Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་གོ་བདུན་པ།


   
   
   
   
   
   
   
   
སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ།  རིན་ཆེན་འབྱུང་གནས་ཞི་བ།
   


 
previousསྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next

སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ།
རིན་ཆེན་འབྱུང་གནས་ཞི་བ།


DTG197_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙྪནྡ་རཏྣཱ་ཀ་ར་ནཱ་མ། བོད་སྐད་དུ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། གསུང་གི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ནང་གི་མཚན་མོ་བཤེས་བྲལ་གྱི། །ནང་གི་ཉིན་བྱེད་ཐུབ་པ་ནི། །སྣང་བ་མཆོག་གི་བདག་ཉིད་ཅན། །རྒྱལ་བ་ཉི་མ་ལ་ཕྱག་འཚལ། །རང་གི་སྙན་ངག་དང་གཞན་གྱི་སྙན་ངག་རྣམས་ལ་ཇི་ལྟར་བྱ་བ་བྱེ་བྲག་ཏུ་རྟོགས་པར་འགྱུར་བའི་ཕྱིར་བསྟན་བཅོས་བརྩམ་མོ། །དེ་ལ་དམར་སེར་གྱི་སྡེབ་སྦྱོར་རྩ་བའི་མདོ་དང་དེའི་དཔེར་བརྗོད་ནི་རྒྱལ་བའི་ལྷས་མཛད་དོ། །དེ་དག་གིས་མཛད་དུ་ཟིན་ཀྱང་དེ་ཡོན་བརྒྱད་རྣམས་ཀྱིས་ཤིན་ཏུ་དབེན་པར་གྱུར་ཏེ། དེ་ལྟར་ནི་དེ་ལ་པྲཱསྟཱ་ར་ལ་སོགས་པ་རྣམས་ལ་མདོར་བསྡུ་བ་མེད་པ་དང༌། ལྕི་ཡང་གི་མིང་ལ་སོགས་པ་རྣམས་ལ་ཚིགས་སུ་བཅད་པས་མ་བཅིངས་པ་དང༌། ཕལ་ཆེར་མི་གསལ་བ་ཉིད་དང༌། ངོ་མཚར་བའི་སྦྱོར་བ་བསྟན་པ་ཡང་མ་མཛད་པ་དང༌། ངལ་བསོ་དང༌། ལུས་དང༌། མིང་གི་མིང་འདྲེས་པ་དང་སླ་བ་ཡང་མེད་དོ། །དཔེར་ན། ར་ཛ་དག་རྨ་བྱའི་འགྲོས་སོ། །དེ་ནས་རག་དག་གོ ། ནོར་དང་ཆུ་གཏེར་ལ་ངལ་བསོ་བའི་ན་དག་སྦྱོར་བ་སྟེ། མ་ཡ་དག་གོ ། ཛཱ་ཏི་ཙ་ལ་སོགས་པའི་སྒོ་ཡིས་འབྱེད་པ་ནི་སྔ་མ་རྣམས་ཀྱི་བཞེད་པའོ་ཞེས་པ་ནི་སྦྱོར་བའི་རིམ་པ་མེད་པའོ། །རོ་ལངས་ཅན་ནི་ར་ལག་ཕྱི་མའོ་ཞེས་པ་ལ་སོགས་པའང་འདོན་སླ་བ་མེད་དོ། །ངལ་བསོ་དང་ཚོགས་དག་ཀྱང་མི་མཉམ་པར་བཅད་པ་སྟེ། དེའི་ཕྱིར་ཚོགས་ཀྱི་མཐར་ངལ་བསོ་བ་མེད་དོ། །འདི་ལ་ཡོན་ཏན་བརྒྱད་པོ་འདི་རྣམས་ཀྱང་ཡོད་ཅིང༌། སླར་དཔེར་བརྗོད་ཀྱང་མདོ་ཡིས་སོ། །དེའི་ཕྱིར་འདི་དེ་བས་ཀྱང་མཆོག་ཏུ་གྱུར་པ་ཡིན་ནོ། །ཡང་འདིར་ཚིགས་སུ་བཅད་པར་གྱུར་ན། མདོར་བསྡུས་ཚིགས་བཅད་གསལ་བ་དང༌། །མདོ་ཡིས་དཔེར་བརྗོད་བགྱིས་པ་དང༌། །མ་འདྲེས་རིམ་པས་འདོན་པ་དང༌། །མཐར་སྡོད་ཚོགས་ཉིད་ཡོན་ཏན་ཡིན། །ཚིགས་བཅད་ནི་རྐང་བཞི་ཅན་ནོ། །གང་གི་རྐང་པ་བཞི་དང་བཅས་པ་དེ་ནི་རྐང་བཞི་ཅན་ནོ། །རྐང་པ་བཞི་རྣམས་ཀྱི་རྐང་བའི་སྒྲའམ། རྐང་པའི་དོན་ཀུན་སྡུད་པ་ནི། །རྐང་བཞི་ཅན་ཏེ་དེ་ནི་ཚིགས་སུ་བཅད་པ་ཞེས་བྱའོ། །དེ་ཡང་བྲྀཏྟ་དང༌། ཛཱ་ཏིའི་དབྱེ་བས་རྣམ་པ་གཉིས་སོ། །བྲྀཏྟ་དང་ཛཱ་ཏེ་ཞེས་པའི་དབྱེ་བ་འདིས་ཚིགས་སུ་བཅད་པ་དེ་ནི་རྣམ་པ་གཉིས་སུ་འགྱུར་རོ། །ཡི་གེ་བགྲང་བ་


DTG197_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བྲྀཏྟ་ཡིན། །བགྲང་བ་ནི་བརྩི་བ་སྟེ་གང་གི་གྲངས་ཡི་གེས་ཡིན་པ་དེ་ནི་བྲྀཏྟ་རུ་འགྱུར་རོ། །ཕྱི་མོ་བགྲང་བ་ཛཱ་ཏི་ཡིན། །གང་གི་གྲངས་ཕྱི་མོས་ཡིན་པ་དེ་ནི་ཛཱ་ཏི་རུ་འགྱུར་རོ། །གང་ཡི་གེ་རེ་རེ་བའང་གསལ་བར་འདོན་པར་བྱེད་པ་དེ་ནི་དབྱངས་ཞེས་བྱའོ། །དེ་ནི་མདོར་བསྡུ་ན་ཐུང་དུ་དང་རིང་པོ་དང་པླུ་ཏ་སྟེ་རྣམ་པ་གསུམ་ཡིན་ནོ། །དེ་ལ་ཐུང་དུ་ནི་ཕྱི་མོ་གཅིག་པ་སྟེ། དེ་ཡང༌། ཨ་ཨི་ཨུ་རྀ་ལྀ་རྣམ་པ་ལྔའོ། །རིང་པོ་ནི་ཕྱི་མོ་གཉིས་པ་སྟེ། དེ་ནི། ཨཱ་ཨཱི་ཨཱུ་རཱྀ་ཨེ་ཨཻ་ཨོ་ཨཽ་རྣམ་པ་བརྒྱད་དོ། །པླུ་ཏ་ནི་ཕྱི་མོ་གསུམ་པ་སྟེ། དེ་ནི་རྣམ་པ་དགུ་ཡིན་ཏེ། ཇི་ལྟར་རིང་པོ་བརྒྱད་བྲིས་པ་དེ་ལྟ་བུའི་མཐར་པླུ་ཏ་བརྒྱད་རྣམས་དང། དགུ་པ་ལྀ་ཡིག་རྐྱང་པ་ལ་གསུམ་ཡིག་གིས་ཕྱེ་བ་རྣམས་སོ། །དེ་ལྟ་བས་ན་དབྱངས་རྣམས་ཉི་ཤུ་རྩ་གཉིས་སོ། །གང་ཡི་གེ་རེ་རེ་བ་རྣམས་གསལ་བར་འདོན་པར་བྱེད་པ་མ་ཡིན་པ་དེ་ནི་གསལ་བྱེད་དེ། ཀ་ལ་སོགས་པ་ནས་ཧའི་མཐར་ཐུག་པ་སུམ་ཅུ་རྩ་གསུམ་དང༌། རྗེས་སུ་ང་རོ་དང༌། རྣམ་པར་གཅད་བྱ་དང༌། ལྕེ་རྩ་ཅན་དང༌། མཆུ་ཅན་ཏེ་བཞི་རྣམས་དང་སུམ་ཅུ་རྩ་བདུན་ནོ། །དེ་ལྟ་བས་ན་བསྟན་བཅོས་འདིར་ཡི་གེ་རྣམས་ནི་ལྔ་བཅུ་རྩ་དགུའོ། །ཡི་གེ་བགྲང་བ་ན་དབྱངས་བགྲང་བར་བྱའི། གསལ་བྱེད་རྣམས་ནི་མ་ཡིན་ནོ། །ཡང་འདིར་ཚིགས་སུ་བཅད་པར་གྱུར་ན། གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །འདི་རྣམས་ཡི་གེ་ལྔ་བཅུ་དགུ། །དབྱངས་ཀྱི་ཡི་གེ་བགྲང་བར་བྱ། །དབྱངས་ཐུང་དུ་ནི་ཡང་བ་དང་ལ་སྟེ་དྲང་པོའོ། །དབྱངས་ཐུང་དུ་ནི་ཡང་བ་དང་ལ་ཡིག་གི་མིང་ཅན་དུ་འགྱུར་ཞིང༌། རི་མོ་འགོད་པ་ན་ཡང་དྲང་པོར་འགྱུར་རོ། །སུ་ཀྲྀ་ཏ་ཀླྀ་པི། ལེགས་བྱས་ནུས་ཤད་ལ། རྐང་པའི་མཐའ་རྣམས་སུ་ཕལ་ཆེ་བཞིག་ལྕི་བ་དང་ག་སྟེ་འཁྱོག་པོའོ། །རྐང་པའི་མཐའ་རྣམས་སུ་དབྱངས་ཐུང་དུ་ཕལ་ཆེ་བ་ཞིག་ལྕི་བ་དང་གའི་མིང་ཅན་དུ་འགྱུར་ཞིང༌། རི་མོ་འགོད་པ་ནའང་འཁྱོག་པོའོ། །ཕལ་ཆེ་བ་ཞིག་ཅེས་པ་ཅི་ཞེ་ན། འདྲ་མཚུངས་ལ་སོགས་པ་རྣམས་ལ་མི་འགྱུར་རོ། །གཞན་དུ་ནི་ཟུང་གི་རྐང་པའི་མཐའ་རྣམས་སུ་ཇི་ལྟར་འོས་པ་བཞིན་དུ་འགྱུར་ཞིང༌། དབང་པོ་རྡོ་རྗེ་ལ་སོགས་པ་ལ་ནི་ཟུང་མ་ཡིན་པའི་རྐང་པའི་མཐའ་རྣམས་སུ་ཡང་ངོ༌། །དབྱངས་དང་བྲལ་བའི་གསལ་བྱེད་ལས་སྔ་མའང་ངོ༌། །དབྱངས་དང་བྲལ་བའི་གསལ་བྱེད་ལས་སྔ་མ་གང་ཡིན་པའི་


DTG197_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་དུ་དེ་ཡང་ལྕི་བ་དང་ག་ཡིག་ཡིན་ཏེ། འཁྱོག་པོར་ཡང་འགྱུར་རོ། །མྲྀ་ཏྱུཿཀིཾ་ཀླྀཔྟཿ། ཤི་ན་ནུས་ནས་ཅི། རིང་པོ་ཉིད་དང་པླུ་ཏ་དག་ཀྱང་ངོ༌། །རིང་པོ་དང་པླུ་ཏ་ནི་ཐམས་ཅད་དུ་ལྕི་བ་དང་ག་དང་འཁྱོག་པོར་འགྱུར་རོ། །ནཱ་རཱིནྲཱྀཏཱུ་བེ་དྷོ་དེ་ཝཽ། ལྷའི་ཆ་བྱད་བུད་མེད་གར་དག་སྒྱུར། པླུ་ཏ་ནི་ངེས་པར་ཡང་སྟེ། ཨིནྡྲོ྅གྣཱིཀླྀ྅པྟ་ཤི་ཁཿ། ཀླྀ྅བཏ་ཤི་ཁ་དབང་པོ་མེ་དག་ཡིན། གསུམ་གྱི་ཐོག་མ་ལྕི་བ་བྷ་རུ་འདོད། གསུམ་གྱི་ནི་ཡི་གེ་གསུམ་རྣམས་ཀྱིའོ། །གསུམ་རྣམས་ཀྱི་ཐོག་མ་ལྕི་བ་གང་ཡིན་པ་དེ་ནི་བྷ་རུ་འདོད་པ་སྟེ་བྷའི་མིང་ཅན་དུ་འདོད་དོ། །གང་གི་དང་པོ་ཡང་ཡིན་ལྕི་བ་ཁོ་ན་ཡང་ཡིན་པ་ནི་དང་པོ་ལྕི་བ་སྟེ། དང་པོ་ཁོ་ན་ལྕི་བའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་རིག་པར་བྱའོ། །ཛ་དབུས་ལྕི། གསུམ་གྱི་དབུས་མ་ལྕི་བ་གང་ཡིན་པ་དེ་ནི། ཛ་རུ་འདོད་པ་སྟེ། ཛའི་མིང་ཅན་ཞེས་བྱ་བར་འདོད་དོ། ། །ས་མཐའ་ལྕི། མཐའ་ལྕི་བའི་ཡི་གེ་གསུམ་གང་ཡིན་པ་དེ་ས་རུ་འདོད་པ་སྟེ་ས་ཞེས་བྱ་བར་འདོད་དོ། །མ་ཀུན་ལྕི། ཐམས་ཅད་ལྕི་བའི་ཡི་གེ་གསུམ་གང་ཡིན་པ་དེ་ནི་མ་རུ་འདོད་པ་སྟེ་མ་ཞེས་བྱ་བར་འདོད་དོ། །ཡ་ཐོག་ཡང༌། ཐོག་མ་ཡང་བའི་ཡི་གེ་གསུམ་གང་ཡིན་པ་དེ་ནི་ཡ་རུ་འདོད་པ་སྟེ་ཡ་ཞེས་བྱ་བར་འདོད་དོ། །ར་དབུས་ཡང༌། དབུས་མ་ཡང་བའི་ཡི་གེ་གསུམ་གང་ཡིན་པ་དེ་ར་རུ་འདོད་པ་སྟེ་ར་ཞེས་བྱ་བར་འདོད་དོ། །ཏ་མཐའ་ཡང༌། མཐའ་ཡང་བའི་ཡི་གེ་གསུམ་གང་ཡིན་པ་དེ་ནི་ཏ་རུ་འདོད་པ་སྟེ་ཏ་ཞེས་བྱ་བར་འདོད་དོ། །ན་ཀུན་ཡང༌། ཐམས་ཅད་ཡང་བའི་ཡི་གེ་གསུམ་གང་ཡིན་པ་དེ་ནི་ན་རུ་འདོད་པ་སྟེན་ཞེས་བྱ་བར་འདོད་དོ། །དེ་རྣམས་བརྒྱད་དོ། །ཡི་གེ་གསུམ་པའི་ཚོགས་དེ་རྣམས་ནི་བརྒྱད་དུ་འགྱུར་ཏེ། བྷ་དང་ཛ་དང་ས་དང་མ་དང་ཡ་དང་ར་དང་ཏ་དང་ན་རྣམས་སོ། །ཡི་གེ་འདི་རྣམས་གང་དུ་རྗེས་སུ་བརྗོད་པ་དེར་དེ་ལ་སོགས་པའི་མིང་གི་མདོ་རྣམས་རྗེས་སུ་དྲན་པར་བྱའོ། །བྷ་ཐོག་ལྕི་བ་ཛ་དབུས་ལྕི། །ས་མཐའ་ལྕི་བ་མ་ཀུན་ལྕི། །ཡ་ཐག་ཡང་བར་དབུས་ཡང༌། །ཏ་མཐའ་ཡང་བ་ན་ཀུན་ཡང༌། །དྲུག་པ་ནས་བརྩམས་ཏེ་རེ་རེ་འཕེལ་བའི་རྐང་པས་སྡེབ་སྦྱོར་རྣམས་རྟོགས་པར་བྱེད་དོ། །སྡེབ་སྦྱོར་ཞེས་བྱ་བ་ནི་བྲྀཏྟ་གཞག་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་དྲུག་པའི་རྐང་པ་


DTG197_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ནས་བརྩམས་ཏེ། དེ་ནས་ཕྱི་མར་ཡི་གེ་རེ་རེ་འཕེལ་བའི་རྐང་པས་སྡེབ་སྦྱོར་རྣམས་རྟོགས་པར་བྱེད་དོ། །དབྱངས་སྒྲོགས། རབ་དགའ། རྗེས་བསྔགས། བྲྀ་ཧ་ཏཱི། ཕྲེང་ལྡན་དེ་བཞིན་གསུམ་བསྔགས་སོ། །སྡེབ་སྦྱོར་གྱི་རིམ་པའི་རྒྱུན་བཀོད་པ་དེ་ལས་རིམ་པ་བཞིན་སྡེབ་སྦྱོར་གྱི་མིང་རྣམས་འབྲེལ་ལོ། །ཡི་གེ་དྲུག་གི་རྐང་པས་དབྱངས་སྒྲོགས་སོ། །ཡི་གེ་བདུན་གྱི་རྐང་པས་རབ་དགའོ། །ཡི་གེ་བརྒྱད་ཀྱིས་རྗེས་བསྔགས་སོ། །ཡི་གེ་དགུས་བྲྀ་ཧ་ཏཱིའོ། །ཡི་གེ་བཅུས་ཕྲེང་ལྡན་ནོ། །ཡི་གེ་བཅུ་གཅིག་གིས་གསུམ་བསྔགས་སོ། །སྐྱེ་འགྲོ་ནུས་ལྡན་ལེགས་སྤྱོད་བརྟན་འཛིན་རྣམས། སོ་སོར་རེ་རེ་ཕྱི་མར་ཤིན་ཏུ་ཡང་ངོ༌། །སོ་སོའི་སྒྲ་ནི་རེ་རེའི་དོན་ཏོ། །གསུམ་བསྔགས་ཀྱི་དེ་མ་ཐག་པའི་སྡེབ་སྦྱོར་གང་ཡིན་པ་དེ་རྣམས་ནི་སྐྱེ་འགྲོ་ལ་སོགས་པ་སོ་སོ་རེ་རེ་དང་ཕྱི་མ་ཤིན་ཏུའི་མིང་ཅན་དུའང་འགྱུར་རོ། །ཡི་གེ་བཅུ་གཉིས་ཀྱི་རྐང་པས་སྐྱེ་འགྲོའོ། །ཡི་གེ་བཅུ་གསུམ་གྱིས་ཤིན་ཏུ་སྐྱེ་འགྲོའོ། །ཡི་གེ་བཅུ་བཞིས་ནུས་ལྡན་ནོ། །ཡི་གེ་བཅོ་ལྔས་ཤིན་ཏུ་ནུས་ལྡན་ནོ། །ཡི་གེ་བཅུ་དྲུག་གིས་ལེགས་སྤྱོད་དོ། །ཡི་གེ་བཅུ་བདུན་གྱིས་ཤིན་ཏུ་ལེགས་སྤྱོད་དོ། །ཡི་གེ་བཅོ་བརྒྱད་ཀྱིས་བརྟན་འཛིན་ནོ། །ཡི་གེ་བཅུ་དགུས་ཤིན་ཏུ་བརྟན་འཛིན་ནོ། །སོ་སོ་སྨོས་པ་ཅི་ཞེ་ན། སྐྱེ་འགྲོ་ནུས་ལྡན་ལེགས་སྤྱོད་བརྟན་འཛིན་རྣམས། ཤིན་ཏུ་སྐྱེ་འགྲོ། ཤིན་ཏུ་ནུས་ལྡན། ཤིན་ཏུ་ལེགས་སྤྱོད། ཤིན་ཏུ་བརྟན་འཛིན་ཞེས་པའི་མིང་འདི་དག་ཏུ་རིམ་པ་བཞིན་མི་འགྱུར་རོ། །བྱེད་ལྡན་དག་པ་རབ་ཀུན་རྣམ་ལེགས་ཤིན་ཏུ་ལྷག་པར་ལས་ཕྱི་མ་ཡང་ངོ༌། །འདི་ནས་ཕྱི་མའི་སྡེབ་སྦྱོར་ནི་བྱེད་ལྡན་འབའ་ཞིག་པ་དང༌། རབ་ལ་སོགས་པ་ལས་ཕྱི་མའི་མིང་ཅན་ཡང་ངོ༌། །ཡི་གེ་ཉི་ཤུའི་རྐང་པས་བྱེད་ལྡན་ནོ། །ཡི་གེ་ཉི་ཤུ་རྩ་གཅིག་གིས་རབ་བྱེད་ལྡན་ནོ། །ཡི་གེ་ཉི་ཤུ་རྩ་གཉིས་ཀྱིས་ཀུན་བྱེད་ལྡན་ནོ། །ཡི་གེ་ཉི་ཤུ་རྩ་གསུམ་གྱིས་རྣམ་བྱེད་ལྡན་ནོ། །ཡི་གེ་ཉི་ཤུ་རྩ་བཞིས་ལེགས་བྱེད་ལྡན་ནོ། །ཡི་གེ་ཉི་ཤུ་རྩ་ལྔས་ཤིན་ཏུ་བྱེད་ལྡན་ནོ། །ཡི་གེ་ཉི་ཤུ་རྩ་དྲུག་གིས་ལྷག་པར་བྱེད་ལྡན་ནོ། །དེ་ལྟར་དྲུག་བརྒྱད་རྟ་རྣམས་སོ། །དེ་ལྟར་མདོ་གསུམ་གྱིས་བརྗོད་ཟིན་པའི་སྡེབ་སྦྱོར་གང་ཡིན་པ་དེ་རྣམས་གོ་རིམས་བཞིན་དུ་དྲུག་དང༌། བརྒྱད་དང་རྟ་རྣམས་སོ། །རྟ་ཞེས་བྱ་བ་ནི་བདུན་ནོ། །གྲངས་རབ་ཏུ་གྲགས་པའི་དངོས་པོ་རྣམས་ནི་གྲངས་ཉེ་བར་མཚོན་པར་བྱེད་དོ། །དེ་ཇི་ལྟར་ན་གཟུགས་


DTG197_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཅིག་གོ །ཟུང་ནི་གཉིས་སོ། །མེ་ནི་གསུམ་མོ། །རིག་བྱེད་དང་ཆུ་གཏེར་ནི་བཞིའོ། །མདའ་དང་དབང་བོ་དང་ཡུལ་ནི་ལྔའོ། །དུས་དང་རོ་ནི་དྲུག་གོ །འཇིག་རྟེན་དང་རྟ་དང་དབྱངས་དང་ཐུབ་པ་ནི་བདུན་ནོ། །ནོར་ལྷ་དང་ཡན་ལག་དང་མྱོས་བྱེད་ནི་བརྒྱད་དོ། །བུ་ག་དང་གཟའ་ནི་དགུའོ། །ཕྱོགས་ནི་བཅུའོ། །དྲག་པོ་ནི་བཅུ་གཅིག་གོ །ཉི་མ་ནི་བཅུ་གཉིས་སོ། །སྲིད་པ་ནི་བཅུ་གསུམ་མོ། །ཡིད་སྐྱེས་ནི་བཅུ་བཞིའོ། །མཉམ་དང་ཕྱེད་མཉམ་མི་མཉམ་ཞེས་བྱ་བ། །བྲྀཏྟ་རྣམ་པ་གསུམ་དུ་རབ་བཤད་བྱ། །དེ་ནི་དཔུས་ཕྲ་སོགས་དང་ཉེར་བཀྲ་སོགས། །ཁ་སྒོ་ལ་སོགས་རྣམས་དང་གོ་རིམས་བཞིན། །མཉམ་པ་དང་ཕྱེད་མཉམ་པ་དང་མི་མཉམ་པ་ཞེས་བྱ་བའི་བྲྀཏྟ་རྣམ་པ་གསུམ་ཉིད་དུ་སྨྲའོ། །དེ་ཡང་གོ་རིམས་བཞིན་དུ་དབུས་ཕྲ་ལ་སོགས་པ་དང༌། ཉེར་བཀྲ་ལ་སོགས་པ་དང་ཁ་སྒོ་ལ་སོགས་པའོ། །འདོད་པ་རྣམས་ཀྱི་གནས་པ་སྡོད། །གནས་པ་དང་སྡོད་པ་དང་ངལ་བསོ་བ་དང་རྫོགས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །བྲྀཏྟ་དང་ཛཱ་ཏི་རྣམས་ལ་གང་འདོད་པའི་ཡི་གེས་གནས་པ་དེ་ནི་སྡོད་དོ། །གཎྜ་སྭོ་དཱ་པ་ན་ཡ་ན་རུ་ཛཱ་ཀླཱནྟ་ཀརྞོཏྤ་ལཱ་ནཱཾ། པྲ་ཎ་མཙྪ་ཤཱཾ་ཀ་མཽ་ལི་དྭི་གུ་ཎཱི་ཀྲྀ་ཏ་ཙ་ར་ཎ་བ་ཁ་ཀི་ར་ཎཱ། འགྲམ་པའི་རྡུལ་སེལ་མིག་མཛེས་མ། །རྣ་བའི་ཨུཏྤལ་ངལ་རྣམས་ཀྱི། །ཉིས་འགྱུར་བྱས་ཞབས་སེན་ཟེར་ལ། །རི་བོང་གིས་མཚན་ཐོད་ཅན་འདུད། །འདོད་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། མི་འདོད་པ་རྣམས་ཀྱིས་མི་འགྱུར་བ་སྟེ། ཨེ་ཥ་ཀྵི་ཏི་པོ་བི་ཁྱཱ་ཏ་སྥུ་ཊ་ཀཱིརྟཱིཿ། ཡ་སྱེ་དྷྭ་ཛི་ནཱི་ཀེ་ཏཱུ་དསྟ་གྷ་ཎཽ་གྷཱ། གང་གི་རྒྱལ་མཚན་ཏོག་དག་ནི། །རྒྱ་ཆེ་སྟུག་པོར་ཚོགས་གྱུར་པ། །གྲགས་པ་རབ་རྒྱས་འདི་ཉིད་ནི། །ས་སྐྱོང་ཉིད་དུ་རྣམ་པར་བཤད། །རྐང་པ་རྣམས་ཀྱི་མཐའ་ལའོ། །ཐམས་ཅད་དུ་རྐང་པའི་མཐའ་ལ་ངལ་བསོ་བར་འགྱུར་རོ། །བྷ་སོགས་ཨུད་ལ་དེ་ལྡན་ནོ། །མཐའ་ཞེས་པ་རྗེས་སུ་འཇུག་གོ །བྷ་ལ་སོགས་པ་ཚོགས་པ་རྣམ་པ་བརྒྱད་ཀྱི་མཐར་ཨུ་ཡིག་གྱུར་ན་ངལ་བསོ་དང་ལྡན་པར་རིག་པར་བྱའོ། །ལྕི་བ་ཝ། ལྕི་བའི་སྡོད་དང་ལྡན་པ་ནི་ཝའི་མིང་ཅན་དུ་འགྱུར་རོ། །ཡང་བ་ཀ །ཡང་བའི་ངལ་བསོ་དང་ལྡན་པ་ནི་ཀའི་མིང་ཅན་དུ་འགྱུར་རོ། །མདོ་གསུམ་པོ་འདི་རྣམས་ནི་ངལ་བསོ་མཉམ་པར་བཅད་པའི་དོན་ཏོ། །འཇིག་རྟེན་བའང་ཚོགས་མི་མཉམ་པར་བཅད་པ་སྤངས་ནས་མཉམ་པར་


