Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ།  ཚང་སྲས་བཞད་པའི་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   


 
previousཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ། ཚང་སྲས་བཞད་པའི་རྡོ་རྗེ།next

ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ།
ཚང་སྲས་བཞད་པའི་རྡོ་རྗེ།


DTG211_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་འོག་འབྱུང་བ་རླུང་གི་ས་རླུང་གི་གནས་སོ། །བཱ་ད། པི་ཏ། ཀ་པ། བཱ་ད། སརྦ། རླུང་མཁྲིས་པ་བད་ཀན་རླུང་སྤྲུལ་ཛུཾ། ཛ་ལུ་ཀ །རཀྟ། ཤིག་སྲིན་བུ་པདྨ་ཅན་ཁྲག་པཱ་ཎི། མ་ཚ་ལི། རེ་བ། ཆུ་ཉ་རྟ་རྐན་འོག་འབྱུང་བ་མེའི་ས་མཁྲིས་པའི་གནས་སོ། །པི་ཏ། བཱ་ད། ཀ་ཕ། པི་ཏ། མཁྲིས་པ་རླུང་བད་ཀན་མཁྲིས་པ་ལ་བ་ཀ །བ་ཨི་ས། མ་ཌུ་ཀ །སྲེག་པ་བྱ་རོག་སྦལ་པ་རཀྟ། པཱ་ཎི། ཙི་རི། རེ་བ་ཁྲག་ཆུ་བྱིའུ་རྟ་ཆག་གི་འོག་འབྱུང་བ་ཆུའི་ས་བད་ཀན་གྱི་གནས་སོ། །ཀ་ཕ། བཱ་ད། པི་ཏ། ཀ་ཕ། བད་ཀན་རླུང་མཁྲིས་པ། བད་ཀན་ཧཾ་ས་རཱ་ཛ། མ་ཡཱུ་ར། པཱ་ཎི། རཀྟ། ངང་པའི་རྒྱལ་པོ་རྨ་བྱ་ཆུ་ཁྲག་པཱ་ཎི། ཀ་ཕུ་ཏྲ། ཀུཀྐུ་ཊི། ཆུ་ཕུག་རོན་ཁྱིམ་བྱ་༈ ཟས་དང་སྤྱོད་ལམ་བསྟན་པ་ནི། རླུང་གི་ནད་མཐའ་དག་ལ། དྲོ་སར་དལ་བར་འདུག །མེ་ལ་སྲོ་ཞིང་བྱུག་པ་བྱེད། རྩམ་པ་དང་མར། ཤ་དང་དེའི་ཁུ་བ་གཏོང༌། མཁྲིས་པའི་ནད་ལ་བཱ་ལ་དང་ཤྲི་ཁཎྜ་གཉིས་ཞིབ་བར་བཏགས་ལ་ཆུར་སྦྱར་བའི་བྱུག་པ་བྱེད། གྲང་སར་བསྡད། ནད་ཚབས་ཆེ་ན་ལྟོ་བཀག་གཏོང༌། གཞན་པག་ཐུག་ཁོ་ན་བསྟེན་ནོ། །བད་ཀན་ལ་གྲང་དྲོ་རན་པར་བྱས་ལ་དལ་བུས་འཆག །སྲན་རྩམ་སོགས་ཟས་ཡང་ཞིང་འཇུ་བའི་རིགས་བསྟེན། བཅུད་ཅན་དང་ལྕི་བའི་རིགས་འཛེམ་མོ། །དངུལ་ཆུ་འདུལ་ལུགས་ལ། རྡོ་གཞོང་གི་ནང་དུ་དངུལ་ཆུ་ཞོ་ཉི་ཤུ་རྩ་བཞི་བླུག །དེ་དང་རྫ་རྙིང་པའམ་སོ་ཕག་ཁྱོར་གང་ཙམ་དང་མཉམ་དུ་ཉིན་གཉིས་ཀྱི་བར་དུ་ཉེད། དེ་ནས་ཆུ་གཙང་མར་བསྲིངས་ཏེ་དངུལ་ཆུ་དང་ས་རང་སར་ཕྱེ། ཆུ་ཁོག་མ་ཕྱེད་ཙམ་བླུག་དེ་ལ་འབྲས་བུ་གསུམ་དང་རྒྱ་གར་སྟོད་ཇ་ཞིབ་པར་བཏགས་པ་ཁྱོར་གང་ཙམ་ཞིག་བླུག །གོང་གི་དངུལ་ཆུ་རས་གཙང་མས་དྲིལ་ལ་སྐུད་པས་ཁ་བསྡམས་ཏེ་


DTG211_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཆུར་སོར་བཞི་ཙམ་མ་རེག་པར་ཁེབས་གཅོད་ལ་བཏགས་ཏེ་ཁ་ལེགས་པར་བསྒྲིགས་ནས་རླངས་པ་མི་འཆོར་བ་བྱེད། ཉི་མའི་བཞི་ཆ་གཅིག་ཙམ་མེ་བཏང་ལ་རླངས་པས་བཙོས། ཆུ་གྲང་ཐག་ཆོད་པ་དང་བཏོན་ཏེ་རྡོ་གཞོང་ལེགས་པར་བཀྲུས་པའི་ནང་དུ་བླུགས་ལ་ཤིང་གྷི་ཝ་ཀྭ་རའི་ཤིང་གཞོགས་དང་མཉམ་དུ་ཉིན་གསུམ་གྱི་བར་གྲིབ་མ་ལ་བརྡུང་བ་དང་ཉི་མ་ལ་བསྲོ་བ་ཆུ་ཚོད་རེ་ཙམ་གྱི་བར་རེ་མོས་སུ་བྱེད། དེ་ནས་ཤིང་ཆེ་ལ་ཆང་གར་མས་ཁུ་བ་བྱས་ནས་ཉིན་གསུམ་གྱི་བར་ལ་ཉེད་ཅིང༌། འདི་ནས་གཟུང་ཉིན་རེ་རེ་ཉི་མར་འཇོག་ཐེངས་གཉིས་ཙམ་ལས་སྔོན་མ་ལུགས་ཀྱི་རེ་མོས་མི་དགོས། དེ་ནས་སྐྱེས་པའི་ཆུ་དང་རའི་འོ་མ། བའི་འོ་མ། བ་སར་པའི་ཆུ་རྣམས་དང་མཉམ་དུ་རིམ་པ་བཞིན་ཉིན་གསུམ་རེ་ཉེད། དེ་ནས་ཉི་མ་མེ་ཏོག་གི་ལོ་མ་ལོགས་སུ་བརྡུངས་པའི་ཁུ་བ། སྒོག་སྐྱ་རྫོགས་པའི་ཁུ་བ། བ་སར་བའི་ཆུ་རྣམས་དང་མཉམ་དུ་གོ་རིམ་བཞིན་ཉིན་རེ་ཉེད། དེ་ནས་མུ་ཟི་སེར་པོ་ཞོ་ཉི་ཤུ་རྩ་བཞི་ཞིབ་པར་བཏགས། ལྕགས་སྣོད་དུ་བ་མར་སར་པ་བསྐོལ་བའི་བཙག་ཆོད་པ་དང་བཏབ་ལ་མེ་ཅུང་ཟད་བཏང་ནས་བའི་འོ་མའི་ནང་དུ་དལ་བུས་བླུག་ལ་སྙིགས་མ་མ་ཤོར་བ་བྱེད་ཅིང༌། འཁང་པ་དང༌། མར་དང་འོ་མ་གཉིས་འདྲེས་ནས་མུ་ཟི་གཏིང་དུ་འཁུར་བ་ལྟར་ཆགས་ཡོང་པ་དེ་དང་གོང་གི་དངུལ་ཆུ་གཉིས་བསྲེས་ནས་ཅུང་ཟད་ཉེད། རྡོ་གཞོང་ཞིག་ཏུ་སུ་མ་ལ་ཞོ་ཕྱེད་བཞིར་རའི་འོ་མ་ཅུང་ཟད་རེ་བླུག་ནས་ཉེད། ཡང་སྐམ་པ་དང་ལྡུགས་པ་སོགས་ཉིན་གསུམ་གྱི་བར་བྱེད། བ་སར་པའི་ཆུ་དང་འོ་མ་སོ་སོར་རིམ་བཞིན་ཉིད་གསུམ་རེའི་བར་གོང་བཞིན་སྐམ་འཐག་བྱས་ལ་ཚར་བ་དང་གོང་གི་དངུལ་ཆུ་དང་མུ་ཟིའི་ཟླ་ལ་བསྲེས། རྡོ་གཞོང་ནང་དུ་རྒྱ་ཚ་ཞོ་དོ་སྐྱེས་པའི་ཆུ་དང་མཉམ་དུ་སྐམ་འཐག་གོང་བཞིན་ཉིན་གསུམ་གྱི་བར་བྱས་ནས་དངུལ་ཆུའི་ཟླ་ལ་བསྲེས་པ་དེ་རྣམས་རྡོ་གཞོང་གི་ནང་དུ་ཉིན་བདུན་གྱི་བར་དུ་སྐམ་ཉེད་བྱེད། དེ་ནས་བཞུ་


