Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་གོ་བདུན་པ།


   
བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ། 
   
   
   
   
   
   
   
   


 
no previousབརྡ་སྤྲོད་པ་དབྱངས་ཅན་གྱི་མདོ། next

བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ།


DTG197_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་སཱུ་ཏྲ། བོད་སྐད་དུ། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ། །ཐུང་དུ་རིང་པོ་པཱུ་ཏས་ཕྱེ་བ་རྣམས་འདྲ་བའོ། །ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ། །ཨེ་ཨཻ་ཨོ་ཨཽ་མཚམས་སྦྱོར་གྱི་ཡི་གེ་རྣམས་སོ། །གཉིས་པོ་རྣམས་དབྱངས་སོ། །ཨ་བོར་བ་ནཱ་མིའོ། །ཧ་ཡ་ཝ་ར་ལ། ཉ་ཎ་ན་ད་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཊ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཌ་ཧ་ཀ་པ། ཤ་ཥ་ས། ཐོག་མ་དང་མཐའ་མ་དག་གིས་སོ། །ཧ་ས་གསལ་བྱེད་རྣམས་སོ། །དབྱངས་ཉམས་པ་གསལ་བྱེད་དོ། །བྱ་བའི་ཆེད་དུའོ། །གང་ཞིག་ཨིཏ་ཀྱི་མིང་ཅན་དེ་ནི་དབྱིའོ། །ཡི་གེ་མི་མཐོང་བ་ཕྱིས་པའོ། །ཡི་གེ་རྣམ་པར་འགོག་པ་ནི་དབྱི་བ་ཙམ་མོ། །གཉེན་དང་འདྲ་བ་ནི་ཨཱ་ག་མའོ། །དགྲ་དང་འདྲ་བ་ནི་ཀུན་ནས་བསྒུར་བའོ། །དབྱངས་བར་ན་མེད་པའི་ཧ་ས་རྣམས་ནི་ཡང་དག་པར་སྦྱོར་བའོ། །ཀུ་ཙུ་ཌུ་ཏུ་པུ་སྡེ་པ་རྣམས་སོ། །ཨ་ར་ཨེ་ཏ་ཨོ་ནཱ་མིའི་ཡོན་ཏན་ནོ། །


DTG197_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཨཱ་ར་ཨེ་ཨཽ་འཕེལ་བའོ། །མཐའི་དབྱངས་ལ་སོགས་པ་ཊིའོ། །མཐའ་ལས་སྔོན་མ་ཨུ་པ་དྷཱའོ། །ཕ་རོལ་ཏུ་ཡང་དག་པར་སྦྱོར་བ་སོགས་མེད་པའི་ཐུང་དུ་ནི་ཡང་བའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་མིང་གི་རབ་ཏུ་བྱེད་པ་རྫོགས་སོ།། །།དབྱངས་ལ་ཨི་ཡྲའོ། །ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། །ཛྷ་བྷ་ལ་ཛ་བ་རྣམས་སོ། །དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ། །ར་ལས་ཡ་ཡང་གཉིས་སོ། །ཨུ་ཝ྄འོ། །རྀ་ར྄འོ། །ལྀ་ལ྄འོ། །ཨེ་ཨ་ཡ྄འོ། །ཨོ་ཨ་ཝ྄འོ། །གསལ་བྱེད་ལ་དབྱངས་མཚམས་སྦྱོར་བ་མ་ཡིན་ནོ། །ཨཻ་ཨཱ་ཡ྄འོ། །ཨཽ་ཨཱ་ཝ྄འོ། །ཚིག་མཐའི་ཡ྄ ཝ྄ དག་ཡང་ན་དབྱིའོ། །ཨེཏ྄ ཨོཏ྄དག་ལས་ཨ་ཏྲའོ། །འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ། །ཨ་ཨི་ལ་ཨེའོ། །ཨུ་ལ་ཨོའོ། །རྀ་ཨ་རྲའོ། །ལ་ལར་ཨཱར྄ དུའོ། །ལྀ་ཨ་ལ྄འོ། ཨེ་དང་ཨཻ་ལ་ཨཻའོ། །ཨོ་དང་ཨཽ་ལ་ཨཽའོ། །ཨོཥྛ་དང་ཨོ་ཏུའི་ཨོ་ཡང་ནའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དབྱངས་ཀྱི་མཚམས་སྦྱོར་རྫོགས་སོ།། །།ཨ་མཱི་ལས་མ་ཡིན་ནོ། །ཨཱི་ཨཱུ་ཨེ་གཉིས་ཉིད་ལས་སོ། །ཨ་ཨོ་ནི་པཱ་ཏའོ། །བླུ་ཏའོ། །རྒྱང་རིང་པོར་འབོད་པའི་ཊི་ལ་བླུ་ཏའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་


DTG197_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་གནས་པའི་མཚམས་སྦྱོར་རྣམས་རྫོགས་སོ།། །།ཙམ་ལས་ཨ་པ་ལ་ཛ་བའོ། །ཉ་མ་ལ་ཉ་མ་ཡང་ནའོ། །ཙ་པ་ལས་ཤ་ནི་ཚའོ། །ཧའི་ཛྷ་བྷ་རྣམས་སོ། །ས་ཏུའི་ཤ་ཙུ་རྣམས་ལ་ཤ་ཙུའོ། །ཤ་ལས་མ་ཡིན་ནོ། །ཥྚུ་རྣམས་ཀྱིས་ཥྚུའོ། །ཏུའི་ལ་ལ་ལའོ། །མཐར་གནས་ལ་གཉིས་སུ་དབྱེའོ། །ཥ་ལ་མ་ཡིན་ནོ། །མཐའི་ཊུ་ལས་སོ། །ན་ལས་ཚ་ཏ་ལས་ཀའོ། །ཤ་ལས་ཙཀ་ཡང་ནའོ། །ཐུང་ངུ་ལས་ང྄ ཎ་ན྄ དབྱངས་ལ་གཉིས་སོ། །ཚ་ཡིའོ། །ཁ་ས་ལ་ཛྷ་ས་རྣམས་ཀྱི་ཙ་བའོ། །མ་ནི་རྗེས་སུ་ང་རོའོ། །ཚིག་མཐའ་དང་ཛྷ་ས་རྣམས་ལ་ཡང་ནའིའོ། །ཡ་པ་ལ་ཡ་མ་ཡང་ནའོ། །ཡ་བ་ལ་ཕ་རོལ་ལ་ཡ་བ་ལ་ཡང་ནའོ། །ཛྙཱིཾ་སྡེ་པ་སྦྱོར་ལའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་གསལ་བྱེད་མཚམས་སྦྱོར་རྣམས་རྫོགས་སོ།། །།རྣམ་པར་བཅད་བྱའི་སྲའོ། །ཤ་ཥ་ས་ལ་ཡང་ནའོ། །ཀུ་པུ་དག་ལ་ཀ་ལྤ་དག་ཡང་ནའོ། །པཱ་ཙའི་པ་ཏི་ལ་སོགས་པ་རྣམས་ལའོ། །ཨ་ཧན་གྱི་རཱ་ཏྲི་མ་ཡིན་པ་ལ་ར྄འོ། །ཨ་ལས་ཨ་ལ་ཨུའོ། །ཧ་པ་ལའོ། །ཨཱ་ལས་ཨ་བ་ལ་དབྱིའོ། །དབྱངས་ལས་ཡ྄ ཉིད་ཡང་ནའོ། །བྷོས་ལས་སོ། །ནཱ་མི་ལས་རུའོ། །ཨུ་ཥས་ཀྱི་བུདྡྷ་ལ་ར྄འོ། །རེ་ཕའི་རང་བཞིན་ཅན་ནི་ཁ་པ་ལ་ཡང་ནའོ། །ར་ལས་སོ། །ར་ལ་དབྱི་སྟེ་རིང་པོ་ཡང་ངོ༌། །ས་དང་ཨེ་ཥ་ལས་ཧ་ས་ལའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་རྣམ་པར་བཅད་བྱའི་མཚམས་སྦྱོར་ཏེ་མཚམས་སྦྱོར་ལྔ་པ་རྫོགས་སོ།། །།རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ །རྣམ་དབྱེ་མེད་པ་ནི་མིང་ངོ༌། །ཨི་ཨཽ་ཛ་ས྄། ཨམ྄ ཨཽ་ཤ་ས྄། ཌཱ་བྷྱཱཾ་བྷཾ་ས྄། དེ་བྷྱཱཾ་བྷྱ་ས྄། ང་སི་བྷྱཱཾ་བྷྱ་ས྄། ངས྄ ཨོས྄ ཝཱམ྄། ངི་ཨོས྄ སུཔ྄ རྣམས་སོ། །ས྄ ར྄ དག་གི་རྣམ་བཅད་དོ། །ཨམ྄ ཤས྄ དག་གི་ཨའོ། །སྐྱེས་པ་ལ་ས྄འི་ནའོ། །ཤས྄ ལའོ། །ཊཱ་ཨི་ནའོ། །བྷ་ལ་ཨཱའོ། །བྷའི་བྷ་ཨའོ། །ངེ་ལ་ཨ་ཀ྄འོ། །བྷ་ས་མང་པོ་ཉིད་ལ་ཨེའོ། །ང་སི་ཨ་ཏྲའོ། །ངས྄ སྱའོ། །ཨོས྄ ལའོ། །ཨཱམ྄ཱ ལ་ནུཊ྄འོ། །ནཱམ྄ ལའོ། །ཀུ་ཨི་ལ་ལ་ཥ་དུ་བྱེད་དེ་སའོ། །ཀུན་ཏུ་བོད་པ་ལ་སིདྷིའོ། །བྱིངས་མ་ཡིན་པའི་མཚུངས་པ་ལ་དྷི་དབྱིའོ། །ཛས་ཨཱིའོ། །ཥ་ར་རྀ་