DTG197_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་ལ་འདུག་སྟེ། ངལ་བསོ་བ་ལ་གོམས་པར་གྱུར་ཏོ། །རྐང་པ་སོ་སོ་ལའོ། །རྐང་པ་དག་དང་རྐང་པ་དག་ནི་རྐང་པ་སོ་སོའོ། །འདི་མཉམ་པའི་བྲྀཏྟ་རྣམས་ལ་སྤྱིར་བཏང་བའོ། །ཏྱཽ་ཙེཏྟ་ནུ་མ་དྷྱཱ། གལ་ཏེ་ཏ་ཡ་དབུས་ཕྲའོ། །ཏ་ཡིག་དང་ཡ་ཡིག་གལ་ཏེ་རྐང་པ་སོ་སོ་ལ་གྱུར་པ་དེའི་ཚེ་དབུས་ཕྲ་ཞེས་བྱ་བའི་བྲྀཏྟར་འགྱུར་རོ། །བསྟན་བཅོས་འདིར་མདོ་ཉིད་དཔེར་བརྗོད་དོ། །དེའི་ཕྱིར་མདོའི་ཡི་གེ་ཉིད་ཀྱིས་པྲཱསྟཱ་ར་བྱའོ། །གལ་ཏེ་ཏ་ཡ་ཞེས་པ་ལུས་སོ། །རྐང་པའི་མཐའ་རྣམས་སུ་ངལ་བསོའོ། །དེ་དག་གི་རྐང་པས་རྐང་པ་སོ་སོ་ལའོ་ཞེས་པ་དང་མངོན་པར་སྦྲེལ་ལོ། །དབུས་ཕྲ་ཞེས་པ་མིང་ངོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་རིག་པར་བྱའོ། །མཉམ་པའི་བྲྀཏྟ་རྣམས་ལ་མདོ་རྐང་པ་ཡིན་པས་ལན་བཞིར་བསྐྱར་ནས་ཚིགས་བཅད་བྱའོ། །གཞོན་ནུ་རོལ་པ་ཛ་ས་ག །ཛ་དང་ས་དང་ག་ཡིག་གལ་ཏེ་རྐང་པ་སོ་སོ་ལ་གྱུར་པ་དེའི་ཚེ་གཞོན་ནུ་རོལ་པ་ཞེས་བྱ་བའི་བྲྀཏྟར་འགྱུར་རོ། །ཀུ་མཱ་ར་ལ་ལི་ཏཱ་ཛྶཽ་ག །། ལྕི་ཡང་བཞི་པ་དེ་ནི་འདྲ་མཚུངས་སོ། །གང་གི་རྐང་པ་སོ་སོ་ལག་དང་ལ་ལན་བཞིར་ངེས་བ་དེ་ནི་འདྲ་མཚུངས་སོ། །གླཽ་ཙ་ཏུཿས་མཱ་ནྱ་སཽ་ཧི། ལ་ག་བཞི་པ་དེ་ནི་གཞལ་དཔག་གོ །གང་གི་རྐང་པ་སོ་སོ་ལ་ལ་དད་ག་ལན་བཞིར་གྱུར་བ་དེ་ནི་གཞལ་དཔག་གོ །ལ་གཽ་ཙ་ཏུཿཔྲ་མཱ་ཎྱ་སཽ། གལ་ཏེ་བྷ་དག་ག་དག་རྐང་བཀྲ། གལ་ཏ་རྐང་པ་སོ་སོ་ལ་བྷ་དག་དང་ག་དག་ཏུ་གྱུར་པ་དེའི་ཚེ་རྐང་བཀྲའོ། །ཙི་ཏྲ་པ་དཱ་ཡ་དི་བྷཽ་གཽ། གལ་ཏེ་མ་དག་ག་དག་གློག་ཕྲེང༌། གལ་ཏེ་རྐང་པ་སོ་སོ་ལ་མ་གཉིས་དང་ལྕི་བ་གཉིས་ཡིན་པ་དེའི་ཚེ་གློག་གི་ཕྲེང་བའོ། །མཽ་གཽ་ཙཏྶྭཱ་བི་དྱུནྨཱ་ལཱ། བྷ་ལས་ཏ་ལ་ག་བྲམ་ཟེའི་བུ། གལ་ཏེ་རྐང་པ་སོ་སོ་ལ་བྷ་ལས་ཕ་རོལ་ཏུ་ཏ་དང་ཡང་བ་དང་ལྕི་བ་ཡོད་པ་དེའི་ཚེ་བྲམ་ཟེའི་བུའོ། །དམར་སེར་ནི་བྲམ་ཟེའི་བུ་རྩེན་པ་ཞེས་ཟེར་རོ། །བྷཱཏྟ་ལ་གཱ་མཱ་ཎ་བ་ཀཾ། གལ་ཏེ་ར་ལས་ནས་དག་གཤོལ་གདོང༌། གལ་ཏེ་རྐང་པ་སོ་སོ་ལ་ར་ལས་ཕ་རོལ་ཏུ་ན་དང་ས་ཡོད་པ་དེའི་ཆེ་གཤོལ་གདོང་ངོ༌། །རཱནྣ་སཽ་ཡ་དི་ཧ་ལ་མུ་ཁཱི། ན་དག་མ་ནི་ལག་འགྲོ་ཁྱེའུའི་བུ། །གལ་ཏེ་རྐང་པ་སོ་སོ་ལ་ན་གཉིས་དང་མ་ཡོད་པ་དེའི་ཚེ་ལག་འགྲོ་ཁྱེའུའི་བུའོ། །བྷུ་ཛ་ག་ཤི་ཤུ་སུ་ཏཱ་ནཽ་མཿ།། །།།།


DTG197_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

མ་ས་ཛ་ག་དག་པའི་སྣང་བར་ཤེས་པར་བྱ། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་ས་དང་ཛ་དང་ག་ཡིན་པ་དེའི་ཚེ་དག་པའི་སྣང་བར་རིག་པར་བྱའོ། །ཛྙེ་ཡཱ་ཤུདྡྷ་བི་རཱནྨ་སཽ་ཛ་གཽ། མ་ན་ཡ་ལས་ལྕི་ངེས་འཁར་རྔར་བཤད། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་ན་དང་ཡ་ལས་ཕ་རོལ་ཏུ་ག་ཡིན་པ་དེའི་ཚེ་འཁར་རྔར་བཤད་དོ། །མནཽ་ཡཱདྒཿཁ་ལུ་པ་ཎ་བཿཁྱཱ་ཏཿ། ར་ཛ་ར་དང་ག་ནི་རྨ་བྱའི་འགྲོས་ཡིན། །གལ་ཏེ་རྐང་པ་སོ་སོ་ལ་ར་དང་ཛ་དང་ར་དང་ལྕི་བ་ཡིན་པ་དེའི་ཚེ་རྨ་བྱའི་འགྲོས་སུ་འགྱུར་རོ། །སྱཱནྨ་ཡཱུ་ར་སཱ་རི་ཎཱི་ར་ཇཽ་རྒཽ། གང་ལ་བྷ་མ་ས་ག་དེ་ནི་གསེར་ལྡན་ནོ། །གང་གི་རྐང་པ་སོ་སོ་ལ་བྷ་དང་མ་དང་ས་དང་ག་ཡིན་པ་དེ་ནི་གསེར་ལྡན་ནོ། །རུགྨ་བ་ཏཱི་སཱ་ཡ་ཏྲ་བྷ་ཡཽསྒཽ། མ་བྷ་ས་གས་བསྐྱེད་པ་མྱོས་མར་ཤེས་པར་བྱ། །རྐང་པ་སོ་སོ་ལ་མ་དང་བྷ་དང་ས་དང་ག་ཡིས་བསྐྱེད་པ་མྱོས་མ་རུ་རིག་པར་བྱའོ། །ཛྙེ་ཡཱ་མཏྟཱ་མ་བྷ་ས་ག་སྲྀཥྚ། ཏ་ལས་ཛ་གཉིས་ག་ག་ཞེས་འདི་ཉེར་འཁོད་འགྱུར། །གལ་ཏེ་ཏ་ལས་ཕ་རོལ་ཏུ་ཛ་གཉིས་དང་ག་གཉིས་རྐང་པ་སོ་སོ་ལ་ཡིན་པ་དེ་ལྟར་ན་ཉེར་འཁོད་དུ་འགྱུར་རོ། །ཏཱཛྫཽ་ག་གི་ཏཱི་ཡ་མུ་པསྠི་ཏཱ་སྱཱཏ། གལ་ཏེ་དབང་པོ་རྡོ་རྗེ་ཏ་གཉིས་ཛ་ལྕི་གཉིས། །གལ་ཏེ་རྐང་པ་སོ་སོ་ལ་ཏ་གཉིས་དང་ཛ་དང་ལྕི་བ་གཉིས་ཡིན་ན་དེའི་ཚེ་དབང་པོ་རྡོ་རྗེར་འགྱུར་རོ། །སྱཱ་དིནྡྲ་བཛྲཱ་ཡ་དི་ཏཽ་ཛ་གཽ་གཿ། ཛ་ཏ་ཛ་ལྕི་གཉིས་ནི་ཉེ་དབང་རྡོ་རྗེ་སྟེ། །གལ་ཏེ་རྐང་པ་སོ་སོ་ལ་ཛ་དང་ཏ་དང་ཛ་དང་ལྕི་བ་གཉིས་ཡིན་པ་ནི་ཉེ་དབང་རྡོ་རྗེའོ། །ཨུ་པེནྡྲ་བཛྲཱ་ཧི་ཛ་ཏཽ་ཛ་གཽ་གཿ། ། ། དེ་མ་ཐག་ཏུ་བརྗོད་ཟིན་མཚན་ཉིད་ལ་སོགས་དག །སྣ་ཚོགས་རྣམ་རྟོག་རྣམས་ཀྱིས་རྐང་པ་དག་ཏུ་འགྱུར། །གང་དེ་གཉིས་ཀ་མཉན་འོས་ངལ་བསོའི་སྤྲོས་པ་ཅན། །དེ་རྣམས་ཉེར་བསྐྱེད་རྣམས་སུ་དྲན་པའི་དབང་པོས་བཤད། །དེ་མ་ཐག་ཏུ་བརྗོད་ཟིན་པའི་དབང་པོ་རྡོ་རྗེ་དང་ཉེ་དབང་རྡོ་རྗེ་གཉིས་ཀའི་མཚན་ཉིད་དང་ལྡན་པའི་རྐང་པ་གཉིས་པོ་དག་ཉེ་བར་སྤེལ་ཅིང༌། དེ་མ་ཐག་པར་བརྗོད་ཟིན་པ་གཉིས་པོ་རྐང་པ་དག་ཏུ་གྱུར་པ་གང་ཡིན་པ་དེ་དག་ལ་རྣ་བར་སྙན་པའི་ངལ་བ་སོའི་སྤྲོས་པ་དང་ལྡན་པར་གྱུར་པ་དེ་རྣམས་དྲན་པའི་དབང་པོ་རྣམས་ཀྱིས་ཉེར་བསྐྱེད་རྣམས་སུ་བཤད་དོ། །ཅི་ལྟར་ན། སྣ་


DTG197_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམ་རྟོག་རྣམས་ཀྱིས་ཏེ་རྣམ་པ་བཅུ་བཞི་རྣམས་ཀྱིས་སོ། །གཉིས་ཀ་དག་གི་ཡང་རྐང་པ་དག་ཇི་ལྟར་རིགས་པར་གནས་གཅིག་པ་དང༌། གཉིས་པ་དང་གསུམ་རྣམས་སུ་འབྱུང་བའི་ཕྱིར་རོ། །རྐང་པ་བཞི་པོ་རྣམས་ཀྱི་ཁྱད་པར་ཡང་དང་པོའི་ཡི་གེ་རྣམས་ལའོ། །དེའི་ཕྱིར་ཡི་གེ་བཞི་པའི་པྲྀཏྟ་བཞིན་པྲཱསྟཱ་ར་བྱས་ནས་བལྟ་བར་བྱ་སྟེ། སྟེང་མ་ལ་དབང་པོ་རྡོ་རྗེ་དང༌། འོག་མ་ལ་ཉེ་དབང་རྡོ་རྗེ་དང༌། དབུས་མ་ལ་ཉེར་བསྐྱེད་བཅུ་བཞི་པོ་རྣམས་སོ། །བྷ་གསུམ་ལས་ནི་ག་དག་འཇོ་བ་པོར་འདོད་དོ། །གལ་ཏེ་རྐང་པ་སོ་སོ་ལ་བྷ་གསུམ་ལས་ཕ་རོལ་ཏུ་ག་གཉིས་ཡིན་པ་དེའི་ཚེ་ཐུབ་པས་འདོད་པ་འཇོ་བ་པོར་འདོད་དོ། །དོ་དྷ་ཀ་མི་ཙྪ་ཏི་བྷ་ཏྲི་ཏི་ཡཱདྒཽ། མ་བ་ར་གཉིས་པ་རིག་བྱེད་འཇིག་རྟེན་ཤཱ་ལི་ནཱི། །གལ་ཏེ་རྐང་པ་སོ་སོ་ལ་མ་ཡིག་བ་དང་བཅས་ཤིང་ར་ཡིག་གཉིས་ཀྱང་བ་དང་བཅས་པ་སྟེ། དེ་ལྟར་རིག་བྱེད་དང་འཇིག་རྟེན་ལ་ངལ་བསོ་བ་དེའི་ཚེ་ཤཱ་ལི་ནཱི་ར་འགྱུར་རོ། །མོ་བཱ་རོ་བཱ་ཤཱ་ལི་ནཱི་བེ་ད་ལོ་ཀཻཿ། ལྕི་བ་བ་ཞེས་པས་ལྕི་བའི་ངལ་བསོ་དང་ལྡན་པ་བའི་མིང་ཅན་དུ་བྱས་སོ། །གལ་ཏེ་དེ་ལྟར་ན་དེ་ཁོ་ནས་ངལ་བསོར་བརྗོད་ཟིན་ཀྱང་རིག་བྱེད་འཇིག་རྟེན་ཞེས་བྱ་བ་དེ་ཅིའི་དོན་དུ་ཞེ་ན། གསལ་བར་བྱེད་པའི་དོན་ཏོ། །གལ་ཏེ་མ་བ་ས་ར་བ་ནི་ཆུ་རླབས་ཕྲེང༌། །གལ་ཏེ་རྐང་པ་སོ་སོ་ལ་མ་བ་དང་བཅས་པ་དང༌། ས་ར་བ་དང་བཅས་པ་སྟེ། དེ་ལྟ་རིག་བྱེད་དང་འཇིག་རྟེན་ལ་ངལ་བསོ་བ་དེའི་ཚེ་ཆུ་རླབས་ཕྲེང་བའོ། །རྒྱལ་བའི་ལྷ་ཆུ་རླབས་ཞེས་ཟེར་རོ། །མོ་བ་སྲཽ་པཱ་ཡ་དི་བཱ་ཏོརྨི་མཱ་ལཱ། མ་ཝ་ན་དག་ཝ་ནི་བུང་བ་རོལ་པའོ། །གལ་ཏེ་རྐང་པ་སོ་སོ་ལ་མ་པ་དང་བཅས་པ་དང། ན་གཉིས་བ་དང་བཅས་པ་སྟེ། དེ་ལྟ་རིག་བྱེད་དང་འཇིག་རྟེན་ལ་ངལ་བསོ་བ་དེའི་ཚེ་བུང་བ་རོལ་པའོ། །མོ་བཱ་ནཽ་བཱ་བྷྲ་མ་ར་བི་ལ་སི་ཏཱ། ར་ལས་ཕ་རོལ་ན་ར་ལ་ག་ཤིང་རྟ་དྲེགས། །རིག་བྱེད་འཇིག་རྟེན་ཞེས་པ་ལྡོག་གོ །གལ་ཏེ་རྐང་པ་སོ་སོ་ལ་ར་ལས་ཕ་རོལ་ཏུ་ན་དང་ར་དང་ཡང་བ་དང་ལྕི་བ་ཡིན་པ་དེའི་ཚེ་ཤིང་རྟ་དྲེགས་པའོ། །རཱཏྤ་རེ་ནར་ལ་གཱ་ར་ཐོདྡྷ་ཏཱ། ར་ན་བྷ་ག་རྣམས་དང་ལྕི་བས་ལེགས་འོངས་སོ། །རྐང་པ་སོ་སོ་ལ་ར་དང་ན་དང་བྷ་དང་ག་དང་ལྕི་བས་ལེགས་འོངས་སོ། །སྭཱ་ག་ཏཱ་ར་ག་བྷ་གཻ་རྒུ་རུ་ཎཱ་ཙ། ན་ན་ས་ག་ཞེས་བྱ་བ་ཟླུམ་བོར་འགྱུར། །གལ་ཏེ་རྐང་པ་


DTG197_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ས་སོ་ལ་ན་དང་ན་དང་ས་དང་ལྕི་བ་གཉིས་ཡིན་པ་དེ་ལྟ་བུ་ནི་ཟླུམ་པོར་འགྱུར་རོ། །ན་ན་ས་ག་གི་ཏི་ཙ་བྷ་བེདྦྲིཏྟཱ། ན་ན་ར་ལ་ག་ཞེས་བྱ་བ་བཟང་ལྡན་ཉིད། །གལ་ཏེ་རྐང་པ་སོ་སོ་ལ་ན་གཉིས་དང་ར་དང་ཡང་བ་དང་ལྕི་བ་ཡིན་པ་དེ་ལྟ་བུ་ནི་བཟང་ལྡན་ནོ། །ན་ན་ར་ལ་གི་ཏི་ཙཻ་ཝ་བྷ་དྲི་ཀཱ། ར་ཛ་ར་ལ་དང་ནི་ལྕི་བ་དཀར་མོར་བརྗོད། །གལ་ཏེ་རྐང་པ་སོ་སོ་ལ་ར་དང་ཛ་དང་ར་དང་ཡང་བ་དང་ལྕི་བ་ཡིན་པ་དེའི་ཚེ་དཀར་མོར་བཤད་དོ། །ཤྱེནྱུ་དཱི་རི་ཏཱ་ར་ཛཽ་ར་ལཽ་གུ་རུཿ། ཛ་ས་ཏ་དང་ག་ག་རྣམས་ནི་ཉེར་གནས་འགྱུར། །གལ་ཏེ་རྐང་པ་སོ་སོ་ལ་ཛ་དང་ས་དང་ཏ་དང་ལྕི་བ་གཉིས་ཡིན་པ་དེའི་ཚེ་ཉེར་གནས་སུ་འགྱུར་རོ། །ཛ་སཽ་ཙ་ཏ་ག་གཱཤྩོ་པསྠི་ཏ་སྱཱཏ། ར་ན་བྷ་སས་རྒྱུ་ཞིང་འཁོར་བ་ཟླ་བའི་ལམ། །རྐང་པ་སོ་སོ་ལ་ར་དང་ན་དང་བྷ་དང་ས་རྣམས་ཀྱིས་གང་དུ་འཁོར་ཞིང་རྒྱུ་བ་དེ་ནི་ཟླ་བའི་ལམ་མོ། །ཙནྡྲ་བརྟྨ་ཙ་ར་ཡནྟྲི་ར་ན་བྷ་སཻཿ། ཛ་ཏ་ཛ་ར་འདི་ནི་རིགས་གནས་ཉིད་དུ་འདོད་དོ། །གང་གི་རྐང་པ་སོ་སོ་ལ་ཛ་དང་ཏ་དང་ཛ་དང་ར་ཡིན་པ་འདི་ནི་རིགས་གནས་སུ་འདོད་དོ། །ཨུ་ཤནྟི་པཾ་ཤསྠ་མི་དཾ་ཛ་ཏཽ་ཛ་རཽ། །གང་ལ་ཏ་གཉིས་ཛ་ར་ངེས་པར་དབང་པོའི་རྒྱུད་འགྱུར་རོ། །གང་གི་རྐང་པ་སོ་སོ་ལ་ཏ་གཉིས་དང་ཛ་དང་ར་ཡིན་པ་དེ་ནི་ངེས་པར་དབང་པོའི་རྒྱུད་དུ་འགྱུར་རོ། །སྱཱ་དིནྡྲ་བཾ་ཤཱ་ཁ་ལུ་ཡ་ཏྲ་ཏཽ་ཛ་རཽ། ] ]ན་དག་ག་བ་ར་བ་ནོར་རིག་བྱེད་འདིར་སྦྱོར་བའོ། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་ན་དང་ག་དང་བ་དང་ར་དང་བ་སྟེ། དེ་ལྟར་ནོར་དང་རིག་བྱེད་ལ་ངལ་བསོ་བ་དེ་ནི་སྡེ་བ་སྦྱོར་འདིར་སྦྱོར་བའོ། །པུ་ཌ་ཨི་ཧ་བ་སུ་བེ་དཱ་ནཽ་ག་བཽ་རྦཽ། དུས་དག་ལ་ནི་ཛ་སུ་ཛ་སུ་ཆུ་འཐོར་འགྲོ། །དུས་དག་ལ་ནི་ཞེས་པ་དྲུག་པ་གཉིས་ལ་ཞེས་པའི་དོན་ཏོ། །སུ་ཞེས་པ་ནི་ས་ཡིག་གི་ཚོགས་སུ་ཡིག་དང་ལྡན་པ་ཡིན་པའི་ཕྱིར་མཐར་ངལ་བས་དང་ལྡན་པ་སྟ། བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །ཞེས་བཤད་པའི་ཕྱིར་རོ། །ཛ་དང་ལྷན་ཅིག་པའི་སུ་ནི་ཛ་སུའོ། །གལ་ཏེ་རྐང་པ་སོ་སོ་ལ་ཛ་སུའི་རང་བཞིན་གྱི་དྲུག་པ་གཉིས་སུ་གྱུར་པ་དེའི་ཚེ་ཆུ་འཐོར་འགྲོ་བའོ། །རྀ་ཏཱུ་ཛ་སུ་ཛ་སཱུ་ཛ་ལོདྡྷ་ཏ་ག་ཏིཿ། ས་ཡིག་ཆུ་གཏེར་བྱས་པ་དེ་ནས་འགྲོ་བྱེད་ཡིན་ནོ། །རྐང་པ་སོ་སོ་ལ་ས་ཡིག་བཞི་རྣམས་བཀོད་པ་ནི་དེ་ནས་འགྲོ་བྱེད་དུ་འགྱུར་རོ། །ཨ་ཐ་ཏོ་ཊ་ཀ་མབྡྷི་ས་ཀཱ་ར་