DTG211_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་གྱི་དམ་པེ་རས་ཀྱིས་དྲིལ་ལ་འཇིམ་པ་བྱུགས། དེ་སྐམས་པ་དང་ཡང་རས་དང་འཇིམ་པ་རིམ་པ་བདུན་གྱི་བར་དྲིལ་བའི་ནང་དུ་གསུམ་གཉིས་ཙམ་གང་བ་བླུག །ལྕགས་ཀྱི་སྐྱ་བ་དམ་པེར་བཅུག །རྫའི་ཁོག་མ་གཏིང་དུ་བྱེ་མ་སོར་གསུམ་ཙམ་གཏིང་པའི་སྟེང་དུ་བཞག་སྟེ་ཁ་འཚམས་པར་བྱེ་མས་སྟེམས། དམ་པེའི་ནང་དུ་ཞ་ཉེ་ཞོ་ཕྱེད་དོ་བླུག་སྟེ། ལྕགས་མདས་དལ་བུས་དཀྲུགས་པ་དང་ཉི་ཤར་ནས་ཉི་མ་རྒས་ཙམ་གྱི་བར་མེ་གཏོང༌། དེ་ནས་ལྕགས་མདའ་བཏོན་ལ་ཁ་རྒྱ་ཚ་བཏགས་པའི་ཆུས་བརྫིས་པའི་འདམ་གྱིས་བཅད། དེ་སྟེང་བྱེ་མ་བཀབ་སྟེ་ཁེབས་རྒྱབ་ལ་ཉིན་ཞག་ཕྲུག་གཅིག་གི་པར་མེ་ཤིན་ཏུ་ཚ་བ་མཚམས་མ་ཆད་པར་བཏང༌། དེ་ནས་བྱེ་མ་གྲང་ཐག་མ་ཆོད་རིང་ཐོ་མ་བཏང་བར་བཞག །གྲང་ངེས་པ་དང་བཏོན་ལ་དལ་བུས་དམ་པེ་བཅག་ལ་ཕྱུང་བས་དངུལ་ཆུ་དུག་བྲལ་ལྷད་མེད་དུ་ཡོད་དོ། ༈ །ཡང་ལུགས་གཅིག་ལ། དངུལ་ཆུ་ཞོ་དོ། །མུ་ཟི་སེར་པོ་ཞོ་དོ། །ཤིང་ཨ་དྷ་ཛ་རི་གསུམ། ན་ཀཱ་ཙ་ལི་ཚོམ་པ་རེ། ཏུ་ལ་པའི་ཁུ་བ་རྣམས་སྒང་ལྐོགས་ནང་དུ་བླུགས། འཇིམ་པ་སྦྱིན་པོས་ཁ་ལེགས་པར་བཅད། དེ་ནས་རས་བདུན་བརྩེགས་པར་འཇིམ་པ་དང་བཅས་གྲིལ་ལུགས་གོང་ལྟར་བྱས་ལ་ཁོག་མའི་ནང་དུ་བྱེ་མ་བླུགས་ནས་བྱེ་མ་དང་བཅས་མེ་གཏོང་ལུགས་གོང་འདྲའི་ཉིན་ཞག་ཕྱེད་ཀྱི་བར་བཏང་ལ་གྲང་བ་དང་བཏོན་ཏེ་སྒོ་ང་དལ་བུས་བཅགས་པས་དངུལ་ཆུ་དུག་བྲལ་ལྷད་མེད་དུ་འབྱུང་ངོ༌། །ཡང་ལུགས་གཅིག་ལ་དངུལ་ཆུ་ཞོ་བདུན་དང་པི་པི་ལའི་ཤུ་ན་པ་ཉག་གང་བཅས་རྡོ་གཞོང་དུ་ཉིན་བདུན་གྱི་བར་དུ་ཉེད། བྷཾ་ག་རེའི་ཐང་ཆུ་བླུག་ལ་སླར་ཡང་ཉིན་བདུན་ཉེད། དེ་ནས་རྫ་སའི་བར་དུ་སྐམ་ཐག་ལེགས་པར་ཆོད་པའི་ནང་དུ་ལི་ཤི་ཞོ་དོ་དང་བཅས་བླུག་ལ་ཁ་ལེགས་པར་བཅད་བར་དུ་པི་པི་ལིང་འཇིམ་པ་བླུག་པའི་རས་རིམ་པ་གསུམ་གྱིས་དྲིལ། ཁོག་མ་བྱེ་མས་བརྒྱངས་


DTG211_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁ་བཅད་དེ་མེ་གཏོང་ལུགས་སོགས་གོང་བཞིན་ཉིན་ཞག་ཕྲུགས་གཅིག་གི་བར་བྱས་ཏེ་གྲང་བ་དང་བཏོན་པས་ཀྱང་དུག་བྲལ་ལྷད་མེད་དུ་འབྱུང༌། ཞ་ཉེ་དཀར་པོ། ཞ་ཉེ་ནག་པོ། གཤའ་ཚེ་གསུམ་མང་ཉུང་ཇི་ལྟར་བྱེད་ཀྱང་ཆ་བསྙམས་ལ་ཁོག་མའི་ནང་དུ་བླུག །དེ་ལ་མེ་བཏང་སྟེ་ཞུ་བ་དང་སྣོད་གཞན་ཞིག་ཏུ་བ་མར་སར་པ་བཙགས་ལེགས་པར་བཅད། དེ་ནས་ལྕགས་སྐྱོགས་ཆུང་ངུ་ཞིག་གིས་མར་རངྐ་ཉུང་ཟད་རེ་བླུག་ལ་ཉི་ཤུ་ཁ་སརྦ་ལྷ་ཏི་ཚ་ཡང་ཟེར། དཀྲུག །མར་བླུག་པའི་དུ་བ་ཡལ་བ་དང་ཡང་མར་བླུགས་པ་སོགས་ལན་བདུན་གྱི་བར་བྱས། དེ་ནས་བྷཱ་ཊའི་ལོ་མ་དང་དྷུ་ཏི་གཉིས་ཆ་མཉམ་ཞིབ་པར་བཏགས་པའི་ཕྱེ་མ་གཤའ་དཀར་སོགས་མི་མངོན་པར་འདེབས་ཤིང་དཀྲུགས། དེ་ནས་ཁ་བཅད་ལ་ཉི་མའི་བཞི་ཆ་ཙམ་གྱི་བར་ལ་མེ་ཤིན་ཏུ་ཆེ་བ་བཏང༌། དེ་ནས་མེ་ཐག་བཅད་དེ་གྲང་བ་དང་བཏོན་ལ། སེ་བ་བཞི་ནས་ཕྱེད་གསུམ་གྱི་བར་ནད་བབས་ལྕི་ཡང་དང་བསྟུན་ཏེ་བཏང་བས་རླུང་མཁྲིས་བད་ཀན་གསུམ་ཀ་ལ་ཕན་ཞིང་ནཱ་ག་ར་ས་སྟེ་དེ་དང་ཀ་ར་བསྲེས་ནས་ཟོས་ན་དང་ས་མ་འཛག་པ་ལ་མཆོག་ཏུ་ཕན། ཨ་རུ་ར་བསྣན་ནས་བཏང་ན་མགོ་བོ་ན་བ་ལ་ཕན་ནོ། །རྫའི་བར་བུའི་ནང་དུ་ཞ་ཉེ་དཀར་པོ་ཉག་གང་བླུག །དེ་ལ་མེ་བཏང་ནས་ཞུ་བ་དང་དངུལ་ཆུ་ཉག་ཕྱེད་བླུགས་ལ་མེ་མཚམས་མ་བཅད་པར་གཏོང་ཞིང་སྐྱ་བས་དཀྲུག་པ་དང་མཉམ་དུབ་བླ་བཏགས་པ་ཉག་ཕྱེད་རིམ་བཞིན་བཏབ་སྟེ་གསུམ་ག་ལེགས་པར་འདྲེས་པ་དང་པར་བུའི་ཁ་བཅད་རླུང་མི་འཆོར་བར་བྱ། དེ་ནས་རས་དང་རྫས་ཁྲག་གང་རིགས་ཀྱིས་བརྫིས་པའི་འཇིམ་པ་བྱུགས་ཤིང་ཡང་རས་དཀྲི་བ་སོགས་རིམ་པ་སུམ་བརྩེགས་སུ་བྱས། དེ་སྐམས་པ་དང་ཉིན་ཞག་ལྔ་མེ་མཚམས་མ་ཆད་པར་བཏང༌། དེ་ནས་གྲང་ཐག་ཆོད་པ་དང་བཏོན། བའི་ཞོ་རས་ལ་བཙགས་ཏེ་ཁུ་བ་ལེགས་པར་བཏོན་པས་བརྫིས་པ་སྲབ་འཐུག་སོར་གང་ཙམ་ཡོད་པའི་སྒོར་མོར་བཏང་ལ་རས་ཀྱིས་བདུན་བརྩེགས་


DTG211_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དྲིལ་ནས་སྐུད་པས་བསྡམས་ཏེ་གཅི་བའི་མེའི་དཀྱིལ་དུ་བཅུག་ལ་རས་ཚིག་ཙམ་གྱི་ཚོད་བཞག །དེ་ནས་གྲང་ཐག་ཆོད་པ་དང་བཏོན་ལ་ཕྱེ་མར་ཉེས་པ་དང་ཞོས་ཁུ་བ་བྱས་ནས་བརྫིས་ཏེ་བསྲེག་པ་སོགས་གོང་ལྟར་ལན་ཉི་ཤུའི་བར་བྱས་པ་ནི་བངྒེ་ཤྭ་ར་ཟེར་ཏེ་སྟོབས་བསྐྱེད་དང༌། ནད་ཚ་གྲང་གསར་རྙིང་ཐམས་ཅད་ལ་ཕན་ཞིང༌། ནད་གཞི་ཆེ་བ་ལ་གཏོང་ན་ཐུན་ཚད་སྲན་མ་ཙམ་དང༌། གཞི་ཆུང་བ་དང་ནད་མེད་ལ་འབྲས་ཉིས་འགྱུར་ཙམ་རེ་གཏོང་ངོ༌། །འདིའི་ཕན་ཡོན་བསམ་གྱིས་མི་ཁྱབ་པོ། །ཟངས་མང་ཉུང་ཅི་འདོད་པ་སྦྲང་གཤོག་ལེགས་པར་བརྡུངས། རྫ་སྣོད་ཀྱི་ནང་དུ་བའི་གཅིན་ལ་ཆུ་ཅུང་ཟད་བསྲེས་པར་ཁ་རི་ལུ་ཎ་དང་མཉམ་དུ་བཏབ་ལ་ཉིན་ཕྱེད་ཀྱི་བར་དུ་མེ་བཏང་ལ་བཙོས། དེ་ནས་བཏོན་ལ་སྣོད་བཀྲུས་པའི་ནང་དུ་སླར་ཡང་དམྦྷ་ཨཾབཾ་ལིའི་འབྲུ་ཆུར་བཏབ་པའི་ནང་དུ་ཉིན་ཕྱེད་འཚེད། དེ་ནས་ཆུ་དེ་ཕོལ་སྣོད་བཀྲུས་ཏེ་སྐྱུ་རུ་ར་ཆུར་བཏབ་པའི་ནང་དུ་ཉིན་ཕྱེད་འཚེད། དེ་ནས་བའི་དར་བར་ཁ་རི་ལུ་ཎ་བཏབ་པའི་ནང་དུ་ཞག་བདུན་གྱི་བར་དུ་འཇོག་ཅིང་འདི་སྐབས་མེ་གཏོང་མི་དགོས། དེ་ནས་ཟངས་གཤོག་སྟོན་ལ་ལེགས་པར་བཀྲུས་ཏེ་མུ་ཟི་སེར་པོ་དང་ཆ་མཉམ་བཏེག་པ་ཕྱེ་མར་བྱས་ལ་རྫའི་པར་བུའི་ནང་དུ་མུ་ཟི་བཏིང༌། དེ་སྟེང་ཟངས་གཤོག་གཅིག་བཞག །ཡང་མུ་ཟི་བཏིང༌། དེ་སྟེང་ཟངས་གཤོག་འཇོག་པ་སོགས་ཀྱི་ཟངས་གཤོག་གྲངས་དུ་ཡོད་པར་བརྩེགས་ལ་ཁ་འགྲིག་པར་བཅད་དེ་རླུང་མི་འཆོར་བར་བྱས། དེ་རས་གྱིས་གཏུམས་ཤིང་འཇིམ་པས་འབྱུག་པ་སོགས་སུམ་རིམ་ཙམ་བྱས་ལ་སླར་ཡང་ཕྱི་འཇིམ་པས་ལེགས་པར་གཏུམས་ལ་སྐམ་ཐག་ཆོད་པ་དང༌། དེ་ནས་ས་དོང་བྲུས་པར་གཅི་བའི་མེའི་ནང་དུ་ཉིན་གཅིག་གི་བར་དུ་བསྲེགས། ཐལ་བ་གྲང་ཐག་ཆོད་པ་དང་བཏོན་ལ་རྡོ་གཞོང་གི་ནང་དུ་ཉེས་ནས་ཕྱེ་མར་བྱས་ལ་ཐུན་སྲན་མ་བཞི་ཙམ་གྱི་ཚོད་རེ་བཏང་བས་གྲང་བའི་རིགས་དང༌། རླུང༌། བད་རླུང༌། དང་ཁ་འབྱེད་པ།