DTG197_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཐའ་མ་ཡིན་པའི་ནའི་ཎའོ། །ཨ་བ་ཀུ་པུ་བར་ན་ཡོད་ཀྱང་ངོ༌། །སརྦ་སོགས་ལ་སྨཊའོ། །ཨ་ཏ་ལས་སོ། །ཨཱམ྄ ལ་སུ་ཊའོ། །ངི་སྨི་ནའོ། །མཱ་སའི་དབྱི་བ་ཡང་ནའོ། །བྱིངས་ཀྱི་ཨཱཏ་དབྱིའོ། །ཨཽ་ནི་ཨཱི་ཨཱུ་དག་གོ །ཨེ་ཨོ་ཛས་ལའོ། །དྷི་ལའོ། །བུད་མེད་མ་ཡིན་པ་ལ་ཊཱ་ནཱའོ། །ང་འགྲོ་བ་ལའོ། །ང་སི་ངས྄དག་གི་ཨའོ། །ངི་ཨོའོ། །དེ་ཡང་ཊི་ཏྲའོ། །ཌིཏྲ་ལ་ཊིའོ། །དྷི་མ་ཡིན་པའི་སི་ཌཱའོ། །ས་ཁིའི་ཨཻའོ། །ས་ཁི་པ་ཏི་དག་ལ་ཨཱི་ཀྲའོ། །ང་ལ་རྀ་ཀྲའོ། །རྀ་ཏ་ལས་ངའི་ཨུའོ། །ཏྱད་སོགས་ཀྱི་སི་སོགས་ལ་ཊི་ཨའོ། །ཏྲིའི་ཨ་ཡང་ངོ༌། །བྱིངས་ཀྱི་ཨཱི་ཨཱུ་དག་གི་ཨིཡ྄ ཨུབ྄ དག་དབྱངས་ལའོ། །ཡ྄ ཝ྄ དག་ཡང་ནའོ། །དེའི་ཨཱམ྄འོ། །སིའི་ཨཱའོ། །ལྔ་ལ་ཨར྄འོ། །དྷིའི་ཨ་ར྄འོ། །ངི་ལའོ། །སྟྲིའི་ཨཱ་ར྄འོ། །རཻའི་ས་དང་བྷ་ལའོ། །ཨོ་ཨཽའོ། །ཨམ྄ ཤས྄ ལའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱེ་མདོ་ལས་སྐྱེས་པའི་རྟགས་དབྱངས་ཀྱི་མཐའ་ཅན་རྣམས་རྫོགས་སོ།། །།བུད་མེད་ལ་ཨ་ལ་ཨཱབ྄འོ། །ཨཱཔ྄ ལས་སོ། །ཨཽ་ཨཱིའོ། །དྷི་ཨིའོ། །ཌཱ་ཨོས་དག་ལ་ཨེའོ། །ངི་ཏྲ་རྣམས་ཀྱི་ཡྲཊའོ། །ཡཊྲ་ལས་ཨ་ཏྲ་ཡང་ངོ༌། །ཨི་ཏྲ་ཨུ་ཏྲ་དག་ལས་སོ། །བུད་མེད་ཀྱི་ཨི་ཨུ་དག་ལའོ། །ཧ་ས་ཨཱིཔྲ་ལ་སེ་དབྱིའོ། །དྷི་ལ་ཐུང་ངུའོ། །ངི་ཏ་རྣམས་ཀྱི་ཨ྄ཊའོ། །སྟྲཱི་བྷུའིའོ། །ཨམ྄ ཤས་དག་ལ་ཡང་ནའོ། །ཨི་ཡ྄ ཨུཝ྄ དག་ཡང་ནའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བུད་མེད་ཀྱི་རྟགས་དབྱངས་མཐའ་ཅན་རྣམས་རྫོགས་སོ།། །།ཨཏྲ་ལས་ཨམ྄འོ། །ཨཽ་ཨཱིའོ། །ཛས྄ ཤས྄ དག་གི་ཤིའོ། །ཡམ་མ་ཡིན་པ་ལས་ནུམའོ། །ནྲའི་ཨུ་པདྷཱིའིའོ། །ཨནྱ་སོགས་ལ་ཤྟུའོ། །མ་ནིང་ལས་སི་ཨམྲ་དག་འཇིག་གོ །ཨི་ཨུ་རྀ་རྣམས་ཀྱིའོ། །ནཱ་མི་ལས་དབྱངས་ལ་ནུ་མྲའོ། །ཤས་ལ་སོགས་པ་ལ་ཨ་སྠི་སོགས་ཀྱི་ཨ་ཏྲ་ཡང་ངོ༌། །ཤས྄ ལ་སོགས་པ་དབྱངས་ལ་མྲ་པྲ་ཡང་དག་པར་སྦྱོར་བ་མ་ཡིན་པའི་ཨ་ཏྲ་དབྱིའོ། །ཨི་ངི་དག་ལ་ཡང་ནའོ། །མ་ནང་གི་ཐུང་ངུའོ། །ཊཱ་སོགས་ལ་སྐྱེས་པར་བཤད་པའི་སྐྱེས་པ་བཞེན་ཡང་ནའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་མ་ནིང་གི་རྟགས་དབྱངས་མཐའ་ཅན་


DTG197_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྫོགས་སོ།། །།ཨ་ན་ཌུ་ཧྲའི་སི་ལའོ། །ཡང་དག་པར་སྦྱོར་བའི་མཐའ་དབྱིའོ། །དྷི་ལ་ཨ་མྲའོ། །བས་རྣམས་ཀྱི་ར་ས་ལའོ། །དྲ་སྔོན་མའི་གྷྲའོ། །ཛྷ་བྷའི་མཐའ་ལས་སྔོན་མའི་ཛ་བ་རྣམས་ནི་ཛྷ་བྷ་སྟེ་ས་དྷྭ་དག་ལའོ། །གནས་མེད་པ་ལ་ཡང་ནའོ། །ཧྲའི་ཌྷྲའོ། །དྲུ་ཧྲ་སོགས་ཀྱི་གྷྲ་ཉིད་ཌྷྲ་ཉིད་ཡང་ནའོ། །ཤས་སོགས་དབྱངས་ལ་བཱཧྲའི་བའི་ཨཽའོ། །ས་ཧའི་སའི་ཌྷ་ལ་ཥ྄འོ། །ཙ་ཏུར་གྱི་ཤི་ལ་ཨཱཾ་ཡང་ངོ༌། །རའི་གྲངས་ལའོ། །དྷི་མ་ཡིན་པ་ལ་མིང་གི་ན་དབྱིའོ། །ཛ་ཉ་དག་གི་ཛྙའོ། །ཤྭ་ལ་སོགས་པའི་ཡང་ངོ༌། །ལྔ་ལ་ཨིཏྲ་ཀྱི་ཨ་ཏྲའོ། །པ་ཐིན་གྱི་ནུཊ྄འོ། །སི་ལ་ཨཱའོ། །པ་ཐིན་རྣམས་ཀྱི་ཊིའོ། །ཨིནྲ་རྣམས་ཀྱི་ཤི་དང་སི་ལའོ། །ཧ་ནྲ་གྱི་ནྲ་ལ་གྷའོ། །ཛས྄ ཤས྄ དག་ནི་འཇིག་གོ །ཥ་ཎ་ལས་སོ། །ཨཥྚ་ནྲ་ལས་ཊཽ་ཡང་ནའོ། །འདི་རྣམས་ལ་ཨཱ་ཡང་ནའོ། །ཨི་དཾ་གྱི་སྐྱེས་པ་ལ་ཨ་ཡཾ་མོ། །དའི་མའོ། །ཊཱ་ཨོ་སྲ་དག་ལ་ཨ་ནའོ། ས་བྷ་ལ་ཨའོ། །བྷིས྄ བྷིས྄འོ། །ཚ་ཤ་ཥ་རཱ་ཛྲ་ལ་སོགས་པའི་ཥའོ། །ཥའི་ཌའོ། །ཏའི་སའོ། །ཙུའི་ཀུའོ། །ཨ་ཙ྄འི་དབྱི་ཞིང་རིང་པོ་འང་ངོ༌། །ཏི་རཤྩ་ལ་སོགས་པའོ། །ཨུ་རྀ་ཏྲ་དག་ལས་ནུམ྄འོ། །ན྄ ས྄ ཨཔ྄ མ་ཧ་ཏ྄ ཀྱི་དྷི་མ་ཡིན་པ་ལ་རིང་པོ་སྟེ་ཤི་ལའང་ངོ༌། །ཨ་ཏུ་དང་སའི་སི་ལའོ། །ཌའི་ཎའོ། །དོཥྲ་རྣམས་ཀྱི་རའོ། །ཕུམྲ་སའི་ཨ་སུང་ངོ༌། །དབྱངས་ལ་མའོ། །མི་འབྱུང་བ་ལ་པུམ་སའི་སུ་ལ་ཀ་ཀྲའོ། །སྲ་ཀྲ་དག་གི་སྔོན་མའོ། །བས་ཀྱི་བ་ཨུའོ། །ཨུ་ཤ་ནས་རྣམས་ཀྱིའོ། །སི་ལ་སའོ། །སིའི་ཨཽའོ། །མ་ལས་ཨུ་དག་གོ །མང་པོ་ཉིད་ལ་ཨེའི་ཨཱིའོ། །མཚུངས་པ་ལ་ཨ་ད་སྲ་ལས་ཀ་སྟེ་སི་སོགས་བཞིན་ནོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཧ་སའི་མཐའ་ལས་སྐྱེས་པའི་རྟགས་རྣམས་རྫོགས་སོ།། །།ན་ཧྲའི་དྷྲའོ། །དི་པྲ་ཀྱི་སི་ལ་ཨཽའོ། །ཨ་མྲ་ལ་ཨཱ་ཡང་ནའོ། །ར་ས་ལ་ཨུའོ། །ཏྲི་ཙ་ཏུ་ར྄དག་གི་བུད་མེད་ལ་ཏྲི་སྲྀ་ཙ་ཏ་སྲྀ་རཱྀ་བཞིན་ནོ། །ར྄ བ྄ དག་ལ་ཨི་ཨུ་དག་གི་ཧ་ས་ལའོ། །བུད་མེད་ལ་ཨི་ཡམ་མོ། །ཨ་པྲ་རྣམས་ཀྱི་བྷ་ལ་དྲའོ། །དི་ཤྲ་རྣམས་ཀྱི་ཀའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཧ་སྲའི་མཐའ་ལས་བུད་མེད་ཀྱི་རྟགས་རྣམས་རྫོགས་སོ།། །།ཨ་ཧ་ནྲ་གྱི་སའོ། །ན་དབྱིའོ། །ན་མཐའ་ཨ་ཏྲ་ངི་ཤི་དག་གི་


DTG197_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་དབྱི་བ་སྡེ་བ་སྦྱོར་ལའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཧ་སའི་མཐའ་ལས་མ་ནིང་གི་རྟགས་རྣམས་རྫོགས་སོ།། །།སི་ཡིས་ཏྭཾ་ཨ་ཧཾ་ངོ༌། གཉིས་ཚིག་ལ་ཡུ་བ་ཨཱ་བ་དག་གོ །ཨཽ་ཨཱ་མ྄འོ། །ཛས་ཀྱི་ས་ཡཱུ་ཡཾ་བ་ཡཾ་མོ། །གཅིག་ཉིད་ལ་ཏྭ་དྲ་མདྲ་དག་གོ །ཨ་མྲ་ས་བྷི་ལ་ཨཱའོ། །ཤསྭ་ཀྱི་ནའོ། །ཊཱ་དི་དག་ལ་ཨེའོ། །ངེ་ཡིས་ཏུ་བྷྱ་མྲ་མ་ཧྱོཾ་ངོ༌། །བྷྱ་སྲ་ཤྦྷྱ་མྲ་མོ། །ང་སི་བྷྱ་སྲ་དག་གི་ཤྟུའོ། །ངསྲ་ཀྱི་ཏ་བ་མ་མའོ། །སཱཾ་ཨཱ་ཀཾ་ངོ༌། །ཡུཥྨ་དྲ་ཨ་སྨདྲ་དག་ལ་དྲུག་པ་བཞི་པ་གཉིས་པ་རྣམས་ཀྱི་ཏེ་མེ་བམྲ་ནཽ་བསྲ་ནསྲ་དག་གོ །ཨམྲ་གྱི་ཏྭཱ་མཱ་དག་གོ །དང་པོ་ལ་མ་ཡིན་ནོ། །ཙ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ༌། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཡུཥྨ་དྲ་ཨ་སྨྲད་ཀྱི་ཆོ་ག་རྣམས་རྫོགས་སོ།། །།ཙ་ལ་སོགས་པ་ནི་པཱ་ཏའོ། །ཀི་མྲ་ལས་སྤྱི་ལ་ཙི་ཏྲ་ལ་སོགས་པའོ། །པྲ་ལ་སོགས་པ་ཉེར་བསྒྱུར་རོ། །བྱིངས་ལ་ཐོག་མའོ། །དེ་རྣམས་མི་ཟད་པའོ། །ཀྟྭཱ་ལ་སོགས་པའི་མཐའ་རྣམས་ཀྱང་ངོ༌། །མི་ཟད་པ་ལས་རྣམ་དབྱེ་རྣམས་འཇིག་གོ །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་མི་ཟད་པའི་སྡེ་རྣམས་རྫོགས་སོ།། །།ཨ་ཛ་སོགས་ལས་ཀྱང་ཨཱ་པྲའོ། །ཀཱ་པྲ་ལ་ཨ་ཏྲ་ཀྱི་ཨིའོ། །ཐུང་དུ་ཡང་ནའོ། །ན་རྀ་ཨཎྲ་ལ་ཨཱི་པྲའོ། །ཨི་ཨ་དག་གི་དབྱིའོ། །ཥ་ཊ྄ ཨུ་རྀ་ཏྲ་ལས་སོ། །ན་ད་ལ་སོགས་པ་ལས་སོ། །ཨིནད་སོགས་ལས་ཨཱ་ནཱི་པྲ་ཡང་ངོ༌། །ཨུ་པ་དྷཱ་ཡ་མ་ཡིན་པ་ལས་རིགས་ལའོ། །རང་ལུས་ལ་ཡང་ནའོ། །མ་ནུ་སོགས་ཀྱི་ཨཻ་ཡང་ངོ༌། །པཏྣྱ་ལ་སོགས་པ་ལས་སོ། །པྲ་ཏཱི་ཙཱི་ལ་སོགས་པའི་སྒྲ་ནི་ནི་པཱ་ཏའི་མཐའ་འོ། །ཨུ་ལས་ཡོན་ཏན་ལ་ཡང་ནའོ། །ཨུཏྲ་ལས་ཨུའོ། །ཡུ་བནྲ་ལས་ཏིའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བུད་མེད་ཀྱི་རྐྱེན་རྣམས་རྫོགས་སོ།། །།རྟགས་ཀྱི་དོན་ལ་དང་པོའོ། །བོད་པ་ལ་འང་ངོ༌། །བྷོས་རྣམས་སོ། །ལྷག་མ་རྣམས་བྱ་བའི་ལས། བྱེད་པོས་བསྒྲུབ་པའི་ཐབས། སྦྱིན་པའི་གནོད། བྱེ་ཞིང་ལྷུང་བ། འབྲེལ་བའི་རྟེན་དུ་གྱུར་བའི་དངོས་པོ་དག་ལའོ། །དུས་དང་ལམ་པར་མཚམས་མེད་པ་ལའོ། །བྱེད་པ་པོ་གཙོ་བོས་བྱ་བ་ནུས་པའི་སྒྲུབ་བྱེད་ལའོ། །མི་བྱེད་པ་དང་ལྷན་


DTG197_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པ་དང༌། ཕྱག་འཚལ་བ་དང༌། བོར་བ་དང་ལོགས་སུ་བཀར་བ་དང་རྗེ་བོ་ལ་སོགས་པ་རྣམས་ལས་སོ། །ཀྟ་ལ་སོགས་པ་མ་ཡིན་པའི་ཀྲྀཏྲ་ཀྱི་བྱེད་པོ་དང་ལས་དག་ལ་དྲུག་པའོ། །དྲན་པའི་ལས་ལའང་དྲུག་པའོ། །འཇིགས་པའི་རྒྱུ་ལའང་ལྔ་བའོ། །རྒྱུ་དང་རབ་ཏུ་སྦྱོར་བ་ལ་དྲུག་པའོ། །འདི་འདྲར་ཡོད་པ་ལ་གསུམ་པའོ། །གང་གི་ལུས་ཀྱི་རྣམ་འགྱུར་ལའོ། །སྐྱེད་པར་བྱེད་པའི་རང་བཞིན་ལའོ། །ཨཱ་ང་ལ་སོགས་པ་སྦྱོར་བ་ལ་ལྔ་པའོ། །འཁྲུགས་པ་ལ་སོགས་པའི་སྦྱོར་བ་ལའང་ངོ༌། །མ་གུས་པ་ལ་དྲུག་པ་དང་བདུན་པ་དག་གོ །གཞན་ལས་བཤད་པའི་དང་པོའོ། །སྡེབ་སྦྱོར་ལས་ནི་སི་སོགས་ཐམས་ཅད་དུའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བྱེད་པ་ཅན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། ༈ །།མིང་རྣམས་ཀྱི་ཕན་ཚུན་བསྡུ་བ་ཡང་ངོ༌། །དེ་ཡང་དྲུག་ཏུ་དབྱེའོ། །མི་ཟད་པ་སྔ་མ་ནི་མི་ཟད་པར་གྱུར་བའོ། །བསྡུ་བ་དང་རྐྱེན་དག་ལའོ། །དེ་ནི་མ་ནིང་ངོ༌། །མི་ཟད་པར་གྱུར་པ་ལས་སོ། །མཚུངས་པ་མ་ཡིན་པ་ལ་ཡ་ཐཱའོ། །ཨཏྲ་ལས་ཨཱཏྲ་མ་ཡིན་པའི་ཨམྲའོ། །ཊཱ་ངི་དག་ཡང་ནའོ། །ལོགས་སུ་བཀར་བའི་དོན་ལ་ཡཱ་བཏྲ་ཡང་ངོ༌། །ཨ་མ་ལ་སོགས་པ་དེའི་སྐྱེས་བུའིའོ། །པཱ་ནའི་ཡང་ནའོ། །ན་ཉ྄ ལའོ། །ན་ཨའོ། །དབྱངས་ལ་ཨནྲའོ། །དང་གི་དོན་ལ་ཟླས་དབྱེའོ། །ཕྱོགས་གཉིས་པ་དང་ཟླས་དབྱེ་ལ་གཅིག་ཉིད་དོ། །གྲངས་ཐོག་མ་ཅན་ནི་ཕྱོགས་གཉིས་པའོ། །ཕྱོགས་གཉིས་པ་ལ་མཉམ་དུ་འདུས་པའི་ཨཏྲ་ལ་ཨཱིཔྲའོ། །གཞན་གྱི་དོན་ལ་འབྲུ་མང་པོའོ། །ཨིནྡུ་ལ་སོགས་པ་དག་ལས་ཀྱང་མ་ཡིན་ནོ། །པྲ་ཛ་མི་དྷ་དག་ལ་ཨ་སུ་ཀྲའོ། །དྷརྨ་ལས་ཨནྲའོ། །གཞན་གྱི་དོན་ལའོ། །སྐྱེས་པ་བཞིན་ཡང་ནའོ། །གོ་ཡིའོ། །ཊ་ཨཌ་ཀ་རྣམས་སོ། །ནའི་ཡང་ནའོ། །མཉམ་པའི་དོན་ལ་ལས་འཛིན་པའོ། །མིང་དང་ཀྲྀཏྲ་ལས་ཀྱང་བསྡུ་བའོ། །ས་ཧ་ལ་སོགས་པ་རྣམས་ས་ལ་སོགས་པའོ། །ཀུའི་ཀཏྲའོ། །སྐྱེས་བུ་ལ་ཡང་ནའོ། །འགའ་ཞིག་ཏུ་དབྱི་བ་མ་ཡིན་ནོ། །ཟླས་དབྱེ་ལས་དང་པོ་ཡང་ངོ༌། །ཕྱོགས་དང་གྲངས་ཀྱི་མིང་ཅན་ལའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་