DTG197_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲཾ་ཏཾ། ན་དང་བྷ་དང་བྷ་ར་དལ་མྱུར་ཡིན་པར་སྨྲའོ། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་བྷ་དང་བྷ་དང་ར་ཡིན་པ་དེའི་ཚེ་དལ་མྱུར་ཡིན་པར་སྨྲའོ། །དྲུ་ཏ་བི་ལཾ་པི་ཏ་མཱ་ཧ་ན་བྷཽ་བྷ་རཽ། །ཡ་ཡིག་བཞི་རྣམས་ཀྱིས་ནི་ལག་འགྲོ་ལྟུང་བ་ཡིན་ནོ། །རྐང་པ་སོ་སོ་ལ་ཡ་ཡིག་བཞི་རྣམས་ཀྱིས་ལག་འགྲོ་ལྟུང་བ་ཡིན་ནོ། །བྷུ་ཛདྒ་པྲ་ཡཱ་ཏཾ་ཙ་ཏུརྦྷིརྻ་ཀཱ་རཻཿ། །ར་ཡིག་བཞི་པ་དེ་ནི་མེ་ཏོག་ཕྲེང་ཅན་གྲགས། །རྐང་པ་སོ་སོ་ལ་ར་ཡིག་བཞི་དང་ལྡན་པ་དེ་ནི་མེ་ཏོག་ཕྲེང་ཅན་དུ་གྲགས་སོ། །ཀཱིརྟི་ཏཻ་ཥཱ་ཙ་ཏཱུ་རེ་ཕི་ཀཱ་སྲགྦི་ཎཱི། ས་ཛ་ས་ས་རྣམས་ཀྱིས་ཡི་གེ་ཉུང་དུར་གྲགས། །རྐང་པ་སོ་སོ་ལ་ས་དང་ཛ་དང་ས་དང་ས་རྣམས་ཀྱིས་ཡི་གེ་ཉུང་དུར་གྲགས་སོ། །པྲ་མི་ཏཱཀྵ་རཱ་ས་ཛ་ས་སཻཿཀ་ཐི་ཏཱ། མ་ག་ཝ་ར་ར་ཝ་མདའ་རྟས་སྣ་ཚོགས་ལྷ་མོའོ། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་ག་དང་བ་དང་ར་གཉིས་པ་དང་བཅས་པ་སྟེ་དེ་ལྟར་མདའ་དང་རྟས་ངལ་བསོ་བ་དེའི་ཚེ་སྣ་ཚོགས་ལྷ་མོའོ། །མགྭཱ་རེ་ཕཽ་བཱ་བཻ་ཤྭ་དེ་ཝཱི་ཤ་ར་ཤྭཻཿ། མ་ཝ་ན་ཡ་ག་ཝ་རྒྱ་མཚོ་ཡན་ལག་ཆུ་འཛིན་ཕྲེང༌། །གལ་ཏེ་རྐང་པ་སོ་སོ་ལ་མ་ཡིག་བ་དང་བཅས་པ་དང་ན་དང་ཡ་དང་ག་དང་བ་རྣམས་ཀྱང་སྟེ་དེ་ལྟར་རྒྱ་མཚོ་དང་ཡན་ལག་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་ཆུ་འཛིན་ཕྲེང་པའོ། །མོ་བཱ་ནྱ་གྭཱ་ཛ་ལ་དྙ་ར་མཱ་ལཱབྦྷྱངྒཻཿ། ནྣ་ན་ར་ར་འདུས་པ་ངལ་གྱིས་འབབ་པ་ཡིན་ནོ། །རྐང་པ་སོ་སོ་ལ་ན་དང་ན་དང་ར་དང་ར་འདུས་པ་ནི་དལ་གྱིས་འབབ་པའོ། །ན་ན་ར་ར་གྷ་ཊི་ཏཱ་ཙ་མནྡཱ་ཀི་ནཱི། ན་ཛ་ཛ་ར་ཡ་མུ་ནཱ་རུ་ཐུབ་པ་སྨྲའོ། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་ཛ་དང་ཛ་དང་ར་ཡིན་པ་དེའི་ཚེ་ཡ་མུནཱ་རུ་ཐུབ་པ་སྨྲའོ། །བ་ད་ཏི་མུ་ནིརྻ་མུ་ནཱཾ་ན་ཛཽ་ཛ་རཽ། གལ་ཏེ་འདིར་ནི་ན་ཛ་བྷ་ཡ་ཕྲེང་བ་གསར་པའོ། །གལ་ཏེ་སྡེབ་སྦྱོར་འདིར་རྐང་པ་སོ་སོ་ལ་ན་དང་ཛ་དང་བྷ་དང་ཡ་ཡིན་པ་དེའི་ཚེ་ཕྲེང་བ་གསར་པའོ། །ཨི་ཧ་ན་བ་མཱ་ལི་ནཱི་ཡ་དི་ན་ཛཽ་བྷྱཽ། མུ་ན་ཛ་ར་བ་རྣམས་གསུམ་དང་ཕྱོགས་ཀྱིས་རབ་དགའ་ཅན་དུ་འགྱུར། །མུ་ཞེས་པའི་ཨུ་ཡིག་ནི་ངལ་བསོ་གསལ་བར་བྱེད་པའོ། །གལ་ཏེ་རྐང་པ་སོ་སོ་ལ་མུ་དང་ན་དང་ཛ་དང་ར་དང་བ་སྟེ་དེ་ལྟར་གསུམ་དང་ཕྱོགས་ཀྱིས་གནལ་བསོ་བ་དེའི་ཚེ་རབ་དགའ་ཅན་དུ་འགྱུར་རོ། །ཏྲྱཱ་ཤཱ་བྷིརྨུན་ཛ་ར་བཱཿཔྲཧཪྵི་ཎཱི་སྱཱཏ།


DTG197_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཝ་ན་ཛ་ར་ཞེས་བྱ་བ་བཞི་དང་གཟའ་ཡིས་མཛེས་པ་ཡིན། །གལ་ཏེ་རྐང་པ་སོ་སོ་ལ་ཛ་དང་བ་དང་ན་དང་ཛ་དང་ར་སྟེ་དེ་ལྟར་བཞི་དང་གཟའ་ལ་ངལ་བསོ་བ་དེའི་ཚེ་དགའ་མཛེས་སོ། །ཛ་བཽ་ན་ཛཽ་རི་ཏི་རུ་ཙི་རཱ་ཙ་ཏུ་རྒྲ་ཧཻཿ། མ་ཝ་བྷ་ཏ་ཡ་རྣམས་དེ་ཉིད་ངལ་བསོ་རྨ་བྱ་མྱོས། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་བ་དང་བྷ་དང་ཏ་དང་ཡ་རྣམས་ཏེ་དེ་ལྟར་དེ་ཉིད་དེ་བཞི་དང་བཟའ་ལ་ངལ་བསོ་བ་དེའི་ཚེ་རྨ་བྱ་མྱོས་པའོ། །མོ་བོ་བྷ་ཏྱཱཿསཻ་བ་ཡ་ཏིརྨཏྟ་མ་ཡཱུ་རཿ། ས་ཛ་ས་དང་ས་ག་རྣམས་ནི་སྙན་པའི་དང་པར་བཤད། །གལ་ཏེ་རྐང་པ་སོ་སོ་ལ་ས་དང་ཛ་དང་གདང་ས་དང་ག་ཡིན་པ་དེའི་ཚེ་སྙན་པའི་དང་པར་བཤད་དོ། །ས་ཛ་སཱཿས་གཽ་ཙ་ཀ་ཐི་ཏཿཀ་ལ་ཧཾ་ས། གལ་ཏེ་ས་ཛ་ས་རྣམས་དང་ནི་ཛ་ག་འཇམ་པའི་ངག །གལ་ཏེ་རྐང་པ་སོ་སོ་ལ་ས་དང་ཛ་དང་ས་དང་ཛ་དང་ག་ཡིན་པ་དེའི་ཚེ་འཇམ་པའི་ངག་གོ །ས་ཛ་སཱ་ཛ་གཽ་ཙ་ཡ་དི་མཉྫུ་བྷཱ་ཥི་ཎཱི། མ་ག་ཝ་དང་ན་གཉིས་མ་སྟེ་མདའ་དང་དགུ་ཡིས་གནོད་མེད་དོ། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་ག་དང་ཝ་དང་ན་དང་ན་དང་བཅས་པའི་མ་སྟེ་དེ་ལྟར་ལྔ་དང་དགུ་ཡིས་ངལ་བསོ་བ་དེའི་ཚེ་གནོད་མེད་དོ། །མཱ་གཱ་ཝཱ་ནཽ་མཱཿཤ་ར་ན་བ་བྷི་ར་སཾ་ཝཱ་དྷཱ། ན་ན་ཝ་ཛ་ཛ་ཝ་དབྱངས་རྣམས་ཀྱིས་གཞན་གྱིས་མི་ཐུབ་པ་ཡིན། གལ་ཏེ་རྐང་པ་སོ་སོ་ལ་ན་ན་བ་དང་ཛ་ཛ་བ་སྟེ་རང་རང་གི་དབྱངས་ཀྱིས་སྡོད་དང་བཅས་པ་དེའི་ཚེ་གཞན་གྱིས་མི་ཐུབ་པའོ། །དབྱངས་རྣམས་ཀྱིས་ཞེས་པ་དབྱངས་རྣམས་དང་དབྱངས་ཀྱིས་ཞེས་པ་སྟེ་གཅིག་ལྷག་གོ །ན་ན་པི་ཛ་ཛ་བི་ཙ་སྭ་རཻ་ར་པ་རཱ་ཛི་ཏཱ། ན་ན་ཝ་དང་ན་ན་ཝ་དེ་རྣམས་ཀྱིས་མཚོན་ཆ་ཁ་འབུས་སོ། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་ན་དང་བ་དང་ན་དང་ན་དང་བ་སྟེ་དེ་ལྟ་བུའི་དབྱངས་རྣམས་ཀྱི་ངལ་བསོ་བ་དེའི་ཚེ་མཚོན་ཆ་ཁ་འབུས་སོ། །པྲ་ཧ་ར་ཎ་ཀ་ལི་ཏཱ་ན་ན་བི་ན་ན་བི་ཏཻཿ། ཏ་བྷ་ཛ་ཛ་ག་ག་དག་ནི་དཔྱིད་ཀྱི་ཐིག་ལེར་ཤེས་པར་བྱ། །གལ་ཏེ་རྐང་པ་སོ་སོ་ལ་རྟ་དང་བྷ་དང་ཛ་དང་ཛ་དང་ག་གཉིས་ཡིན་པ་དེའི་ཚེ་དཔྱིད་ཀྱི་ཐིག་ལེར་ཤེས་པར་བྱའོ། །ཛྙེ་ཡཾ་བ་སནྟ་ཏི་ལ་ཀཾ་ཏ་བྷ་ཛཱ་ཛ་གཽ་གཿ། ས་ལ་ཝ་ན་གཞན་ཡང་ར་དག་ལྔ་དང་གཟའ་ཡིས་ནོར་འཛིན་ནོ། །གལ་ཏེ་རྐང་པ་སོ་སོ་ལ་ས་དང་ལ་དང་བ་དང་ན་དངར་*


DTG197_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དང་ར་རྣམས་ཏེ་དེ་ལྟ་བུ་ལ་ལྔ་དང་གཟའ་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་ནོར་འཛིན་ནོ། །བ་སུ་དྷཱསླ་བོ་ན་པི་ཙ་རཽ་ཙ་པཉྩ་གྲ་ཧཻཿ། ལྕི་བ་ཐ་མ་ཡང་བ་མ་ནུས་འདིར་ནི་རི་བོང་ཅན་གྱི་ཆ། །ལྡེབ་སྦྱོར་འདིར་གང་གི་རྐང་པ་སོ་སོ་ལ་ལྕི་བ་མཐར་ཡོད་པའི་ཡང་བ་མ་ནུ་རྣམས་ཡིན་པ་དེ་ནི་རི་བོང་ཅན་གྱི་ཆའོ། །གུ་རུ་ནི་དྷ་ན་མ་ནུ་ལ་གྷུ་རི་ཧ་ཤ་ཤི་ཀ་ལཱ། ] ]འདི་ནི་གཞན་ཡང་རོ་དང་དགུ་ཡིས་ངལ་བསོར་གྱུར་ན་ཕྲེང་བའོ། །རི་བོང་ཅན་གྱི་ཆ་འདི་ཕྲེང་བར་ཡང་འགྱུར་ཏེ། །གང་ལ་རོ་དང་དགུ་རྣམས་ཀྱིས་ངལ་བསོ་བ་ཡིན་ནའོ། །པྲ་གི་ཡ་མ་པི་ཙ་ར་ས་ན་བ་ཀ་བི་ར་མ་ཎཱ། དེ་ལྟ་བུ་ལ་ནོར་དང་ཐུབ་པར་དལ་བསོ་ཡོན་ཏན་ནོར་བུའི་ཚོགས། །དེ་ལྟ་བུ་ནི་དེ་ལྟ་བུའི་དོན་ཏེ་རི་བོང་ཅན་གྱི་ཆ་ཇི་ལྟ་བ་བཞིན་ནོ། །དེ་ལྟ་བུ་གང་ལ་ནོར་དང་ཐུབ་པ་རྣམས་ཀྱིས་ངལ་བསོ་བ་ནི་ཡོན་ཏན་ནོར་བུའི་ཚོགས་སོ། །བ་སུ་མུ་ནི་ཡ་ཏི་རི་མ་ཎི་གུ་ཎ་ནི་ཀ་རཿ། ན་ན་ག་ཝ་ར་ར་ཝ་རྣམས་གྱུར་བརྒྱད་དང་འཇིག་རྟེན་ཕྲེང་ལྡན་མ། །གལ་ཏེ་རྐང་པ་སོ་སོ་ལ་ན་ན་དང་ག་དང་བ་དང་ར་དང་ར་དང་བ་རྣམས་ཡིན་པ་དེ་ལྟ་བུ་ལ་བརྒྱད་དང་འཇིག་རྟེན་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་ཕྲེང་ལྡན་མའོ། །ན་ན་ག་བ་ར་བཱཿསྱུརྨཱ་ལིནཱི་ཏྭཥྚ་ལོ་ཀཻཿ། ན་ཛ་བྷ་ཛ་ར་རྣམས་རྣམ་པར་སྤེལ་པ་འདི་ནི་རྒྱ་མཚོ་ཅན། །གང་གི་རྐང་པ་སོ་སོ་ལ་ན་དད་ཛ་དང་བྷ་དང་ཛ་དང་ར་རྣམས་ཀྱིས་རྣམ་པར་བསྒྲིགས་པ་འདི་ནི་རྒྱ་མཚོ་ཅན་ནོ། །ན་ཛ་བྷ་ཛ་རཻ་རྦི་རཱ་ཛི་ཏ་མི་དཾ་ས་མཱུ་དྲ་ཀཾ་བྷ་ར་ཀ་ན་ན་ས་ཐུབ་ལས་མཁའ་ལ་ཁྱུ་མཆོག་གླང་ཆེན་རྩེན་པའོ། །ཡང་བའི་ངལ་བསོ་དང་ལྡན་པ་ནི་ཀའི་མིང་ཅན་ཏེ། ཡང་པ་ཀ་ཞེས་བྱས་པའི་ཕྱིར་རོ། །གལ་ཏེ་རྐང་པ་སོ་སོ་ལ་བྷ་དང་ར་དང་ཀ་དང་ན་དང་ན་དང་ས་རྣམས་ཡིན་པ་དེ་ལྟ་བུའི་ཐུབ་པ་དང་ཕ་རོལ་ཏུ་བུ་ག་ལ་བསོ་བར་གྱུར་པ་དེའི་ཚེ་ཁྱུ་མཆོག་གླང་ཆེན་པ་རྩེན་པའོ། །བྷྲཀྣ་ན་སཱ་མུ་ནེ། ཁ་བྲྀ་ཥ་བྷ་ག་ཛ་བི་ལ་སི་ཏཾ། གལ་ཏེ་ན་ཛ་བྷ་ར་ལྕི་བ་དེ་ནི་དེ་ཚེ་ལེ་བརྒན་རྩིའོ། །གལ་ཏེ་རྐང་པ་སོ་སོ་ལན་དང་ཛ་དང་བྷ་དང་ཛ་དང་ར་དང་ལྕི་བ་ཡིན་པ་དེའི་ཚེ་ལེ་བརྒན་རྩིའོ། །ན་ཛ་བྷ་ཛ་རཱ་གུ་རུཤྩ་ཡ་དི་ཏཏྟ་དཱ་ཀུ་སུམྦྷཾ། ཡ་མུ་ན་སུ་བྷ་ལ་བ་རྣམས་རོ་དང་འཕྲོག་བྱེད་ངལ་བསོ་གཙུག་བུད་ཅན། །གལ་ཏེ་རྐང་པ་སོ་སོ་ལ་ཡ་དང་མུ་དང་ན་དང་


DTG197_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་བྷ་དང་ལ་དང་བ་རྣམས་དང་བཅས་པ་དེའི་ཚེ་གང་ལ་རོ་དང་དྲག་པོ་རྣམས་ཀྱིས་ངལ་བསོ་བ་ནི་གཙུག་ཕུད་ཅན་ནོ། །ཡ་མཱུ་ནཱ་སཱ་བྷཱལྺཱ་ར་ས་ཧ་ར་བི་རཱ་མཱ་ཤི་ཥ་རི་ཎཱི། ཛ་ས་ལ་བ་ན་ར་ར་རྣམས་ནོར་དང་གཟའ་ལ་སྡོད་པ་ཡངས་ལྡན་ནོ། །གལ་ཏེ་རྐང་པ་སོ་སོ་ལ་ཛ་དང་ས་དང་ཡང་བ་དང་བ་དང་ན་དང་ར་དང་ར་ཡིན་པ་དེའི་ཚེ་ནོར་དང་གཟའ་རྣམས་ཀྱིས་གང་ལ་ངལ་བསོ་བ་ནི་ཡངས་ལྡན་ནོ། །ཛ་སཱ་ཝ་ན་ར་རཱ་བ་སུ་གྲ་ཧ་ཡ་ཏེསྟུ་པྲྀཐྭཱི་མ་ཏཱ། བྷ་ར་ན་བ་ན་ན་བ་རྣམས་ཕྱོགས་དང་ཐུབ་པར་འོད་མའི་འདབ་མ་ལྷུང༌། རྐང་པ་སོ་སོ་ལ་བྷ་དང་ར་དང་ན་དང་བ་དང་ན་དང་ན་དང་བ་རྣམས་ཏེ་ཕྱོགས་དང་ཐུབ་པར་ངལ་བསོ་བར་གྱུར་པ་ནི་འོད་མའི་འདབ་མ་ལྷུང་བའོ། །དིདྨུ་ནི་བཾ་ཤ་པརྟྲ་པ་ཏི་ཏཾ་བྷ་ར་ན་བ་ན་ན་བཻཿ། ན་སུམ་བ་ཛ་ཛ་བ་རྣམས་རོ་ཆུ་དབྱངས་ལ་རི་དགས་མོ་རུ་འདོད། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་སུ་དང་མ་དང་བ་དང་ཛ་དང་ཛ་དང་བ་རྣམས་ཡིན་པ་དེ་ལྟ་བུ་ལ་རོ་དང་ཆུ་དང་དབྱངས་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་རི་དགས་མོར་འདོད་དོ། །ན་སུ་མ་བ་ཛཛཱཿབཿསྭཱ་དཱབྡྷི་སྭ་རཻ་རྷ་རི་ཎཱི་མཏཱ། མ་བ་ན་སུ་ར་ར་ཝ་རྣམས་མཚོ་དུས་འཇིག་རྟེན་རྣམས་ཀྱིས་དལ་གྱིས་གནོན། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་བ་དང་ན་དང་སུ་དང་ར་དང་ར་དང་བ་རྣམས་ཡིན་པ་དེ་ལྟ་བུའི་རྒྱ་མཚོ་དང་དུས་དང་འཇིག་རྟེན་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་དལ་གྱིས་གནོན་ནོ། །མནྡཱ་ཀྲནྡཱ་མ་བ་ན་སུ་ར་རཱ་བཿས་མུ་དྲ་རྟུ་ལོ་ཀཻཿ། [[ གལ་ཏེ་ན་ཛ་བྷ་ཛ་ཛ་དང་ཡང་བ་ལྕི་བ་དེའི་ཚེ་བུམ་པ་ཅན་ནོ། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་ཛ་དང་བྷ་དང་ཛ་དང་ཛ་དང་ཡང་བ་དང་ལྕི་བ་ཡིན་པ་དེའི་ཚེ་བུམ་པ་ཅན་ནོ། །ན་ཛ་བྷ་ཛ་ཛཱ་ལ་གཽ་ཙ་ཡ་དི་ནརྐུ་ཊ་ཀནྟུ་ཏ་དཱ། ན་ཛ་བ་ན་བྷུ་དང་བྷ་བ་ཐུབ་པ་རོ་དང་ཆུ་གཏེར་ཁུ་བྱུག་ཅན། །བྷུ་ཞེས་པའི་ཨུ་ཡིག་ནི་ངལ་བསོ་གསལ་བར་བྱེད་པའོ། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་ཛ་དང་བ་རྣམས་ལ་ངལ་བསོ་ཞིང༌། ན་དང་བྷུ་དང་བྷ་དང་བ་ཡིན་པ་དེ་ལྟ་བུའི་ཐུབ་པ་དང་རོ་དང་ཆུ་གཏེར་རྣམས་ལ་ངལ་བསོ་བར་གྱུར་པ་དེའི་ཚེ་ཁུ་བྱུག་ཅན་ནོ། །ན་ཛ་བི་ནབྷཱུ་བྷ་བཽ་མུ་ནི་ར་སོ་ད་དྷི་ཀོ་ཀི་ལ་ཀཾ ། མ་ལྕི་བ་ན་སུ་ར་གཉིས་པ་རྣམས་དབང་དུས་འཇིག་རྟེན་མེ་ཏོག་གཡོ་བའི་འཁྲི་ཤིང་ངོ༌། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་ལྕི་བ་*


DTG197_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་དང་ན་དང་སུ་དང་ར་དང་ར་དང་བ་རྣམས་ཡིན་པ་དེ་ལྟ་བུའི་དབང་པོ་དང་དུས་དང་འཇིག་རྟེན་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་མེ་ཏོག་གཡོ་བའི་འཁྲི་ཤིང་ངོ༌། །མགྭཱནྶཱུ་རཽ་བཿཀུ་སུ་མི་ཏ་ལ་ཏཱ་བེལླི་ཏཱཀྵརྟུ་ལོ་ཀཻཿ། འདིར་ནི་ན་དང་ན་དང་ར་བཞི་བསྒྲིགས་པ་དེ་ནི་ལྕགས་ཀྱི་མདའ་རུ་འཆད་པར་བྱེད་དོ། །སྡེ་བ་སྦྱོར་འདིར་རྐང་པ་སོ་སོ་ལ་ན་གཉིས་དང་རེ་ཕ་བཞི་བསྒྲིགས་པ་ནི་ལྕགས་ཀྱི་མདའ་ཞེས་བྱ་བའི་བྲྀཏྟར་སྨྲའོ། །ཨི་ཧ་ན་ན་ན་ཙ་ཏུཥྐ་པྲྀཥྚནྟུ་ནཱ་རཱ་ཙ་མཱ་ཙཀྵ་ཏེ། ཡ་མུ་ན་དང་སུ་ར་དག་དང་ཝ་རྣམས་དྲུག་དུས་མགྱོགས་འགྲོའི་སྤྲིན་རྣམས་སྒྲོགས་སུ་འགྱུར། །གལ་ཏེ་རྐང་པ་སོ་སོ་ལ་ཡ་དང་མུ་དང་ན་དང་སུ་དང་ར་དང་ར་དང་བ་རྣམས་ཡིན་པ་དེ་ལྟ་བུའི་དྲུག་དང་དུས་དང་རྟ་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་སྤྲིན་རྣམས་སྒྲོགས་སུ་འགྱུར་རོ། །ཡ་མཱུནྶཱུ་རཻ་ཕཽ་བཿཥ་ཌྲྀ་ཏུ་ཏུ་ར་གཻརྨེ་གྷ་བི་སྥུརྫི་ཏཱ་སྱཱཏ། གལ་ཏེ་མ་ས་ཛ་སུ་ཏ་ཏ་ཝ་རྣམས་ཉི་མ་རྟ་རྣམས་ཀྱིས་ནི་སྟག་རྣམས་རྩེན། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་ས་དང་ཛ་དང་སུ་དང་ཏ་དང་ཏ་དང་བ་རྣམས་ཡིན་པ་དེ་ལྟ་བུའི་ཉི་མ་དང་རྟ་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་སྟག་རྣམས་རྩེན་ནོ། །ཨརྐཱ་ཤྭཻརྻ་དི་མཿས་ཛཽ་སུ་ཏ་ཏ་བཱཿཤཱརྡཱུ་ལ་བི་ཀྲཱྀ་ཌི་ཏཾ། གལ་ཏེ་མ་ར་ཝ་ན་ན་ཝ་ཏ་སུ་རྣམས་ལ་བདུན་རྟ་རོ་ཡིས་ཕྱི་བ་ཁ་མཛེས་སོ། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་ར་དང་བ་དང་ན་དང་ན་དང་བ་དང་ཏ་དང་སུ་རྣམས་ཡིན་པ་དེའི་ཚེ་བདུན་དང་རྟ་དང་རོ་རྣམས་ཀྱིས་ངལ་བསོ་བ་ནི་ཁ་མཛེས་སོ། །སཔྟཱ་ཤྭ་སྭཱ་ད་བྷིནྣཱ་མ་ར་བ་ན་ན་བ་ཏཱཿཔུཤྩུ་བ་ད་ནཱ། ར་ཛ་ར་ཛ་ར་ཛ་ལྕི་བ་ཡང་བ་འདི་ལྟ་བུ་རྣམས་ཟླུམ་པོ་ཞེས་བྱར་འདོད། །གལ་ཏེ་རྐང་པ་སོ་སོ་ལ་ར་ཛ་དག་ལན་གསུམ་དང་ལྕི་བ་དང་ཡང་བ་ཡིན་པ་དེའི་ཚེ་འདི་ལྟ་བུ་ཉིད་ནི་ཟླུམ་པོའི་མིང་ཅན་ནོ། །ཟླུམ་པོ་ཞེས་བྱ་བ་ནི་ཟླུམ་པོ་ཞེས་པའི་དོན་ཏོ། །བྲྀཏྟ་མཱི་ཏྲྀ་ཤནྟུ་ནཱ་མ་ཏོ་ར་ཛཽ་ར་ཛཽ་ར་ཛཽ་གུ་རུརླ་གྷུཤྩ། ] ] མ་ར་ཝ་ན་ན་ཝ་ར་ར་ཝ་རྣམས་བདུན་པ་གསུམ་གྱིས་སྡོད་པ་ཕྲེང་འཛིན་ཞེས་བྱར་འགྱུར། །གལ་ཏེ་རྐང་པ་སོ་སོ་ལ་མ་ར་བ་རྣམས་དང་ན་ན་བ་ར་ར་བ་རྣམས་ཏེ་འདི་ལྟ་བུའི་བདུན་པ་ལ་སྡོད་པ་གསུམ་གྱིས་ཡིན་པ་དེའི་ཚེ་ཕྲེང་བ་འཛིན་པར་འགྱུར་རོ། །མྲཽ་བོ་ནཽ་བཤྩ་རཽ་བསྟྲི་བྷི་རི་ཏི་བི་ར་ཏིཿསྤཏཱ་ཀཻཿསྲགྡྷ་