DTG211_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྟོབས་བསྐྱེད་པ། རྐེད་པ་ན་བ་རྣམས་ལ་ཕན། ཡང་ཤོ་མོ་ས་ཞོ་གང་ཕྱེ་མར་བཏགས་པ་དང་གོང་གི་ཟངས་ཐལ་སེ་བ་བཞི་བསྲེས་པ་ཐུན་རེ་བྱས་བཏང་བས་ཡན་ལག་ཞ་འཁུམས་ལ་མཆོག་ཏུ་པན་ནོ། །སུ་མ་གསེར་ཞོ་དོ་དང་ས་བ་བརྒྱད་ལ་སྦྲང་གཤོག་འཐན། མཚལ་སེ་བ་བཅོ་ལྔ་དང་བིལ་བའི་ནང་གི་འབྲུ་མི་ཐིགཉིས་ཞིབ་པར་བཏགས་པར་ཆུ་ཅུང་ཟད་ཀྱང་བླུག་པའི་སྐྱོ་མ་གསེར་ཤོག་ལ་བྱུགས། དེ་ནས་གསེར་ཤོག་སྒྲིལ་ལ་བིལ་བའི་ནང་དུ་བཅུག་ཁོ་ཌ་ཡོན་སོག་གསེར་ཁ་ལེགས་པར་བཅད་དེ་རས་ཀྱིས་དྲིལ་ལ་འཇིམ་བསོར་ཕྱེད་ཙམ་བྱུགས། སྐམ་ཐག་ཆོད་པ་དང་ས་དོང་བྲུས་པར་གཅི་བའི་མེ་ནང་དུ་ཉིན་གཅིག་བསྲེགས་ལ་གྲང་ཐག་ཆོད་པ་དང་བཏོན་ཏེ་ཕྱེ་མར་བྱས་ལ་འབྲས་ཉིས་འགྱུར་ཙམ་གྱི་ཚད་ལྒ་སེར་དང་མཉམ་དུ་ཟོས་ན་གློ་ནད་དང་དབུགས་མི་བདེ་བ་གཡལ་བ་རྣམས་ལ་ཕན་ཞིང་སྐྱུག་པ་ཆོད། བའི་གཅི་བའི་ཐལ་བ་དང་མཉམ་དུ་ཟོས་ན་དང་ཁ་དང་སྐོམ་ནད་ལ་ཕན། ལྒ་དང་མཉམ་དུ་བཏང་ན་སྐྲན། ཤུ་བའམ་ཁྱི་རྡོ། ཕོ་སྲིན། རླུང་སྐྲན་རྣམས་རྩ་བ་ནས་འབྱིན་པར་འགྱུར་རོ། །ལྕགས་ཕྱེ་ཉག་གང་ལ་དངུལ་ཆུ་ཉག་ཕྱེད་བསྲེས་ཏེ་ཞིབ་པར་ཉེས། ཆུ་ལ་ཤིང་གི་ཝ་ཀྭ་རའི་ཁུ་བ་བླུགས་ནས་གར་སླ་ཞོ་ཙམ་བྱས་ལ། རྡོ་གཞོང་ནང་དུ་ཉི་མར་ཉེད་ཅིང་སྐམས་པ་དང་ཁུ་བ་གར་སླ་སོགས་གོང་ལྟར་བྱས་པ་ལན་བརྒྱ་དང་བརྒྱད་ཀྱི་བར་བྱེད། དེ་ནས་རྫའི་པར་ལུ་ཏ་བུའི་ནང་དུ་བླུག །ཁ་རླུང་མི་འཚོར་བར་ལེགས་པར་བཅད། དེ་ནས་འཇིམ་པ་དང་རས་སྤེལ་མར་ལན་བདུན་གྱི་བར་སྒྲིལ་བསྐམ་ཐག་ཆོད་པ་དང་རྫའི་ཁོག་མ་ཆེ་བ་མཐིལ་དུ་བུག་པ་རྒྱ་ཁབ་ཀྱི་རྩེ་ཚུད་པ་ཙམ་ཡོད་པ་ཞིག་བྱེ་མས་བརྫངས་པའི་དཀྱིལ་དུ་བཅུག །ཁ་ལེགས་པར་བསྒྲིགས་ཏེ་རླུང་སོགས་ཡེ་མི་འཚོར་བ་བྱས་ཏེ་ཉིན་ཞག་བཞིའི་རིང་མེ་ཤིན་ཏུ་ཚ་བ་མཚམས་མ་ཆད་པ་གཏོང༌། འདི་སྐབས་ལས་བྱེད་མི་མ་གཏོགས་འགྲུལ་གཅོད། དེ་ནས་གྲང་ཐག་ཆོད་པ་དང་བཏོན་ལ་ཐུན་ཚད་འབྲས་ཙམ་རེ་བྱ། འདི་ནི་སྤྱི་འཇོམས་ཆེན་མོ་སྟེ། རླུང་མཁྲིས་བད་ཀན་འདུས་པ་རིམས་སོགས་ནད་གསར་


DTG211_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་གང་དང་གང་ལ་ཡང་འདིས་མི་ཕན་པ་མེད་པས་སྨན་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུའོ། །ཞ་ཉེ་ནག་པོ་ཉག་ཕྱེད་ལྕགས་སྣོད་ཀྱི་ནང་དུ་བཞུ། ས་སེར་ཞིབ་པར་བཏགས་པའི་ནང་དུ་བླུག །ཡང་བཏོན་ལ་བཞུ་བ་སོགས་ལན་ཉེར་གཅིག་གི་བར་བྱེད། ལྡོང་རོས་དང་ཚ་ལ་ཉག་རེ་བསྲེས་ལ་ཞིབ་པར་བཏགས། རྫ་སྣོད་དུ་ཞ་ཉེ་བླུག་ལ་མེ་བཏང་སྟེ་ཞུ་བ་དང་གོང་གི་ཚ་ལ་ལྡོང་རོས་བསྲེས་པའི་ཕྱེ་མ་ཅུང་ཟད་རེ་འདེབས་པ་དང་མཉམ་དུ་སྐྱ་བས་དཀྲུགས། ལེགས་པར་འདྲེས་ནས་ཐལ་བར་སོང་བ་དང་ཤིང་གི་ཝ་ན་མ་སི་ལ ཀྲ་རའི་ཁུ་སོ་ཧཱ་བ་བླུག་སྟེ་སྐྱ་བས་དཀྲུག་ཅིང་ཉིན་ཕྱེད་ཀྱི་བར་མེ་བཏང༌། ཐལ་བར་སོང་བ་དང་ཁ་ལེགས་པར་བཅད་ལ་ཉིན་མཚན་ལྔ་དང་ཉི་མའི་བཞི་ཆ་གཅིག་གི་བར་མེ་བཏང༌། དེ་ནས་གྲང་བ་དང་བཏོན་ལ་ཐུན་ཚད་སྲན་མ་ཉིས་འགྱུར་ཙམ་སྦྲང་རྩི་དང་མཉམ་དུ་བཏང་ན་རླུང་གི་ནད་གསར་རྙིང་ཐམས་ཅད་ལ་ཕན། ཀ་ར་དང་མཉམ་དུ་བཏང་ན་ཁྲག་གི་རིགས་ལ་ཕན། ལྒ་དང་མཉམ་དུ་བཏང་ན་བད་ཀན་གྱི་རིགས་དང་མ་འཇུ་བ་སོགས་ཕོ་བའི་ནད་ལ་ཕན། ཨ་རུ་རའི་ཕྱེ་མ་དང་མཉམ་དུ་བཏང་ན་མཁྲིས་པའི་རིགས་ལ་ཕན། པི་པི་ལིང་དང་མཉམ་དུ་བཏང་ན་དང་ཁ་འབྱེད། ཁྲག་དང་རླུང་ལ་བརྟེན་ནས་དངས་མ་འཛག་ན་བུ་རམ་རྙིང་པ་དང་མཉམ་དུ་བཏང༌། མཁྲིས་པ་ལ་བརྟེན་ནས་འཛག་ན་ཨ་ངུ་ར་དང་མཉམ་དུ་བཏང༌། བ་མར་གསར་པ་དང་མཉམ་དུ་ཟོས་ན་སྟོབས་སྐྱེད་པར་བྱེད། གཅོང་གིས་ཟིན་པའི་ནད་ལུས་ཤིན་ཏུ་རིད་ན་གུར་གུམ་དང་མཉམ་དུ་གཏོང་ཞིང་གཞན་ཡང་ནད་ཚོད་དང་བསྟུན་ཏེ་ཁ་བསྒྱུར་བྱས་ཏེ་བཏང་བས་ཀུན་ལ་ཕན་པར་འགྱུར་རོ། །ཏི་ཚའམ་གཤའ་ཚེ་ཉ་ག་གང་རྫ་སྣོད་དུ་བཞུ་ལ་པ་ར་ཀི་རི་ཉག་ཕྱེད་དང༌། སོ་ར་ཉག་ཕྱེད་བསྲེས་ཏེ་ཞིབ་པར་བཏགས་པའི་ཕྱེ་མ་ཅུང་ཟད་རེ་འདེབས། ཤིང་ལྕགས་ཀྱི་གཟར་བུ་ཆུང་ངུའི་ལྟག་པས་ཉེད་ཅིང་དཀྲུག་ཉིན་ཕྱེད་ཀྱི་བར་བྱས་པས་འདྲེས་ཏེ་ཐལ་བར་སོ་ང་བ་དང་ཁེད་ས་རྒྱབ་ལ་ཉེ་མའི་བཞི་ཆ་གཅིག་མེ་བཏང༌། གྲང་ཐག་ཆོད་པ་དང་བཏོན་ལ་ཟེ་ཚ་ཕྱེ་མར་བྱས་ཏེ་དར་ལ་བཙགས། དེ་ནས་ཕྱེ་མ་དེ་