DTG197_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་ཚིག་སྡུད་ཀྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།བུ་བརྒྱུད་ལ་ཨཎ྄འོ། །དབྱངས་དང་པོའི་ནྲ་ཉྲ་འགྲོ་བ་ལ་འང་འཕེལ་བའོ། །དབྱངས་ལ་ཨུ་དང་ཨོའི་ཨ་པྲའོ། །ཨཎ྄ ལ་རྀ་ཨུརའོ། །དྲང་སྲོང་མ་ཡིན་པ་ལ་ཨ་ཏྲ་ལ་ཨི་ཉྲའོ། །ག་རྒ་ན་ཊ་ཨ་ཏྲི་དུད་མེད་ཀྱི་པི་ཏྲཾ་སྲྀ་ལ་སོགས་པ་རྣམས་ལ་ཎྱ་ཨཱ་ཡན་ཎ་ཨེ་ཡྞྲ་ཎཱི་ཡ་ཡང་ངོ༌། །མང་པོ་ཉིད་ལ་འགའ་ཞིག་ཏུ་འཇིག་གོ །ལྷ་དང་འདིའི་དོན་ལའོ། །ལ་ལར་གཉིས་ཀ་ལའོ། །ཎ྄ འགྲོ་བ་ལས་ཡང་ནའོ། །ཙ་ཏུར྄ གྱི་ཙ་དབྱིའོ། །ཨ་ནྱ་གྱི་དཀྲའོ། །བྱེད་པ་པོ་དང་བྱ་བའི་སྦྱོར་བ་ལའོ། །ཀ་ཨཱི་ན་ཨི་ཡ་ཨི་ཀ་རྣམས་སོ། །ཡ་དབྱི་བ་འང་ངོ༌། །ཏྱ་དང་ཏ་ན་དག་གོ །རང་གི་དོན་ལ་ཡང་ངོ༌། །ཨཎ྄ དང་ཨཱི་ན་དག་ལས་ཨུཥྨ་དྲ་ཨསྨདྲ་དག་གི་ཏ་པ་ཀ་ལ་སོགས་པའོ། །མཉམ་པ་ལ་བཏྲའོ། །དངོས་པོ་ལ་ཏ་ཏྭ་ཡཎྲའོ། །ལོ་ཧི་ཏ་ལ་སོགས་པ་ལ་ཨི་མནྲ་ཏེ་ཊི་ཏ྄འོ། །རྀའི་ར་ཨི་མན་ལའོ། །བ་ཧུ་ལས་དབྱི་ཞིང་བ་ཧུའི་ཡང་བྷུའུའོ། །ཡོད་པའི་དོན་ལ་མ་ཏུ་པ྄འོ། །མ་ཏུའི་དོན་ལ་ཨ་དང་ཨི་ཀ་དག་གོ །མ་དང་ཨ་མཐའ་ཨུ་པ་དྷཱ་ལས་པ་ཏུ་ཨིནྲ་དག་གོ །ཏ་ཌི་ཏྲ་ལ་སོགས་པ་རྣམས་ལས་ཀྱང་ངོ༌། །ཨེ་ཏད྄ ཀིམ྄ཡད྄ ཏད྄ རྣམས་ལས་སོ། །ཡད་ཏད་དག་གི་ཨཱའོ། །ཀི་མྲ་ན་ཀི་སྟེ་ཡ་ཡང་ངོ༌། །ཨེ་ཏཏྲ་ཀྱི་ཨཱ་དང་ཨི་ཡང་ནའོ། །ཏུནད་སོགས་ལ་ཨི་ལའོ། །དནྟ་ལས་རིང་བ་ལ་ཨུ་རའོ། །ཤྲདྡྷ་ལ་སོགས་པ་ལ་ལུའོ། །པཱ་ཙ་ལས་གྨི་ནིའོ། །སྨད་པ་བརྗོད་པ་ལ་ཨཱ་ལ་ཨཱ་ཊ་དག་གོ །ཅུང་ཟད་ཡོངས་སུ་མ་རྫོགས་པ་ལ་ཀལྤ་དེ་ཤྱ་དེ་ཤཱི་ཡ་རྣམས་སོ། །ཁ་བསྒྱུར་བ་ལ་རཱུ་བའོ། །སྨྲ་བ་དང་ངན་པ་ལ་པཱ་ཤའོ། །སྔོན་དུས་ཤེས་པ་ལ་ཙ་རྟྲ་འོ། །སྤྱི་བུངས་དང་རྣམ་འགྱུར་དང་གཙོ་བོ་རྣམས་ལ་མ་ཨཊྲའོ། །མཚམས་སྦྱོར་གྱི་ཡྲ་བྲ་དག་ལ་མ་ཡིན་ཏེ་ཨིཊ྄ ཨུཊ྄དག་གོ །སྐྱེས་པའི་དོན་ལ་ཨི་ཏའོ། །ཁྱད་པར་དུ་འཕགས་པ་ལ་ཏ་ར་ཏ་མ་ཨཱི་ཡ་སུ། ཨིཥྛ་རྣམས་སོ། །ཨིཥྛ་ཨི་མནྲ་ཨཱི་ཡ་སུ་རྣམས་ལ་གུ་རུ་ལ་སོགས་པའི་ཌི་དབྱི་བའང་མ་ཡིན་ཞིང་གར྄ སོགས་སུའོ། །ཛྱཱ་ཀྱི་སྤྲ་ལས་ཨཱི་ཡསྲ་ཀྱི་ཨཱི་དབྱིའོ། །བ་ཧུའི་ཨིཥྛ་ལ་ཡིའོ། །ཚད་ལ་དགྷྣ་ལ་སོགས་པའོ།།


DTG197_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཀྱི་བྱེ་བྲག་ལོགས་སུ་བཀོལ་བ་ལ་དྭི་དང་ཏྲི་དག་ལས་ཏཱི་ཡའོ། །ཥ་ཥ྄ ཙ་ཏུར་དག་ལ་ཐའོ། །ཀ་ཏི་དང་ཀ་ཏི་པ་ཡ་དག་ལས་ཀྱང་ཐའོ། །པཉྩནྲ་ལ་སོགས་པ་རྣམས་ལ་མའོ། །ཨེ་ཀ་ད་ཤནྲ་ལ་སོགས་པ་རྣམས་ལ་ཌའོ། །དྭི་ཏྲི་ཨཥྛ་ནྲ་རྣམས་ཀྱི་དྭཱ་ཏྲ་ཡོ་ཨཥྛཱ་རྣམས་སོ། །རིཾ་ཤ་ཏི་སོགས་ལ་ཏ་མ་ཊ྄ ཡང་ནའོ། །ཤ་ཏ་སོགས་ལ་རྟག་ཏུའོ། །གྲངས་རྣམས་ཀྱི་རབ་ཏུ་བྱེད་པ་ལ་དྷཱའོ། །ཡོན་ཏན་ལ་ཨཎ་ཡང་ངོ༌། །བྱ་བའི་ཆེད་དུ་ཀུན་ནས་འཇུག་པ་ལ་ཀྲྀ་ཏྭ་སྲའོ། །དྭི་ཏྲི་དག་ལ་སུའོ། །པ་ཧུ་སོགས་ལ་ཤསྲའོ། །གྲངས་ཀྱི་དོན་ཏུ་ཏ་ཡ་ཨ་ཨཌ་དག་གོ །སྟཱི་པུཾ་དག་ལ་ན་ཉྲ་སྣ་ཎྲ་དག་གོ །ལྷག་མ་ཚིག་ཕྲད་རྣམས་ཀ་ཏི་ལ་སོགས་པའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དེ་ཕན་གྱི་རབ་ཏུ་བྱ་བ་རྣམས་རྫོགས་སོ།། །།བྱིངས་ལས་སོ། །བྷཱུ་ལ་སོགས་པའོ། །དེ་ཡང་དབྱེ་བ་གསུམ་མོ། །ཨ་ནུ་དཱ་ཏྟ་ངི་ཏྲ་དག་གི་ཨཱཏྲའོ། །ཉི་ཏྲ་དང་སྭ་རི་ཏའི་གཉིས་ཀའོ། །གཞན་ལས་གཞན་ནོ། །དགུ་རྣམས་པ་རསྨཻ་པ་དའོ། །ཕ་རོལ་རྣམས་ཨཱཏྨ་ནེ་པ་དའོ། །ད་ལྟར་བ་ལ་ཏི་པ྄། ཏས྄། ཨནྟི་སིཔ྄། ཐས྄། ཐ། མིཔ྄། བས྄། ཏེ། ཨཱ་ཏེ། ཨནྟེ། སེ། ཨཱ་ཐེ། དྷྭེ། ཨེ་བ་ཧེ། མ་ཧེའོ། །དང་པོ་དབུས་མ་ཕྱི་མ་རྣམས་མིང་དང་ཡུཥྨ་དྲ་ཨསྨདྲ་རྣམས་ཀྱི་དབྱེ་བས་སོ། །བྱེད་པོ་ལ་པམྲ་ཡང་ངོ༌། །བྱེད་པ་པོ་ལ་ཨཔ྄འོ། །ཡོན་ཏན་ནོ། །པི་ཏྲ་དང་ཏཱ་སོགས་མ་ཡིན་པ་ནི་ངི་ཏྲའོ། །ཨུསྨྲ་མ་ཡིན་པའི་ཀིཏྲ་ངིཏྲ་ལའོ། །ཨཏྲ་ཀྱི་ཨ་དང་ཨེའོ། །པ་མ་དག་ལ་ཨཱའོ། །བར་མ་ཆད་པ་ལས་ཀྱང་སྐྱེས་པུའི་བྱེ་བྲག་གོ །ཆོ་ག་འབྱུང་བའི་གནས་དག་ལས། ཡཱཏ། ཡཱ། ཏཱམ། ཡུས྄། ཡཱས྄ ཏཾ། ཡཱཏ། ཡཱཾ། ཡཱ་བ། ཡཱ་མ། ཨཱི་ཏ། ཨཱི་ཡཱ་ཏཱཾ། ཨཱི་རན྄། ཨཱི་ཐཱས྄། ཨཱི་ཡཱ་ཐཱཾ། ཨཱི་དྷྭཾ། ཨཱི་ཡ། ཨཱི་བ་ཧི། ཨཱི་མ་ཧི་རྣམས་སོ། །ཨ་ལ་ཡའི་ངོ༌། །ཡུས་ལ་ཨིཌ྄འོ། །ཡཱ་མ྄ ཨི་ཡཾ་མོ། །ཤེས་བྱེད་དང་བྱེད་དུ་འཇུག་པ་དག་ལ་ཏུཔ྄། ཏཱཾ། ཨནྟུ། ཧི། ཏཾ། ཏ། ཨཱ་ནི་པ྄། ཨཱ་བཔ྄། ཨཱ་མཔ྄། ཏཱཾ། ཨཱ་ཏཱཾ། ཨནྟཱཾ། སྭ། ཨཱ་ཐཱཾ། དྷྭམ྄། ཨཻཔ྄། ཨཱ་བ་ཧཻཔ྄། ཨཱ་མ་ཧཻ་པ་རྣམས་སོ། །ཨ་ཏ་ལས་སོ། །དེ་རིང་མ་ཡིན་པའི་འདས་པ་ལ། དིཔ྄། ཏཱམ྄། ཨན྄། ཨན྄། སིཔ྄། ཏམ྄། ཏ། ཨ་མི་པ྄།