DTG197_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ར་སྱཱཏ། གང་ལ་བྷ་ར་ན་ཝ་ཛ་ས་ཛ་སུ་ཕྱོགས་དང་ཉི་མར་ངལ་བསོ་འདི་ནི་ཟབ་མོའི་དབྱངས་སོ། །གང་རྐང་པ་སོ་སོ་ལ་བྷ་དང་ར་དང་ན་དང་བ་དང་ཛ་དང་ས་དང་ཛ་དང་ས་རྣམས་ཡིན་ཞིང་བཅུ་དང་ཉི་མ་རྣམས་ཀྱིས་དལ་བསོ་བ་འདི་ནི་ཟབ་མོའི་དབྱངས་སོ། །ཡ་ཏྲ་བྷ་རཽ་ན་བཽ་ཛ་ས་ཛ་སཱ་ད་ཤོཥྞ་གུ་བི་རཱ་མི་མ་དྲ་ཀ་མི་དཾ། [[ ན་ཛ་བྷ་དང་ལ་ཝ་ཛ་ས་དག་དང་ཛ་སུའང་འཕྲོག་བྱེད་ཉི་མར་ཐ་དད་པ་ནི་རྟ་རོལ་བ། །གལ་ཏེ་རྐང་པ་སོ་སོ་ལ་ན་དང་ཛ་དང་བྷ་དང་ཡང་བ་དང་བ་དང་ཛ་དང་ས་དང་ཛ་དང་སུ་ཡིན་ཞིང་འཕྲོག་བྱེད་དང་ཉི་མ་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་རྟ་རོལ་བའོ། །ཧ་ར་ར་བི་བྷིནྣ་མ་ཤྭ་ལ་ལི་ཏཾ་ན་ཛཽ་ཙ་བྷ་ལ་པཱ་ཛ་སཽ་ཙ་ཛ་སུ་ཙ། གལ་ཏེ་མ་མ་ག་ཝ་ན་ལ་ཀ་ན་ན་ན་ཝ་རྣམས་ནོར་དབང་ཕྱོགས་ཀྱིས་མྱོས་མ་རྩེན་པའོ། །གལ་ཏེ་རྐང་པ་སོ་སོ་ལ་མ་དང་མ་དང་ལྕི་བ་དང་བ་དང་ན་དང་ཡང་བ་དང་ཀ་དང་ན་དང་ན་དང་ན་དང་བ་རྣམས་ཡོད་ལ་དེ་ལྟ་བུའི་ནོར་དང་དབང་པོ་དང་ཕྱོགས་རྣམས་ཀྱིས་ངལ་བསོ་བ་དེའི་ཚེ་མྱོས་མ་རྩེན་པའོ། །མཏྟཱ་ཀྲཱྀ་ཌཾ་བ་སྭ་ཀྵཱ་ཤཱ་ཡ་དི་མ་མི་ཙ་ག་པི་ཙ་ན་ལ་ཀ་ན་ན་ན་བཱཿ། འདིར་བྷ་ལྕི་བ་ཝ་ན་ན་ཝ་བྷ་དག་ན་དང་ཡུ་མདའ་དབྱངས་དང་སྒྲོལ་བྱེད་རལ་བསོ་ལུས་ཕྲར་འགྱུར། །ཡུ་ཞེས་པའི་ཨུ་ཡིག་ནི་སྡོད་གསལ་བར་བྱེད་པའོ། །གལ་ཏེ་རྐང་པ་སོ་སོ་ལ་བྷ་དང་ལྕི་བ་དང་བ་དང་བར་མ་ཆད་དུ་ན་དང་ན་དང་བ་རྣམས་དང་བྷ་དང་བྷ་དང་ན་དང་ཡུ་ཡིན་པ་གང་ལ་མདའ་དང་དབྱངས་དང་ཉི་མ་རྣམས་ལ་ངལ་བསོ་བ་དེ་ནི་འདིར་ལུས་ཕྲ་ཡིན་ནོ། །སྱཱ་དི་ཧ་ཏ་ནྭཱི་བྷ་ག་བ་ཐ་ན་ན་བཱ་བྷཽ་ནྱུ་ཤ་ར་སྭ་ར་ཏ་ར་ཎི་བི་རཱ་མཱ། བྷ་ག་ཝ་བྷ་ག་ཝ་ན་དག་ཡང་ཀ་ན་ན་ཝ་རྣམས་མདའ་མདའ་ནོར་དང་ཐུབ་པར་ངལ་བསོ་ཁྲུང་ཁྲུང་རྐང༌། །གལ་ཏེ་རྐང་པ་སོ་སོ་ལ་བྷ་དང་ག་དང་བ་དང༌། སླར་ཡང་བྷ་དང་ག་དང་བ་དང༌། དེ་ནས་ན་དང་ན་དང་ལ་དང་ཀ་དང་དེ་ནས་ཡང་ན་དང་ན་དང་བ་རྣམས་ཡིན་པ་དེའི་ཚེ་གང་ལ་མདའ་དང་མདའ་དང་ནོར་དང་ཐུབ་པར་ངལ་བསོ་པ་ནི་ཁྲུང་ཁྲུང་རྐང་ངོ༌། །ཀྲཽཉྩ་པ་དཱ་བྷ་གྭཱ་བྷ་ག་བཱ་ནཽལྐ་ན་ན་བ་ཨི་ཥུ་ཤ་ར་བ་སུ་མུ་ནི་བི་ར་ཏིཿ། མ་དག་ག་ཝ་དག་དང་ན་དག་ལ་ཀ་སུ་དང་ཛ་དག་ཝ་རྣམས་ནོར་ལྷ་མྱོས་བྱེད་མེ་དང་ཐུབ་པ་རྣམས་ཀྱིས་ལག་འགྲོ་རྣམ་བསྒྱིངས་སོ། །*


DTG197_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་རྐང་པ་སོ་སོ་ལ་མ་དང་མ་དང་ག་དང་བ་དང་ན་དང་ན་དང་ཡང་བ་དང་ཀ་དང་སུ་དང་ཛ་དང་ཛ་དང་བ་རྣམས་ཡིན་པ་དེ་ལྟ་བུའི་ནོར་དང་མྱོས་བྱེད་དང་མེ་དང་ཐུབ་པ་རྣམས་ཀྱིས་ངལ་བསོ་བར་གྱུར་པ་དེའི་ཚེ་ལག་འགྲོ་རྣམ་བསྒྱིངས་སོ། །མཽ་གྭཽ་ནཽལྐཽ་སུ་རྫཽ་བཱཿསྱཱདྦ་སུ་མ་ད་ན་ད་ཧ་ན་མུ་ནི་བྷིརྦྷུ་ཛཾ་ག་བི་ཛྲྀམྦྷི་ཏཾ། མ་ན་ནུ་དང་ན་ནུ་རྣམ་གཉིས་ས་ག་ཝ་ཞེས་བྱ་རྣམས་དགུ་དང་རོ་རོ་བྱེད་པར་ངལ་བསོ་བཟློག་ཕྱོགས་འབབ་ཏུ་འགྱུར། །ནུ་ཞེས་པའི་ཨུ་ཡིག་ནི་ངལ་བསོ་གསལ་བར་བྱེད་པའོ། །རྐང་པ་སོ་སོ་ལ་མ་དང་ན་དང་ནུ་དང༌། ན་ནུ་ན་ནུ་དང༌། ས་དང་ལྕི་བ་དང༌། བ་ཞེས་པ་འདི་ལྟ་བུའི་གང་ལ་དགུ་པ་དང་རོ་དང་རོ་དང་དབང་པོ་རྣམས་ཀྱིས་ངལ་བསོ་བ་ནི་བཟློག་ཕྱོགས་འབབ་ཏུ་འགྱུར་རོ། །མནཽ་ནུརྡྷྭིརྣ་ནུ་ས་ག་བི་ཏི་ན་བ་ར་ས་ར་ས་ཀ་ར་ཎ་བི་ར་ཏི་ར་ས་བཱ་ཧཿསྱཱཏ། འདི་ཉིད་དུ་ནི་རྒྱུན་ཆགས་དང་པོ་གཏུམ་པའི་ཆར་འབེབས་དག་ཏུ་འགྱུར་ཏེ་ན་གཉིས་དང་ནི་དེ་ནས་ར་བདུན་རྣམས་ཀྱིས་སོ། །འདི་ཉིད་དུ་ཞེས་པ་ནི་མཉམ་པའི་བྲྀཏྟ་རྣམས་སུ་རྒྱུན་ཆགས་བཤད་པར་བྱ་བའོ། །དེ་ལ་རྒྱུན་ཆགས་དང་པོ་ནི་གཏུམ་པའི་ཆར་འབེབས་ཞེས་བྱ་བ་སྟེ། དེ་ཡང་རྐང་པ་སོ་སོ་ལ་ན་གཉིས་དང༌། དེའི་བར་མ་ཆད་དུ་རེ་ཕ་བདུན་རྣམས་སུ་གྱུར་པ་ནའོ། །པྲ་ཐ་མ་ཀ་ཨི་ཧ་དཎྜཀཤྩཎྜ་བྲྀཥྚི་པྲ་ཡཱ་ཏོ་བྷ་བེནྣ་དྭ་ཡེ་ནཱ་ཐ་རཻཿསཔྟ་བྷིཿ། [[ འདིར་ནི་རྐང་པ་སོ་སོར་རེ་ཕ་འཕེལ་བར་གྱུར་རྣམས་ཆུ་རྒྱུན་རྒྱ་མཚོ་སྦྲུལ་དང་ཆར་སྤྲིན་རོལ་པའི་འབྱུང་གནས་ཤིན་ཏུ་བཀླུབས་པ་དུང་སོགས་སོ། །འདིར་རྒྱུན་ཆགས་ལ་ཆུ་རྒྱུན་ལ་སོགས་པར་ཕྱེ་བ་རྣམས་ནི་རྐང་པ་སོ་སོ་ལ་ར་ཡིག་རེ་རེ་འཕེལ་བས་སྔ་མ་སྔ་མ་ལས་ཐ་དད་དུ་འགྱུར་རོ། །འདི་ལྟ་སྟེ་ན་གཉིས་ལས་ཕ་རོལ་ཏུ་རེ་ཕ་བརྒྱད་རྣམས་ཀྱིས་ཆུ་རྒྱུན་ནོ། །དགུ་རྣམས་ཀྱིས་རྒྱ་མཚོའོ། །བཅུ་རྣམས་ཀྱིས་སྦྲུལ་ལོ། །བཅུ་གཅིག་རྣམས་ཀྱིས་ཆར་སྤྲིན་ནོ། །བཅུ་གཉིས་རྣམས་ཀྱིས་རོལ་པའི་འབྱུང་གནས་སོ། །བཅུ་གསུམ་རྣམས་ཀྱིས་ཤིན་ཏུ་བཀླུབས་པའོ། །བཅུ་བཞི་རྣམས་ཀྱིས་དུང་ཞེས་པ་དེ་ལྟ་བུ་ལ་སོགས་པར་བརྗོད་པར་བྱའོ། །དེ་ལ་ཆུ་རྒྱུན་གྱི་དཔེར་བརྗོད་ནི་མདོ་ཡིན་ལ། ལྷག་མ་རྣམས་ཀྱིས་ནི་དྲང་བར་བྱའོ། །པྲ་ཏི་པ་ད་མི་ཧ་རེ་ཕ་པྲྀདྡྷཱཿསྱུ་ཏརྞྞཱརྞྞ་བ་བྱཱ་ལ་ཛཱི་མཱུ་ཏ་ལཱི་ལཱ་ཀ་རོ་དྷཱ་མ་ཤདྑཱ་ད་ཡཿ། *


DTG197_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་ན་ཟུང་དག་ལས་ཡ་རྣམས་ཀྱིས་ནི་རབ་བསགས་གཏུམ་པའི་ཆར་འབེབས་སོགས་བཞིན་ར་ཡིས་རྒྱུན་ཆགས་བཞིན་དུ་ཡ་ཡིས་སོ། །རྒྱུན་ཆགས་ཇི་ལྟ་བ་བཞིན་དུ་རབ་བསགས་ཏེ། འོན་ཀྱང་ཁྱད་པར་ནི་ན་གཉིས་ལས་ཕ་རོལ་ཏུ་ར་རྣམས་ཀྱིས་རྒྱུན་ཆགས་ཡིན་ཞིང་ན་གཉིས་ལས་ཕ་རོལ་ཏུ་ཡ་རྣམས་ཀྱིས་ནི་རབ་བསགས་སོ། །དེ་བཞིན་དུ་རབ་བསགས་རྣམས་ཀྱང་ཡ་ཡིག་བདུན་དང༌། བརྒྱད་དང་དགུ་ལ་སོགས་པ་རྣམས་ཀྱིས་གཏུམ་པའི་ཆར་འབེབས་ལ་སོགས་པར་དབྱེ་བར་རིགས་པར་བྱའོ། །རྒྱུན་ཆགས་ལ་ར་ཡིག་རྣམས་ཀྱིས་བརྗོད་པ་ཇི་བཞིན་ནོ། །འདི་ལྟ་སྟེ། རྐང་པ་སོ་སོ་ལན་གཉིས་ལས་ཕ་རོལ་ཏུ་ཡ་བདུན་རྣམས་ཀྱིས་གཏུམ་པའི་ཆར་འབེབས་ཞེས་བྱ་བའི་རབ་བསགས་སོ། །བརྒྱད་རྣམས་ཀྱིས་ཆུ་རྒྱུན་ནོ། །དགུ་རྣམས་ཀྱིས་རྒྱ་མཚོའོ། །བཅུ་རྣམས་ཀྱིས་སྤྲུལ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་བརྗོད་པར་བྱའོ། །དེ་ལ་གཏུམ་པའི་ཆར་འབེབས་ཀྱི་དཔེར་བརྗོད་ནི་མདོ་ཡིན་ལ། ལྷག་མ་རྣམས་ཀྱི་ནི་དྲང་བར་བྱའོ། །པྲ་ཙི་ཏ་ཨི་ཧ་ན་ཡུ་གཱ་དྱཻསྟ་ཐཱ་ཙཎྜ་པྲྀཥྚི་པྲ་ཡཱ་ཏཱ་ད་ཡོ་ཡཻརྻ་ཐཱ་དཎྜ་ཀོ་རཻཿ། མཉམ་པའི་བྲྀཏྟ་རྣམས་སོ།། །།མཉམ་པའི་བྲྀཏྟ་ལ་རྐང་པ་བཞི་རྣམས་ཀྱི་མཚན་ཉིད་གཅིག་ཡིན་ཞིང༌། ཕྱེད་མཉམ་པ་ལ་ནི་རྐང་བ་ཟུང་དག་གི་གཞན་དང༌། ཟུང་མིན་དག་གི་གཞན་ནོ། །རྐང་པ་དང་པོ་དང་གསུམ་པ་དག་ཟུང་མིན་ནོ། །རྐང་པ་གཉིས་པ་དང་བཞི་པ་དག་ཟུང་ངོ༌། །ཟུང་དང་འཆམ་པ་དང་ཕྲུགས་དང༌། མཉམ་པ་ཞེས་པ་རྣམས་རྣམ་གྲངས་སོ། །ཟུང་མིན་དང༌། འཆམ་མིན་དང༌། ཕྲུགས་མིན་དང་མི་མཉམ་པ་ཞེས་པ་རྣམ་གྲངས་སོ། །གལ་ཏེ་ཟུང་མིན་ས་དག་ས་དང་ལ་ག་དང༌། །ཟུང་ལ་བྷ་གསུམ་ཅན་ལས་གདག་ཉེར་བཀྲར་སྨྲ། །གལ་ཏེ་རྐང་པ་ཟུང་མིན་དག་ལས་དག་དང༌། །ས་དང་ཡང་བ་དང་ལྕི་བ་ཡིན་ཞིང་རྐང་པ་ཟུང་ལ་ནི་བྷ་གསུམ་དང༌། དེ་ལས་ཕ་རོལ་ཏུ་ག་དག་ཡིན་པ་དེའི་ཚེ་ཉེ་བར་བཀྲ་བ་ཞེས་བྱ་བའི་བྲྀཏྟར་སྨྲའོ། །ཨུ་པ་ཙི་ཏྲ་ཀ་མཱ་ཧུ་ར་ཡུཀྨ་ཡུཀྶཽ་ས་ལ་གཱ་ཡ་དི་བྷ་ཏྲི་ཏ་ཡཱངྒཽ། ཕྱེད་མཉམ་པ་རྣམས་ལ་མདོ་ཕྱེད་ཡིན་པས་ལན་གཉིས་བསྐྱར་ལ་ཚིགས་བཅད་བྱའོ། །གལ་ཏེ་བྷ་གསུམ་ཅན་ལས་ག་དག་གྱུར་པ་ལ། །གལ་ཏེ་སླར་ཉིད་ན་ཛ་ཛ་ཡ་མྱུར་བའི་དབུས། །


DTG197_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཀང་པ་ཟུང་མིན་བྷ་གསུམ་ལས་ཕ་རོལ་དུ་ལྕི་བ་དག་ཡིན་ལ། གལ་ཏེ་རྐང་པ་ཟུང་ཉིད་ལ་ནི་ན་དང་ཛ་དང་ཛ་དང་ཡ་ཡིན་པ་དེའི་ཚེ་མྱུར་བའི་དབུས་སོ། །བྷ་ཏྲི་ཏ་ཡཱདྱ་དི་གཽ་དྲུ་ཏ་མ་དྷྱཱ་ཡ་དི་སུ་ན་རེ་བ་བྷ་བནྟི་ན་ཛཽ་ཛྱཽ། ] ]གལ་ཏེ་ས་གསུམ་ཅན་ལས་ལྕི་བ་དང་ལྡན་ཞིང༌། །གལ་ཏེ་བྷ་གསུམ་ཅན་ལས་ག་དག་ཤུགས་ལྡན་མ། །གལ་ཏེ་རྐང་པ་ཟུང་མིན་ས་གསུམ་ལ་ལྕི་བ་དང་ལྡན་ཞིང༌། རྐང་བ་ཟུང་ལ་ནི། གལ་ཏེ་བྷ་གསུམ་ཅན་ལས་ཕ་རོལ་ཏུ་ལྕི་བ་དག་ཡིན་པ་དེའི་ཚེ་ཤུགས་ལྡན་མའོ། །ཡ་དི་ས་ཏྲི་ཏ་ཡཾ་གུ་རུ་ཡུཀྟཾ་བེ་ག་བ་ཏཱི་ཡ་དི་བྷ་ཏྲི་ཏ་ཡཱདྒཽ། གང་ལ་ཟུང་མིན་ཏ་ཛ་རེ་ཕ་ལྕི་བ། །ཟུང་ལ་མ་ས་ཛ་ལྕི་ག་ནི་བཟང་པོའི་སྣང༌། །གང་ལ་རྐང་པ་ཟུང་མིན་ཏ་དང་ཛ་དང་ར་དང་ག་ཡིན་ཞིང༌། རྐང་པ་ཟུང་ནི་མ་དང་ས་དང་ཛ་དང་ག་དང་ག་ཡིན་པ་དེ་བཟང་པོའི་སྣང་བའོ། །ཡ་སྱཱཾ་ཏ་ཛ་རེ་ཕ་གཱ་ཨ་ཡུགྨཾ་ཡུགྨཾ་བྷ་དྲ་པི་རཱཎྨ་སཽ་ཛ་གཽ་གཿ། གལ་ཏེ་མི་མཉམ་ས་ཛ་ས་དང་ལྕི་བ། །མཉམ་པ་བྷ་ར་ན་ག་ལྕི་བ་ཏོག་ལྡན་མ། །གལ་ཏེ་རྐང་པ་ཟུང་མིན་ས་དང་ཛ་དང་ས་དང་ག་ཡིན་ཞིང༌། །རྐང་པ་ཟུང་ནི་བྷ་དང་ར་དང་ན་དང་ལྕི་བ་དང་ག་ཡིན་པ་དེ་ཏོག་ལྡན་མའོ། །བི་ཥ་མཾ་ས་མཾ་ཡ་དི་ས་ཛཽ་སྒཽ་ཀ་ཏུ་བ་ཏཱི་བྷ་རེ་ཕ་ན་ག་གཱཤྩ། གལ་ཏེ་ཟུང་མིན་རྐང་པ་ཏ་ཏ་དག་ཛ་ལྕི་ག །ཟུང་ནི་ཛ་ཏ་ཛ་ག་ལྕི་རྣམས་ཀུན་བསྒྲགས་སོ། །གལ་ཏེ་རྐང་པ་ཟུང་མིན་ཏ་དག་དང་ཛ་དང་ལྕི་བ་དང་ག་ཡིན་ཞིང༌། ཟུང་གི་རྐང་པ་ལ་ཛ་དང་ཏ་དང་ཛ་དང་ག་དང་ལྕི་བ་ཡིན་པ་དེའི་ཚེ་ཀུན་བསྒྲགས་སོ། །ཨཱ་ཁྱཱ་ནི་ཀཱ་སྱཱཏྱ་དི་ཏཽ་ཛ་གཽ་གསྟྭ་ཡུགྤ་དཾ་ཡུགྟ་ཛ་ཏཽ་ཛ་གཽ་གཿ། འདིར་ཡང་ཛ་ཏ་ཛ་ག་ག །ཏ་དག་དང་ཛ་ག་ལྕི་བ་དེ་ནི་ཀུན་བསྒྲགས་བཟློག་པ་སྔ་མ་ཅན། །གང་ལ་ཟུང་མིན་རྐང་པ་ཛ་དང་ཏ་དང་ཛ་དང་ག་དང་ག་ཡིན་ཞིང༌། །ཟུང་གི་རྐང་པ་ནི་ཏ་དག་དང་ཛ་དང་ག་དང་ལྕི་བ་ཡིན་པ་དེ་ནི་བཟློག་པའི་ཀུན་བསྒྲགས་སོ། །ཛ་ཏཽ་ཛ་གཽ་གྱ་ཏྲ་ཙ་ཏཽ་ཛ་གཽ་གཱ་ཨཱ་ཁྱཱ་ནི་ཀཱ་སཽ་བི་པ་རཱི་ཏ་པཱུརྦྦཱ། ཀུན་བསྒྲགས་གཉིས་ནི་ཉེར་བསྐྱེད་ཀྱི་བྱེ་བྲག་གོ །ག་ལ་ཏེ་ས་གསུམ་ཅན་ལས་ལ་དང་ག་ཡིན་ཞིང༌། །ན་བྷ་བྷ་ར་རྣམས་ཀྱང་དེ་ཚེ་རི་དགས་འཕྱོང་ངོ༌། །གལ་ཏེ་རྐང་པ་ཟུང་མིན་ས་གསུམ་ལས་ཕ་རོལ་ཏུ་ཡང་བ་དང་ལྕི་བར་


DTG197_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིང༌། ཟུང་གི་རྐང་པ་ནི་ན་དང་བྷ་དང་བྷ་དང་ར་རྣམས་ཡིན་པ་དེའི་ཚེ་རི་དགས་འཕྱོང་ངོ༌། །ཡ་དི་ས་ཏྲི་ཏ་ཡཱདྦྷ་བ་ཏོ་ལ་གཽ་ན་བྷ་བྷ་རཱཤྩ་ཏ་དཱ་ཧ་རི་ཎཔལུ་ཏཱ། གལ་ཏེ་ན་ན་ར་དང་ལ་དང་ག་ཡིན་ཞིང༌། །གལ་ཏེ་ན་ཛ་ཛ་ར་དེ་ཚེ་གཞན་སྒོར་འདོད་དོ། །གལ་ཏེ་རྐང་པ་ཟུང་མིན་ན་དང་ན་དང་ར་དང་ཡང་བ་དང་ལྕི་བ་ཡིན་ཞིང༌། ཟུང་གི་རྐང་པ་ཡང་གལ་ཏེ་ན་དང་ཛ་དང་ཛ་དང་ར་ཡིན་པ་དེའི་ཚེ་གཞན་སྒོར་འདོད་དོ། །ཡ་དི་ན་ན་ར་ལ་གཱ་ན་ཛཽ་ཛ་རཽ་ཡ་དི་ཙ་ཏ་དཱཉཔ་ར་བཀྟྲ་མི་ཥྱ་ཏེ། གལ་ཏེ་འདིར་ནི་ཟུང་མིན་ན་དག་ར་ཡའོ་ཟུང་ལ། །ན་ཛ་ཛ་ར་ག་རྣམས་མེ་ཏོག་རྒྱས་པའི་རྩེ་མོར་བརྗོད། །འདིར་ཞེས་པ་ཕྱེད་མཉམ་པ་རྣམས་ལ་སྟེ། གལ་ཏེ་རྐང་པ་ཟུང་མ་ཡིན་པ་ན་དང་ན་དང་ར་ཡ་རྣམས་ཡིན་ཞིང༌། ཟུང་གི་རྐང་པ་ནི་ན་དང་ཛ་དང་ཛ་དང་ར་དང་ལྕི་བ་རྣམས་ཡིན་པ་དེའི་ཚེ་མེ་ཏོག་རྒྱས་པའི་རྩེ་མོར་བརྗོད་དོ། །ཨ་ཡུ་གི་ཧ་ཡ་དི་ནཽ་ར་ཡཽཤྩ་ཡུགྨཾ་ན་ཛ་ཛར་གཱཿཀ་ཐ་ཡནྟི་པུཥྤི་ཏཱ་གྲཱཾ། འདི་གཉིས་རོ་ལངས་ཅན་གྱི་བྱེ་བྲག་གོ །ར་ཛ་ར་ཛ་དེ་བཞིན་ཛ་ར་ཛ་ར་ག་རྣམས། །ཡ་བའི་སྒྲ་ལས་མ་ཏུས་ཡིན་ཏེ་བུད་མེད་མཚུངས་བར་བརྗོད། །གལ་ཏེ་རྐང་པ་ཟུང་མ་ཡིན་པ་ར་ཛ་གཉིས་དང༌། ཟུང་གི་རྐང་པ་ནི་ཛ་ར་ཛ་ར་ལྕི་བ་རྣམས་ཡིན་པ་དེའི་ཚེ་ནས་ལྡན་མའོ། །ཡ་ཝའི་སྒྲ་ལས་མ་ཏུས་ཀྱི་རྐྱེན་གང་ཡིན་པ་དེ་བརྗོད་བྱ་ལས་བུད་མེད་ཉིད་མཚུངས་པར་བསྟན་པ་ནི་ནས་ལྡན་མ་ཞེས་པའི་དོན་ཏོ། །རེ་ཕ་ཛཽ་ར་ཛཽ་ར་ཐའ་ཛ་རཽ་ཛྲ་གཤྩ་ཡ་བ་དྷྭ་ནཱཏྨ་ཏུ་སྲི་ཡཱ་ས་མཱ་བྷི་དྷཱ་ནཱ། གལ་ཏེ་མི་མཉམ་བཅུ་དང་བཅུ་དང་ནོར་ལྡན་དག་ནི་ཡང་བ་ཡིན་ལ། ཅིག་ཤོས་དག་ཀྱང་བཅུ་དང་བཅུ་དང་བཅུ་རྣམས་ཡང་བ་ཡིན་ཞིང༌། །གལ་ཏེ་ཐ་མ་གཉིས་ཀ་དག་ཀྱང་ལྕི་བར་བྱས་པ་རོལ་བའི་རྐང་པ་རྣམ་པར་སྤྲོ་བར་གྱུར་པ་དག་ནི་གཙུག་ཕུད་ཅན་དུ་འགྱུར་བ་ཡིན། །གལ་ཏེ་རྐང་པ་ཡང་བ་ཉི་ཤུ་རྩ་བརྒྱད་དང༌། །ཟུང་གི་རྐང་པ་གལ་ཏེ་ཡང་བ་གསུམ་བཅུ་ཡིན་པ་དང༌། གལ་ཏེ་གཉིས་ཀའི་མཐའ་ལྕི་ཞིང་རོལ་པའི་རྐང་པ་རྒྱས་པར་གྱུར་པ་དེའི་ཚེ་གཙུག་ཕུད་ཅན་དུ་འགྱུར་རོ། །ད་ཤ་ད་ཤ་བ་སུ་ལ་གྷུ་ཙ་ཡ་དི་བི་ཥ་མ་མི་ཏ་ར་ད་པི་ཙ་ད་ཤ་ད་ཤ་ད་ཤ་ལ་གྷུ་ཀཾ །གུ་རུ་ནི་དྷ་ན་མུ་བྷ་ཡ་མ་པི་བི་ཧི་ཏ་ལ་ལི་ཏ་པ་ད་བི་སྲྀ་ཏི་ཡ་དི་བྷ་བ་ཏི་


DTG197_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་བ་ཏི་ཤི་ཁཱ། མཉམ་དང་མི་མཉམ་རྐང་པ་དག་གིས་ཡོངས་སུ་བརྗོད་པ་ངེས་པའི་གནས་ནི་ངེས་པ་དང་བྲལ་བྱས་པས་འདབ་མར་བཀོད་པའི་ངེས་པ་འདི་དག་ནི། འདིར་ནི་རྐང་པ་འཁྱོག་པོའི་འགྲོ་བ་དང་ལྡན་འཐེང་པོ་དང་ནི་མཚུངས་ཤིང་འདྲ་བར་མངོན་པར་བརྗོད་པར་གྱུར་པ་ཡིན་ནོ། །མཉམ་པ་དང་མི་མཉམ་པ་དག་གི་ཡོངས་སུ་བཤད་པའི་གནས་ངེས་པ་གང་དེ་དག་ངེས་པ་དང་བྲལ་བ་སྟེ། བཟློག་པར་བྱས་པས་གང་ལ་ཕྱེད་བཀོད་པ་འདི་འདིར་འགྲོ་ལྡན་འཐེང་པོར་འགྱུར་རོ། །སྐྱེས་བུ་རྐང་པ་འཁྱོག་པ་ནི་འཐེང་པོ་ཞེས་བརྗོད་དོ། །དེས་ན་གང་གི་མིང་དེ་དང་འདྲ་ཞིང་མཚུངས་པར་བརྗོད་པ་དེ། དེ་སྐད་དུ་འཐེང་པོའི་ཞེས་པའི་དོན་ཏོ། །ས་མ་བི་ཥ་མ་ཙར་ཎ་པ་རི་ག་དི་ཏ་ནི་ཛ་ནི་ལ་ཡ་བི་ནི་མ་ཡ་བི་ཧི་ཏ་ད་ལ་བི་ར་ཙ་ནཱ། ནི་ཡ་ཏ་མི་ཡ་མི་ཧ་བྷ་བ་ཏི་ཛ་ག་ཏི་ཀུ་ཊི་ལ་བ་ད་ནི་ག་ད་ན་ས་དྲྀ་ཤ་ས་མ་བྷི་དྷཱ། ཕྱེད་མཉམ་པའི་བྲྀཏྟ་རྣམས་སོ།། །།བྲྀཏྟ་གང་ལ་རྐང་པ་བཞི་རྣམས་ཀྱང་ལྕི་ཡང་མཚུངས་པའམ་ཡི་གེ་མཚུངས་པ་མེད་པ་དེ་མི་མཉམ་པའི་བྲྀཏྟའོ། །དེ་ཁ་སྒོ་དང་རྐང་བཞི་འཕེལ་དང་སྟེང་འགྲོ་དང་དལ་གྱིས་འགྲོ་ཞེས་པ་རྣམ་པ་བཞིའོ། །རྐང་པ་ཡི་གེ་བརྒྱད་དང་པོ་ལས། །ས་ན་མིན་མཚོ་ལས་ཡ་ཁ་སྒོ། །དང་པོ་དང་ཐ་མ་དག་སོ་སོར་བྱས་ཏེ། ཚོགས་གཉིས་དག་དབུས་སུའོ་ཞེས་པ་ཁ་སྒོའི་བྱེ་བྲག་རྣམས་ཀྱི་པྲཱསྟཱ་རའོ། །གལ་ཏེ་རྐང་པ་རྣམས་ལ་ཡི་གེ་བརྒྱད་ཡོད་ལ། དེ་རྣམས་ལའང་ཡི་གེ་དང་པོ་ལས་ཕྱི་མ་ས་མ་ན་དག་མ་ཡིན་ཞིང་བཞི་ལས་ཕྱི་མ་ཡ་ཡིན་པ་དེའི་ཚེ་ཁ་སྒོའོ། །ཨཥྚཱ་ཀྵ་རེ་ཥུ་པཱ་དེ་ཥུ། ནཱ་དྱཱཏྶྣྱཽ་ཡོ྅མྦུ་དྷེརྦཀྟྲཾ། ཚིགས་སུ་བཅད་པ་ཕྱེད་ཡིན་པ་ནི་མདོ་ལྔ་རྣམས་སོ། །དེ་རྣམས་ལན་གཉིས་བསྐྱར་ཏེ་ཚིགས་སུ་བཅད་པ་རྫོགས་པར་བྱའོ། །རྐང་པ་ཟུང་དག་ཛ་ཡིག་གིས་ནི། །ཁ་སྒོ་ཕན་པ་ཞེས་པར་གྲགས་སོ། །ཁ་སྒོ་ཕན་པ་ཞེས་བརྗོད་པ་དེ་ཉིད་ཁྱད་པར་གང་གིས་ཤེ་ན། རྐང་པ་ཟུང་དག་གི་མཚོ་ལས་ཕྱི་མ་ཛ་ཡིག་གིས་སོ། །ཡུཀྤཱ་ད་ཡོ་རྫ་ཀཱ་རེཎ། ཝཀྟྲི་པ་ཐྱེ་ཏིཀཱིརྟྟི་ཏཱཾ། ཛ་ཡིས་ཟུང་མིན་བརྗོད་འདི་ནི། །བཟློག་པ་དང་པོ་ཅན་གྱི་དེའོ། །ཕན་བདེ་བཟློག་པ་དང་པོ་ཅན་ཡིན་པ་ནི་བཟློག་པའི་ཕན་པ་ཞེས་


DTG197_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏེ། ཁ་སྒོ་འདིར་བཟློག་པའི་ཕན་པ་ཞེས་བརྗོད་དོ། །ཁྱད་པར་གང་གིས་ཤེ་ན། རྐང་པ་ཟུང་མིན་དག་གི་མཚོ་ལས་ཕྱི་མ་ཛ་ཡིག་གིས་སོ། །ཛེ་ནཱ་ཡུ་ཛོ་རུ་དཱ་ཧྲྀ་ཏཱ། བི་ས་རཱི་ཏཱ་དི་ཏེ་ཥཱ་སྨིན། ཁ་སྒོ་དེ་ཉིད་གྱ་གྱུ་ཅན་དུ། །ན་ཡིག་སྦྱོར་ལས་ཤེས་པར་བྱའོ། །ཁ་སྒོ་དེ་ཉིད་གྱ་གྱུ་ཅན་དུ་ཤེས་པར་བྱའོ། །ཁྱད་པར་གང་གིས་ཤེ་ན། རྐང་པ་མི་མཉམ་པ་དག་གི་རྒྱ་མཚོ་ལ་ས་ཕ་རོལ་ཏུ་ན་ཡིག་ཡིན་ནའོ། །བཀྟྲཾ་ཏ་དེ་བ་ཙ་པ་ལཱ། ན་ཀཱ་རེ་ཎཱ་ཡུ་ཛོ་ཛྙེ་ཡཱ། ཟུང་ལ་བདུན་པ་ཡང་བ་ཡིན་པ། །དེ་ནི་ཐུབ་པས་ཡངས་མར་འདོད་དོ། །ཁ་སྒོ་འདི་ཉིད་དུ་གང་གི་ཟུང་གི་རྐང་པ་དག་བདུན་པ་ཡང་བ་ཡིན་པ་དེ་ཐུབ་པ་དམར་སེར་གྱིས་ཡངས་མར་འདོད་དོ། །ལ་གྷུ་སཔྟ་མ་ཡུགྨཱ་ཡཱ། བི་སུ་ལཱ་སཽ་མ་ཏཱ་མུ་ནིཿ། ཐམས་ཅད་ནས་དེ་དེ་ཉིད་དེ་ཡི། ཐམས་ཅད་ནས་ཐམས་ཅད་དུ་རྐང་པ་ཐམས་ཅད་ལ་གང་བདུན་པ་ཡང་བ་དེ། ཁ་སྒོ་འདིར་ཡངས་མ་དེ་ཉིད་དུ་སློབ་དཔོན་དེའི་བཞེད་པའོ། །སཻ་བ་ཏ་སྱ་སཱ་སརྦ་ཏཿ། འདི་ནས་བཟུང་ནས་ལན་བཞི་བསྐྱར་ནས་ཚིགས་སུ་བཅད་པ་བྱའོ། །མཚོ་ལས་བྷ་ཡིས་དེ་ཡི་ཡངས་མ། ཁ་སྒོ་ལ་ཐམས་ཅད་དུ་རྒྱ་མཚོ་ལས་ཕ་རོལ་བྷ་ཡིན་པ་དེ། ཡང་མ་ཞེས་པའི་དོན་ཏོ། །བྷེ་ནཱམྦུ་དྷེསྟ་དྭི་པུ་ལཱ། རེ་ཕས་དེ་ལས་གཞན་ཡང་དེ་བཞིན། ཁ་སྒོ་ལ་ཐམས་ཅད་དུ་རྒྱ་མཚོ་ལས་ཕ་རོལ་ར་ཡིག་གིས་དེ་ལས་གཞན་དུ་འགྱུར་ཏེ། དེ་བཞིན་ཞེས་པ་དེའི་ཡངས་མ་སྟེ་ར་ཡིག་ཡངས་མའོ། །རེ་ཕཻ་ཎ་ཙཻ་བཾ་ཏ་ཏོ་ནྱཱཾ། ན་ཡིག་གིས་ཀྱང་དེ་བཞིན་ཡང་ངོ༌། །ཁ་སྒོ་ལ་ཐམས་ཅད་དུ་རྒྱ་མཚོ་ལས་ཕ་རོལ་ན་ཡིག་གིས་ཀྱང་དེའི་ཡངས་མ་སྟེ། ན་ཡིག་ཡངས་མའོ། །ན་ཀཱ་རེ་ཎཱ་པི་ཙ་ཏ་ཐཱ། ཏ་ཡིག་གིས་ཀྱང་དེ་ལྟར་ཉིད་དོ། །ཁ་སྒོ་ལ་ཐམས་ཅད་དུ་རྒྱ་མཚོ་ལས་ཕ་རོལ་ཏ་ཡིག་གིས་ཀྱང་དེའི་ཡངས་མ་སྟེ། ཏ་ཡིག་ཡངས་མའོ། །ཨེ་བཾ་ཏ་ཀྵ་རེ་ཎཱ་པི་བ། མ་ཡིག་གིས་ཀྱང་དེ་ལྟར་བལྟའོ། །ཁ་སྒོལ་ཐམས་ཅད་དུ་རྒྱ་མཚོ་ལས་ཕ་རོལ་མ་ཡིག་གིས་ཀྱང་དེའི་ཡངས་མ་སྟེ། མ་ཡིག་ཡངས་མར་བལྟའོ། །དྲྀཥྚཱ་མ་ཀཱ་རེ་ཎཱ་སྱེ་བཾ། དེ་ལས་གཞན་ནི་བླ་རེ་ཡིན་ནོ། །གང་བརྗོད་ཟིན་པའི་མཚན་ཉིད་ལས་


DTG197_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་ཁ་སྒོའི་མཚན་ཉིད་ཐམས་ཅད་ནི་བླ་རེའོ། །ཨ་ནྱ་ད་ཏོ་ཧི་བི་ཏཱ་ནཾ། རྐང་པ་ཀུན་ལས་ཐོག་མ་ལས་ས། །ན་མིན་རྐང་ཟུང་རྒྱ་མཚོ་ལས་ཛ། །ཟུང་མིན་དག་གི་ཇི་ལྟར་མཛེས་པས། །སྦྱོར་བ་ཕལ་ཆེར་བལྟ་བར་བྱའོ། །གང་གི་ཁ་སྒོའི་བྱེ་བྲག་བརྗོད་ཟིན་པ་དེ་རྣམས་དང༌། དེའི་བསྡུ་བས་སྙན་ངག་མཁན་རྣམས་ཀྱི་དེ་ལྟ་བུ་ཉིད་ཀྱི་སྦྱོར་བ་ཕལ་མོ་ཆེ་བལྟ་པར་བྱ་སྟེ། འདི་ལྟར་རྐང་པ་ཐམས་ཅད་ལ་དང་པོའི་ཡི་གེ་ལས་ཕྱི་མར་ས་ན་དག་མ་ཡིན་ཞིང༌། ཟུང་གི་རྐང་པ་དག་གི་རྒྱ་མཚོ་ལས་ཕྱི་མ་ཛ་ཡིག་ཡིན་ལ། ཟུང་མ་ཡིན་པའི་རྐང་པ་དག་གི་རྒྱ་མཚོ་ལས་ཕྱི་མར་བྷ་དང་ར་དང་ན་དང་ཏ་དང་མའམ། དེ་ལས་གཞན་ཇི་ལྟར་མཛེས་པའོ། །ཁ་སྒོའི་བྱེ་བྲག་རྣམས་སོ།། །།རྐང་པ་དང་པོ་ཡི་གེ་བརྒྱད་ཡིན། འདི་ལས་ཕྱི་མར་རིམ་བཞིན་བཞི་རྣམས་མངོན་པར་འཕེལ་བ། དེ་དང་དེ་རྣམས་སྣ་ཚོགས་རྣམ་པར་བཀོད་པས་ཡང་དག་མཛེས་པ་ཅན་ལ། རོལ་སྒེག་དང་བཅས་རྐང་པ་རྐང་པར་ལྡན་པ་དག་ནི་རྐང་བཞི་འཕེལ་དུ་མཁས་རྣམས་སྨྲའོ། །གང་གི་རྐང་པ་དང་པོ་ཡི་གེ་བརྒྱད་ཡིན་ཞིང༌། དེ་ལས་ཕྱི་མར་རྐང་པ་རིམ་པ་བཞིན་ཡི་གེ་བཞི་རྣམས་མངོན་པར་འཕེལ་བ་དེ་དང་དེ་སྣ་ཚོགས་པའི་བཀོད་པས་མཛེས་པའི་རོལ་སྒེག་དང་བཅས་པ་རྐང་པ་རྐང་པར་ལྡན་པ་ནི་རྐང་བཞི་འཕེལ་ཞེས་བྱ་བ་མི་མཉམ་པའི་བྲྀཏྟ་ཉིད་དུ་མཁས་པ་རྣམས་སྨྲའོ། །འདིའི་རྐང་པ་དེ་རྣམས་ཀྱང་བྲྀཏྟ་དང༌། ཛཱ་ཏིའི་ཆ་ཤས་ཚོགས་པ་ལས་རིག་པར་བྱའོ། །འདི་ལྟ་སྟེ་མདོ་ཉིད་དུ་རྐང་པ་དང་པོ་ཁ་སྒོའི་རྐང་པ་བཞིན་དང༌། གཉིས་པ་འཕགས་པའི་རྐང་པ་གཉིས་པ་བཞིན་དང༌། གསུམ་པ་དང་བཞི་པ་དག་འཕགས་པའི་ཕྱེད་གཉིས་པ་བཞིན་ནོ། །རྐང་བཞི་འཕེལ་ལ་བཞི་རྣམས་ཀྱིས་པྲཱསྟཱ་རའོ། །པྲ་ཐ་མོཉཥྚཱཀྵ་རཿསཱ་དཤྩ་ཏུརྦྷི་ར་ཏི་ཝརྡྷི་ཏཱཿཔར་ཉམུཥྨཱཏ། ཀྲ་མ་ཤོ་ཡ་སྱ་ཏ་དེ་ཏནྣཱ་ན་བི་ནྱཱ་ས་སཾ་ཤོ་བྷིཿས་ལ་ལི་ཏ་པ་ད་པ་ད་བཱི་ཀཾ་པ་ད་ཙ་ཏུ་རུརྡྷྭཾ་བུདཱཿཔྲཱ་ཧུཿ། འདིར་ནི་རྐང་པ་བཞི་ཀ་འཕེལ་ལ། ག་དང་ག་ཡི་མཐའ་ཅན་རྐང་པ་མ་ལུས་ཡང་ལ། རོལ་སྒེག་དང་བཅས་ཉེ་བར་ཕན་པ་ངལ་བསོའི་འགྲོ་བས་གཏལ་ཏེ་འཇིག་རྟེན། དགའ་བ་ཉེ་བར་འདྲེན་བྱེད་ཨཱཾ་དང་ལྡན་པའི་པཱི་ཌར་དེ་ནས་འགྱུར་ཏེ་ཀུན་ནས་བཅེར་རོ། །འདིར་རྐང་བཞི་འཕེལ་གྱི་རིགས་ཉིད་ལ་གང་གི་རྐང་པ་མཐར་ལྕི་བ་གཉིས་དང་ཅིག་ཤོས་ཐམས་ཅད་


DTG197_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བ་གང་ལ་ཉེ་བར་ཕན་ཞིང་རོལ་སྒེག་དང་བཅས་པའི་དལ་བ་སོའི་འགྲོ་བ་འདི་ལྟར་གྱུར་པས་གལ་ཏེ་འཇིག་རྟེན་གྱི་དགའ་བ་ཡང་འདྲེན་པར་བྱེད་པ་ཡིན་ན། དེ་ནས་ཨཱཾ་དང་ལྡན་པའི་པཱི་ཌ་ར་འགྱུར་ཏེ། དེའི་ཚེ་ཀུན་ནས་བཅེར་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཨི་ཧ་པ་ད་ཙ་ཧུ་རུ་རྡྷྭེ། ག་ག་ནི་དྷ་ན་ནི་ཁ་ལ་ལ་གྷུ་པཱ་དཿ། ཡ་དི་མུ་ད་མུ་པ་ན་ཡ་ཏི་ཛ་ག་ཏི་ཡུ་ཏ་ཨཱ་དཱ། ས་མུ་པ་ཧི་ཏ་ས་ལ་ལི་ཏ་ཡ་ཏི་ག་ཏི་ར་ཐ་བྷ་བ་ཏི་པཱི་ཌཿ། འདིར་ནི་ཡང་དག་ཤིན་ཏུ་ལྷུང་བའི་རྐང་པ་དག་གི །རྐང་པ་དང་པོ་ཉེ་ལས་ཕ་རོལ། གནས་པར་གལ་ཏེ་ཡོངས་སུ་བྱས་ཏེ་དེ་ནས་དབུས་སུ་གནས་པར་གྱུར་ལ། ཅིག་ཤོས་གསུམ་རྣམས་གཡོ་བ་མེད་པར་གནས་ནི་ངེས་པར་གྱུར་པ་མེ་ཏོག་ཁམ་བྱེ་བ། ཀུན་ནས་བཅེར་བ་འདི་ཉིད་ལ་གལ་ཏེ་རྐང་པ་དང་པོ། །རྐང་པ་གཉིས་པ་འདས་ཤིང༌། འོན་ཀྱང་གནས་ཕྱི་མ་འདས་པ་ཡང་མ་ཡིན་ལ། བར་དུ་གནས་པ་ཉིད་དང༌། དེ་ལས་གཞན་པའི་རྐང་པ་གསུམ་རང་གནས་སུ་གནས་པ་ཉིད་དོ། །དེ་ལྟ་བུར་གྱུར་པ་ནི་མེ་ཏོག་ཁ་མ་བྱེ་བར་འགྱུར་རོ། །ཡ་དི་ནི་ཀ་ཊ་མི་ཧ་ཙ་ར་ཎ་མཱདྱཱཿ། ས་མ་ཏི་པ་ཏ་ཏི་པཱ་དཿ། པ་རི་ཀྲྀ་ཏ་པ་ར་བ་ས་ཏི་ར་ཐ་བ་ས་ཏི་མདྷྱེ། ཏྲ་ཡ་མི་ཏ་ར་ད་ཙ་ལི་ཏ་ནི་ཛ་ནི་ལ་ཡ་མི་ཏི་ཀ་ལི་ཀཱ་སྱཱ་ཏ། འདིར་ནི་ཡང་དག་ཤིན་ཏུ་ལྷུང་བའི་རྐང་པ་དག་གི །དང་པོར་གྲགས་པ་གལ་ཏེ་ཉེ་བའི་རྐང་པ་ཟུང་དག་འདས་པ་ཡིན་ལ། དེ་ལས་ཅིག་ཤོས་རྐང་པ་རྣམས་ཀྱི། རྣམ་པ་གསུམ་ནི་རྣམ་པར་གཡོ་བ་མེད་ཅིང་ངེས་པར་གནས་བར་གྱུར་པ་ཡུད་ཙམ་རོལ་པ། ཀུན་ནས་བཅེར་བ་ཉིད་ཀྱི་རྐང་པ་དང་པོ། གལ་ཏེ་རྐང་པ་གཉིས་འདས་ཤིང༌། རྐང་བ་གཞན་གསུམ་དེ་བཞིན་ཁོ་ནར་གནས་པ་དེའི་ཚེ་ཡུད་ཙམ་རོལ་བར་འགྱུར་རོ། །ཡ་དི་ཙ་ར་ན་ཡུ་ག་མ་ཏི་ས་མཱི་པཾ། བྲ་ཐ་མ་ཀ་ཐི་ཏ་ཨི་ཧ་ས་མ་ཏི་པ་ཏ་ཏི་པཱ་དཿ། ཏ་དི་ཏ་ར་ཙ་ར་ཎཱ་ནཱཾ། ཏྲི་ཏ་ཡ་མ་བི་ཙ་ལི་ཏ་ནི་ཛ་བ་ས་ཏི་བྷ་བ་ཏི་ལ་བ་ལཱི་ཧ། འདིར་ནི་རྐང་པ་དང་པོ་ཞེས་བྱ་ཅིག་ཤོས་གསུམ་རྣམས་སོ། །རྣམ་པར་གཡོ་པ་མེད་པ་ཉིད་ནི་ཡང་དག་འདས་པར་ལྷུང་བར་གྱུར་ཅིང༌། གལ་ཏེ་རྣམ་པ་མང་བོར་བྱས་པའི་རོལ་སྒེག་སྡོད་ཀྱིས་མངོན་པར་དགའ་བ་བསྐྱེད་བཅན་འདི། ངེས་པར་བདུད་རྩིའི་རྒྱུན་དུ་འགྱུར་རོ། །ཀུན་ནས་བཅེར་བ་ཉིད་ཀྱི་རྐང་པ་དང་པོ། གལ་ཏེ་