DTG211_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ལི་ཤི་།ཛཱ་ཏི་གསུམ་སེ་བ་རེ། པོ་རིས། ལྒ། པི་པི་ལིང་གསུམ་སེ་བ་གསུམ་རེ་རྣམས་ཞིབ་པར་བཏགས། སྦྲང་རྩིས་རྟ་བྱས་ལ་རིལ་བུ་སྲན་མཉིས་འགྱུར་ཙམ་སྒྲིལ་ལ་རིལ་བུ་རེ་བཏང་བས་བྱིས་པ་འཁྲུ་བའི་ནད་དང་འཆམ་པ་ལ་ཕན་ཞིང་གཉིད་མ་ཁུག་པར་བཏང་བས་ཀྱང་ལ་ཝཾ་ག་གཉིད་ཛ་ཡི་པླ་དུ་འགྲོ། །ཨ་མརི་ཙེ་ཤུཎྛི་བི་པ་ཝི་རུར་དང་བསྲེས་ནས་བཏང་ན་དབུགས་མི་བདེ་བ་ལ་ཕན། མགོ་བོ་ན་ན་རིལ་བུ་ཆུར་བརྡར་ལ་སྣ་བུག་ཏུ་བླུག་པས་ཕན་པར་འགྱུར། ག་བུར་དང་བསྲེས་ནས་བཏང་ན་ཁའི་དྲི་ངན་པ་རྩ་བ་ནས་འབྱིན། ཞོ་དང་མཉམ་དུ་བཏང་ན་སྐྲན་ཐོན། ཁ་རུ་ཚ་དང་མཉམ་དུ་བཏང་ན་མ་འཇུ་བའི་ནད་སེལ་ལོ། །ཟངས་མང་ཉུང་གར་བྱེད་ཀྱང་སྦྲང་གཤོག་ལེགས་པར་འཐེན་ལ་ཇེམ་རྩིས་ཆུང་ངུར་གཏུབས་པ་དང་མུ་ཟི་སེར་པོ་ཟངས་ཆེ་ཆུང་གང་ཡིན་གྱི་ཕྱེད་མར་གཏང་བ་དམ་པེའི་ཁོག་པར་བླུག་ལ་སྐྱུ་རུ་ར་དང་ནེམ་བུའི་ཆུ་བླུག་ལ་ཁ་ལེགས་པར་བཅད་དེ་ནས་ཀྱི་དཀྱིལ་དུ་ཟླ་བ་གཅིག་བཞག །དེ་ནས་བཏོན་ལ་ཕྱེ་མར་བྱས་ཏེ་ཐུན་ཚད་སེ་བ་བཞིའི་རྩིས་ཆུ་གྲང་གིས་འཕུལ་ལ་བཏང་ན་དུག་དང་མཁྲིས་པའི་ནད་འཕྲལ་དུ་སྐྱུགས་ནས་ཕན་ཞིང་སྲིན་ནད་ལ་བཏང་ན་ཡང་འཁྲུ་སྐྱུག་ཡོང་ལ། གཞན་ཡང་སྐྱུགས་ཀྱིས་ཕན་པའི་ནད་གང་ལ་འང་བཏང་བས་སྐྱུག་སྨན་གྱི་མཆོག་གོ །ཁ་པརས་དྷ་ཉག་ཕྱེད་པ་རྡར་བའི་ཕྱེ་མ་དང༌། མུ་ཟི་སེར་པོ་ཉག་ཕྱེད། དངུལ་ཆུ་སྤོར་གང་གསུམ་རྡོ་གཞོང་དུ་ཉི་མའི་བཞི་ཆ་གཅིག་གི་རིང་ཞིབ་པར་ཉེས་ལ་གི་ཝ་ཀྭ་རའི་ཁུ་བས་གར་སླ་ཞོ་ཙམ་བྱས་པ་ཉི་མ་དང་གྲིབ་མ་ཕྱེད་ཁྱེར་དུ་ཉེས། སྐམ་ཐག་ཆོད་པ་དང་སླར་ཡང་ཁུ་བ་ལུགས་ཏི་ཚའམ་གཤའ་ཚེ། པ་སོགས་ཉིན་བཅུ་གསུམ་གྱི་བར་བྱེད། བཞུ་ཤེལ་གྱི་དམ་པེར་རས་དང་འཇིམ་པ་སྤེལ་མར་བྱུགས་པ་བདུན་བརྩེགས་བྱས་པ་སྐམ་ཐག་ཆོད་པ་དང་བླུག་ལ་ཁ་རྫས་སྦྱིན་པོ་མགར་བའི་སོ་རྡོག །ཨར་ཀ །བུ་རམ། རྒྱ་གར་སྟོད་ཇ་རྣམས་ཆ་མཉམ་པ་ཞིབ་པར་བཏགས་པ་བའི་འོ་མས་བརྫིས་ལ་འདམ་བཏགས་ཉིན་གཅིག་བྱས་པའི་འཇིམ་པས་དམ་པེའི་ཁ་ཤིན་ཏུ་དམ་པར་བཀག །དེ་རས་ཀྱིས་གཏུམས་ལ་གོང་གི་འཇིམ་པས་དམ་པེ་ཡོངས་


DTG211_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལ་འབྱུག །དེ་སྐམ་པ་དང་ཁོག་མ་ཆེ་བ་ཞིག་གི་ནང་ཕྱེ་མའི་དཀྱིལ་དུ་བཅུག་ལ་ཁ་ལེགས་པར་བཅད་དེ་ཉིན་ཞག་བཞིའི་བར་མེ་མཚམས་མ་ཆད་པར་བཏང༌། དེ་ནས་གྲང་བ་དང་བཏོན་ལ་ནད་བབས་ཆེ་ན་སྲན་མ་གཅིག་ཙམ་ནས་ནད་མེད་ལ་འབྲས་ཉིས་འགྱུར་གྱི་བར་འོས་འགབ་བཏང་བས་ནད་ངོས་ཟིན་མ་ཟིན་གསར་རྙིང་གང་ལ་ཡང་ཕན་ཞིང༌། ནད་མེད་ཀྱིས་ཟོས་ན་རྒས་ཁ་སྲ་བ་དང་སྟོབས་བསྐྱེད་པ་ལ་སོགས་པ་ཕན་ཡོན་བསམ་མི་ཁྱབ་བོ། །ཞ་ཉེ་དཀར་པོ་ཉག་གང་ལུགས་ཀོང་དུ་བཞུ་ལ་ལེགས་པར་བཞུ་བ་དང་སྣུམ་གྱི་དཀྱིལ་དུ་བླུག །དེ་འཁང་བ་དང་ཡང་བཞུ་བླུག་གོང་ལྟར་ལན་གསུམ་གྱི་བར་དུ་བྱེད། དེ་ནས་སྣོད་ཆེ་བ་ཞིག་ཏུ་བཞུ་ལ་འབྲས་བུ་གསུམ་ཞིབ་པར་བཏགས་པའི་བྱེ་མ་ཐལ་འདེབས་པ་ལྟར་རིམ་བཞིན་བཏབས་ནས་ཐལ་བར་མ་སོང་བར་ལྕགས་སྐྱོགས་ཆུང་ངུའི་ལྟག་པས་ཉེད། དེ་ནས་ཁ་ལེགས་པར་བཅད་ལ་ཉི་མའི་བརྒྱད་ཆ་ཙམ་གྱི་བར་མེ་བཏང༌། གྲང་ཐག་ཆོད་པ་དང་བཏོན་ལ་ཞོ་རས་ལ་བཙགས་ཏེ་ཁུ་བ་ལེགས་པར་བཏོན་པས་བརྫིས་ཏེ་སྲབ་མཐུག་སོར་གང་ཙམ་ཡོད་པའི་སྒོར་མོར་བཏང༌། དེ་རས་ཀྱིས་བདུན་བརྩེགས་ཙམ་དྲིལ་ལ་སྐུད་པས་བསྡོམས། གཅི་བའི་མེའི་དཀྱིལ་དུ་བཅུག་ལ་རས་ཚིག་ཙམ་གྱི་ཚད་བཞག །དེ་ནས་མེ་ཤི་ཞིང་གྲང་ཐག་ཆོད་པ་དང་བཏོན་ལ་ཞིབ་པར་བཏགས། ཡང་ལུགས་གཅིག་ལ། གཤའ་དཀར་སྲབ་མཐུ་ག་ཤོག་བུ་ཙམ་བརྡུངས་ལ། བོད་ཀྱི་སོ་མ་ར་ཙའི་ལོ་མ་ཞིབ་པར་འཕུར་བ། རས་ཁ་གང་ལས་ཕད་བུ་བཟོས་པའི་ནང་དུ་སོ་མ་ར་ཙ་བཏིང་ལ། གཤའ་དཀར་སྦྲང་གཤོག་དེའི་སྟེང་དུ་རིམ་བརྩེགས་སུ་བཞག་པའི་བར་མཚམས་སུ་སོ་མ་ར་ཙ་སོར་གསུམ་ཡོད་པ་བྱས་ལ་ཁ་བཙེམས་ཏེ། སྟེང་འོག་ཐམས་ཅད་ལ་ལྕི་བ་སེར་ཁ་མ་སོར་བཞི་རེ་ཡོད་པའི་དཀྱིལ་དུ་བཅུག་སྟེ་མེ་ཆུང་ངུ་བཏང་ཤིང་ལྕི་བ་ཚིག་པ་དང་གྲང་དུ་བཅུག །དེ་ནས་ལྕི་ཐལ་བསལ་ཏེ་སོ་མ་ར་ཙའི་དཀྱིལ་དུ་ཚལ་དཀར་མེ་ལ་བསྲེགས་པ་ལྟར་འོང་བ་དེ་གཞན་དང་མ་འདྲེས་པར་འདོན། སོ་མ་ར་ཙ་ཉུང་བ་དང་མེ་ཚས་ན་གཤའ་དཀར་ཐིག་བུར་འདྲིལ་འོང་བས་


DTG211_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རན་པ་གལ་ཆེ། དེ་བ་སིདྡྷི་བངྒ་ཟེར་ཏེ་ཐུན་ཚད་སེ་བ་གསུམ་ནས་བཞིའི་བར་ནད་གཞི་ཆེ་ཆུང་དང་བསྟུན་ནས་གཏོང༌། དེ་ཁ་བསྒྱུར་བྱེད་ལུགས་ནི། ག་པུར་ཅུང་ཟད་དང་མཉམ་དུ་ཟོས་ན་ཁའི་དྲི་ངན་པ་སེལ། ཛཱ་ཏི་ཉིས་འགྱུར་བསྲེས་ནས་བཏང་ན་ལུས་ཀྱི་སྟོབས་འཕེལ་བར་འགྱུར། ཡང་བ་མར་དང་མཉམ་དུ་བཏང་ཀྱང་ནུས་པ་གོང་དང་འདྲ། ཏུལ་པའི་ལོ་མའི་ཐང་ཆུ་དང་བསྲེས་ནས་བཏང་ན་དངས་མ་ཚ་གྲང་གང་གིས་འཛག་པ་ཡང་ཆོད། ཤེལ་དཀར་དང་མཉམ་དུ་བཏང་ཀྱང་ནུས་པ་གོང་དང་འདྲ། བ་མར་སར་པས་རྟ་བྱས་བཏང་ན་མཁྲིས་པ་ཤ་སེར་དང་གྲང་རླུང་ལ་ཕན། ར་མའི་ཆུས་རྟ་བྱས་བཏང་ན་རླུང་གིས་ལྟོ་བ་སྦོས་པ་སེལ། ཚ་ལ་མེར་བསྲེགས་པའི་ཕྱེ་མ་དང་མཉམ་དུ་བཏང་ན་ཁྲག་སྐྲན་ཐོན་པར་འགྱུར། ཡུང་བ་དང་མཉམ་དུ་བཏང་ན་ཁྲག་མཁྲིས་ཐོན་པར་འགྱུར་ཞིང་གྲང་མཁྲིས་ལ་ཕན། བྱེ་ཀར་དང་མཉམ་དུ་བཏང་ན་བད་ཀན་སྨུག་པོ་ལ་ཕན། པཱ་ན་དང་མཉམ་དུ་བཏང་ན་དངས་མ་འཕེལ། པི་པི་ལིང་དང་མཉམ་དུ་བཏང་ན་དང་ཁ་འབྱེད། འོ་མས་རྟ་བྱས་བཏང་ཀྱང་གོང་དང་འདྲ། ཨ་རུ་ར་དང་མཉམ་དུ་བཏང་ན་སྟེང་རླུང་དང་དབུགས་ཁ་མི་བདེ་བ་ལ་ཕན། ས་མུ་དྲ་ཕ་ལ་དང་མཉམ་དུ་བཏང་ན་སྣའི་ནད་ལ་ཕན། ལི་ཤི་དང་མཉམ་དུ་བཏང་ན་ཕོ་ནད་ལ་ཕན། གླ་རྩི་དང་མཉམ་དུ་བཏང་ན་རྡོ་རྗེ་ལས་སུ་རུང་ཞིང་འདོད་པ་སྤྱོད་ནུས་པར་འགྱུར་རོ། །ཡང་ཁང་བྱིལ་གྱི་བྲུན་ཆུར་སྦྱངས་ལ་ལྟེ་བར་བྱུགས་ཏེ་སྨན་ཟོས་ཀྱང་ནུས་པ་གོང་དང་འདྲ། གོ་ཡུའི་ཕྱེ་མ་དང་མཉམ་དུ་བཏང་ན་མ་འཇུ་བའི་ནད་སེལ། སྒོག་སྐྱ་དང་མཉམ་དུ་བཏང་ན་ཡན་ལག་གུམ་པ་ལ་ཕན། བ་དར་དང་མཉམ་དུ་བཏང་ན་མིག་སེར་ལ་ཕན། སེ་འབྲུའི་ཤིང་གི་ལོ་མ་དང་མཉམ་དུ་བཏང་ན་སྐྱུག་སྨན་གྱི་མཆོག་ཏུ་འགྱུར་ཏེ་ཟས་སྤྱོད་སྐབས་དང་སྦྱར་རོ། །དནྜའི་རྩ་བ། འུ་སུའི་རྩ་བ། གུ་རུ་ཚི་སླེ་ཏྲེས། གླ་སྒང༌། པུརྣ་ན་བ། ལྒ་རྣམས་ཆ་མཉམ་གྱི་ཐང་ཆུ་སུམ་གཉིས་ལ་བསྡུས་ཏེ་ཨ་ནཱ་ར་བཏང་ན་རླུང་ལ་བརྟེན་པའི་