DTG197_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བ། མ། ཏན྄། ཨཱ་ཏཱ་མ྄། ཨནྟ། ཐ྄ས྄། ཨཱ་ཐཱ་མ྄། དྷྭཾ། ཨི། བ་ཧི། མ་ཧི་རྣམས་སོ། །དི་པྲ་སོགས་ལ་ཨ྄ཊའོ། །ཨཱཏྲ། ཨཱ་ཐའི་ཨིའོ། །དབྱངས་ཐོག་མ་ལས་སོ། །ཨ་དྲ་ལ་སོགས་པ་རྣམས་ལས་འཇིག་གོ །ཛྷ་ས་ལས་ཧི་འི་དྷིའོ། །ཤཱིང་གིའོ། །ཤཱི་ལས་ཨནྟ་ལ་རུ་ཊ྄འོ། །ཨཏ྄ མ་ཡིན་པ་ལ་ཨཱཏྲ་ཀྱི་ཨནྟ་ཨཏྲའོ། །ཏ་ས་མ་པྲ་འགྲོ་བ་ལས་ཨཔྲ་སྔོན་མ་ལ་ཨཱིའོ། །ཨཔྲ་མེད་པ་ལ་ཨཱུའི་ཝ྄ མ་ཡིན་ནོ། །བྲཱུའི་ཨཱཧ་སྟེ་ལྔ་པོ་རྣམས་ཀྱང་ངོ༌། །ཐ་ལ་ཏའོ། །ཧུ་ལ་སོགས་པའི་གཉིས་ཀྱང་ངོ༌། །དབྱངས་བཅས་དང་པོ་གཉིས་ཏེ་གཉིས་པ་མ་ཡིན་ནོ། །ཀུ་དང་ཧའི་ཙུའོ། །ཛྷ་བ་རྣམས་ཀྱི་ཛ་བ་དང་ཙ་པའོ། །གཉིས་ལས་སོ། །བ་མ་དག་ལ་ཨུ་ཡང་ན་དབྱིའོ། །ཧིའི་དྷིའོ། །ཨན྄ གྱི་ཨུས྄ སོ། །ཐུང་ངུའོ། །འཇིག་པ་ལ་བྷྲྀཉ་རྣམས་ཀྱིའོ། །གཉིས་ཉིད་ལས་མི་གནས་པ་རྗེས་སུ་འཇུག་པ་ལ་ཨཱི་ཡིག་ཀྱང་ངོ༌། །ཧི་ལ་ཨི་དང་ཨཱི་ཡང་ནའོ། །ཨུས྄ ལ་ཨཱ་དབྱིའོ། །དཱ་ལ་སོགས་པའིའོ། །དཱ་རྣམས་ཀྱི་ཧི་ལའོ། །ང་འགྲོ་བ་ཛྷས་སྔོན་མ་ལ་དྷའོ། །དི་བྲ་ལ་སོགས་པ་ལ་ཡའོ། །དང་པོའི་ཥ་ཎ་ནི་ས་ནའོ། །སུ་ལ་སོགས་པ་ལ་ནུའོ། །ནུ་དང་ཨུའི་པ་ལའོ། །པྲ་ལ་སོགས་པ་རྣམས་ལས་སུ་དང་ནམྲ་རྣམས་ཀྱི་དེ་བཞིན་ཡང་ངོ༌། །ཨུ་ལས་ཧིའི་ཡང་ནའོ། །རུ་དྷྲ་ལ་སོགས་པ་རྣམས་ལ་ནམ་མོ། །ཏ་དང་ཐའི་དྷའོ། །ནམ྄ ཨས྄ ཀྱི་ཨའོ། །ཛྷ་ས་ལས་ཧིའི་དྷིའོ། །ཧ་ས་ལས་དི་སི་དག་གིའོ། །དའི་སའོ། །ཏན་སོགས་ལ་ཨུཔ྄འོ། །ང་འགྲོ་བ་ལ་ཨ་ཏྲ་ཨུའོ། །ཀྲྀཉའི་ཡ་ལའོ། །ཏུ་དྲ་སོགས་ལ་ཨའོ། །ཀྲཱི་སོགས་ལ་ནཱའོ། །ཧ་ས་ལ་ཨཱིའོ། །ནཱའི་ཨཱཏྲའོ། །གྲ་ཧ་རྣམས་ཀྱི་ཀྲང་འགྲོ་བ་ལའོ། །ཧ་ས་ལས་ཧི་ལ་ཨཱ་ནའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བྱེད་པ་པོའི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།དངོས་པོ་དང་ལས་ལ་ཨཱཏའོ། །བཞི་པོ་ལ་ཡཀྲའོ། །ཨ་ཡཀྲ་ལའོ། །རཱྀཏ྄ ཨིར྄འོ། །ཡ་ལའོ། །དཱ་སོགས་ཀྱི་ཨིའོ། །མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱའོ། །ཏན་གྱི་ནའི་ཨཱ་ཡང་ནའོ། །རྀའི་ཡང་དག་པར་སྦྱོར་བ་སོགས་ལ་ཡོན་ཏན་ནོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དངོས་པོ་དང་ལས་ཀྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།ལྐོག་ཏུ་གྱུར་པ་ལ། ཎཔ྄། ཨ་ཏུས྄། ཨུས྄། ཐཔ྄། ཨ་ཐུས྄། ཨ། ཎཔ྄། བ། མ། ཨེ། ཨཱ་ཏེ། ཨིརེ།