DTG197_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གནས་སུ་གནས་པ་ཉིད་ཀྱིས་རྐང་པ་གསུམ་འདས་ཤིང༌། གང་ལ་རྣམ་པ་མང་པོར་བྱས་ཤིང༌། རོལ་སྒེག་དང་ལྡན་པའི་སྡོད་ཀྱིས་གང་ཡང་མངོན་པར་དགའ་བ་སྐྱེད་པར་བྱེད་པ་དེའི་ཚེ་ངེས་པར་བདུད་རྩིའི་རྒྱུན་དུ་འགྱུར་རོ། །ཏྲ་ཡ་མི་ཏ་ར་ད་བི་ཙ་ལི་ཏ་མེ་བ། པྲ་ཐ་མ་ཀ་ཨི་ཧ་ས་མ་ཏི་པ་ཏ་ཏི་ཡ་དི་པཱ་དཿ། བ་ཧུ་བིདྷ་བི་ཧི་ཏ་ལ་ལི་ཏ་ཡ་ཏི་ར་བྷི་ར་ཏི་ཛ་ན་ནཱི་ཡཾ། ནི་ཡ་ཏ་མ་མྲྀ་ཏ་དྷཱ་རཱ། རྐང་བཞི་འཕེལ་བའི་བྱེ་བྲག་རྣམས་སོ།། །།གལ་ཏེ་སྔ་མ་ས་ཛ་ས་ལ་ཉིད་དང༌། །བར་མ་ཆད་དུ་ན་ས་ཛ་ལྕི་རྣམས་དང༌། །དེ་ནས་གལ་ཏེ་བྷ་ན་ཛ་ལ་ག་རྣམས་འགྱུར། །དེ་ནས་ས་ཛ་ས་ཛ་ལྕི་འགྱུར་འདི་ནི་སྟེང་འགྲོ་ཉིད། །གལ་ཏེ་རྐང་པ་སྔ་མ་ཉིད་ལ་ས་དང་ཛ་དང་ས་དང་ཡང་བ་རྣམས་ཡིན་ལ། བར་མཆད་དུ་ཞེས་པ་གཉིས་པ་ལ་ན་དང་ས་དང་ཛ་དང་ལྕི་བ་རྣམས་ཡིན་ཞིང༌། དེ་ནས་ཞེས་པ་གསུམ་པ་ལ་བྷ་དང་ན་དང་ཛ་དང་ལ་དང་ག་རྣམས་དང་དེ་ནས་ཞེས་པ་བཞི་པ་ལ་ས་དང་ཛ་དང་ས་དང་ཛ་དང་ག་སྟེ། དེ་ལྟ་བུ་འདི་ནི་སྟེང་འགྲོར་འགྱུར་རོ། །སུ་ར་ཨེ་བ་ཙེཚ་ཛ་ས་ལཱ་ནི། ན་ས་ཛ་གུ་རུ་ཀཱ་ཎྱ་ནནྟ་རཾ། ཡ་དྱ་ཐ་བྷ་ན་ཛ་ལ་གཱཿསྱུ་ར་ཐོ། ས་ཛ་སཱ་ཛ་གཽ་ཙབྷ་བ་ཏཱི་ཡ་མུདྒ་ཏཱ། གསུམ་ནི་སྟེང་འགྲོ་དེ་ལྟ་ཉིད་དུ་གྱུར་ཅིང༌། །གསུམ་པ་རྣམ་པ་གཞན་དུ་ཤེས་པར་བྱ་སྟེ། ར་དང་ན་དང་བྷ་དང་ལྕི་བ་བསྒྲིགས་པ། །དེ་འདྲ་དེ་ནི་དྲི་ཞིམ་ལྡན་པར་བརྗོད་པར་འགྱུར་བ་ཡིན། །གང་དུ་གསུམ་པ་ལས་གཞན་པའི་རྐང་པ་གསུམ་སྟེང་འགྲོ་དང་འདྲ་བ་ཉིད་དུ་གྱུར་ཅིང༌། རྐང་པ་གསུམ་པ་ནི་གཞན་བཞིན་ཤེས་པར་བྱའོ། །ཇི་ལྟ་བུ་ཞེ་ན། ར་དང་ན་དང་བྷ་དང་ལྕི་བ་རྣམས་བསྒྲིགས་པ་དེ་འདྲ་དེ་ནི་དྲི་ཞིམ་ལྡན་པར་སྨྲའོ། །ཏྲ་ཡ་མུདྔ་ཏཱ་ས་དྲྀ་ཤ་མེ་བ། བྷ་བ་ཏི་ཧི་ཏྲི་ཏཱི་ཡ་མ་ནྱ་ཐཱ། ཛེ་ཡ་ཏེ་ར་ན་བྷ་ག་གྲ་ཐི་ཏཾ། ཀ་ཐ་ཡ་ནྟི་སཽ་ར་བྷ་ཀ་མེ་ཏ་དཱི་དྲྀ་ཤཾ། གསུམ་པའི་མིང་ཅན་རྐང་བར་ན་དག་དང་ནི། །ས་དག་ཏུའང་གྱུར་ཅིང་རྣམ་པ་གསུམ་པ་ནི། །རབ་ཏུ་སྤྲོས་པའི་ཚིག་གི་བཀོད་པས་རོལ་སྒེག་ལྡན་པ། དེ་ནི་རོལ་པ་ཞེས་བྱར་སྙན་ངག་མཁན་པོ་བཞེད། །གང་དུ་རྐང་པ་གསུམ་པ་ན་གཉིས་དང་ས་གཉིས་སུ་གྱུར་ཅིང༌། ལྷག་མ་སྟེང་འགྲོ་དང་འདྲ་བ་དེ་ནི་རོལ་པ་ཞས་བྱར་སྙན་ངག་མཁན་པོ་རྣམས་ཀྱིས་བཞེད་དེ། །གང་ལས་རབ་ཏུ་སྤྲོས་པའི་ཚིག་གི་བཀོད་པས་རོལ་པ་དེའོ། །ཏྲི་ཏ་ཡཾ་ན་ཡོར་ཐ་ས་ཡོཤྩ། བྷ་བ་ཏི་ཙ་ར་ཎེ་ཏྲྀ་ཏཱི་ཡ་ཀེ །པྲ་སྲྀ་


DTG197_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བ་ད་ར་ཙ་ན་ཡཱ་ལ་ལི་ཏཾ། ལ་ལི་ཏཾ་ཧི་ནཱ་མ་ཀ་བི་བྷི་སྟ་དི་ཥྱ་ཏེ། སྟེང་འགྲོའི་བྱེ་བྲག་རྣམས་སོ།། །།གལ་ཏེ་རྐང་པ་དང་པར་མ་ས་ཛ་བྷ་ལྕི་བདག་གྱུར། །དེ་ནས་ས་དང་ན་དང་ཛ་དང་ར་དང་ག་རྣམས་ཏེ། །ཕ་རོལ་ན་དག་དང་ནི་ས་ཡིན་ཞིང༌། །དེ་ནས་ན་སྦྱར་ན་ན་ཛ་ཡ་ཉེར་གནས་སྔ་འདི་དལ་འགྲོར་བརྗོད། །གལ་ཏེ་རྐང་པ་དང་པོ་ལ་མ་དང་ས་དང་ཛ་དང་བྷ་དང་ག་དག་ཡིན་ཞིང༌། དེ་ནས་ཞེས་པ་གཉིས་བ་ལས་དང་ན་དང་ཛ་དང་ར་དང་ལྕི་བ་རྣམས་ཡིན་ལ། ཕ་རོལ་ཞས་པ་གསུམ་པ་ལ་ན་དང་ན་དང་ས་རྣམས་སོ། །དེ་ནས་ཞེས་པ་བཞི་པ་ལན་གསུམ་དང་ཛ་དང་ཡའོ། །འདི་གཅིག་པུ་ཉེ་བར་གནས་པ་དལ་འགྲོར་འགྱུར་རོ། །པཱ་དེ་ཙེཏྤྲ་ཐ་མེ་མ་སཽ་ཛ་བྷཽ་གུ་རུ་ཎཱི་ཙ། སྱུ་ར་ཐོ་ས་ན་ཛ་ར་གཱཿབ་རཉྩ་ནཽ་སཿ། ཨ་ཐ་ན་ཡུ་ཏ་ན་ན་ཛ་ཡཱཿ། པྲ་ཙུ་པི་ཏ་མི་ད་མུ་དི་ཏ་མུ་པ་སྠི་ཏ་པཱུརྦཾ། གལ་ཏེ་རྐང་པ་གསུམ་པ་ལ་ནི་ན་དགས་ན་དག་དང་ན། །ས་ཡིན་དེ་ནི་འདིར་གཞན་མཐའ་དག་དལ་འགྲོ་དང་འདྲ་ཞིང༌། རྐང་པའི་གནས་ཀྱི་མཚན་ཉིད་སྒྲུབ་པ་སོ་སོར་ངེས་པ་སྙན་ངག་མཁན་པོ་རྣམས་ཀྱིས། དེ་ནི་འཕེལ་བ་ཅན་དུ་མངོན་པར་བརྗོད་པར་གྱུར་པ་དག་ཡིན་ནོ། །གལ་ཏེ་རྐང་པ་གསུམ་པ་ལ་ན་དང་ན་དང༌། ས་དང་ན་དང་ན་དང་ས་རྣམས་ཡིན་ལ། འདིར་ཡང་གཞན་ཐམས་ཅད་རྐང་པའི་གནས་ཀྱི་མཚན་ཉིད་ཀྱི་ཆོ་ག་དལ་འགྲོ་ཉིད་དང་མཚུངས་པར་ཡོངས་སུ་བསྟན་པ་དེའི་ཚེ་སྙན་ངག་མཁན་རྣམས་འཕེལ་བ་ཅན་གྱི་ཞུགས་པར་སྨྲའོ། །པཱ་དེ་སྱཱུ་རྻ་དི་ནཽ་ས་ནཽ་ན་སཽ་ཙོ་ཏྲྀ་ཏཱི་ཡེ། ཀ་བ་ཡསྟ་ད་བྷི་ག་དནྟི་བརྡྷ་མཱ་ནཾ། པྲ་ཙུ་སི་ཏ་ས་དྲྀ་ཤ་ཀ་མ་ནྱ་དི་ཧ་བྷ་བ་ཏི་ས་ཀ་ལཾ་པྲ་ཏི་ནི་ཡ་ཙ་ར་ཎ་ག་ཏ་ལ་ལ་ཀྵྨ་བི་དྷཱ་ནཾ། གང་ཚེ་གསུམ་པར་ཏ་ཛ་ར་རྣམས་འདི་ཉིད་དང་བོར་ངལ་བསོ། །གལ་ཏེ་གཞན་གསུམ་རྣམས་ནི་དལ་འགྲོ་དག་དང་ཚོགས། །མཚུངས་པར་གྱུར་པ་དག་པ་སྣང་ལྡན་གྱི། །ཁྱད་པར་རབ་ན་ཆོག་ལྡན་དུ་དེ་ནི་རྗོད་པར་བྱེད་པ་ཡིན། གང་གི་ཚེ་རྐང་པ་གསུམ་པ་ལ་ཏ་དང་ཛ་དང་ར་ཡིན་ཞིང༌། འདི་ཉིད་ཀྱི་ཡི་གེ་དང་པོ་ལ་ངལ་བསོལ། གལ་ཏེ་དེའི་རྐང་བ་གསུམ་པ་དལ་འགྲོ་དང་ཚོགས་མཚུངས་པར་གྱུར་པ་དེའི་ཚེ་དག་པ་སྣང་ལྡན་གྱི་ཁྱད་པར་རབ་མཆོག་ལྡན་དུ་བརྗོད་དེ་དག་པ་སྣང་ལྡན་རབ་མཆོག་གི་བྲྀཏྟ་ར་སྨྲའོ་


DTG197_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཏོ། །ཨསྨིནྣེ་པ་ཡ་དཱ་ཏྲྀ་ཏཱི་ཡ་ཀེ་ཏ་ཛ་རེ་ཕཱཿ། པྲ་ཐ་མེ་ཙ་བི་ར་ཏི་རཱཪྵ་བྷཾ་བ་དནྟི། ཏཙྪུདྡྷ་བི་རཱཊྦི་ཤེ་ཥ་ཎཾ། པྲ་ཙུ་པི་ཏ་ག་ཎ་ས་མ་མ་པ་རཾ་ཏྲྀ་ཏ་ཡཉྩེཏ། དལ་འགྲོའི་བྱེ་བྲག་རྣམས་ཏེ། མི་མཉམ་པའི་བྲྀཏྟ་རྣམས་སོ། །དེ་ལྟར་བྲྀཏྟའི་རྣམ་བརྟག་བཤད་ཟིན་ཏོ།། །།ཕྱི་ནས་ཛཱ་ཏི་མངོན་པར་བརྗོད་པར་བྱ། །ཡང་བ་ཕྱི་མོ་གཅིག་སྟེ་ལྕི་བ་ནི། །གཉིས་སུ་འགྱུར་རོ་གསལ་བྱེད་དག་གིས་མིན། །བྲྀཏྟའི་བྱེ་བྲག་རྣམས་བརྗོད་ཟིན་ཅིང་བརྗོད་པར་བྱ་བ་ནི་ཛཱ་ཏི་རྣམས་སོ། །ཛཱ་ཏི་ཡང་རྣམ་པ་གསུམ་སྟེ། འཕགས་མ་དང༌། རོ་ལངས་ཅན་དང༌། ཕྱི་མོ་མཉམ་པའོ། །དེ་ལ་དབྱངས་གསུམ་མ་གཏོགས་པའི་འཕགས་མ་ནི་མི་མཉམ་པའི་བྲྀཏྟ་དང་འདྲའོ། །ཕྱི་མ་གཉིས་མ་གཏོགས་པའི་རོ་ལངས་ཅན་ནི་ཕྱེད་མཉམ་པའི་བྲྀཏྟ་དང་འདྲའོ། །ཕྱི་མ་གསུམ་མ་གཏོགས་པའི་ཕྱི་མོ་མཉམ་པ་ནི་མཉམ་པའི་བྲྀཏྟ་དང་མཚུངས་སོ། །གང་ཡང་ཛཱ་ཏི་རྣམས་ལ་ཕྱི་མོས་བགྲང་བར་བྱའི་དེ་གསལ་བྱེད་ཀྱིས་མ་ཡིན་ནོ། །འོན་ཀྱང་ཡང་བ་གཅིག་གིས་ཕྱི་མོ་གཅིག་དང༌། ལྕི་བ་གཅིག་གིས་ཕྱི་མོ་གཉིས་སུ་འགྱུར་རོ། །བྷ་དང་ཛ་ས་ལྕི་ཟུང་ཡང་བ་བཞི་ཚོགས་པ། ཕྱི་མོ་བཞི་པ་དེ་ལྔ་རྣམས་ནི་ཙ་ཡིན། ཡང་བ་བཞི་ནི་ཁ་ཡང་ཡིན། ཕྱི་མོ་གཅིག་པ་ཀ་སྟེ་ཕྱི་གཉིས་ད། ཕྱི་མོ་བཞི་པའི་ཚོགས་རྣམས་བྷ་དང་ཛ་དང་ས་དང་ལྕི་བ་གཉིས་དང་ཡང་བ་བཞི་སྟེ་ལྔར་འགྱུར་རོ། །ཚོགས་ལྔ་པོ་དེ་རྣམས་ཙའི་མིང་ཅན་དུའང་འགྱུར་རོ། །ཚོགས་རྣམས་ཀྱི་ལྔ་པ་ཡང་བ་བཞི་པོ་དེ་ནི་ཁའི་མིང་ཅན་དུའང་འགྱུར་ཞིང༌། ཙའི་མིང་ཅན་ཡང་ངོ༌། །ཕྱི་མོ་གཅིག་གི་ཚོགས་ནི་ཀའི་མིང་ཅན་ནོ། །ཕྱི་མོ་གཉིས་ནི་དའི་མིང་ཅན་ནོ། །དེའང་ཡང་བ་གཉིས་སམ་ལྕི་བ་སྟེ་རྣམ་པ་གཉིས་སུ་འགྱུར་རོ། །པཉྩ་བྷ་ཛ་སཱ་གུ་རུ་ཡུ་གཾ་ལ་བྷུ་ཀ་ཅ་ཏུཥྐཾ་ག་ཎཱཤྩ་ཏུརྨཱ་ཏྲཱཿ། ཏེ་ཙཱཿཁོ་བི་ཙ་ཏུརྨཿཀ་ཨེ་ཀ་མཱ་ཏྲོ་དྭི་མཱ་ཏྲོ་དཿ། གལ་ཏེ་འདབ་མ་འདབ་མར་ཚོགས་བརྒྱད་རྣམས། །མི་མཉམ་རྣམས་ལ་ཛ་སྤངས་འཕགས་མར་འགྱུར། །ཕྱི་མ་ཕྱེད་ལ་དྲུག་པ་ཀའོ་གཉིས་ཀ་ཡི། །བརྒྱད་པ་ད་སྟེ་ལྷག་མ་ཙ་རྣམས་སོ། །གལ་ཏེ་ཕྱེད་པ་གཉིས་ཀ་དག་གི་ཚོགས་བརྒྱད་ཡིན་པ་དེའི་ཚེ་འཕགས་མར་འགྱུར་རོ། །ཇི་ལྟ་བུ་བརྒྱད་ཡིན་ཞེ་ན། མི་མཉམ་པའི་གནས་དང་པོ་དང་གསུམ་


DTG197_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔ་པ་དང་བདུན་པ་རྣམས་ལ་ཛ་ཡིག་སྤངས་པ་དེར་ཕྱེད་ཕྱི་མ་དྲུག་པའི་ཚོགས་ཕྱི་མོ་གཅིག་ཏུ་བྱས་ཤིང༌། ཕྱེད་པ་གཉིས་ཀ་དག་གི་འང་བརྒྱད་པའི་ཚོགས་ཕྱི་མོ་གཉིས་དང་ལྷག་མ་རྣམས་ཕྱི་མོ་བཞི་རྣམས་སོ། །བི་ཥ་མེ་ཥུ་ཛ་ར་ཧི་ཏཤྩེདྡ་ལེ་ད་ལེཉཥྚཽ་ག་ཎཱ་བྷ་བཏྻཱརྻ། པ་ཤྩཱརྡྷེ་ཀཿཥཥྚོ་དོ྅ཥྚ་མ་ཨུ་བྷ་ཡ་ཏྲ་ཙཱཿཤ་ཥཱཿ། བརྒྱད་པར་ཡང་བདག་ཡོད་པ་མ་ཡིན་ཏེ། ཕྱེད་ཀྱི་མཐའ་ལྕི་བ་ཉིད་ཀྱི་ཕྱིར་རོ། །ཕྱེད་སྔར་དྲུག་བ་ཛའམ་ཁའོ་ཁ་ལ་ནི། །དང་པོ་ལ་ནི་ཡང་བའི་ངལ་བསོར་འགྱུར། ཁ་པ་རོལ་ལ་དྲུག་པའི་མཐར་ངལ་བསོའོ། །འདབ་མ་ཕྱི་མར་བཞི་པའང་དེ་ནས་འགྱུར། །ཕྱད་སྔ་མ་ལ་དྲུག་པའི་ཚོགས་ཛ་ཡིག་ཏུ་བྱ་སྟེ། མདོ་སྔ་མ་རྣམས་བཞིན་ནོ། །ཡང་ན་ཁ་ཡིག་སྟེ་མདོ་འདི་ཉིད་བཞིན་ནོ། །གང་གི་ཚེ་བྱེད་སྔ་མའི་དྲུག་པ་ཁ་ཡིག་ཏུ་གྱུར་པ་དེའི་ཚེ་ནི་དེའི་དང་པོ་ལ་ཡང་བའི་ངལ་བསོ་བྱའོ། །གང་གི་ཕྱེད་སྔ་མ་ལའང་དྲུག་པའི་ཚོགས་ཁ་ཕ་རོལ་ཡིན་པ་འདི་ལས་ཕ་རོལ་ཁ་ཡིན་པ་ནི་ཁ་ཕ་རོལ་ལོ། །དེའི་ཚེ་དྲུག་པ་དེའི་མཐར་ངལ་བསོ་བྱ་སྟེ། འདིའི་མཐར་ངལ་བསོ་བ་ནི། མཐའི་ངལ་བསོའོ། །འདབ་མ་ཕྱི་མ་སྟེ་ཕྱེད་ཕྱི་མ་དེ་ལ་བཞི་པའི་ཚོགས་གལ་ཏེ་ཁ་ཕ་རོལ་ཡིན་ཞིང་འང་གི་སྒྲ་ལས་དྲུག་པའང་ཡིན་པ་དེའི་ཚེ་དེའི་མཐར་ཡང་ངལ་བསོ་བྱའོ། །དེ་ནས་ཕྱི་མོ་གཅིག་པའི་ཚོགས་ཀྱི་ཀ་མཐའོ། །གཅིག་ལ་དང་ངོའི་མཐའ་བཞིན་ཞེས་པའི་ཚིག་ལས་བདག་ཉིད་དེའི་མཐའོ། །དེ་ལྟ་བས་ན་ཕྱེད་སྔ་མ་ལ་དྲུག་པའི་ཁ་ཉིད་ལ་དྲུག་པའི་དང་པོར་ངལ་བསོའོ། །བདུན་པའི་ཁ་ཉིད་ལ་དྲུག་པའི་མཐར་ངལ་བསོའོ། །ཕྱེད་ཕྱི་མ་ལ་ལྔ་པའི་ཁ་ཉིད་ལ་བཞི་པའང་མཐར་ངལ་བསོའོ། །བདུན་པའི་ཁ་ཉིད་ལ་དྲུག་པའི་མཐར་ངལ་བསོའོ། །ངལ་བསོ་ཐམས་ཅད་ཀྱི་མཚན་ཉིད་དཔེར་བརྗོད་པའང་མདོ་འདི་ཉིད་དོ། །པཱུརྦྦཱརྡྷེ་ཥཥྛོ་ཛཿཁོ་བཱ་ཁེ་ཏྭཱ་དྱ་ལ་གྷུ་ནི་བྷ་བ་ཏི་ཡ་ཏིཿཥཥྛཿཁ་པ་རོཉནྟ་ཡ་ཏི་སྟུ་ཪྻོ་པྱ་ཐ་བྷ་བ་ཏི་ཙ་ར་མ་ད་ལེ། ཙ་གསུམ་རྣམས་ཀྱིས་ཟུང་མིན་རྐང་པ་དག །གང་ཆོ་རྫོགས་པ་དེ་ཚེ་འཕྲོད་པར་འགྱུར། །གལ་ཏེ་ཟུང་མིན་གཅིག་ཀྱང་རྫོགས་མིན་པ། །དེ་རྣམས་ཀྱིས་ནི་དེ་ཚེ་ཡངས་མ་ཡིན། །འཕགས་མ་འཕྲོད་པ་དང༌། ཡངས་


DTG197_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམ་བ་གཉིས་ལས་གང་གི་ཚེ་ཙ་ཡིག་གསུམ་རྣམས་ཀྱིས་ཟུང་མ་ཡིན་པའི་རྐང་པ་དག་ཡོངས་སུ་རྫོགས་པ་དེའི་ཚེ་འཕྲོད་པར་འགྱུར་རོ། །གང་གི་ཚེ་ཙ་ཡིག་གསུམ་རྣམས་ཀྱིས་ཟུང་མ་ཡིན་པའི་རྐང་པ་གཅིག་གིས་ཀྱང་མ་རྫོགས་པ་དེའི་ཚེ་ནི་ཡངས་མའོ། །དེ་ལ་འཕྲོད་པའི་དཔེར་བརྗོད་ནི་མདོ་སྔ་མ་རྣམས་སོ། །མདོ་འདི་ནི་ཡོངས་མའིའོ། །ཙཻསྟྲི་བྷི་ར་ཡུགྨ་པཱ་དཽ་ཡ་དཱ་ས་མཱཔྟཽ་ཏ་དཱ་བྷ་བེཏྤ་ཐྱཱ། ཨེ་ཀོཉ་པི་ནིཥྛི་ཏོ་ན་ཡ་དི་ཏཻ་ར་ཡུགྨསྟ་དཱ་བི་པུ་ལཱ། གལ་ཏེ་གཉིས་པ་བཞི་པའི་ཚོགས། །ལྕི་གཉིས་དབུས་ཞུགས་ཛ་དག་བཤད། །ཕྱེད་པ་གཉིས་ལ་གྱུར་དེ་ཚེ། །ཀུན་ནས་གཡོ་བར་གྱུར་པ་ཡིན། །གལ་ཏེ་གཉིས་པའི་ཚོགས་ཛ་ཡིག་ཏུ་བཤད་ཅིང༌། བཞི་པའང་དེ་ལྟ་བུ་དག་གི་བར་དུ་ལྕི་བ་གཉིས་ཞུགས་པ་ཕྱེད་པ་གཉིས་ཀ་དག་ལ་གྱུར་པ་དེའི་ཚེ་འཕགས་མ་ཀུན་ནས་གཡོ་བའོ། །ཀུ་རུ་མ་དྷྱ་བརྟི་ནཽ་ཙེདྡྭི་ཏཱི་ཡ་ཏུཪྻཽ་ག་ཎཽ་ཛ་ཀཱ་རཱ་ཁྱཽ། ཨརྡྷ་དྭ་ཡེ་བྷ་བེ་ཏཱཾ་བྷ་བཏྟ་དཱ་སརྦ་ཏཤྩ་པ་ལཱ། གལ་ཏེ་སྔ་ཕྱེད་འབའ་ཞིག་ཉིད། །གཡོ་བ་ཡི་ནི་མཚན་ཉིད་གྱུར། །སླར་ཡང་ཕྱི་བྱེད་ལ་གྱུར་མིན། །དེ་ཚེ་དེ་སྒོ་གཡོ་བར་གྱུར། །གཡོ་བའི་མཚན་ཉིད་ནི། གཉིས་པ་དང་བཞི་པ་དག་ལྕི་པ་དང་དབུས་ན་གནས་པའི་ཛ་དག་སྟེ། དེ་གལ་ཏེ་ཕྱེད་སྔ་མ་ཉིད་དུ་གྱུར་ཅིང༌། ཕྱེད་ཕྱི་མ་ལ་མ་ཡིན་བ་དེའི་ཚེ་དེ་འཕགས་མ་སྒོ་གཡོ་བའོ། །པཱུརྦཱརྡྷ་ཨེ་བ་ཙེཏྐེ་བ་ལེ་བྷ་བེལླཀྵ་ཎཾ། ཏུ་ཙ་པ་ལཱ་ཡཱཿ། ན་སྱཱཏྤུ་ན་ར་པ་ཌཱདྡྷ་མུ་ཁ་ཙ་པ་ལཱ་སྱཽ་ཏ་དཱ་བྷ་བ་ཏི་། གང་ལ་བསྟན་པའི་གཡོ་མཚན་ཉིད། །སྔ་མ་ཕྱེད་ལ་སྤངས་ནས་ཀྱང༌། །ཕྱི་ཕྱེད། གཅིག་པུར་བརྟེན་ནས་ཞུགས། །དེ་ནི་ལུས་རྟེན་གཡོ་བའོ། །འཕགས་མ་གང་ལ་ཕྱེད་སྔ་མ་དོར་ནས་ཕྱེད་ཕྱི་མ་འབའ་ཞིག་ལ་བརྟེན་ནས་གཡོ་བའི་མཚན་ཉིད་སྔར་བརྗོད་པ་ཡོད་པ་དེ་ལུས་རྟེན་གཡོ་བའོ། །ནིརྡྷིཥྚཾ་ཙ་པ་ལཱ་ཡཱ་ལཀཥ་ཎ་མ་བི་ཧཱ་ཡ་ཡ་ཏྲ་པཱུརྦཱརྡྷཾ། བཤྩཱརྡྷ་མེ་ཀ་མཱ་ཤྲི་ཏྱ་བརྟ་ཏེ་ཛ་གྷ་ན་ཙ་བ་ལཱ་སཱ། གང་དུ་འདབ་མ་གཉིས་ཀ་ཡང༌། །དྲུག་ཚོགས་ཛའམ་ཁ་ཡིག་གྱུར། །ཕྱེད་སྔ་བཞིན་དང་ལྷག་མ་ཡང༌། །སོ་སོ་ངེས་གྱུར་