DTG211_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཐམས་ཅད་ལ་ཕན། གླ་སྒང༌། ལྒ། ཀུཊ་ཀི །ཏིག་ཏ། འུ་སུའི་འབྲུ་རྣམས་ཆ་མཉམ་གྱི་ཐང་གོང་བཞིན་བཏང་ན་མཁྲིས་པ་ལ་བརྟེན་པའི་ནད་ཐམས་ཅད་ལ་ཕན། འབའ་ཞོ་རྒུན་འབྲུམ་ལི་ཤི་།པི་པི་ལིང༌། ཨ་ཀ་ར། ལྒ། ལ་ལ་ཕུད་ཆུང་བ་རྣམས་ཆ་མཉམ། ཙཱི་རཱ་ཡ་ཏ་ཆ་གཉིས་བཅས་ཆུར་རི་ར་ཡ་ར་བཏབ་ལ་སུམ་གཉིས་བསྡུས་པའི་ཐང་ཞག་གསུམ་གྱི་བར་དུ་བཏང་ན་ཚད་པའི་ནད་རིགས་ཀུན་ལ་ཕན་ཞིང་གོས་ཀྱིས་བྱིབས་ལ་རྡུལ་ཀྱང་འདོན་ནོ། །ཤིང་ཀུན་དཀར་ཆ་གཅིག །ཟི་ར་དཀར་པོ་དང་ལྒ་ཆ་གསུམ་རེ། ཁ་རུ་ཚ་ཆ་གཉིས་རྣམས་ཆུ་ལ་བསྡུས་པའི་ཐང་བཏང་ན་རླུང་དང་ཕོ་བའི་ནད་ལ་ཚ་ལོག་བྱེད་པ་ཟས་མ་འཇུབ་རྣམས་ལ་ཕན། རྒྱ་སྐྱེགས། འུ་སུ། ལ་ལ་ཕུད་རྣམས་ཆ་མཉམ་ཆུར་ཞག་གཅིག་སྤངས་པའི་ཐང་ཀ་རས་རྟ་བྱས་ཐོ་རེངས་བཏང་ན་ལུས་དྲོད་མེ་ལྟར་འབར་བ་ལ་ཕན། འུ་སུ་དང་ཁ་རུ་ཚ་མཉམ་པའི་ཐང་བཏང་ན་རླུང་དང་ཕོ་བའི་ནད་ལ་ཚ་ལོག་བྱེད་པ་ཟས་མ་འཇུ་བ་རྣམས་ལ་ཕན། ཨ་ཀརྐཱ་ར། ལ་ལ་ཕུད། ཀུ་བ། ཁ་རུ་ཚ། ལྒ་རྣམས་ཆ་མཉམ་གྱི་ཐང་གོང་བཞིན་བསྡུས་ལ་བཏང་ན་བད་ཀན་ལ་བརྟེན་པའི་ནད་ཐམས་ཅད་ལ་ཕན། སླེ་ཏྲེས། གླ་སྒང༌། ཨུ་ཏཱི་སའི་རྩ་བ། འུ་སུའི་འབྲུ། ལྒ། ཀུ་བ་རྣམས་ཆ་མཉམ་གྱི་ཐང་གོང་བཞིན་བསྐོལ་ནས་བཏང་ན་འདུས་པའི་ནད་ཐམས་ཅད་ལ་ཕན་ནོ། །གུར་གུཾ། གླ་རྩི། གི་ཝཾ། ག་པུར། ཤྲཱི་ཁཎྜ་རྣམས་ཆ་མཉམ་ཕྱེ་མར་བཏགས་ལ་ཆུས་ཁུ་བ་བྱས་ཏེ་ལུས་ལ་བསྐུ་མཉེ་བྱས་ན། རླུང་མཁྲིས་བད་ཀན་ལ་བརྟེན་པའི་ཤ་དྲོད་ཆེ་བ་ལུས་རྡུལ་འདར་ཤིང་བ་སྤུ་སྒྲེང་པ། ཤེས་པ་འཁྲུག་ཤིང་འགྲོ་སྡོང་སྣ་ཚོགས་བྱེད་པ། གདོན་བྷོ་གྱིས་ཙནད་ཀར་པོ་ཟིན་པ་ལྟ་བུས་མིག་འབུར་ཚུགས་སུ་བལྟ་ཞིང༌། མིག་སྔར་སྣ་ཚོགས་མཐོང་བ། ཉིན་གཉིད་མི་ཐུབ་ཅིང་ཤེས་པ་ཟི་བ། གོས་ཡང་ཡང་འབུད་པ་སོགས་ནད་གློ་བུར་བ་ལ་ཕན་ནོ། །སྤྱི་འཇོམས་མུ་ས་ལའི་


DTG211_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ནི། མུ་ས་ཡ་རྫ་སྣོད་གསར་པའི་ནང་དུ་བླུག་པར་བའི་འོ་མ་ལྷད་མེད་སོར་གང་ཙམ་གྱིས་མཐོབ་བླུག །ཁ་ལེགས་པར་བཅད་དེ་རླུང་མི་འཆོར་བར་བྱེད། མེ་ཆུང་དུ་ཡུན་རིང་པོས་ཁུ་བ་རང་ཐིམ་བར་འཚེད། དེ་ནས་གྲིབ་བསྐམས་བྱས་ལ་སྐམ་པ་དང་ཞིབ་པར་བཏགས་པ་དར་ལ་བཙགས་པ་ཉག་གང༌། ལི་ཤི་ལ་ཝཾ་ག་དང་ཛ་ཡི་ཕ་ལ་ཞོ་བཞི་རེ། མི་ར་ཙ་དང་སུ་ཐ། པི་པ་ལ་གསུམ་ཞོ་བཅུ་གཉིས་རེ་རྣམས་ཞིབ་པར་བཏགས་ལ་བའི་ཆུས་རྟ་བྱས་ནས་བཏང་ན་ཆུ་བསགས་ལ་ཕན་ཞིང་གཞན་ཡང་རྟག་པའི་རིམས་དང་ཁྲག་བཤལ་བ་དང༌། ཆུ་ལམ་དུ་ཁྲག་འཛག་པ་རྣམས་ལ་མཆོག་ཛཱ་ཏི་ཏུ་ཕན་ནོ། །ཕོ་རིས་ཆུ་གྲང་ལྒ་གིས་པི་པི་ལིང༌། རྟ་བྱས་ལ་བཏང་ན་རིམས་ཉིན་གཅིག་པ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་རིམས་དྲག་པོ་དང༌། རླུང་ནད་ཀྱིས་ལུས་དྲོད་མེད་པ་རྣམས་ལ་ཕན་ནོ། །སྦྲང་རྩིས་རྟ་བྱས་ལ་བཏང་ན་ཚད་པ་གསར་རྙིང་དང་མཁྲིས་པ་ཤ་སེར་ལ་ཕན་ནོ། །ནིམ་བུའི་ཁུ་བས་རྟ་བྱས་ནས་བཏང་ན་མཁྲིས་པ་མིག་སེར་ལ་མཆོག་ཏུ་ཕན། ལི་ཤི་བསྣན་ཏེ་ཟོས་ན་གློ་ལ་ཕན། བ་མར་སར་པ་བཙགས་བཅད་པས་རྟ་བྱས་ནས་བཏང་ན་ལུས་སྟོབས་ཤོར་ནས་སྤྱོད་མི་ནུས་པར་དངས་མ་འཕེལ་བར་འགྱུར། ལ་སུ་ན་བརྡུངས་པའི་ཁུ་བས་རྟ་བྱས་ཏེ་རིལ་བུ་དྲིལ་བས་བཏང་ན་སྐད་འགག་པ་ལ་ཕན་ཞིང་སྐད་སྨན་ཡང་ཡང་ངོ༌། །ཆང་གིས་རྟ་བྱས་ནས་བཏང་ན་བྱིས་པ་བཙའ་མ་ཐུབ་པ་མྱུར་དུ་བཙའ་བར་འགྱུར། ཀུ་མེ་ཌཱའི་ཁུ་བས་རྟ་བྱས་ནས་བཏང་ན་ཆུ་རླུང་གིས་ལྟོ་བ་སྦོས་པ་སེལ། ཛཱ་མུ་ཎའི་འབྲུ་དང་པགས་པ་བརྡུངས་པའི་ཁུ་བས་རྟ་བྱས་ནས་སྣ་བུག་ལ་བླུག་ན་མི་རྒ་ཟེར་བའི་མགོ་བོར་འབུ་ཡོད་པའི་ནང་ཆུ། མེ། ཉི་མ། འོད་ཅན་སོགས་མཐོང་བས་རྐྱེན་བྱས་ནས་རྒྱལ་ཟལ་ལྟ་བུ་ཞིག་ལོང་བ་དེ་ལ་སྒོག་སྐྱ་ཕན་ནོ། །རྒྱ་གར་སྟོང་ཇ་དང་མཉམ་དུ་བཏང་ན་ཕོ་དབང་ལས་སུ་རུང་བར་འགྱུར་རོ། ཤུ་དག །བ་ཙ་དང་མཉམ་དུ་བཏང་ན་ཚ་བའི་སྐོམ་དད་ཀྱི་རིགས་དང་སྲོད་ལོང་ལ་ཕན། མུ་ཟི་སེར་