DTG197_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སེ། ཨཱ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེའོ། །གཉིས་ཀྱང་ངོ༌། །ཎཔ྄ སོགས་ལ་བྷཱུ་ཨ་དག་གི་ཨཱའོ། །བྷཱུ་ལ་བུཀྲའོ། །ཀྲྀ་སོགས་ལས་ཎ་སོགས་ལའོ། །ཨུ་པ་དྷཱའི་ཨཏྲའོ། །ཎ་ལ་སོགས་པ་ཀ་འགྲོ་པའོ། །པཙྲ་རྣམས་ཀྱི་ཀ་འགྲོ་བ་ལ་དབྱི་སྟེ་ཨའི་ཡང་ཨེའོ། །ཐ་པ་ལ་ཨིཊ྄ ཡང་ནའོ། །རྀ་ཨའོ། །བྱིངས་ཀྱི་ནཱ་མིའོ། །བཞི་པོ་རྣམས་མ་ཡིན་པའི་དྷའི་ནཱ་མི་ལས་ཌྷའོ། །ཀྲྀ་ཨསྲ་བྷཱུ་རྐྱེན་མཐའ་ཅན་ཕ་རོལ་ལས་ཀཱ་ས་ལ་སོགས་པ་རྣམས་ལ་ཨཱམ྄འོ། །ཨཱ་མ་ལ་བད྄ ཀྱི་ཡོན་ཏན་མ་ཡིན་ནོ། །བདག་གི་འདོད་པ་ལ་སའོ། །རྀཏྲ་ཨིར྄འོ། །ས་ལས་ཀྱང་གཉིས་སོ། །སྔོན་མའི་ཧ་ས་དང་པོ་ལྷག་པོའོ། །མིང་ལ་ཡ་སྟེ་ཨའི་ཡང་ཨཱིའོ། །ས་ལས་ཨ་ཨིའོ། །ས་དང་ལྐོག་ཏུ་གྱུར་པ་དག་ལས་ཛིའི་གིའོ། །གམ྄ རྣམས་ཀྱི་དབྱངས་ལའོ། །གྷས྄ སོགས་ཀྱི་སའི་ཥའོ། །ཨཱཏྲ་ལེ་ས་ཎ་པ྄ ཌཽའོ། །ཨཱཏྲ་ཀྱི་ཨ་པ྄ མེད་པ་ལའོ། །ཤ་སའི་མ་ཡིན་ཏེ་ཁ་པའོ། །ཎཔ྄ སོགས་ལ་དང་པོའིའོ། །ཀ་འགྲོ་བ་ལ་ཡཛྲ་རྣམས་ཀྱི་ཡ་བ་ར་རྣམས་ཨི་ཨུ་རྀ་ཏྲ་རྣམས་སུ་སླར་ཡང་དག་པར་བསྒྱུར་པའོ། །བྲཱུཉྲའི་བཙ྄འོ། །ཨཤ྄རྣམས་ལ་ནུ་ཀའོ། །ཨཔ྄ མེད་པ་ལ་བེཉ྄འི་བཡྲའོ། །ཡང་དག་པར་སྦྱོར་བའི་མཐའ་ལས་ཀིཏྲ་མ་ཡིན་ནོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ལྐོག་གྱུར་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།སྨོན་པར་བྱེད་པ་ལ། ཡཱ་ཏ྄། ཡཱ་སྟཱཾ། ཡཱ་སུ་ས྄། ཡཱ་ས྄། ཡཱ་སྟཾ། ཡཱ་སྟ། ཡཱ་སཾ། ཡཱ་སྭ། ཡཱ་སྨ། སཱི་ཥྚ། སཱི་ཡ་སྟཱཾ། སཱི་ར་ནྲ། སཱིཥྛཱ་ས྄། སཱི་ཡཱ་སྠཱཾ། སཱི་དྷྭཾ། སཱི་ཡ། སཱི་བ་ཧི། སཱི་མ་ཧི་རྣམས་སོ། །དཱ་ལ་སོགས་པའི་ཨེའོ། །ཡཱ་ཏྲ་ལ་སོགས་པ་ལའོ། །རྀ་གྱིའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་སྨོན་པར་བྱེད་པའི་རྐྱེན་རྣམས་རྫོགས་སོ།། །།དེ་རིང་མ་ཡིན་པ་ལས། ཏཱ། ཏཱ་རཽ། ཏཱ་རས྄། ཏཱ་སི། ཏཱ་སྠ་ས྄། ཏཱ་སྠ། ཏཱ་སྨི། ཏཱ་སྤ་ས། ཏཱ་སྨས། ཏཱ། ཏཱ་རཽ། ཏཱ་ར་ས྄། ཏཱ་སེ། ཏཱ་སཱ་ཐེ། ཏཱ་དྷྭེ། ཏཱ་ཧེ། ཏཱ་སྤ་ཧེ། ཏསྨ་ཧེ་རྣམས་སོ། །སི་ས་ཏཱ་སཱི་སྱཔྲ་རྣམས་ལ་ཨིཊ྄འོ། །དབྱངས་གཅིག་པ་ལ་ཨ་ནུ་དཱ་ཏྟ་ལས་མ་ཡིན་ནོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དེ་རིང་མ་ཡིན་པའི་འབྱུང་འགྱུར་གྱི་དོན་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།ཏི་སོགས་ལ་འབྱུང་འགྱུར་ལ་སྱཔ྄འོ། །ས་ལ་


DTG197_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཥ་ཌྷ་དག་གི་གའོ། །ཧ་ན྄ རི་ཏ྄ ལས་སྱབ྄ ལའོ། །ཨཔ྄ མེད་བ་ལ་སའི་ས྄ ལ་ཏྲའོ། །ཨུ་པ་དྷཱ་ཐུང་ངུའིའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་འབྱུང་འགྱུར་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།བྱ་བ་ཤོར་བ་ལ་སྱབ྄འོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བྱ་བ་ཤོར་བའི་རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།བྱུང་ཟིན་པ་ལ་སིའོ། །པ་ལ་དཱ་ལ་སོགས་པ་ལས་སོ། །སི་ལ་ཨཱ་དང་བིད་ལས་སོ། །ཨུས་ལ་ཨཱ་དབྱིའོ། །མཱ་ལས་ཨཊ྄འིའོ། །དྷ་ལའང་སི་དབྱིའོ། །པ་ལ་ཎ་འགྲོ་བའོ། །སི་ལའོ། །ཨིཊ྄ ལས་ཨཱིཊ྄ ལའོ། །ཐུང་དུ་ལས་ཛྷ་ས་ལ་དབྱིའོ། །ཨིང་གི་སི་ལ་གཱི་ཡང་ནའོ། །ཛྷ་ས་ལས་སོ། །ཨིར་ལ་ཡང་ནའོ། །ཨིཊ྄མེད་པའི་ནཱ་མི་ལས་འཕེལ་བའོ། །ཛྷ་ས་ལ་དྲྀ་ཤ་རྣམས་ཀྱི་ཨར་ནི་ར྄འོ། །སི་སཱི་དག་ལའོ། །ལྀ་འགྲོ་བ་དང་བུ་ཥ་སོགས་ལ་ངའོ། །ཧ་ཤ་ཥ་རྣམས་ཀྱི་མཐའ་ལས་ས་ཀྲའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་བྱུང་ཟིན་གྱི་རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།བྱེད་པ་པོ་མ་ཡིན་པ་ལས་ཏནྲ་ལ་ཨིཎ྄འོ། །དབྱིའོ། །ཨུ་པ་དྷཱ་ཐུང་དུ་ལས་སོ། །ཨ་ཏྲ་ལས་ཡུ་ཀ྄འོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་དངོས་པོ་དང་ལས་ཀྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།ཧ་ས་དང་པོ་ལས་ཕུལ་དུ་བྱུང་བ་ལ་ཡང྄སྟེ་གཉིས་ཀྱང་ངོ༌། །ཡང྄ ལའོ། །དེ་བྱིངས་སོ། །ཨཱ་ཏྲའོ། །དབྱངས་དང་པོའི་ཕ་རོལ་ལོ། །ཉ་མ་དང་ཛྷ་པ་རྣམས་ལ་ནུ་ཀྲའོ། །ན་ནི་དབྱིའོ། །རྀ་ཏྲ་ཨུ་བ་དྷཱའི་རཱི་ཀྲའོ། །ཙ་ར་ཕ་ལ་དག་གི་ཨའི་ཡང་ཨུཏྲའོ། །རྀཏ྄ ཀྱི་རིའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཡང྄ རྐྱེན་གྱི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།གཞན་ལ་འཇིག་པ་ཡང་ན་རྗེས་སུ་འཇུག་གོ །ཨཔ྄ མེད་པའི་ཧ་ས་ལས་ཀྱང་ངོ༌། །གཉིས་ལས་བྱིངས་པ་འགྲོ་བ་ལ་ཨུ་པ་དྷཱའི་ཡོན་ཏན་ནོ། །ཞེས་པ་བརྡ་སྤྲོད་བ་དབྱངས་ཅན་གྱི་མདོ་ལས་ཡང྄ འཇིག་པའི་མཐའི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།བྱེད་པ་པོ་ལ་ཡང་ངོ༌། །ཉེ་བར་འཇལ་བའི་ཀུན་ཏུ་སྤྱོད་པ་ལ་ཡའོ། །བདག་ཉིད་འདོད་པ་ལ་སའོ། །ཨུ་རྀའི་