DTG197_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དབྱངས་འགྱུར། འཕགས་མ་གང་ལ་ཕྱེད་གཉིས་ཀའི་ཡང་དྲུག་པའི་ཚོགས་ཛའམ་ཁར་གྱུར་ཅིང༌། ལྷག་མངལ་བསོ་ལ་སོགས་པའི་རྣམ་པར་གཞག་པ་སོ་སོར་ངེས་པ་དང༌། ཕྱེད་ཕྱི་མ་ལའང་ཕྱེད་སྔ་མ་བཞིན་གྱུར་བ་དེ་ནི་དབྱངས་སུ་འགྱུར་རོ། །སྱཱ་དུ་བྷ་ཡོ་ར་བི་དལ་ཡོཿཥཥྛ་ག་ཎོ་ཡ་ཏྲ་ཛཱཿཁ་ཀཱ་རོ་བཱ། པཱུརྦཱརྡྷ་བཙྩ་ཤེ་ཥཿཔྲ་ཏི་ནི་ཡ་མོ་བྷ་བ་ཏི་བྷ་བ་ཏི་སཱ་གཱི་ཏིཿ། གང་གི་འདབ་མ་གཉི་གའི་ཡང༌། །དྲུག་པའི་ཚོགས་ནི་ཀ་ཉིད་གྱུར། །ཕྱེད་ཕྱི་བཞིན་དང་ལྷག་ངེས་པ། །དེ་ནི་ཉེ་བའི་དབྱངས་སུ་སྨྲ། །འཕགས་མ་གང་གི་ཕྱེད་གཉིས་ཀ་དག་གི་འང་དྲུག་པའི་ཚོགས་ཀ་རུ་གྱུར་ཅིང༌། ལྷག་མ་ངལ་བསོ་ལ་སོགས་པ་སོ་སོར་ངེས་པ་དང༌། ཕྱེད་སྔ་མ་ལྔ་ལའང་ཕྱེད་ཕྱི་མ་བཞིན་གྱུར་པ་དེ་ཉེ་བའི་དབྱངས་སུ་སྨྲའོ། །ཡ་སྱཱཿཀ་ཨེ་བ་ད་ལ་ཡོ་རུ་བྷ་ཡོ་ར་སི་བྷ་བ་ཏི་ཥཥྛ་ག་ཎཿ། ཨ་བརཱརྡྷ་བཙྩ་ཤེ་ཥོ་ནི་ཡ་མ་སྟཱ་མཱ་ཧུ་རུ་པ་གཱི་ཏིཾ། གང་དུ་སྔ་ཕྱེད་དྲུག་གྱུར་ཀ །ཕྱི་ཕྱེད་ལ་ནི་ཛ་ཁའམ་དག །ལྷག་ངེས་འདབ་མ་ལོག་པ་ལས། །གྱུར་པ་དེ་ནི་མཆོག་དབྱངས་ཡིན། །འཕགས་མ་གང་ལ་ཕྱེད་སྔ་མ་ལ་དྲུག་པའི་ཚོགས་ཀ་རུ་གྱུར་ཅིང༌། ཕྱེད་ཕྱི་མ་ལ་ཛའམ་ཁ་ཡིན་ལ་ལྷག་མ་ངལ་བསོལ་སོགས་པའི་ངེས་པ་རྣམས་ཀྱང་འདབ་མ་ལྡོག་པ་ལས་གྱུར་པ་སྟེ། གང་ཕྱེད་ཕྱི་མ་ལ་བྱས་པ་ཕྱེད་སྔ་མ་ལ་གྱུར་བ་དང༌། གང་ཕྱེད་སྔ་མ་ལས་བྱས་པ་ནི་ཕྱེད་ཕྱི་མ་ལ་གྱུར་པ་དེ་མཆོག་དབྱངས་སུ་འགྱུར་རོ། །པཱུརྦཱརྡྷེ་ཥཥྛཿསྱཱཏྐོ་ཡ་ཏྲ་ཛ་ཁཽ་རུ་བཤྩཱརྡྡྷེ། ཤེ་ཥཿཔྲ་ཏི་ནི་ཡ་མོད་ལ་བི་སརྻ་ཡཱདྦྷ་བ་ཏི་བྷ་བ་ཏི་སོདྒཱི་ཏིཿ། གང་འདབ་འདབ་མར་བརྒྱད་རྣམས་ཙ་ཞེས་བྱ། །དྲུག་པའི་ཚོགས་ནི་ཛའམ་ཡང་ན་ཁ། །ཕྱེད་སྔ་བཞིན་དང་ལྷག་མ་སོ་སོར་ངེས། །གྱུར་པ་དེ་ནི་འཕགས་མའི་དབྱངས་སུ་འགྱུར། །འཕགས་མ་གང་གི་ཕྱེད་ཕྱེད་ལ་ཙ་ཞེས་བྱ་བའི་ཚོགས་བརྒྱད་རྣམས་ཡིན་ཞིང༌། དྲུག་པའི་ཚོགས་ནི་ཛའམ་ཁ་ཡིན་ལ་ལྷག་མ་ངལ་བསོ་ལ་སོགས་པའི་ངེས་པ་འཕགས་མའི་ཕྱེད་སྔ་མ་བཞིན་གྱུར་པ་དེ་འཕགས་མའི་དབྱངས་སུ་འགྱུར་རོ། །ཡ་སྱཱ་ད་ལེ་ད་ལེ྅ཥྚཽ་ཙཱ་


DTG197_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱཱཿཥཥྛཽ་ག་ཎསྟུ་ཛོ་བཱ་ཁོ་བཱ། པཱུརྦཱརྡྷ་བཙྩ་ཥེ་ཥཿབྲ་ཏི་ནི་ཡ་མོ་བྷ་བ་ཏི་བྷ་བ་ཏི་སཱདྱཱ་གཱི་ཏིཿ། བརྒྱད་པ་ལ་བྷ་དང་ཛ་དང་ཁ་རྣམས་ཡོད་པ་མ་ཡིན་ཏེ། ཕྱེད་ཀྱི་མཐའ་ལྕི་བ་ཉིད་ཀྱི་ཕྱིར་ར། །འཕགས་མའི་ཛའ་ཏི་རྣམས་སོ།། །།ཟུང་མིན་དང་པོར་ད་གསུམ་ཟུང་ད་བཞི། །ཕྱི་མ་ལ་ནི་ར་ལ་ག་རྣམས་ཏེ། །ཡང་བ་དྲུག་རྣམས་བར་མ་ཆད་དུ་མིན། །དེ་ནི་རོ་ལངས་ཅན་དུ་བརྗོད་པར་བྱ། །ད་ཞེས་པ་ཕྱི་མོ་གཉིས་སུ་བརྗོད་ཟིན་ཏོ། །ཟུང་མ་ཡིན་པའི་རྐང་པ་དག་གི་དང་པོར་ད་གསུམ་རྣམས་དང༌། ཟུང་གི་རྐང་པ་དག་གི་དང་བོར་ད་བཞི་རྣམས་ཡིན་ཞིང༌། གཉིས་ཀའི་རྐང་བ་རྣམས་ཀྱི་ཕྱི་མར་དང༌། ལ་དང་ག་རྣམས་ཡིན་ལ། ཟུང་གི་རྐང་པ་དག་ལ་ཡང་བ་དྲུག་པར་མ་ཆད་དུ་མ་གྱུར་བ་དེ་ནི་རོ་ལངས་ཅན་དུ་བརྗོད་བར་བྱའོ། །ད་ཏྲ་ཡ་མ་ཡུ་ཛོ་རྨུ་ཁེ་ཡུ་ཛོརྨུ་ཁེ་ཡུ་ཛོདད་ཙ་ཏུཥྐཾ་ར་ལ་གཱསྟུ་པྲྀཥྛ་ཏཿ། བཻ་ཏཱ་ལཱི་ཡཾ་ཏ་དུ་ཙྱ་ཏེ་ལ་གྷུ་ཥཊྐཾ་ན་ནི་རནྟ་རཾ་ཡུ་ཛོཿ། གལ་ཏེ་དང་པོ་རོ་ལངས་ཅན་ལྟ་བུ། །ཕྱི་མར་ར་ཡ་དག་ནི་ཉེ་སྡེ་བ་སྦྱོར། །གལ་ཏེ་དང་བོ་ལ་རོ་ལངས་ཅན་དང་མཚུངས་ཤིང་ཕྱི་མ་ལ་ར་དང་ཡ་ཡིན་པ་དེ་ནི་ཉེ་བའི་སྡེ་བ་སྦྱོར་རོ། །བཻ་ཏཱ་ལཱི་ཡོ་བ་མཾ་མུ་ཁེ་ཙེ་དཽ་པཙྪནྡ་སི་ཀཾ་ར་ཡཽ་ཏུ་པྲྀཥྛེ། འདིར་ནི་དང་པོ་རོ་ལངས་ཅན་དང་མཚུངས། །བྷ་ག་ག་མཐའ་ཀུན་ནས་སྲབ་པ་ཡིན། །འདིའི་ཡང་དང་པོ་རོ་ལངས་ཅན་དང་མཚུངས་པ་སྟེ། ད་གསུམ་དང་ད་བཞི་ཡིན་ཞིང༌། མཐར་བྷ་དང་ག་དང་ག་རྣམས་གང་དུ་ཡིན་པ་དེ་ཀུན་ནས་སྲབ་པའོ། །ཨཱ་པཱ་ཏ་ལི་ཀཱ་བྷ་ག་གནྟཱ་མུ་ཁ་མི་ཧ་བཻ་ཏཱ་ལཱི་ཡ་ས་མཱ་ནཾ། ད་ལས་ཕ་རོལ་ཛ་ད་ཟུང་དང་པོ། །ལྷག་མ་དང་པོ་ལྟ་བུ་རབ་འཕེལ་ཡིན། །གལ་ཏེ་ཟུང་གི་རྐང་པ་དང་པོ་དག་གི་དང་པོར་ད་ལས་ཕ་རོལ་དག་ཏུ་ཛ་དང་ད་དག་ཡིན་ལ། ལྷག་མའི་མཚན་ཉིད་རོ་ལངས་ཅན་དང་འདྲ་བ་དེའི་ཚེ་རབ་འཕེལ་ལོ། །ཡུག་མ་མུ་ཁེ་དཱ་ཏྤ་རཽ་ཛ་དཽ་པྲཱ་ཙྱ་བྲྀཏྟི་ར་བ་ཤིཥྚ་མཱ་དྱ་བ་ཏ། གང་ཚེ་ཟུང་མིན་དང་པོར་ཛ་ད་དག །ལྷག་མ་དང་པོ་ལྟ་བུ་ཕྱི་འཕེལ་ཡིན། གལ་ཏེ་ཟུང་མིན་གྱི་རྐང་བ་དག་གི་དང་པོར་ཛ་དང་ད་ཡིན་ལ། ལྷག་མ་རོ་ལངས་ཅན་དང་འདྲ་བ་དེ་ནི་ཕྱི་འཕེལ་ལོ། །ཨུ་དཱི་ཙྱ་བྲྀཏྟི་རྫ་དཽ་ཡ་དཱ་མུ་ཁ་མ་ཡུ་ཛོཿཔ་རི་ཤིཥྚ་མཱ་དྱ་བ་ཏ།


DTG197_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་མིན་ཆ་ནི་ཕྱི་འཕེལ་གྱི། ཟུང་ཆ་རབ་འཕེལ་ཀུན་འཕེལ་ལོ། །གང་ཞིག་ཕྱི་འཕེལ་གྱི་རྐང་པ་ཟུང་མིན་དག་བརྟེན་ཅིང༌། རབ་འཕེལ་གྱི་རྐང་པ་ཟུད་དག་ཡིན་པ་དེ་ནི་ཀུན་འཕེལ་ལོ། །ཨུ་དཱི་ཙྱ་བྲྀཏྟེ་ར་ཡུགྨ་བྷཱཀྦྲཱ་ཙྱ་བྲྀཏྟི་ཡུ་ག་བྷཱཀྤྲ་བྲྀཏྟ་ཀཾ། ཀུན་འཕེལ་ཟུང་ནི་གཞན་གྱི་མཐའ་ཅན་འགྱུར། །ཀུན་འཕེལ་གྱི་ཟུང་གི་རྐང་པ་བཞི་རྣམས་ཀྱིས་གཞན་གྱི་མཐའ་ཅན་དུ་འགྱུར་རོ། །སྱཱཏྤྲ་བྲྀཏྟ་ཀ་ཡུ་ཛཱཉཔ་རཱནྟི་ཀཱ། ཟུང་མིན་རྐང་པས་མཛེས་རྒོད་མའོ། །ཀུན་འཕེལ་གྱི་ཟུང་མ་ཡིན་པའི་རྐང་པ་བཞི་རྣམས་ཀྱིས་མཛེས་རྒོད་མར་འགྱུར་རོ། །ཨ་ཡུཀྤ་དཻཤྩཱ་རུ་ཧཱ་སི་ནཱི། རོ་ལངས་ཅན་གྱི་ཛཱ་ཏི་རྣམས་སོ།། །།རྐང་པ་རྐང་པར་ཆུ་གཏེར་ཙ་སྟེ་ལྕི་མེད་མི་གཡོ་བརྟན། །རྐང་པ་རྐང་པར་ཞེས་པ་ནི་རྐང་པ་དང་རྐང་པ་ལས་ཏེ། རྐང་པ་ཐམས་ཅད་ལ་ཙ་ཡིག་བཞི་རྣམས་ལ་ལྕི་བ་སྤངས་པ་མི་གཡོ་བརྟན་ཏོ། །ཨ་གུ་རུ་ར་ཙ་ལ་དྷྲྀ་ཏི་རུ་ད་དྷི་ཙི་པ་དི་པ་དི། མཐར་ལྕི་འདབ་ལས་ཡང་བ་ཕྱི་མོ་མཉམ། །རྐང་པ་རྣམས་ཀྱི་འདབ་མ་སྟེ་ཕྱེད་ཙ་ཡིག་གཉིས་དང༌། རྐང་པ་ཐམས་ཅད་ལ་ཙ་ཡིག་བཞི་རྣམས་ཡིན་པ་ལ་མཐའ་ལྕི་བའི་འདབ་མ་ལས་ཕ་རོལ་དུ་ཡང་བ་དགེ་གྱུར་པ་ནི་ཕྱི་མོ་མཉམ་པའོ། །གནྟེ་མཱ་ཏྲཱ་ས་མ་ཀཾ་ལི་ཏ་ལཱཏ། གལ་ཏེ་ཙ་གཉིས་ལས་བྷ་ཉེར་བཀྲ་ཡིན། །གལ་ཏེ་རྐང་པ་རྣམས་ལ་ཙ་ཡིག་བཞི་ཡིན་ལ། །ཙ་གཉིས་ལས་ཕ་རོལ་ཏུ་བྷ་ཡིན་བ་དེའི་ཚེ་ཉེར་བཀྲའོ། །བྷོ་ཡ་དི་དྭི་ཏ་ཡཱ་དུ་པ་ཙི་ཏྲཱ། ཙ་ལས་ཁའམ་ཛ་ཉིད་ཁྱད་པར་ཚིགས་བཅད། །གལ་ཏ་རྐང་པ་རྣམས་ལ་ཙ་ཡིག་བཞི་ཡིན་ལ་ཙ་ལས་ཕ་རོལ་ཁའམ་ཛ་ཡིན་པ་དེའི་ཚེ་ཁྱད་པར་ཚིགས་བཅད་དོ། །ཙཱཏྑ་ཛ་ཨེ་བ་བཱ་བི་ཤློ་ཀཿ། ཕྱེད་ལས་ཁའམ་ཛ་ནི་ནགས་ཁྲོད་གནས། །གལ་ཏེ་རྐང་པ་རྣམས་ལ་ཙ་ཡིག་བཞི་ཡིན་ལ། ཕྱེད་ལས་ཕ་རོལ་ཁའམ་ཛ་ཡིན་པ་དེའི་ཚེ་ནགས་ཁྲོད་གནས་སོ། །ཁོ་ཇོ་བཱ་བཱ་ན་བཱ་སི་ཀཱརྡྷཱཏ། ཙ་ཞེས་བྱ་ལས་གལ་ཏེ་ས་གཉིས་བཀྲའོ། །གལ་ཏེ་རྐང་པ་རྣམས་ལ་ཙ་ཡིག་བཞི་ཡིན་ལ། ཙ་ལས་ཕ་རོལ་ས་གཉིས་ཡིན་པ་དེའི་ཚེ་བཀྲ་བའོ། །ཙཱ་ཁྱཱདྱ་དི་ས་དྭི་ཏ་ཡཾ་ཙི་ཏྲཱ། བར་མ་ཆད་དུ་བཤད་པའི་མཚན་ཉིད་བསྟན། །ཕྱི་མོ་མཉམ་སོགས་རྐང་པ་དཀྲུགས་པ་ལ། །བྲྀཏྟའི་ཚད་རྣམས་


DTG197_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་མེད་གྱུར་པ། །རྐང་པ་འཁྲུགས་སུ་ནི་ཐུབ་པས་མངོན་པར་བརྗོད། །གང་བར་མ་ཆད་དུ་བརྗོད་པའི་མཚན་ཉིད་བསྟན་པ་ཕྱི་མོ་མཉམ་པ་ལ་སོགས་པ་ལྔ་པོ་རྣམས་ཀྱི་རང་པ་དེ་རྣམས་ཇི་ལྟར་འདོད་པ་བཞིན་བཟུང་ནས་དཀྲུགས་པ་དེ། རྐང་འཁྲུགས་ཞེས་བྱ་བའི་མཚན་ཉིད་དུ་དམར་སེར་གྱིས་བཤད་ཅིང༌། བྲྀཏྟའི་ཚད་མ་ངེས་པས་སྦྱར་ཏེ་ལྔ་པོར་ནམས་ཀྱིའང་དབྱེ་བ་རྣམས་རིམ་པ་ལས་འདས་པའི་ཕྱིར་རོ། །ས་མ་ནནྟ་ར་ནི་ག་དི་ཏ་ལཀྵ་ཎ་བྷཱཏ། མཱ་ཏྲཱ་ས་མཱ་དི་པཱ་དཱ་ཀུ་ལ་ཀཾ། ཨ་བི་དི་ཏ་བྲྀཏྟ་པ་རི་མཱ་པ་རི་ག་ཏཾ། མུ་ནི་ནཱཉབྷྱ་དྷཱ་པི་པཱ་དཱ་ཀུ་ལ་ཀཾ། གང་གི་ཕྱེད་ལ་བརྒྱད་བརྒྱད་དག་ནི་ག །གཞན་ཡང་མཐའ་དག་ཆུ་གཏེར་ནོར་གྱིས་བསྒྱུར། །ཡང་བ་ཕྱི་མར་བཀོད་པའི་རྐང་པ་སྤྲོ། །དེ་ནི་ལུས་མེད་རྩེན་དུ་བརྗོད་པ་ཡིན། །རྐང་པ་ཐམས་ཅད་ལ་གང་དུ་ཙ་ཡིག་ཡིན་པའི་ཕྱེད་སྲ་མ་ལ་ལྕི་བ་བཅུ་དྲུག་ཡིན་ཞིང༌། ཕྱེད་ཕྱི་མ་ལ་ཡང་བ་སུམ་ཅུ་རྩ་གཉིས་བཀོད་པའི་རྐང་པའི་ཚོགས་དེ་ལུས་མེད་རྩེ་ན་དུ་བརྗོད་དོ། །ཨཥྠཱ་བཥྚཽ་ཙཱརྡྷི་ཡ་སྱཱ་གཱཿསྱུཿསོཀྟཱཉནཾ་ག་ཀྲཱྀ་ཌཱ། པ་ཀ་ལ་མ་པ་ར་མ་པི་ས་ལི་ལ་ནི་དྷི་གུ་ཎི་ཏ་བ་སུ་ལ་བྷུ་ཀ་མུ་པ་རི་དྷ་ཌི་ཏ་པ་ད་བི་སྲྀ་ཏི། འདབ་མ་སོ་སོར་བཅུ་བཅུ་བཅུ་རྣམས་ཡང་བ་བཀོད་མཐར་ལྕི་བྱས་ཤིན་ཏུ་གསལ་མཛད་སོ། །གང་གི་རྐང་པ་རྣམས་ལ་ཙ་ཡིག་བཞི་ཡིན་པའི་ཕྱེད་པ་གཉིས་ཀ་ལའང༌། ཡང་བ་སུམ་ཅུའི་མཐར་ལྕི་བ་ཡིན་པ་དེ་ནི་ཤིན་ཏུ་གསལ་མཛེས་སོ། །པྲ་ཏི་ད་ལ་མུ་པ་ཧི་ཏ་ད་ཤ་ད་ཤ་ད་ཤ་ལ་གྷུ་ར་བ་སི་ཏི་པི་ར་ཙི་ཏ་གུ་རུ་ར་ཏི་རུ་ཙི་རཱ། ཛ་མེད་རང་གི་དང་པོ་ཡིན་པ་བྷ་བྲལ་གང་ཞིག་ཙ་ད་ཀ་ད་ཀ་དང་ཙ་གསུམ་ཛ་ག་ཞེས་དུ་མ་བུ། །རྐང་པ་སོ་སོ་ལ་གལ་ཏེ་ཙ་དང་ད་དང་ཀ་དང་ད་དང་ཀ་དང་ཙ་གསུམ་དང་ཛ་དང་གཉིད་ཡིན་པ་དུམ་བུར་འགྱུར་ཏེ། བརྗོད་ཟིན་པ་ལས་གཞན་དུ་གང་ལ་ཛ་ཡིག་མེད་ཅིང༌། གང་ཡང་ཚོགས་དང་པོ་མ་གཏོགས་གཞན་དུ་བྷ་ཡི་གདོར་བ་ཡིན་ནའོ། །ཙད་ཀ་ད་ཀཏྲིཾ་ཙཾ་ཛ་གི་ཏི་ཁཎྜ་མཛཾ་བྷ་ར་ཧི་ཏ་མ་ནཱ་དི་མེ། ཕྱི་མོ་མཉམ་པའི་ཛཱ་ཏི་རྣམས་སོ། །ཛཱ་ཏི་རྣམས་བཤད་ཟིན་ཏོ།། །།བྲྀཏྟཱི་སྡེབ་སྦྱོར་སྔོན་ཉིད་དུ་བརྗོད་ཟིན་པ་རྣམས་ཀྱང་ཇི་ལྟར་གཙོ་ཆེ་བ་དག་ཡིན་གྱི་མཐའ་དག་གིས་མ་ཡིན་པས། དེ་ལ་བྲྀཏྟ་རྣམས་ཀྱི་མཐའ་དག་ཉུང་དུས་མཁས་པར་ཤེས་པའི་དོན་དུ་པྲཱསྟཱ་ར་ལ་སོགས་པ་དྲུག་བརྗོད་པར་བྱའོ། །བྲྀཏྟའི་དང་པོ་ཐམས་ཅད་ལྕི། །ལྕི་


DTG197_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གཙོའི་འོག་ཡང་ཕྱི་རྣམས་འདྲ། །སྔ་མར་ལྕི་འདི་པྲཱ་སྟཱར། །ཇི་སྲིད་ཐམས་ཅད་ཡང་དེ་སྲིད། །པྲཱསྟཱ་ར་བྱ་བ་ལ་བྲྀཏྟའི་དང་པོ་ཐམས་ཅད་ལྕི་བ་བྲི་བར་བྱའོ། །དེ་ནས་ལྕི་བ་གཙོ་བོའི་འོག་ཏུ་ཡང་བ་དང༌། གཞན་རྣམས་འདྲ་བ་དང༌། སྔ་མར་ལྕི་བ་ཞེས་བྱ་བའི་ཆོ་ག་གསུམ་རྣམས་ཇི་ལྟར་རིགས་པ་བཞིན་བྱ་སྟེ། འདི་རྣམས་ཀྱང་ཇི་སྲིད་པྲྀཏྟ་ཐམས་ཅད་ཡང་བར་མ་གྱུར་པ་དེ་སྲིད་དུ་བྱའོ། །ལྕི་བ་རྣམས་ལ་གང་ཐོག་མ་ཡིན་པ་དེ་ལྕི་བ་གཙོ་བོ་སྟེ་དེའི་འོག་ཏུ་ཡང་བ་བྲིའོ། །དེ་ལས་ཕྱི་མ་རྣམས་སྟེང་མ་འདྲ་བ་དང༌། །སྔ་མ་ལྕི་བ་རྣམས་ཏེ་དམར་སེར་གྱི་པྲཱསྟཱ་རའོ། །སྟེང་ལྕི་འོག་ཡང་པྲཱསྟཱ་ར་ལ་ཕྲེང༌། །ཉིས་འགྱུར་རིང་པོ་སྡེབ་སྦྱོར་སོ་སོ་སྟེ། །ལྕི་དང་ཡང་བའི་ཉིས་འགྱུར་ཚོགས་རྣམས་ཀྱིས། རིམ་པར་རིམ་པར་རེ་རེ་སྦེལ་བར་བྱ། །པྲཱསྟཱ་ར་བྱ་བ་ལ་སྟེང་མ་ལྕི་བ་དང༌། །འོག་ཏུ་ཡང་བ་བྲི་བྲ་བྱའོ། །དེ་ལྟ་བུ་ནི་རེ་ཞིག་ཡི་གེ་གཅིག་གི་སྡེབ་སྦྱོར་ཡིན་ཏེ། །སྡེབ་སྦྱོར་དང་སྡེབ་སྦྱོར་ལ་སྔ་མར་གྲུབ་པའི་ཉིས་འགྱུར་རིང་པོར་བྱ་ཞིང༌། སྔར་གྱི་ཕྲེང་བ་ཉིས་འགྱུར་བར་མཆོད་པའི་ལྕི་བ་དང་ཡང་བ་རྣམས་ཀྱིས་ཕྱི་མ་རེའང་སྤེལ་བར་བྱའོ། །འདི་ནི་ཁོ་བོའི་བྲཱསྟཱ་རའོ། །འདི་འདྲ་འདི་ལྟ་ཞེས་བྱ་ལྕི། །དེ་བཀོད་འབྲས་ལས་འདབ་མ་བྱ། །མི་མཉམ་གཅིག་བཅས་འདབ་མ་ལྕི། །འདིར་མཉམ་ཡང་འབྲས་ནཥྚའོ། །གང་གི་ཚེ་མི་མཉམ་པའི་བྲྀཏྟ་གཅིག་པུ་དེ་དྲི་བྲ་འདོད་པ་དེའི་ཚེ་ཆོ་ག་འདིའོ། །འདི་འདྲ་བའི་རྫོགས་པ་འདི་ལྟ་ཡིན་པ་ནི་དཔེར་ན། ཡི་གེ་བཞི་པའི་སྡེབ་སྦྱོར་ལ་བྲྀཏྟ་བཅུ་པ་ཇི་ལྟ་བུ་ཞེས་འདྲི་ན། དེ་ཉིད་དུ་བཅུ་བྲིས་ནས་ཇི་སྲིད་འབྲས་བུ་ནཥྚར་གྱུར་པ་དེ་སྲིད་དུ་འདབ་མ་བྱའོ། །འདབ་མ་ནི་ཕྱེད་དུ་བྱེད་པའོ། །དེར་གང་མི་མཉམ་པ་དེ་ལ་གཅིག་བསྣན་པ་ལས་མཉམ་པར་བྱས་ནས་འདབ་མ་བྱའོ། འདིར་ལྕི་བ་ཞེས་བྱ་བ་ནི་མི་མཉམ་པའི་འདབ་མ་ལ་ལྕི་བ་ཐོབ་ངོ་ཞེས་པའི་དོན་ཏོ། །མཉམ་ཡང་ཞེས་པ་ནི་མཉམ་པའི་འདབ་མ་ལ་ཡང་བ་ཐོབ་བོ་ཞེས་པའི་དོན་ཏོ། །གང་དང་གང་ཐོབ་པ་དེ་དང་དེ་ཉིད་སོ་སོར་འཕྲེད་ལ་ཕྲེང་དུ་བྲི་བར་བྱའོ། །དེ་ལྟ་བུར་གྱུར་པ་ནི་འབྲས་བུ་ནཥྚའོ། །ནཥྚ་ནི་འདྲེན་བྱེད་དོ། །བྲྀཏྟ་འདི་དུ་པ་ཡིན་ཞེས་པ་འདིར། །སྟེང་དུ་གཅིག་སོགས་རིམ་པས་ཉིས་འགྱུར་བྲི། །དེར་ནི་ཡང་བའི་སྟེང་བསྡོམས་གཅིག་དང་བཅས། །འདི་ལྟ་ཉིད་ཡིན་ཞེས་པ་ཨུདྡིཥྚ། །གང་གི་ཚེ་བྲྀཏྟ་རྣམས་རང་གི་ངོ་བོས་ནི་དུ་པ་ཡིན་ཞེས་ཤེས་པར་བྱ་བ་ལ་འདི་ལྟ་བུ་མ་ཤེས་པ་དེ་ཤེས་པའི་དོན་དུ་ནི་ཨུདྡིཥྚའི་ཆོ་གའོ། །དཔེར་ན་ཡི་གེ་བཞི་པའི་སྡེབ་སྦྱོར་ལ་ལྕི་བ་གཉིས་དབུས་ན་ཡོད་པའི་བྲྀཏྟ་དུ་