DTG211_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ཆ་མཉམ་བཏགས་ལ་བཏང་ན་རླུང་གིས་རྣ་བ་འོན་པ་དང་མིག་གིས་མི་མཐོང་བ་ལ་ཕན། གོང་གི་མུ་ས་ལིའི་གཅིག་པོ་དང༌། ཕོ་རིལ། པི་པི་ལིང༌། ལྒ་བཞི་ཆ་མཉམ་བཏགས་ལ་སྨན་ཐུན་ཆེ་ཕྱོགས་གཉིས་ཀྱི་རྩིས་ཆུ་གྲང་གིས་འཕུལ་ནས་བཏང་ན་རྒྱུ་དང་མི་རྒྱུ། སྦྱར་དུག་ཤ་དུག་སོགས་དུག་རིགས་ཀུན་ལ་ཕན་ཏེ་འདི་ཡན་མུ་ས་ལིར་ཁ་བསྒྱུར་བྱས་པའི་སྦྱོར་སྡེའི་འཕྲོས་དོན་ཡིན་ནོ། །ནད་གཞི་ཆེ་བའི་རིགས་ལ་སྦྱོང་གཏོང་བའི་ཤལ་སྨན་ནི། སྨིན་དྲུག །མགོ །རྒྱལ། མཆུ་རྣམས་ཀྱི་ཟླ་བ་ལ། ཛཻ་བ་ལ་སེ་བ་བཅུ་གཉིས། ཧཱ་ཌ་ཌ་སེ་བ་ནི། མི་ར་ཙ་ཞོ་གང༌། ཅུཨེ་ཀ་སེ་བ་ཕྱེད་གསུམ་ཞིབ་པར་བཏགས་ལ་རིལ་བུ་ལྔ་བྱས། ཐུན་ཚད་རིལ་བུ་རེར་མར་སར་གྱིས་དྲིལ་ལ་མིད། དེའི་རྗེས་སུ་ཆུ་བསྐོལ་ཧུབ་གསུམ་ཙམ་རེ་བཏང་པག་ནད་རོ་རྣམས་སྦྱངས་ནས་མང་དུ་དན་རོག་བཤལ་བར་འགྱུར། ཨ་རུ་ར་།སྦྱངས་ཟིན་ཕོ་རིས་ནས་ནིམ་བུའི་ཆུ་གཅོད་སྨན་ཨ་ཕཱི་མ། ཛཱ་ཏི། ཨམྦྷ་ཀི་ཀོ་ལི། བི་ཛ་ཡ་རྣམས་ཆ་མཉམ་ཐོག་མར་ཛཱ་ཏི་དང་ཨ་ཕཱི་མ་གཉིས་མར་སར་ཆུང་ངུ་དང་མཉམ་དུ་བཏགས། དེ་ནས་བཞི་ག་ཆབས་ཅིག་ཞིབ་པར་བཏགས་ལ་བྱེ་ཀར་རམ་སྦྲང་གང་རིགས་ཀྱིས་རྟ་བྱས་ལ་རིལ་བུ་སྐྱུ་རུ་རའི་འབྲས་བུ་ཙམ་སྒྲིལ་ནས་རིལ་ཤ་འབྲས་ཀྱི་ནད། སོ་མ་ར་ཙ་བུ་རེ་བཏང༌། དེས་འགྲིམ་པའི་རིགས་གང་ཡིན་ཀྱང་ཆོད་དོ། །ཡང་ན་ཛཱ་ཏཱིའི་ཁོག་བྲུས་པའི་ནང་དུ་ཨ་ཕཱི་མ་སྲན་མ་ཉིས་འགྱུར་ཙམ་ཞིག་བླུག་སྟེ་ཁ་བཅད་ལ་གྲོ་ཞིབ་ཀྱི་པག་གིས་དྲིལ་ལ་གཅི་བའི་མ་དུབ་ཡལ་བའི་དཀྱེལ་དུ་བསྲེགས། བག་དེ་བག་ལེབ་ཚོས་པ་ཙམ་གྱི་ཚད་དུ་སླེབ་པ་དང་བཏོན་ལ་ཛཱ་ཏི་དེ་ནས་ཐུན་ཚད་སྲན་མ་ཉིས་འགྱུར་ཅམ་རེ་ཟོས་ཕས་ངེས་པར་ཆོད་དོ། །ཡང་ན་ཟླ་བ་གོང་གི་བཞི་པོ་ལ་སྤྱོངས་སྨན། དན་རོག༌༌༌ཛཻ་པ་ལ། དངུལ་ཆུ༌༌༌པཱ་ར། མུ་ཟི་སེར་པོ༌༌༌གནྡྷ་ཀ་ཕོ་རིས༌༌༌།མི་རོ་ཙ། པི་པི་ལིང༌༌༌པི་པ་ལ། ལྒ༌༌༌ཤུཎྛི་རྣམས་ཆ་མཉམ་ཞིབ་པར་བཏགས། ཐུན་ཚད་སྲན་མ་ཉིས་འགྱུར་ཙམ་རེ་ཆུ་སྐོལ་གྱིས་ཕུལ་ནས་བཏང་ན་ནད་རོ་སྦྱོང་བར་


DTG211_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་གཅོད་ལུགས་གོང་དང་འདྲའོ། །ཡང་ན་ཛཻ་པ་ལ་སེ་བ་བཅུ་གཉིས། མི་ར་ཙ་ཞོ་ངོ༌། ཙ་ཝོ་ལ་འབྲུ་ལྔ་བཅུ་རྣམས་ཞིབ་པར་བཏགས་པ་སྐྱུ་རུ་རའི་འབྲས་བུའི་ཚོད་ཙམ་རེ་མར་སར་གྱིས་དྲིལ་ལ་བཏང༌། དེའི་རྗེས་སུ་ཆུ་སྐོལ་ཧུབ་གསུམ་ཙམ་རེ་འཐུང༌། ཡང་ན་སེ་ཧུཾ་ཌ། དུ་བ་རལ་པ། བྷཽ་རཱ་ཌ། ཧ་ར་ཏ་ཀའི་ཚིག་དན་རོག་གུའི་ནང་གི་སྙིང་པོ་རྣམས་ཕོ་རིལ་ཆ་མཉམ་འབྲས་བཏགས་ལ་ཐུན་ཚད་སྲན་མ་ཉིས་འགྱུར་ཙམ་རེ་བུ་རམ་གྱིས་དྲིལ་ལ་བཏང༌། དེ་རྗེས་ཆུ་སྐོལ་ཕུལ་གང་ཙམ་རེ་འཐུངས་པས་བཤལ་སྐྱུག་གཉིས་ཀ་ཤྲི་ཁཎྜ་འབྱུང༌། ཡང་ན་ཛཻ་པ་ལ་པགས་པ་བཤུས་པ་ཞོ་བརྒྱད་ཀྱི་ཚོད་ཙམ་རས་དྲི་མ་མེད་པས་གཏུམས་ལ་སྐུད་པས་ཁ་བསྡམས། སྣོད་གང་རིགས་སུ་འོ་མ་བྲེ་དོ་ཙམ་བླུགས་ལ་གོང་གི་རས་ཐུམ་དེ་སོར་བཞི་ཙམ་འོ་མར་མ་རེག་པ་སྐུད་པས་ཁེབས་གཅོད་ལ་བཏགས། དེ་ནས་ཁེབས་དན་རོག་རྒྱབ་ལ་རླངས་པ་མི་འཆོར་བར་གཏུམས་ནས་འོ་མ་དེ་ཕྱེད་ཙམ་སྐམ་ཚོད་ཀྱི་བར་ལ་མེ་བཏང༌། དེ་ནས་སྨན་ཕྱུང་གཤགས་ལ་ལྕེ་བཏོན། དེ་དང་ཤྭ་ཏ་ཛི་ར། ཨ་ཛེ་བ་ཎ། མི་ར་ཙ། པི་པ་ལི་ལྔ་ཆ་བསྙམས་ལ་བཏགས། དེ་ནས་གོང་གི་འོ་མས་ཁུ་བ་བྱས་ནས་རིལ་བུ་སྐྱུ་རུ་ར་ཙམ་དྲིལ། རིལ་བུ་རེ་བཏང་ལ་ངེ་ནས་ཆུ་སྐོལ་འཐུང་ངོ༌། །དབོ། ནག་པ། ཉ། སྣྲོན། ཆུ་སྟོད། དབྱུ་གུ་རྣམས་ཀྱི་ཨ་རམ་ཌའི་འབྲས་བུ། ཛཻ་པ་ལ། ཟི་ར་དཀར་པོ། ལ་ལ་ཕུད་ཕོ་རིལ་པི་པི་ལིང་ཥཻ་ར། ཙ་ཝོ་ལ། སེནྡྷ། ཙི་ར་ཙ་རྣམས་ཆ་མཉམ་བཏགས་ལ་བོད་ཀྱི་ཐུན་ཚད་ཆེ་ཕྱོགས་ཙམ་ཆུ་གྲང་གིས་རྟ་བྱས་གཏོང༌། ཟླ་བའི་ཁྱད་མ་གཏོགས་ཕན་ཡོན་དང་ནུས་པ་འདྲ། ཡང་ན་ཛཻ་པ་ལ་བཏུལ་མ། དཎྜ་པི་པ་ལ། དན་རོག་མི་ར་ཙ། ཤྭེ་ཏ་ཛི་ར། ཙུཀ་རྣམས་ཆ་མཉམ་འབྲས་རྒྱ་ཚབཏགས། ཕོ་རིས ལྒའི་ཆུའི་ནང་དུ་ཞག་གཅིག་སྦངས་ལག་ནས་སྣོན་ཏེ་རྫོགས་ནས་རས་ཀྱི་ཁུང་དུ་བཅིར་བའི་ཁུ་བས་རྟ་བྱས་ལ་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ། རིལ་བུ་རེ་དན་རོག་ཆུ་གྲང་གིས་རྟ་བྱས་ནས་གཏོང་བོ་རིས་ཟི་ར་དཀར་པོ། ངོ༌། །ཡང་ན་ཛཻ་པ་ལ་དན་རོག་ཆུ་ཁོལ་ཐེངས་


DTG211_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་བརྗེ་ཐེངས་རེ་བྱས་པ་ལན་བརྒྱད་ཀྱི་བར་བཙོས། དེ་ནས་ལྕེ་བཏོན། དེ་དང་ཨ་ག་ར། ཁཎྜ་གསུམ་ཆ་མཉམ་ལ་ཞིབ་པར་བཏགས་ཐུན་ཚད་བོད་དང་འདྲ་བ་ཆུ་གྲང་གིས་རྟ་བྱས་ལ་བཏང་ངོ༌། །ཡང་ན། ནི་ལ་ཀ་ཝཾ་གིས་བརྡུངས་པའི་ཁུ་བར་སྐྱུ་རུ་ར་ཞིབ་པར་བཏགས་པ་བཏབ་ནིམྦུའི་ཆུ་ཅུང་ཟད་བླུག་ལྕགས་སྐྱོགས་ཀྱི་ནང་དུ་ཞག་ཨར་སྐྱ་གཅིག་བྱེ་ཀརབཞག །སྐྲ་དང་སྨ་ར་དཀར་པོར་སོང་བར་ཞག་གསུམ་གྱི་བར། ཉིན་རེ་ལ་འཁྲུ་ཐེངས་རེ་ལ་བྱུགས་ཐེངས་རེ་བྱེད། སླ་དཀར་ནཱ་གོང་བཞིན་བྱེད། མེ་ལ་ཀ་རཱ་ས། བུད་མེད་ཀྱི་འོ་མ་གསུམ་སྦྱར་ལ་ལྟེ་ས་བྱུགས་པས་ཀྱང་ཕེབས་སོ། །ཡང་ན། སུཾ་ཌ། ཀཱ་ཀ་ཌ་སིངྒི། དྷ་བ་རའི་མེ་ཏོག་གསུམ་ཆ་མཉམ་ལ་བུ་རམ་གྱིས་དྲིལ་ལ་བཏང་ཐུན་ཚད་གོང་དང་འདྲའོ། །གཅོད་སྨན་གོང་དང་འདྲ། བསེ་དུག་གི་སྨན་ལ། པི་ལོ་ཝ། ཨ་ཛ་ཝ་ཎ། བུ་རམ་རྙིང་པ་གསུམ་ཞོ་བཅུ་གཉིས་རེ་ཆ་མཉམ་བཏགས་ལ། དངུལ་ཆུ་སེ་བ་བཞི་བསྲེས་དེལ་རིལ་བུ་དགུ་བཅོས་ལ་ཉི་མ་དགུའི་བར་རེ་རེ་ཁྱུར་མིད་བྱེད། དེའི་བར་པག་དང་ཐུག་པ་ཚྭ་སྡོར་མེད་པ་མ་གཏོགས་གཞན་མ་ཟ་བཏུང་ཐམས་ཅད་འཛེམ། མ་ནུ་བྲག་ཅན་ལ་ལ་ཕུང་དེས་འཕྲལ་དུ་ཕན་པར་འགྱུར་རོ། །ཡང་ན་ཧ་ར་ཌ། མི་ར་ཙ། ནི་ལ་ཐོ་ཐ་གསུམ་ཆ་མཉམ་ཞིབ་པར་བཏགས་ཏེ་སྨན་ཚགས་ལ་བཙགས་ལ་བ་མར་སར་བར་སྦྱར་ནས་རྨ་གང་འདུག་ལ་བྱུགས་པས་འཕྲལ་དུ་ཕན་པར་འགྱུར་ཞིང་དེ་ཡང་གདོན། ཆུ་འཚག་པ་སོགས་ནས་འགོས་པ་ཡིན་ན་ཕན་སླའོ། །ཡང་ན། ཨ་རུ་ར་པཱ་ར། ཕོ་རིས་བིག་པན་གནྡྷ་ཀ །གྲོ་ཞིབ་དར་བཙགས། བུ་རམ་རྣམས་ཆ་མཉམ་ལ་ཞིབ་པར་བཏགས། ཨ་དྷ་ཛྷ་ར་ཆུ་རུ་སྦངས་པའི་ཁུ་བས་རྟ་བྱས་ལ་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ལ་རིལ་བུ་རེ་ཁྱུར་མིད་བྱེད་དོ། ལྡོང་རོས་།ཡང་ན་མ་ན་སི་ལ། བ་བླ་ཧཱ་རི་ཏ་ལ། རུ་རྟ་ཀུ་ཋ། ཡུང་བ་ཧ་དངུལ་ཆུ་ལ་ད། མུ་ཟི་སེར་པོ། ཁྱུང་སྡེར་སྨྱུག་པོ་གུ་ཎི་པུཙྪའི་རྩ་བ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བའི་ཆུས་རྟ་བྱས་ནས་ཁོང་དུ་གཏོང༌། སྨན་དེ་རའི་འོ་མ་ལ་


DTG211_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ནས་རྨ་གང་ཡོད་ལ་འབྱུག་གོ །ཡང་པཱ་རཱ། གནྡྷ་ཀ །ཧཱ་རི་ཏ་ལ། ཛ་ཡི་ཕ་ལ། ཛ་མུ་ཎའི་པགས་པའི་ཕྱེ་མ་རྣམས་ཆ་མཉམ་ཞིབ་པར་བཏགས་སྦྲང་གིས་རྟ་བྱས་ལ་རིལ་བུ་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ཏེ་མིད་པར་བྱའོ། །ཡང་ན། པཱ་ར་སེ་བ་བཞི། ཧ་ལ་ད་སེ་བ་བཞི། ཨ་ཛཱ་ཝ་ཎ་སེ་བ་བཞི། ཥཻ་ར་སེ་བ་དངུལ་ཆུ་མུ་ཟི་སེར་པོ་བ་བླ་བཞི། ཛཱ་ཏི་བིལ་ཝ་ཞོ་གང༌། ལ་ཌ་གུ་ཌ་སེ་བ་བཅུ་དྲུག་རྣམས་ཞིབ་པར་བཏགས་ལ་རིལ་བུ་སྐྱུ་རུ་ར་ཙམ་བྱས་ཉི་མ་བདུན་གྱི་བར་ལ་རེ་རེ་ཟ་ཞིང་སྨན་ཟོས་ནས་མ་འཇུ་བར་དངུལ་ཆུ་ལ་དྲོ་ཡུང་བ བཅོས་བྱེད་དོ། ལ་ལ་ཕུད་།ཡང་པཱ་རཱ། ཏིལ་ནག །གནྡྷ་ཀ །ཨ་ཛ་ཝ་ཎ། སུ་ཋ། གུ་ཌ་རྣམས་མ་ནུ་ཁྲག་ཅན་སེ་བ་བུ་རམབཞི་རེ། བིལ་ཝ་ཞོ་དོ་སེ་བ་བརྒྱད་རྣམས་ཞིབ་པར་བཏགས། ཨཽཾ་གཱ་ཆུ་ལ་སྦངས་པའི་ཁུ་བས་རྟ་བྱས་ལ་རིལ་བུ་སྐྱུ་རུ་རའི་འབྲས་བུ་ཙམ་དྲིལ་ལ་གཏོང་ཞིང་དེ་བར་ཟས་དངུལ་ཆུ་འབྲས་དང་འོ་མ་ལེ་ལ་ནུ་རིང་པོ། ལ་ལ་ཕུང་ལྒ། མ་གཏོགས་བུ་རམ་འཛེམ། སོ་རྙིལ་དང་རྐེ་ལ་སོགས་མ་ནུ་ཁྲག་ཅན་པ་སྐྲངས་ཀྱང་སྨན་ལྔར་ཆགས་སུ་བཏང་བས་གྲོལ་བར་འགྱུར་རོ། །ཡང་སྨྱུག་མའི་ལོ་མའི་རྩེ། སཾ་བྷཱ་ལུའི་ལོ་མ། ཨོཾ་གཱའི་ལོ་མ། སྭེ་ཏ་དྷཱུ་པའི་ལོ་མ། ཧིངྒུ་ལ་རྣམས་སེ་བ་བཞི་རེ་ཆ་མཉམ་པ་བཏགས་ལ་ཐུན་བཅུ་བཞི་བཟོ་ལ་ཐུན་རེ་གང་ས་གསར་པ་ལྟ་བུར་འཐན་ནས་མགོ་ལུས་གཏུམས་ཏེ་དུ་བ་རྨ་གང་ཡོད་ལ་འབུང་། དེའི་བར་ལ་དྲོ་བཅོས་དང་རླུང་མ་འཕོག་པ་གལ་ཆེའོ། །ཡང༌། ཛ་ཧུའི་མེ་ཏོག་ཞིབ་མཚལ་པར་བཏགས་པ་ངར་ལ་བཙགས་བུ་རམ་དང་ཆ་མཉམ་ལ་རིལ་བུ་སྐྱུ་རུ་ར་ཙམ་དྲིལ་བ་ཉིན་བདུན་གྱི་བར་རེ་རེ་ཁོང་དུ་བཏང༌། པཱ་རཱ། ནི་བ་གཉིས་སེ་བ་བཞི་བཞི་ཞིབ་པར་བཏགས། ནིམྦུའི་ཐད་ཆུས་འཁར་སྡེར་གྱི་ནང་དུ་སྦྲུས་ལ་རྐང་པ་དང་ལག་པ་ལ་སྨན་ཟ་བ་དང་མཉམ་དུ་བྱུགས། དེའི་བར་གྱི་དྲི་ཆུ་རྫ་སྣོད་ལྟ་བུར་བསགས་པའི་ཆུའི་ནང་དུ་གོང་གི་དངུལ་ཆུ་སེ་བའི་གྲངས་དངུལ་ཆུ་གྲངས་གང་བཏང་བ་དེ་ཡོང་ཞིང་དེ་འཕྲལ་ཕན་པར་འགྱུར་རོ། །