DTG197_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལའོ། །ས་ཨིཊ྄ མེད་པ་ལ་མ་ཡིན་ནོ། །ས་ལ་རིང་པོའོ། །ས་ལ་ཨ་ཨིའོ། །ཧན྄ ལས་སཎ་འགྲོ་བའོ། །རྀཏ྄ ཨིར྄འོ། །ཡའི་ཨཏྲའོ། །ས་ལ་ཨི་ས྄འོ། །ཨཱ་པྣོ་ཏིའི་ཨཱིའོ། །ཨ་ཤ་ལ་ཨནཱ་ཡ་ཡང་ནའོ། །གུབྲ་རྣམས་ལས་སོ། །ཨཱ་ཡའོ། །མིང་ལ་ཡ་སྟེ་ཨའི་ཡང་ཨཱིའོ། །བྱེད་པ་ལ་འང་ཡའོ། །བྱེད་པ་པོ་ལ་ཉི་ཌ་འགྲོ་བའོ། །ཉི་ཉིད་ལ་ཐུང་ངུའོ། །པྲྀ་ཐ་སོགས་ཀྱི་རའོ། །ཧན་གྱི་གྷཏྲའོ། །ས་དའི་ཤཏྲའོ། །རྀ་ཨཱ་ཏྲ་ལས་ཉི་ལ་བུ་ཀ྄འོ། །ཨི་ཨཱའོ། །ཙུ་ར་སོགས་ལ་ཉིའོ། །ཉི་དང་ཨང་ལས་གཉིས་ཀྱང་ངོ༌། །ཉིའིའོ། །ཐུང་དུ་རིང་པོའོ། །ཨང྄ ལ་ཨུ་པ་དྷཱ་ཐུང་ངུ་ནི་ཐུང་ངུའོ། །རྀཏ྄ ཀྱི་མ་ཡིན་ནོ། །བཧ་ལས་ཀྟིའོ། །ཨང྄ ལ་སྔོན་མའི་ཌྷ་ནི་ཛའོ། །ཀྲྀ་པའི་ར྄ ལའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་རྐྱེན་དང་སྦྱོར་བའི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།དྲྀ་ཤ་ལ་སོགས་པ་རྣམས་ཀྱི་པ་ཤྱ་ལ་སོགས་པ་རྣམས་སོ། །གམ྄ རྣམས་ཀྱི་ཚའོ། །ཛཉཱ་ཛནྲ་དག་གི་ཛཱའོ། །ཤྲུའི་ཤྲྀའོ། །པཱུ་ལ་སོགས་པའི་ཐུང་ངུའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཀུན་ནས་བསྒྱུར་བའི་རབ་ཏུ་བྱ་བ་རྣམས་རྫོགས་སོ།། །།ནི་ལས་བི་ཤ་སོགས་ལའོ། །བི་པ་རཱ་དག་ལས་ཛི་ལའོ། །ཨཱང྄ལས་དཱ་ལ་ཁ་གདངས་པ་མ་ཡིན་པ་ལའོ། །ཨ་ནུ་སཾ་པ་རི་རྣམས་ལས་ཀྱང་ཀྲཱིཌ྄ ལའོ། །སམ྄ ཨ་བ། པྲ། ཨུ་པ། བི་རྣམས་ལས་སྠཱ་ལའོ། །ཨུཏྲ་བི་དག་ལས་ཏ་པ་ལའོ། །ཨཱང྄ ལས་ཡ་མ་ཧནྲ་ལའོ། །ཨ་ནུ་དཱཏྟ་རྣམས་དབྱི་བ་ཉིད་དོ། །ཨུཏྲ་ལས་ཙ་ར་ལ་འདོན་པ་ལའོ། །པི་ཨ་བ་པ་རི་རྣམས་ལས་ཀྲཱི་ལའོ། །ཛྙཱ། ཤྲཱུ་སྨྲྀ་དྲྀ་ཤྲ་རྣམས་ས་མཐའ་ཅན་ལ་ཨཱཏྲའོ། །འཚེ་བ་སོགས་ལས་གཞན་པའི་ལས་གཅིག་ལ་འཇུག་པ་ལ་ཨཱཏྲའོ། །པི་ཨཱང྄ པ་རི་ཨུ་པ་རྣམས་ལས་ར་མ་ལའོ། །བྲྀཏ྄རྣམས་ལས་སྱཔྲ་དག་ལ་ཡང་ནའོ། །མུ་ཙ྄ སོགས་ལ་མུ་མ྄འོ། །ཨིཏྲ་འགྲོ་བ་ལ་མུ་མ྄འོ། ཤམ྄ རྣམས་ཀྱི་རིང་པོའོ། །ཡ་ལ་ཨོའོ། །པུའི་རྀ་ཨུར྄འོ། །རུདྲ་སོགས་ལསྲ་བཞི་པོ་རྣམས་ཀྱི་ཧ་དང་བ་ས་ལའོ། །ད་རི་དྲཱ་སོགས་ཀྱི་ད་འགྲོ་བ་ལ་ཨིཏྲ་སྟེ་ཨཱ་དབྱི་བ་ཡང་ངོ༌། །ཨཱིཌ྄ ཨཱི་ཤྲ་དག་ལས་སོ། །ཨུ་ཨཽའོ། །ཡུ་ནུ་རུསྟུ་རྣམས་ལས་ཨཱིར྄ ཡང་ནའོ། །ཏན྄


DTG197_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཨ་ནུ་དཱཏྟ་དབྱི་བ་ཉིད་དོ། །ནམ྄ ལའོ། །ཨཔྲ་ལ་རཉྫ྄ དཾ་ཤྲ། །ཥཉྫ྄ ཥྭཉྫ྄ རྣམས་ཀྱིའོ། །བིད་ལས་ཏིཔ྄ ལ་སོགས་པ་དགུ་རྣམས་ནི་ཎཔྲ་ལ་སོགས་པར་ཡང་ནའོ། །སི་ལ་སའོ། །ཛ་ཧི། ཨེདྷི། ཤཱ་དྷྲིའོ། །ཨསྟི་ལས་ཨཱིཊ྄འོ། །ཌྷའི་ཌྷ་ལ་དབྱི་ཞིང་རིང་པོ་ཡང་ངོ༌། །ས྄ ཀ྄ སོགས་ཀྱི་ཡང་ངོ༌། །གཞན་དུ་ས྄ ཛ྄འོ། །དིཔ྄ ལ་སའི་ཏ་སྟེ་སྲིཔ྄ ལ་ཡང་ནའོ། །བ་འགྲོ་བ་ལ་མྲྀ་ཇིའི་འཕེལ་བའོ། །ནཱི་ཛ་རྣམས་ཀྱི་ཡོན་ཏན་ནོ། །སྔོན་མའི་རྀ་པྲྀ་དག་གི་ཨིའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཀུན་ནས་བཤད་པའི་རབ་ཏུ་བྱེད་པ་རྣམས་རྫོགས་སོ།། །།བྱེད་པ་པོ་ལ་ཀྲྀཏྲའོ། །ཏྲི་བུཎ྄ དག་གོ །ཀྲྀཏྲ་ལའོ། །ཨཱུཏྲ་འགྲོ་བ་ལས་ཡང་ནའོ། །སཧྲ་བཧྲ་དག་གི་ཨ་ཡིག་ནི་ཨོཏྲའོ། །ཡུ་བུ་དག་གི་ཨ་ན་ཨ་ཀ་དག་གོ །ནཱ་མིའི་ཨུ་པ་དྷཱ་ལས་ཀའོ། །པ་ཙི་ན་ནཱི་གྲ་ཧཱ་སོགས་ལ་ཨ་ཡུ་ཎི་ནིའོ། །རུ་ལ་ཡུཎ྄འོ། །དྲྀ་ཤྲ་སོགས་ལ་ཤའོ། །ཤ་འགྲོ་བ་ལ་བཞི་པོ་བཞིན་ནོ། །ཛྭ་ལ་སོགས་ལ་ཎའོ། །ལས་ལ་ཨཎ྄འོ། །ཨཱཏ྄ལས་ཌའོ། །མིང་ལ་འང་ངོ༌། །ཤུ་ཙའི་དྲ་ལ་ཤཱུའོ། །ཨུ་རས྄ཀྱི་དབྱི་ཞིང་མུ་མྲ་ཡང་ནའོ། །བི་ཧཱ་ཡ་སའི་བི་ཧ་འང་ངོ༌། །ཨ་ཊ་དག་གོ། ཨི་ཁ་ཁིའོ། །ཁ་འགྲོ་བ་ལ་སྔོན་མའི་ཚིག་གོ །ཨེ་ཛ྄ རྣམས་ཀྱི་ཁ་ཤྲའོ། །བྱེད་པ་ལ་ཁྱུཊ྄འོ། །བྷཛ྄ རྣམས་ཀྱི་བིཎ྄འོ། །བིའིའོ། །ཤས྄ སོགས་དབྱངས་ལ་བ་ཧའི་བ་ཨཽའོ། །ས་ཧྲའི་སཱཌྷ་ལ་ཥ་འང་ངོ༌། །བྱིངས་ཀྱི་མའི་ནའོ། །བྱུང་བ་མ་ཡིན་པ་ལས་ཀྲྀ་བྷཱུ་ཨསྲ་སྦྱོར་བ་ལ་ཙྭིའོ། །ཙྭི་ལ་རིང་པོ་སྟེ་ཨའི་ཡང་ཨཱིའོ། །ཙྭི་ལ་ས་དབྱི་བ་འང་ངོ༌། །ཨཱཏྲ་ལ་མ་ཎི་པྲ་ཀྭ་ནི་པྲ་བ་ནི་པྲའོ། །སྠཱ་རྣམས་ཀྱི་ཨཱིའོ། །ཀྭི་པྲའོ། །ཐུང་དུའི་ཀྲྀཏྲ་ཀྱི་པ་འགྲོ་བ་ལ་ཏུཀྲའོ། །ཀྭི་པའོ། །ཉེ་བར་འཇལ་བའི་བྱ་བ་ལ་དྲྀ་ཤྲ་ལ་ཊཀྲ་སཀྲ་དག་ཀྱང་ངོ༌། །སརྦ་སོགས་ཀྱི་ཨཱའོ། །ཀིམ྄ ཨི་དམྲ་དག་གི་ཀཱི་ཨཱི་ཤྲ་དག་གོ །འདས་པ་ལ་ཎི་ནིའོ། །ཀྭི་པྲ་བ་ནི་པྲ་ཌ་རྣམས་སོ། །ཀྟ་ཀྟ་བ་ཏུའོ། །ལས་མེད་པ་ལས་འགྲོ་བའི་དོན་དང་བྱེད་པ་པོ་ལ་ཀྟའོ། །ཨིཊྲ་དང་བཅས་པའི་ཀྟ་ལ་ཡང་ནའོ། །ཀ་འགྲོ་བ་ལའོ། །ཨཱཏ྄ ཨཱིཏྲ་འགྲོ་བ་ལའོ། །ཉི་ཨིཏྲ་འགྲོ་བ་ལ་ད་