DTG197_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞེས་འདྲི་ན། བྲྀཏྟ་དེ་ཉིད་ཀྱི་རི་མོ་ཐོར་ལོང་དུ་བྲིས་ནས། རི་མོ་རྣམས་ཀྱི་སྟེང་དུ་གཅིག་ལ་སོགས་པ་རིམ་གྱིས་ཉིས་འགྱུར་དུ་སོང་བ་རྣམས་རིམ་པས་བྲི་སྟེ། དེ་ལྟ་བུས་དེ་གསལ་བར་བརྗོད་པར་བྱའོ། །དེ་ལ་ཡང་བ་རྣམས་ཀྱི་སྟེང་གི་ཨངྐ་གང་ཡིན་པ་དེ་རྣམས་ནི་ཡང་བའི་སྟེང་སྟེ། དེ་རྣམས་བསྡོམས་ལ་གཅིག་དང་བཅས་པ་བྱའོ། །དེ་ལྟར་བྱས་པས་གྲངས་གང་རྙེད་པ་དེ་འདི་ལྟ་བུ་ཡིན་ནོ་ཞེས་པ་ནི་ཨུདྡིཥྚར་རིག་པར་བྱའོ། །འདིར་ཡང་བའི་སྟེང་དུ་གཅིག་དང་བརྒྱད་དོ། །དེ་དག་བསྡོམས་པས་དགུ་སྟེ་གཅིག་དང་བཅས་པས་བཅུའོ། །དེ་ལྟ་བུས་དེ་བྲྀཏྟ་བཅུ་པའོ་ཞེས་པར་འགྱུར་རོ། །ཨུདྡིཥྚའི་ཆོ་གའོ། །གཟུགས་བཀོད་ཡི་གེའི་གྲངས་ཀྱིས་བསླང༌། །མཉམ་པ་སྟེ་དུ་བཅུག་པ་ཡིས། །ལངས་པ་རིམ་པས་ཐུང་དུ་སྟེ། །བྲྀཏྟ་ཡང་མེད་གཅིག་ཡང་སོགས། །སྡེབ་སྦྱོར་འདི་ལ་བྲྀཏྟ་ཡང་བ་མེད་པ་རྣམས་ནི་དུ། གཅིག་ཡང་བ་རྣམས་ནི་དུ། གཉིས་ཡང་བ་རྣམས་ནི་ཞེས་པ་ལ་སོགས་པ་གང་གི་ཚེ་ཤེས་པར་འདོད་པ་དེའི་ཚེ། ཡང་བའི་བྱ་བའོ། །གཟུགས་ཞེས་པ་གཅིག་ཅེས་པའི་དོན་ཏོ། །དེ་ལ་ཐོག་མ་ཉིད་དུ་འོག་ཏུ་གཅིག་བཀོད་ནས་དེ་སྟེང་དུ་རིམ་པས་བསླང་བར་བྱ་སྟེ། རང་རང་གི་འོག་མ་མཉམ་པ་རྣམས་ཀྱི་སྟེང་མ་སྟེང་མར་ཡི་གེ་དང་མཉམ་པའི་གྲངས་ཀྱིས་གཞུག་གོ །དཔེར་ན་ཡི་གེ་བཞི་པའི་སྡེབ་སྦྱོར་ལ་བཞི་རྣམས་ཀྱིས་སོ། །དེ་ལྟ་བུས་རེ་རེ་བ་ལྔར་འགྱུར་རོ། །༡༡༡༡༡་དེ་ལ་ལངས་པ་གཅིག་དང་གནས་པ་བཞིའོ། །རིམ་པས་ཐུང་དུང་བྱས་པའི་ལངས་པ་གཞན་རྣམས་ལ་གནས་པ་གསུམ་དང༌། གནས་པ་གཉིས་དང༌། གནས་པ་གཅིག་སྟེ། ༡༤༣༩༡་༡༤༦༣༡་༡༤༦༤༡་དེ་ལྟར་རྫོགས་པའི་ལས་ལ་མེད་པ་དང༌། གཅིག་དང་གཉིས་དང་གསུམ་ལ་སོགས་པ་དེའི་མཐར་ཐུག་པ་རྣམས་ངོས་སུ་བྲི་བར་བྱའོ། །ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ཡང་བ་མེད་པ་གཅིག་དང༌། གཅིག་ཡང་བ་བཞི་དང༌། གཉིས་ཡང་བ་དྲུག་དང༌། གསུམ་ཡང་བ་བཞི་དང༌། ཐམས་ཅད་ཡང་བ་གཅིག་གོ །ཡང་བའི་བྱ་བ་ཇི་ལྟ་བ་དེ་བཞིན་དུ་ལྕི་བའི་བྱ་བ་ཡང་ངོ༌། །དེའི་ཕྱིར་བྲྀཏྟ་ལྕི་བ་མེད་པ་དང༌། གཅིག་ལྕི་བ་ལ་སོགས་པའང་བལྟ་བར་བྱའོ། །དམར་སེར་གྱི་ཡང་བའི་བྱ་བའོ། །གཟུགས་ནི་དང་པོར་མ་བྱས་ཀྱང༌། །སྟེང་གཞུག་གྲང་བྲི་དེ་ནས་འོག །གནས་པའི་རང་རང་འོག་མཉམ་བསྲེ། །བྲྀཏྟ་ཡང་མེད་གཅིག་ཡང་སོགས། །དང་པོར་གཟུགས་བྲི་བར་བྱའོ། །མ་བྱས་ཀྱང་ཡང་བའི་བྱ་བའོ་ཞེས་པ་ཡི་གེ་གཅིག་གི་སྡེབ་སྦྱོར་ལའོ། །ཀྱང་གི་སྒྲས་བྱས་ཀྱང་ངོ༌། །དེ་ནས་དང་པོའི་གཟུགས་དེ་སྟེང་དུ་


DTG197_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པ་སྟེ། སྟེང་དུ་བཀོད་ནས་དེའི་གནས་སུ་སྡེབ་སྦྱོར་གྱི་ཡི་གེའི་གྲངས་བྲིའོ། །དཔེར་ན་ཡི་གེ་གཅིག་པའི་སྡེབ་སྦྱོར་ལ། ༡༡་ཡི་གེ་གཉིས་པའི་སྡེབ་སྦྱོར་ལ། དང་པོའི་གཟུགས་དེ་ཉིད་སྟེང་དུ་བཅུག་ནས་དེའི་གནས་སུ་གྲངས་བྲིའོ། །༡༢༡་ཡི་གེ་གསུམ་པ་ལ་དེ་ཁོ་ན་ལྟར་གྲངས་བྲིས་ཏེ། དེའི་འོག་ན་གནས་པ་གཉིས་ལ་རང་གི་འོག་གི་མཉམ་པ་གཅིག་པོས་བསྲེ་བར་བྱའོ། །༡༣༣༡་ཡི་གེ་བཞི་པ་ལ་དེ་ཁོ་ན་ལྟར་གྲངས་བྲིས་ལ། དེ་ནས་འོག་ན་གནས་པ་གསུམ་དག་ལ། རང་རང་གི་འོག་གི་མཉམ་པ་གསུམ་དང་གཅིག་པོས་ཀྱང་བསྲེ་བར་བྱའོ། ༡༤༦༤་།འདི་ནི་ཁོ་བོའི་ཡང་བའི་བྱ་བའོ། །བྲྀཏྟ་རྣམས་ཀྱི་གྲངས་ནི་གཟུགས། །ཟུང་གི་ཡི་གེའི་གྲངས་སུ་སྒྱུར། །ཨུདྡིཥྚ་ཡི་ཨདྐའི་མཐའ། །ཉིས་འགྱུར་ཡང་བའི་བྱ་བ་བསྡུ། །སྡེབ་སྦྱོར་འདི་ལ་བྲྀཏྟ་རྣམས་དུ་ཞེས་པ་ཉིད་ཤེས་པར་འདོད་པ་ལ་བྱ་བ་གསུམ་སྟེ། དཔེར་ན་ཡི་གེ་བཞི་པ་ལ་གཟུགས་བཀོད་ནས་ལན་བཞིར་ཉིས་འགྱུར་གྱིས་བྱའོ། །ཡང་ན་ཨུདྡིཥྚའི་ཆོ་གའི་ཨངྐ་སྟེ། གཅིག་དང༌། གཉིས་དང༌། བཞི་དང་བརྒྱད་རྣམས་སོ། །དེ་རྣམས་ཀྱི་མཐའ་སྟེ་བརྒྱད་ཉིས་འགྱུར་དུ་བྱའོ། །ཡང་ན་ཡང་བའི་བྱ་བ་སྟེ། གཅིག་དང་བཞི་དང་དྲུག་དང་བཞི་དང་གཅིག་རྣམས་ཏེ། དེ་རྣམས་བསྡུ་བར་བྱའོ། །དེ་ལྟ་བུས་བྲྀཏྟ་བཅུ་དྲུག་ཏུ་འགྱུར་རོ། །བྲྀཏྟའི་གྲངས་སོ། །གྲངས་ཉིད་ཝརྞྞ་ས་བསྒྱུར་དེ་ནས། །དེ་ཕྱེད་དེ་ནས་གཉིས་ཀའང་བསྡམ། །དང་པོར་ཡི་གེ་དབུས་ལྕི་ཡང༌། །དེ་རྗེས་ཕྱི་མོ་རྣམས་ཡིན་ནོ། །འདིར་ཝརྞྞའི་སྒྲས་གསལ་བྱེད་རྣམས་སུ་མ་ངེས་པའི་དབྱངས་ཡིག་བརྗོད་དོ། །བྲྀཏྟ་རྣམས་ཀྱི་ཡི་གེ་ལ་སོགས་པ་ཤེས་པར་འདོད་པ་ལ་ཆོ་ག་འདིའོ། །དཔེར་ན་ཡི་གེ་བཞི་པའི་སྡེབ་སྦྱོར་ལ་བྲྀཏྟའི་གྲངས་བཅུ་དྲུག་ཅེས་པ་འདི་ཉིད་དང་པོར་བྲིས་ཏེ། །ཡི་གེ་བཞི་རྣམས་ཀྱིས་བསྒྱུར་བར་བྱའོ། །དེ་ནས་ཕྱིས་དེའི་ཕྱེད་དང༌། དེ་ནས་ཀྱང་ཕྱིས་དེ་གཉིས་ཀ་བསྡམ་མོ། །ཡི་གེ། །ལྕི་ཡང༌། ཕྱི་མོ། །དེ་ལ་དང་པོ་ནི་ཡི་གེ་རྣམས་ཏེ་དྲུག་བཅུ་རྩ་བཞིའོ། །དབུས་མ་ནི་ལྕི་བ་ཡང་ཡིན་ཞིང་ཡང་བ་ཡང་ཡིན་ཏེ། སུམ་ཅུ་སོ་གཉིས་སོ། །ཐ་མ་ནི་ཕྱི་མོ་རྣམས་ཏེ་དགུ་བཅུ་རྩ་དྲུག་གོ །ཡི་གེ་དང་ལྕི་ཡང་དང་ཕྱི་མོའི་གྲངས་སོ། །ཡི་གེ་བྲྀཏྟ་གཉིས་ཀྱིས་བསྒྱུར། གཅིག་དམན་ཨ་དྷྭ་འཕྲེང་དང་འོག །ལྕི་ཡང་རྣམས་ཀྱིས་དང་ནི། །དེ་ལ་བར་ཡང་མཆུངས་པའོ། །སྡེབ་སྦྱོར་འདི་ལ་པྲཱསྟཱ་ར་ཇི་ཙམ་གྱི་ཨ་དྷྭ་འཕྲེད་དང་འོག་ཏུ་ཇི་ཙམ་འགྲོ་ཞེས་པ་ཤེས་པར་འདོད་པ་ལ་ཆོ་ག་འདིའོ། །དཔེར་ན་ཡི་གེ་བཞི་པ་ལ། ཡི་གེ་བཞི་པོ་དེ་རྣམས་གཉིས་ཀྱིས་བསྒྱུར་བ་ལ་གཅིག་དམན་པ་ན་བདུན་དུ་འགྱུར་རོ། །དེའི་ཕྱིར་ནས་


DTG197_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

སམ་སོར་ལ་སོགས་པ་བདུན་འཕྲེད་ཀྱི་ཨ་དྷྭའོ། །བྲྀཏྟ་བཅུ་དྲུག་པོ་དེ་རྣམས་གཉིས་ཀྱིས་བསྒྱུར་བ་ལ་གཅིག་དམན་པ་རྣམས་སུམ་ཅུ་སོ་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་ནས་སམ་སོར་ལ་སོགས་པ་སུམ་ཅུ་སོ་གཅིག་འོག་གི་ཨ་དྷྭའོ། །དེ་ལྟར་ནི་ལྕི་བ་རྣམས་ཀྱིས་ཇི་སྙེད་པ་དེ་སྙེད་དུ་ཡང་བ་རྣམས་ཀྱིས་བརྟག་པར་བྱའོ། །རི་མོ་རྣམས་ཀྱི་ཇི་སྙེད་པ་དེ་སྙེད་ཉིད་དུ་དེའི་བར་རྣམས་ཀྱིའོ། །པྲཱསྟཱ་ར་དང་ནཥྚ་ཨུདྡེཥྚ། །ཡང་བའི་བྱ་བ་གྲངས་དང་ཨ་དྷྭ་སྟེ། དེ་ལྟར་དྲུག་པོ་དེ་རྣམས་རིམ་པ་བཞིན། །བྲྀཏྟ་རྣམས་ལ་རྟོགས་བྱེད་རྣམས་ཡིན་ནོ། །པྲཱསྟཱ་ར་ལ་སོགས་པ་དྲུག་མཉམ་པའི་བྲྀཏྟ་རྣམས་ལ་རྟོགས་བྱེད་ཡིན་ཏེ། ཕྱེད་མཉམ་པ་ལ་མ་ཡིན་ཞིང༌། མི་མཉམ་པ་ལ་མ་ཡིན་ལ། ཛཱ་ཏི་རྣམས་ལའང་མི་རིགས་པའི་ཕྱིར་རོ། །ཇི་ལྟར་དེ་རྣམས་རྟོགས་བྱེད་ཡིན་ཞེ་ན། འདི་རྣམས་ཀྱི་གང་ལས་མ་རྟོགས་པའི་ཁྱད་པར་ཉུང་དུས་རྟོགས་པར་བྱེད་ཅིང༌། བསྟན་བཅོས་མཛད་པ་རྣམས་ཀྱི་ཡང་མཁྱེན་པ་ཕུལ་དུ་བྱུང་བ་ཡང་དག་པར་རྟོགས་པར་འགྱུར་ཏེ། སྒྲ་གཅན་སྤྱོད་པ་ལ་སོགས་པ་བརྩིས་པས་སྐར་རྩིས་པ་ལ་བཞིན་ནོ། །མཉམ་པའི་བྲྀཏྟ་རྣམས་ཀྱི་པྲཱསྟཱ་ར་མཐའ་དག་ལ་རྟོགས་བྱེད་དྲུག་རྣམས་བཤད་ཟིན་ཏོ། །བྲྀཏྟའམ། ཛཱ་ཏི་རེ་རེ་ལ། ལྕི་བ་དང༌། ཡང་བ་དང༌། ཡི་གེ་དང་ཕྱི་མོ་རྣམས་ཀྱི་གྲངས་ཤེས་པ་བརྗོད་པར་བྱའོ། །དེ་ལ་དཔེར་བརྗོད་པ་ནི་ཚིགས་སུ་བཅད་པ་གཉིས་པོ་འདི་དག་གོ །གང་ཞིག་མཆོག་དང་གང་ཞིག་དམ་པའི་དོན། །མ་ལུས་དོན་དམ་ལམ་འབྲས་རྟོགས་གྱུར་ཅིང༌། །སྐྱེ་བོ་གང་ཡང་དེར་ནི་བསྐྱེད་མཛད་པ། །སངས་རྒྱས་ཆོས་ཚོགས་དེ་རྣམས་རྒྱལ་གྱུར་ཅིང༌། །ཡཿཔ་ར་མཿཔ་ར་མཱརྠོ་ཡ་ད་ཁི་ལ་པ་ར་མཱརྠ་ག་ཏི་ཕ་ལཾ་བརྟྨེ། ཏཛྫ་ནི་ཏོ་ཡཤྩ་ཛ་ནོ་ཛ་ཡནྟི་ཏེ་བུདྡྷ་དྷརྨྨ་ག་ཎཿ། རྒྱལ་ཆོས་ནད་ལས་རྒྱལ་བ་རྒྱལ་གྱུར་ཅིག །དེ་ཡི་ལྷན་ཅིག་སྤྱོད་མ་ཤེས་རབ་ཀྱང༌། །གཉིས་ལ་ལྷག་མོས་ས་བོན་ལས་བྱུང་བ། །ལུས་ཅན་འཕགས་པའི་ཚོགས་རྣམས་རྒྱལ་གྱུར་ཅིག །ཛ་ཡ་ཏི་ཛི་ནོ་དྷརྨྨཱ་མོ་ཛ་ཡ་ཏི་ཕྲཛྙཱ་ཙ་ས་ཧ་ཙ་རཱི་ཏ་སྱ། ཨུ་པ་ཡཱ་དི་མུཀྟི་ནཱི་ཛ་པྲ་ས་ཝ་ཏ་ནཱུ་ཛ་ཡ་ཏི་ཙཱརྻ་ག་ཎཿ། འདིར་ཕྱི་མོ་རྣམས་ལྔ་བཅུ་རྩ་བདུན་ནོ། །ཡི་གེ་རྣམས་བཞི་བཅུའོ། །ལྕི་བ་རྣམས་བཅུ་བདུན་ནོ། །ཡང་བ་རྣམས་ཉི་ཤུ་རྩ་གསུམ་མོ། །གྲངས་གཉིས་གཉིས་དག་བསྟན་ནས། ཇི་ལྟར་རིགས་པར་ཅིག་ཤོས་རྣམས་གསལ་བར་བྱ་བ་ཡིན་པས་དེ་དང་དེ་རྣམས་ནི་འོག་དང་སྟེང་དུ་བཀོད་པའི་ལས་ཀྱི་མཐའ་ལ་བལྟ་བར་བྱའོ། །ཡང་བ་རྣམས་ཀྱི་ཡི་གེ་དོར། །ཕྱི་མོ་ཡང་བ་དོར་འདབ་མའང༌། །ཡི་གེ་དོར་བའི་ཕྱི་མོ་ཡང༌། །དེ་རྣམས་ཇི་སྙེད་


DTG197_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྕི་བ། ཡི་གེ་༤༠་ཕི་མོ་༥༧་ཕྱི་མོ་༥༧་ལྕི་བ་ཇི་ཙམ་ཡོད་ཅེས་འདྲི་ན། དང་པོ་དང་མཐའ་ལ་དབྲིའོ། །དབུས་སུ་ཕྲི་ནས་འདབ་མའོ། །དེ་ལྟ་བུས་ལྕི་བ་བཅུ་བདུན་རྣམས་སུ་འགྱུར་རོ། །ལྕི་བའི་གྲངས་སོ། །ལྕི་བ་ཉིས་འགྱུར་གྱིས་ཕྱི་མོ། །ཡི་གེ་ཉིས་འགྱུར་ཕྱི་མོས་སྤངས། །ལྕི་བ་བྲལ་བའི་ཡི་གེ་རྣམས། །དེ་རྣམས་ཇི་སྙེད་འདིར་ཡང་བ། །ཕྱི་མོ་༥༧་ཡི་གེ་༤༠་ཡི་གེ་༤༠་དང་པོ་ལ་ལྕི་བ་རྣམས་ཉིས་འགྱུར་དུ་བྱས་ཏེ་དབྲིའོ། །དབུས་སུ་ཡི་གེ་རྣམས་ཉིས་འགྱུར་དུ་བྱས་ཏེ་ཕྱི་མོས་དབྲིའོ། །མཐར་ལྕི་བ་རྣམས་དབྲིའོ། །དེ་ལྟ་བུས་ཡང་བ་ཉི་ཤུ་རྩ་བདུན་དུ་འགྱུར་རོ། །ཡང་བའི་གྲངས་སོ། །ལྕི་ཡང་བསྡོམས་པ་ཇི་སྙེད་དེ། །ཕྱི་མོ་ལྕི་བྲལ་ཇི་སྙེད་དོ། །ཇི་སྙེད་ཕྱི་མོ་ཡང༌། བསྡོམས་འདབ། །དེ་སྙེད་འདིར་ནི་ཡི་གེ་རྣམས། ལྕི་བ་༡༧་ཕྱི་མོ་༥༧་ཕྱི་མོ་༥༧་དང་པོ་ལ་བསྣན་ནོ། །དབུས་སུ་དབྲིའོ། །མཐར་བསྣན་ནས་འདབ་མའོ། །དེ་ལྟ་བུས་ཡི་གེ་བཞི་བཅུ་རྣམས་སུ་འགྱུར་རོ། །ཡི་གེའི་གྲངས་སོ། །ལྕི་བ་ཉིས་འགྱུར་ཡང་བ་བསྲེ། །ཡི་གེ་ཉིས་འགྱུར་ཡང་རྣམས་དོར། །ལྕི་བ་བསྲེས་པའི་ཡི་གེ་རྣམས། །དེ་རྣམས་ཇི་སྙེད་འདིར་ཕྱི་མོ། །ཡང་བ་༩༢་ཡི་གེ་༤༠་ཡི་གེ་༤༠་དང་པོ་ལ་ལྕི་བ་རྣམས་གཉིས་འགྱུར་བྱས་ཏེ་བསྣན་ནོ། །དབུས་སུ་ཡི་གེ་རྣམས་ཉིས་འགྱུར་བྱས་ཏེ་ཡང་བ་རྣམས་དབྲིའོ། །མཐར་བསྲེའོ། །དེ་ལྟ་བུས་ཕྱི་མོ་ལྔ་བཅུ་རྩ་བདུན་འགྱུར་རོ། །ཕྱི་མོའི་གྲངས་སོ། །རྒྱལ་བའི་རིག་པ་འདི་ལ་བདག་དད་པའི། །བསོད་ནམས་གང་ཞིག་བདག་ལ་རབ་སྐྱེས་པ། །དེ་ཡིས་འགྲོ་རྣམས་དམ་པའི་དོན་དང་ནི། །རིག་པ་མཆོག་ལ་རབ་ཏུ་དད་གྱུར་ཅིག །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་ནས་ཞེས་བྱ་བ་རྫོགས་སོ།། །།འདི་ནི་ཆོས་ལྡན་ར་ཟ་བ་དང༌། ཡར་ཀླུངས་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའོ། །སླད་ཀྱི་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་ཐམས་ཅད་མཁྱེན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བྱང་ཆུབ་རྩེ་མོའི་ཞལ་སྔ་ནས་བསྒྱུར་བ་ལ། སླར་ཡང་དེ་ཉིད་ཀྱི་བཀས་རྗེས་སུ་གནང་བ་ལ་བརྟེན་ཏེ། བླ་མ་དེ་ཉིད་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་ལེགས་པར་བསྐྱངས་པའི་དགེ་སློང་ནམ་མཁའ་བཟང་པོས། ཤཱཀྱའི་དགེ་སློང་སྡོམ་བརྩོན་དམ་པ་རྣམས་ཀྱི་གཙུག་རྒྱན། སྡེ་སྣོད་གསུམ་གྱི་གླེགས་བམ་གཅིག་པུ། སྐད་གཉིས་སྨྲ་བའི་དབང་པོ་དཔལ་ལྡན་བློ་གྲོས་བརྟན་པའི་ཕྱག་བྲིས་ཀྱི་རྒྱ་དཔེ་ལ་གཏུགས་ནས། དཔལ་ཨེའི་ཆོས་གྲྭ་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་དག་པར་བགྱིས་སོ།། །།


previousསྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next