༌༌ལུས། ཡ་ཛུཿ།༌༌༌རིག་བྱེད། དྷ་ནུཿ།༌༌༌མཚོན་ཆ། ཏྲ་པུཿ།༌༌༌ཞ་ཉེ། ཨི་ཎ་ལས་ཎི་ཏའོ། །ཨིཎ། བཱི། བཱ་འགྲོ་བ་ལའོ། །འདི་ལས་ཨུ་སི་ཕ་རོལ་དུ་འགྱུར་ཞིང་ཎིཏ་བཞིན་ནོ། །ཨ་ཙའིའོ་ཞེས་པས་ཨཻ་ཉིད། ཨེ་ཙའི་ཨ་ཡ་ཨ་བ་ཨཱ་ཡ་ཨཱ་བ་རྣམས་སོ་ཞེས་པས་ཨ་ཡར་བསྒྱུར་རོ། ཨཱ་ཡུཿ།༌༌༌།འཚོ་བའི་ཚད། ཙ་ཀྵི་ལས་ཨུ་སིནའོ། །ཙཀྵ་འཆད་པ་ལའོ། །འདི་ལས་ཨུ་སིན་འགྱུར་རོ། །ན་ཡིག་དབྱངས་དོན། ཨི་ཡིག་བརྗོད་དོན། མང་པོ་ལས་སྦྱིར་བཏང་བའི་ཕྱིར་ཙཀྵིའི་ཁྱ་ཉར་མི་འགྱུར་རོ། །ཙཀྵུཿ།༌༌༌མིག།བ་སི་ལས་ཀ་ན་སིའོ། བ་ས་གནས་པ་ལའོ། འདི་ལས་ཀ་ན་སི་ཕ་རོལ་ལོ། །ཨ་ཡིག་བརྗོད་དོན། ཀ་ཡིག་ཨཏ་ཨེང་དགག་པའི་དོན། ཀ་ངིཏ་ལའང་དེ་རྣམས་ཀྱིའོ་ཞེས་པས་ཡ་ཎའི་ཨི་ཀའོ། །ཡ་ཎའི་ཨི་ཀ་ཞེས་པས་ཕ་རོལ་སྔོན་མ་ཉིད་དོ། །སུའོ། །ཨ་ཉིད་སུའི་འོ་ཞེས་པས་རིང་པོའོ། །སུའི་ཞེས་པས་སུ་དབྱི། །སུཔ་ཀྱི་རང་བཞིན་གྱི་ན་དབྱིའོ།། །ཨུ་ཤ་ནཱ།༌༌༌པ་བ་སངས། བི་དྷི་ཨི་ཎ་ལས་ཨ་པའོ། །བི་དྷ་སྒྲུབ་པ་ལའོ། །ཨི་ཎ། བི། བཱ་འགྲོ་བ་ལའོ། །འདི་དག་ལས་ཨ་སི་ཕ་རོལ་ཏུ་འགྱུར་རོ། །ཨི་ཡིག་བརྗོད་པའི་དོན། བི་དྷིའི་ཡང་བ་མཐའ་ཉེའི་འོ་ཞེས་པས་ཨརད་ཨེངའོ། སྐྱེ་དགུའི་བདག་པོ༌༌༌བེ་དྷཱ།


DTG194_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཀའི་ཨཏ་ཨེང་འོ་ཞེས་པས་ཨེ་ཉིད་དོ། །ཨ་ཡ་རུ་བསྒྱུར་རོ། །མ་ནིང་ལ་སུ་ཨ་མ་དག་གི་ཞེས་པས་སུ་དབྱི། ཨ་ཡཿ།༌༌༌ལྕགས། པ་ཡས་སུ་རས་ལ་དྷཱཉ་ལས་སོ། །ཌུ་དྷཱཉ། ཌུ་བྷྲྀཉ་འཛིན་པ་ལའོ། །པ་ཡ་སི་སུ་ར་སི་ཞེས་པ་ཉིད་སྔོན་མའི་དྷཱཉ་ལས་ཨ་སི་འགྱུར་རོ། །པ་ཡས་དང་པུ་རས་ཀྱི་ས་ཡིག་ས་ས་ཛུ་ཥ་དག་གི་ཞེས་པས་རུ་ཉིད་དོ། །ཨུ་ཡིག་ཨཏ་ལས་ཧ་ཤ་ལའང་རུའིའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །རེ་ཕ་ནི། ཧ་ཤ་ལའང་ཞེས་པའི་ཨུ་ཉིད་དོ། །ཡའི་ཨ་ཡིག་ཨུ་ཡིག་དང་ལྷན་ཅིག་གཉིས་དག་གི་གཅིག་ཨཏ་ཨེང་ཞེས་པས་ཨོ་ཉིད་དོ། །ཡ་སྱེ་ཏི་པ་ཀཱ་ར་ལོ་པ། པ་ཡོ་དྷཱཿ།༌༌༌།བརྒྱ་བྱིན། པུ་རོ་དྷཱ།༌༌༌མདུན་ན་འདོན། ཙནྡྲ་ལས་མཱང་ལས་ངིཏའོ། །མཱང་འཇལ་བ་ལའོ། །ཙནྡྲ་སྔོན་དུ། འདི་ལས་ཨ་སི་ཕ་རོལ་དུ་འགྱུར་ཞིང་ངིཏ་བཞིན་ནོ། །དེས་ན་ཨ་ཙ་ལ་ཀ་ངིཏ་ལའང་ཨཱཏ་ཀྱི་དབྱིའོ་ཞེས་པས་ཨཱ་ཡིག་དབྱིའོ། །སྔ་མ་བཞིན་རིང་པོ་ཉིད་དོ། ཙནྡྲ་མཱ།༌༌༌ཟླ་བ། ཨ་ནེ་ཧས། ཨངྒི་རས། ཨཔྶ་རས་རྣམས་སོ། །འདི་རྣམས་ལས་ཨ་སི་ཕ་རོལ་དུ་ཚིག་ཕྲད་དོ། །ཨི་ཧ་བྱེད་པ་ལའོ། །ཨ་གི་འགྲོ་བའི་དོན་རྣམས་སོ། །ཨ་སླྀ་ཁྱབ་པ་ལའོ། །དེ་ལ་ཨཱེ་ཧིའི་ནཉ་སྔོན་མའི་ཨཏ་ཨེངའོ། །ཉ་ཡིག་ནཉ་ཞེས་པའི་རྟགས་དོན་ཏོ། །ནཉའི་ན་ཡིག་ན་ཉའི་ནའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །དེའི་ཕྱིར་ཨ་ཙ་ལ་ནུ་ཊའོ་ཞེས་པས་ནུ་ཊའོ། །ཨུ་ཡིག་བརྗོད་དོན། ཨ་ནེ་ཧཱ།༌༌༌།དུས། ཨངྒི་ལས་ཞེས་པས་རུཀ་ཨཱ་ག་མའོ། །ཨངྒི་ར།༌༌༌དྲང་སྲོང་གི་མིང༌། ཨཱཔྣོ་ཏིའི་ཐུང་ངུའོ། །ཨཔྶ་ར།༌༌༌ལྷའི་བཙུན་མོ། ཨ་སུ་ནའོ།༌༌༌ལྷ་མོ། །ཨ་ཡ། མ་ཡ། བ་ཡ་འགྲོ་བ་ལའོ། །བཱིང་བཏུང་བ་ལའོ། །ཏི་ཛ་རྣོ་བ་ལའོ། །ཨ་ཧི་འགྲོ་བ་ལའོ། །ཏ་བ་ཀུན་དུ་གདུང་བ་ལའོ། འདི་རྣམས་ལས་ཨ་སུ་ན་འགྱུར་རོ། །ས་ཡིག་གི་རྣམ་པར་བཅད་པའོ། བ་ཡཿ།༌༌༌གནས་སྐབས། པ་ཡཿ།༌༌༌འོ་མ།ཡང་བ་མཐའ་ཉེའི་འོ་ཞེས་པས་ཨེ་ཉིད་དེ། །ཏེ་ཛཿ།༌༌༌འོད་དམ་གཟི་བརྗིད།


DTG194_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾ་ཧཿ།༌༌༌སྡིག་པ། ཏ་པཿ།༌༌༌བསོད་ནམས། ཨུ་ཥི། རཉྫི། ཤྲཱྀ་རྣམས་ལས་ཀིཏའོ། །ཨུ་ཥ་སྲེག་པ་ལའོ། །རཉྫ་ཚོས་ལའོ། །ཤྲཱྀ་འཚེ་བ་ལའོ། །འདི་རྣམས་ལས་ཨ་སུན་ཕ་རོལ་དུ་འགྱུར་རོ། །ཀིཏ་བཞིན་ནོ། །དེས་ན་ཀ་བིཏལ་ཞེས་པས་ཨཏ་ཨེང་དགག་པ་དང་ནི་དབྱི་བར་ཡང་འགྱུར་རོ། །སུའོ། །ཨ་ཉིད་དོ། །སུའི་འོ་ཞེས་པས་རིང་པོའོ། །སུའི་ཞེས་པས་སུ་དབྱིའོ། །ཨུ་ཥཱ།༌༌༌ཉི་མ། ར་ཛཿ།༌༌༌རྡུལ།བྱིངས་ཀྱི་རཏི་ཀྱི་ཨིཏ་ཞེས་པས་ཨི་ཉིད་དང་ར་ཕ་རོལ་ཉིད་དོ། །ཤི་རཿ།༌༌༌མགོ་བོ། བ་སི། ཨངྒི་དག་ལས་ཎིཏའོ། །བ་པ་འགེབས་པ་ལའོ། །ཨ་ཀ་དང་ཨ་ག་གྱ་གྱུར་འགྲོ་བ་ལའོ། །འདི་རྣམས་ལས་ཨ་སུན་ཕ་རོལ་དུ་འགྱུར་ཞིང་ཎི་ཏ་བཞིན་ནོ། །དེས་ན་ཉྞིཏ་ལའོ་ཞེས་པས་ཨ་ཉིད་དོ། །བཱ་སཿ།༌༌༌གོས། ཨཱ་གཿ།༌༌༌སྦྲུལ། ཨ་ཛི་ལས་ཏེ་ཤ་ཡང་ངོ༌། ཡ་ཛལྷ་མཆོད་པ་ལའོ། །འདི་ལས་ཨ་སུན་འགྱུར་ཏེ་མཐའ་ཡང་ཤ་རུ་བསྒྱུར་རོ། །ཨ་ཡིག་བརྗོད་པའི་དོན་ཏོ། །ཡ་ཤཿ།༌༌༌གྲགས་པ།༌༌༌ཀཱིརྟྟིཿ། ཨུ་ཥི་ལས་ཏེ་ཛ་ཡང་ངོ༌། །ཨུ་ཥ་སྲེག་པ་ལའོ། །འདི་ལས་ཨ་སུན་འགྱུར་ཞིང་མཐའ་ཡང་ཛ་རུ་བསྒྱུར་རོ། །ཡང་བ་མཐའ་ཉེའི་འོ་ཞེས་པས་ཨོ་ཉིད་དོ། །ཨོ་ཛཿ།༌༌༌མདངས། བ་ཙི་ལས་སུ་ཊའང་ངོ༌། །བ་ཙ་འཆད་པ་ལའོ། །འདི་ལས་ཨ་སུན་འགྱུར་ཞིང་སུཊ་ཨཱ་གཱ་མའོ། །ཨུ་ཡིག་བརྗོད་དོན། ཊ་ཡིག་ཊིཏྐ་བྱ་བའི་དོན། ཙུའི་ཀུའོ་ཞེས་པས་ཙ་ཡིག་གི་ཀ་ཡིག་གོ །ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ།། པཀྵཿ།༌༌༌།བྲང༌། སྲུ། རཱ་དག་ལས་ཏུཊ་ཡང་ངོ༌། །སྲུང་འགྲོ་བ་ལའོ། །རཱྀ་འགྲོ་བ་ལའོ། །འདི་དག་ལས་ཨ་སུན་ཕ་རོལ་དུ་འགྱུར་ཞིང་ཏུཊ་འང་ངོ༌། །ཨི་ཀའི་ཨཏ་ཨེངའོ་ཞེས་པས་ཨོ་ཉིད་དོ། །སྲོ་ཏཿ། ཆུ་ཀླུང་གི་ཤུགས་སོ། །རེ་ཏཿ།༌༌༌ཞུ་བ། ཨིཎ་ལས་ནུཊ་ཡང་ངོ༌། །ཨི་ཎ། བཱི། བཱ་འགྲོ་བ་ལའོ། །འདི་ལས་ཨ་སུན་འགྱུར། ནུ་ཊ་ཡང་ངོ༌། །ཨི་ཀའི་ཨཏ་ཨེང་ཞེས་པས་ཨེ་ཉིད་དོ། །མེ་ཎ། ཤཱིང་ལས་ཕུཊ་འང་ངོ༌། །ཤཱིང་ཉལ་བ་ལའོ། །འདི་ལས་ཨ་སུན་ཕ་རོལ་དུ་འགྱུར་ཞིང་ཕུཊ་འང་ངོ༌། །ཨ་ཉིད་སྔ་མ་བཞིན།


DTG194_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་ཕཿ།༌༌༌།བད་ཀན། ཚ་དི་ནུམ་ཡང་ངོ༌། །འདི་ལས་ཨ་སུན་འགྱུར་ཞིང་ནུམ་ཡང་ངོ༌། །ཙྪནྡཿ།༌༌༌།སྡེབ་སྦྱོར་རམ་རིག་བྱེད། ཨ་མི་ལས་བྷུཀ་ཡང་ངོ༌། །ཨ་མ་ནད་ལའོ། །འདི་ལས་ཨ་སུ་ན་ཕ་རོལ་ཏུ་འགྱུར་ཞིང་བྷུཀ་ཡང་ངོ༌། །ཨམྦྷུཿ།༌༌༌ཆུ།ཨརྟའི་ཨུར་ཡང་ངོ༌། །རྀ་འགྲོ་བ་ལའོ། །འདི་ལས་ཨ་སུན་ཕ་རོལ་ཏུ་འགྱུར་ཞིང་ཨུ་ཉིད་དོ། ར་ཕ་རོལ་ཉིད་དོ། །ཨུ་ར།༌༌༌།བྲང༌།སུཊ་འང་ངོ༌། །རྀ་འགྲོ་བ་ལའོ། འདི་ལས་ཨ་སུན་འགྱུར་ཞིང་སུཊའང་ངོ༌། །ཨི་ཀའི་ཨཏ་ཨང་དང་ར་ཕ་རོལ་ཉིད་དོ། །ཨཪྴཿ།༌༌༌ནང༌། ནུཊའང་ངོ༌། །རྀ་འགྲོ་བ་ལའོ། །འདི་ལས་ཨ་སུན་ཕ་རོལ་དུ་འགྱུར་ཞིང་ནུ་ཊའང་ངོ། །ཨི་ཀའི་ཨཏ་ཨེང་དང་ར་ཕ་རོལ་ཉིད་དོ། ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ་ཞེས་པས་ཎ་ཉིད་དོ། །ཨརྞྞཿ།༌༌༌ཆུ། ཡུཊ་འང་ངོ༌། །རྀ་འགྲོ་བ་ལའོ། །འདི་ལས་ཨ་སུན་ཕ་རོལ་ཏུ་འགྱུར་ཞིང༌། ཡུཊ་ཨཱ་ག་མ་འང་ངོ༌། །ཨཪྻཱ།༌༌༌རྗེ་རིགས། ཨུཎ་ལ་སོགས་པའི་འགྲེལ་པ་ལས་རྐང་པ་གསུམ་པ་རྫོགས་སོ།། །།ཨུཎ་ལ་སོགས་པའི་འགྲེལ་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་འདི། བོད་དཔེ་སྔ་འགྱུར་གཉིས་ཙམ་ལ་འགྱུར་མ་དག་པ་དང་ལྷག་ཆད་ཅུང་ཟད་སྣང་བས་རྒྱ་དཔེ་དག་པ་ཞིག་རྙེད་དེ་དག་པར་བསྒྱུར་བའི་རྩོལ་བ་ཤཱཀྱའི་དགེ་སློང་ཞྭ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་དཔལ་བཟང་པོ་ཞེས་བགྱི་བས་བསྒྲུབས་པས་བསྟན་པ་རིན་པོ་ཆེ་ལ་ཕན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་མཁས་པ་ཡིས། །བསླབ་བྱའི་ཡུལ་ནི་ཡིན་ཕྱིར་དང༌། རང་ཡིད་ལེགས་བཤད་གོམས་པ་ནི། །ལྷུར་ལེན་པ་བསྐྱེད་ཕྱིར་འདིར་འབད་དོ། །འདི་ལས་ཐོབ་པ་ལེགས་སྤྱད་ཆ། །སྟོན་ཟླ་པད་རྩ་ལྟར་དཀར་དེ། །མ་ལུས་འགྲོ་བའི་མི་ཤེས་པའི། །མུན་པ་འཇོམས་པའི་འོད་གྱུར་ཅིག །མེ་མཁའ་རྒྱ་མཚོ་ལ་རབ་བྱུང་ལ་སོགས་འདས་ལོ་དྲུག་ཅུ་ཕག་བདུན་དང་ཉག་བཞི་བཅུ་རྩ་བཞི་བསྲེ་བ་འགལ་བྱེད་ཅེས་བྱ་བའི་ཆུ་སྟོད་ཀྱི་དཀར་པོའི་ཚེས་བཅྭོ་ལྔ་ལ་གྲྭ་ཕྱིས་གཞིས་ཁ་ལྷུན་གྲུབ་གླིང་དུ་བསྟན་པའི་སྦྱིན་བདག་དཔལ་ལྡན་མིའི་དབང་པོ། །དཔོན་ཆེན་ཀུན་དགའ་བསོད་ནམས་རིན་ཆེན་རྒྱལ་པོ་པའི་བདག་རྐྱེན་ལ་བརྟེན་ནས་ལེགས་པར་གྲུབ་པའོ།། །།


previousཨུཎ་ལ་སོགས་པའི་འགྲེལ་པ། ཙནྡྲགོམིན།next