DTG197_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བ་ལ་ཏཀྲ་ཀྱང་ངོ༌། །ད་ལས་ཏའི་ན་སྟེ་དའི་ཡང་ངོ༌། །ཨཏྲ་ཀྱི་ཀ་འགྲོ་བ་ལ་ཛགྷྲའོ། །ར་ལས་སོ། །ལཱུ་སོགས་དང་ཨོཏྲ་འགྲོ་བ་ལས་སོ། །ཏ་ལ་དཱའི་ད་དྲའོ། །དབྱངས་ལས་ཏ་ཡང་ནའོ། །བས྄ ཀྵུ་དྷྲ་དག་ལ་ཨིཊ྄འོ། །གྷས྄ སོགས་ཀྱི་ཥའོ། །ཏྲཎ་སོགས་ནི་ནི་པཱ་ཏ་ཡང་ནའོ། །སམྲ་པ་རི་ཨུ་པ་རྣམས་ལས་ཀྲྀ་ལ་རྒྱན་གྱི་དོན་ལ་སུཊ྄འོ། །དངོས་པོ་ལ་གྷཉྲའོ། །ཛནྲའི་ཛཱའོ། །པཙ྄ ལས་བའོ། །ཤུ་ཥ་ལ་ཀའོ། །ཀྵཱ་སོགས་ལ་མའོ། །སྤཱ་ཡའི་སྥཱིའོ། །ཀྭ་སུ་ཀཱ་ན་དག་ཎབྲ་ཨེ་བཞིན་ནོ། །བྱ་བ་ལ་ཤྀཏྲ་ཤཱ་ན་དག་སྟེ་ཏིཔྲ་ཏེ་བཞིན་ནོ། །ཨཱ་ན་ལས་ཨཏྲ་ལ་མུཀྲའོ། །ཨཱས྄ ལས་ཨཱ་ནའི་ཨཱིའོ། །ཨཏྲ་ལ་ཤ་ཏུ་སྟེ་ཨཱིཔ྄ ལ་ཡང་ནའོ། །ཨཏྲ་ལས་ཨཔ྄ ཀྱི་ཨ་ལ་རྟག་ཏུའོ། །པིད྄ སོགས་ལས་བ་སུ་ཡང་ནའོ། །ངང་ཚུལ་ལ་ཏྲྀནའོ། །ཨིཥྞུ་སྣུ་ཀྣུ་རྣམས་སོ། །ཥཱ་ཀ་ཨུ་ཨུ་ཀཎ྄འོ། །ས་མཐའ་ཤཾ་ས་དག་ལ་ཨུ་ཡང་ངོ༌། །ནམ྄ སོགས་ལ་རའོ། །གྷས྄ སོགས་ལ་ཀྨ་རའོ། །ཚི་དི་བྷི་དི་བི་ད་རྣམས་ལ་ཀུ་རའོ། །བྷཱས་སོགས་ལ་གྷུ་རའོ། །ཡང྄ ལ་ཨཱུ་ཀའོ། །ཨཱཏྲྀ་རཏྲ་ལ་བྱུང་ཟིན་ལ་ཀི་སྟེ་གཉིས་ཀྱང་ངོ༌། །ཨུཎ་ལ་སོགས་པ་ནི་རྟག་ཏུའོ། །མ་ནི་ལ་ཨུ་པ་དྷཱའི་རྀ་རའོ། །དྷུ་སོགས་ལ་ཨུ་ལིའོ། །ཨཱི་ཤ་སོགས་ལ་བ་རའོ། །རཱཛ྄ སོགས་ལ་ཨནྲའོ། །ཨི་མན྄ ཏ྄ ཨ་སུཀ྄འོ། །བཙ྄ སོགས་ལ་ཨས྄འོ། །མཆོག་མིན་གྱི་ལས་ལ་ཀེ་ལི་མའོ། །ཤཾ་པྲ་བི་རྣམས་ལས་བྷཱུ་ལ་ཌུའོ། །ཡུ་བཧྲ་ཨ་གི་རྣམས་ལས་ནི་པ྄འོ། །ཨི་དི། ཙ་དི་ཤ་ཀི་རུ་དི་རྣམས་ལས་རའོ། །ཨུཎ་ལ་སོགས་པ་དཔག་ཏུ་མེད་པའོ། །འབྱུང་འགྱུར་ལས་དེའི་དོན་ལ་ཏུ་མ྄འོ། །དངོས་པོ་ལ་གྷཉྲའོ། །ཙ་ཛ་དག་གི་གྷ་འགྲོ་བ་ལ་ཀ་ག་དག་གོ །བྱེད་པོ་མ་ཡིན་པའི་མིང་ལའོ། །དབྱངས་ལས་ཨའོ། །མདྲ་རྣམས་ལའོ། །གྷནྲ་ལས་སྲབ་ལའོ། །ཡི་གེ་བསྒྱུར་བ་ལ་འང་ངོ༌། །ཊུ་འགྲོ་བ་ལས་ཨ་ཐུའོ། །ཌུ་འགྲོ་བ་ལས་དེ་འདས་པ་ལ་ཏྲི་མྐྲའོ། །ནཊ྄ ཀི་དག་གོ །པྲཙྪ་བིཙྪ་དག་གི་ན་ལ་ཤའོ། །ཡུཊ྄འོ། །ཨུཏྲ་ལས་སྠ་སོགས་ཀྱིས་དབྱིའོ། །སྒྲུབ་ཐབས་དང་རྟེན་དག་ལ་འང་ངོ༌། །ཨཱིཥ྄། དུཿསུ་རྣམས་ལ་ཁལ་ཡཱུཊ྄འོ། །ཏ་བྱ་ཨཱ་ནཱི་ཡ་དག་གོ །དབྱངས་ལས་ཡའོ། །པུ་ཤ་


DTG197_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལས་སོ། །ཨཱཏྲ་ལས་ཨཱི་འང་ངོ༌། །རྀ་ཧ་སའི་མཐའ་ལས་གྷྱཎ྄འོ། །ཨུ་ལས་ལྷག་པ་ལའོ། །རྀ་ཨུ་པ་དྷཱ་ལས་ཀྱཔ྄འོ། །ཡཛ྄ རྣམས་ཀྱི་དངོས་པོ་ལ་བུད་མེད་ལའོ། །ཀྟིའོ། །བྱེད་པ་པོ་ལའང་ཀྟིའོ། །ཨིཀ྄ ཤྟིཔྲ་དག་ལས་བྱིངས་ལ་རྣམ་འགྱུར་མེད་དོ། །ཥ྄ འགྲོ་བ་དང་བྷིདྲ་རྣམས་ཀྱི་ཨང྄ ངོ༌། །ལྕི་བའི་ཧ་ས་ལས་སོ། །རྐྱེན་མཐའ་ལས་སོ། །སྔོན་གྱི་དུས་ལ་ཀྟྭཱའོ། །ཨ་ལ་ཁ་ལུ་དག་ལས་དགག་པ་ལ་ཀྟྭཱའོ། །ཨིཊ྄ དང་བཅས་པའི་ཀྟྭཱ་ཀ་འགྲོ་བ་ཡང་ནའོ། །ཨུཏ྄ འགྲོ་བ་ལས་ཀྟྭཱ་སྟེ་ཨིཊ྄ ཡང་ནའོ། །བསྡུ་བ་ལ་ཀྱཔ྄འོ། །ཡང་ཡང་ལ་ཎ་མ྄ སྟེ་ཚིག་གཉིས་ཀྱང་ངོ༌། །ཀཐམ྄ ལ་སོགས་པ་རྣམས་ལ་ཀྲྀ་ཉྲ་ལས་རང་དོན་ལ་ཎ་མའོ། །བྷཱུ་ལས་དངོས་པོ་ལ་ཀྱབྲའོ། །ལ་ཀྵ྄ ལ་ཨཱི་སྟེ་མུཊ྄ ཡང་ངོ༌། །སྟྱཻ་ལས་བུད་མེད་ཉིད་ལ་ཌ྄ཊ྄འོ། །ཡི་གེ་ལས་ཀཱ་རའོ། །ར་ལས་ཨི་ཕ་ཡང་ནའོ། །ལྷག་མ་འཇིག་རྟེན་ལས་གྲུབ་པའོ། །ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་ཀྲྀཏྲ་ལ་སོགས་པའི་རབ་ཏུ་བྱ་བ་རྣམས་རྫོགས་སོ།། །།ཚུལ་འདི་སྲིད་གསུམ་འགྲོ་བའི་གཉེན་གཅིག་པུ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ཡི། །ཞབས་ཟུང་གཙུག་གི་རྒྱན་དུ་རྟག་མཆོད་པ། །སེ་དཀར་རིགས་སྐྱེས་རྨོངས་རྟུལ་སྙོམ་ལས་པས། །གནས་ལྔ་མཐར་སོན་འཕགས་ཡུལ་པཎྜི་ཏ། །མཆེད་༌༌༌༌མ་ཧཱ་པཎྜི་ཏ་པ་ལ་བྷ་དྲ་དང་པཎྜི་ཏ་གོ་ཀུལ་ནཱ་ཐ་མི་ཤྲ། ཀྱི་གསུང་རྒྱུན་དྲི་མེད་ལེགས་བཤད་ལྟར། །ཕུན་ཚོགས་སྡེ་བཞིའི་དངོས་ཀུན་འདུ་བའི་གནས། །རྒྱལ་ཁབ་ཆེན་པོ་པོ་ཏ་ལ་རུ་བསྒྱུར། །འོན་ཀྱང་བདག་བློ་བྱིས་པའི་ངང་ཚུལ་གྱིས། །མ་རྟོགས་འགལ་འཁྲུལ་མཆིས་ན་ཐོག་མེད་ཀྱི། །མི་དགེ་སྡིག་པའི་ཚོགས་དང་ཆབ་གཅིག་པར། །མི་འཆབ་ནོངས་པའི་ཡིད་ཀྱིས་མཐོལ་ཞིང་བཤགས། །འདིར་འབད་དགེ་ཚོགས་དུང་དང་པད་རྩ་ལྟར། །གཅིག་ཏུ་དཀར་བའི་འོད་ཕུང་འབུམ་ཕྲག་གིས། །སྐྱེ་རྒུའི་བློ་ཡི་མུན་པ་རབ་བསལ་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་བ་དང༌། །རྣམ་དག་བརྡ་སྤྲོད་གཞུང་གི་བཅུད་བསྡུས་པའི། །ཚིག་ཉུང་དོན་རྒྱས་ལེགས་བཤད་སྙིང་པོ་འདི། །མཁའ་ལ་ཉི་ཟླའི་བགྲོད་པ་མཆད་པར། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག། །།སརྦ་མངྒ་ལཾ། །


no previousབརྡ་སྤྲོད་པ་དབྱངས་ཅན་གྱི་མདོ། next