DTG211_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བར་ལ་བག་ཐུག་ལས་དངར་སྐྱུར་སོགས་འཛེམ། གཞང་འབྲུམ་གྱི་ནད་དང་མཚན་བར་རྡོལ་པ་ལ། པི་པི་ལའི་པགས་པ་ཞིབ་པར་བཏགས་པ་ཐུར་མགོ་དོ་ཙམ་པའི་ཞོ་ཕུལ་གང་ཙམ་ལ་བཏབ་སྟེ་འཐུངས་པས་མྱུར་དུ་ཕན། ཡང་ན། ནད་པ་མགོ་ཞབས་བཟློག་སྟེ་རྐང་པ་གདུང་མ་ལྟ་བུར་བཏགས་ལ་བའི་གཅི་བས་རྩ་ལམ་ནན་ཆེར་བཀྲུས། དེ་ནས་མ་ནུ་ཁྲག་ཅན་གྱི་ཁྲག་བཏོན་ལ་བྱུགས། དེ་སྟེང་ཨུ་ད་ཞིབ་པར་བཏགས་པའི་ཕྱེ་མ་ཆུས་སྦྲུས་པའི་པག་གིས་བཀབ། དེའི་ཐོག་ཏུ་སོལ་མེ་ལྟ་བུ་མེ་རྔོག་ཆུང་ངུ་ཞིག་ཆུ་ཚོད་གཅིག་ཙམ་གྱི་བར་བཞག །དེ་ནས་མེ་བསལ་ལ་དེ་ཤུལ་དུ་སུ་མ་ལ་སྲོ་མ་ཙམ་ཞིག་ཆུ་ཚོད་གཅིག་ཙམ་གྱི་བར་བཞག །དེ་ནས་བག་དང་བཅས་པ་བསལ་བས་འབུ་མང་དུ་ཐོན་འོང་ཞིང་ཕན་ནོ། །ཡང་ན་བུ་རམ་དང་པི་པི་ལིང་ཆ་མཉམ་ལ་པི་པི་ལིང་ཞིབ་པར་བཏགས་པ་བུ་རམ་གྱིས་རྟ་བྱས་རིལ་བུ་གོ་ཡུ་ཙམ་རེ་ཟོས་ན་ཕན་པར་འགྱུར་ཞིང་འདི་ཁྱད་པར་བྱིས་པ་ཆུང་ངུ་ལ་ཕན་ནོ། །ཡང་ན་ལྕགས་སྣོད་ནང་མར་གསར་པའི་ནང་དུ་ཨ་རུ་ར་སོལ་བར་མ་སོང་ཙམ་བཙོས། དེ་ནས་བཏོན་ཏེ་ཞིབ་པར་བཏགས་པའི་ཕྱེ་མ་སླར་ཡང་གོང་གི་མར་དེ་ལ་བཏབ་ནས་རིལ་བུ་ཛཱ་ཏི་ཙམ་རེ་ཟོས་པས་ཀྱང་ཕན་པར་འགྱུར་རོ། །ཡང་ན། ཏིལ། བིལ་བ། ཨང་ཌ། གུ་ཌ། ཙི་ཏཱ་རྣམས་ཆ་མཉམ་ལ་ཞིབ་པར་བཏགས། སྦྲང་རྩིས་རྟ་བྱས་ལ་རིལ་བུ་སྐྱུ་རུ་ར་ཙམ་བྱས་ནས་ཟོས་ན་ཡང་ཕན་ནོ། །ཡང་ན། ཧ་ལ་ད་ཞིབ་པར་བཏགས་པ་དང་ནི། ཧཱུཾ་ཤི་ཁཎྜ་ཆ་བསྙམས་པ་རྩ་ལམ་གྱི་ཁུང་བཏབ་ཁམས་ཀྱིས་བསྡམས་ཏེ་བཞག་པས་ཀྱང་ཕན་ནོ། །ཡང་འཕོངས་ལུགས་གཅི་བའི་མེ་དུ་བ་མེད་པའི་སྟེང་དུ་སྦྲུལ་གྱི་པགས་པ་བརྗེས་པ་བཏབ་པའི་དུ་བ་བདུག་ས་ན་འཕྲལ་དུ་ཕན། ཛཱ་རཱཾ་ཀུ་ཤ་ཡུང་བ སྟེ་རིམས་འཕྲོག་ལྕགས་ཀྱུའི་སྦྱོར་བ་བདུན་པ་ནི། དན་རོག་དུག་བྲལ། དངུལ་ཆུ་དུག་བྲལ། བཙན་དུག །ཕོ་རིས། པི་པི་ལིང༌། ལྒ། ཚ་ལ་བསྲེགས་པ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་སྲན་མ་ཙམ་བུ་རམ་གྱིས་རིལ་བུ་བྱས་ནས་བཏང་ན་གྲང་རླུང་སོགས་


DTG211_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་བའི་རིགས་ཐམས་ཅད་ལ་ཕན་ཞིང་ཅུང་ཟད་ཐུར་དུའང་འཁྲུའོ། །བཙན་དུག་ཕྱུང་ལ་མུ་ཟི་བསྣན་ཏེ་ཐུན་ཚད་སྲན་མ་ཉིས་འགྱུར་ཙམ་བྱེ་དཀར་གྱིས་རིལ་ལུ་བྱས་བཏང་ན་ཁྲག་ཚད། མཁྲིས་ཚད། རླུང་ཚད། བད་ཀན་གྱི་ཚད་པ་སོགས་ཚད་པ་གསར་རྙིང་ཐམས་ཅད་ལ་ཕན་ནོ། །དན་རོག་དུག་བྲལ། དངུལ་ཆུ་བཏུལ་མ། མུ་ཟི་སེར་པོ། །ཚ་ལ་བསྲེགས་པའི་ཐལ་བ། མཚལ་རྣམས་ཆ་མཉམ་བཏགས་པ་ནིམྦུའི་ཁུ་བས་རིལ་བུ་སྨ་རུ་མགོ་ནག་ཙམ་སྒྲིལ་ལ་བཏང་ན་རླུང་མཁྲིས་བད་ཀན་སོགས་ནད་ཀྱི་རིགས་གསར་རྙིང་གང་ལ་ཡང་ཕན་ནོ། །དན་རོག་དུག་བྲལ། དངུལ་ཆུ་བཏུལ་མ། མུ་ཟི་སེར་པོ། །མཚལ། བ་རུ་ར། ཨ་རུ་ར་རྣམས་ཆ་མཉམ་བཏགས་པ་བྱེ་དཀར་གྱིས་རྟ་བྱས་ནས་རིལ་བུ་སྨ་རུ་མགོ་ནག་ཙམ་དྲིལ་ལ་བཏང་ན་ཚད་པ་གསར་རྙིང་པ་དང་མཁྲིས་པ་དང་ཚ་བའི་རིགས་ལ་ཕན། དན་རོག་དུག་བྲལ། དངུལ་ཆུ་བཏུལ་མ། མུ་ཟི་སེར་པོ། །མཚལ། ཟངས་ཕྱེ་བཏུལ་ལིང་ང་མ། ཙི་ཏཱ། པི་པི་ལིང༌། ཨ་རུ་ར། བ་རུ་ར། སྐྱུ་རུ་ར་རྣམས་ཆ་མཉམ་ཞིབ་པར་བཏགས་ལ། བྷྲིངྒ་རཱ་ཛའི་ཆུས་སྦྲུས་ལ་སྐམ་ཐག་ཆོད་པ་དང་ཕྱེ་མ་ཐུར་མགོ་རེ་ཙམ་བཏང་བས་རིམས་ཚད་ཀྱི་རིགས་མཐའ་དག་ལ་ཕན་ནོ། །དན་རོག་དུག་བྲལ། དངུལ་ཆུ་བཏུལ་མ། མུ་ཟི་སེར་པོ། །ཕོ་རིས། པི་པི་ལིང༌། ཚ་ཨ་མ་ལ་ལ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བྱེ་དཀར་དང་མཉམ་དུ་བ་མར་གསར་པས་སྒིལ་ལ་བཏང་ན་ཁྲག་ཚད། མཁྲིས་ཚད། རླུང་ཚད། བད་ཀན་གྱི་ཚད་པ། རྒྱུ་ཚད། ཆམ་ཚད། འཁྲུགས་ཚད། རིམས་ཚད་དེ་ཚད་པ་བརྒྱད་ལ་མཆོག་ཏུ་ཕན་ནོ། །དན་རོག་དུག་བྲལ་དང་དཎྜ་སེ་བ་བཅུ་གཉིས། ཕོ་རིས། ཚལ་བསྲེགས་པའི་ཐལ་བ། པི་པི་ལིང་གསུམ་སེ་བ་བཞི་རེ་རྣམས་ཞིབ་པར་བཏགས། བྷྲིངྒ་རཱ་ཛའི་ཁུ་བས་སྦྲུས་ལ་རིལ་བུ་སྨ་རུ་མགོ་ནག་ཙམ་བྱས་པ་ཐུན་ཚད་རིལ་བུ་གསུམ་རེ་བཏང་བས་རིམས་ཚད་ཀྱི་རིགས་མཐའ་དག་ལ་ཕན་ནོ། །དེས་རིམས་འཕྲོག་ལྕགས་ཀྱུའི་སྦྱོར་བ་བདུན་པ་རྫོགས་སོ།། །།གོ་ཡུ། སུ་པ་རི་མུ་


DTG211_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལི། འཇམ་འབྲས་ཀྱི་འབྲུ། པི་པི་ལིང་དང་པི་པི་ལིང་གི་རྩ་བ། ལྒ། པོ་ཥ་རའི་རྩ་བ། ཕོ་རིས། ལ་ལ་ཕུད། སིངྒ་ཌ། ཨ་ཤྭ་གནྡྷ། བྱི་ཐང་ཀ །ལ་ལ་ཕུད་ཆུང་བ། བྷཽཾ་གི་རྣམས་ཞོ་བཅོ་ལྔ་རེ་ཆ་མཉམ་ཞིབ་པར་བཏགས། བི་ར་ཀན་དྷུ་ཞོ་བཞི་ཞིབ་པར་བཏགས་ཏེ་ཆུས་བཙོས་ལ་གར་སླ་བག་ཙམ་དུ་སོང་དུས་སྨན་རྣམས་དང་བསྲེགས། སོ་མ་ར་ཙ་ཞོ་བརྒྱད་ཅུ། ཆུ་ཁར་ཁལ་གཅིག་ཙམ་གྱི་ནང་དུ་བཏབ་ལ་ཆུ་བྲེ་གསུམ་ཙམ་དུ་སྐམ་སྐམ་པར་གདུས་གྲང་བ་དང་རས་ལ་བཙགས་པ་ལ་དུག་མོ་ཉུང་གོང་གི་སྨན་བཏབ་ནས་འདྲེས་པར་བྱས། དེ་ནས་བའི་འོ་མ་ལྷད་མེད་ཁལ་གཅིག་ཙམ་སྣོད་དུ་མེར་གོ་མུའི་བཞི་འགྱུར་མ་གར་བ་བྱས་གདུས་ནས་སུམ་གཅིག་ཙམ་དུ་ལུས་པ་དང༌། དེ་ལ་བླུག་སྟེ་སྐྱབས་དཀྲུག་ཅིང་སྐྱོ་མ་གར་བ་ཙམ་དུ་འདུས་པ་དང་ཏའུ་ཥི་ར་བཏབ་ལ་དཀྲུག་ཅིང་ཟན་དྲོན་ཙམ་དུ་སླེབ་པ་དང་མེ་ཐག་བཅད་དེ་གྲང་དུ་བཅུག་ལ་རིལ་བུ་སྐྱུ་རུ་ར་ཆེ་ཕྱོགས་ཙམ་རེ་བཏང་བས་འདི་ནི་གོ་ཡུར་བརྟེན་པའི་སྤྱི་འཇོམས་ཆེན་མོ་སྟེ་རླུང་མཁྲིས། བད་ཀན། འདུས་པ། ཚད་པ་གསར་རྙིང༌། དུག་གི་རིགས། སྐྲན། དམུ་ཆུ། ཁྲག་སོགས་མདོར་ན་ནད་ཀྱི་རིགས་གང་ལའང་འདིས་མི་ཕན་པ་མེད་དོ། །ཡང་གོང་གི་རིལ་བུ་དང་མཉམ་པའི་ཤེལ་ཀར་ལྕགས་སྣོད་དུ་ཆུ་ཅུང་ཟད་བླུགས་ལ་སྒོར། ཆུ་ཐག་ཆོད་ནས། ཛཱ་ཏི། ལི་ཤི། ཛཱ་ཏིའི་མེ་ཏོག །སུག་སྨེལ་བཞི་ཤེལ་ཀར་གྱི་བཅུ་ཆ་རེ་ཞིབ་པར་བཏགས་པ་དང་གོང་གི་རིལ་བུ་བཏབ་ལ་ཅུང་ཟད་སྒོར་ཏེ་རིལ་བུ་སྐྱུ་རུ་ར་ཉེས་འགྱུར་ཙམ་སྒྲིལ་ལ་ཐོ་རངས་ཟས་མ་ཟོས་པའི་གོང་དུ་རིལ་བུ་རེ་རྒྱུན་དུ་བསྟེན་ན་སྟོབས་འཕེལ་ཞིང་རྒས་ཁ་སྲ་བ། ལུས་ཡང་བ། དོང་ཁ་བདེ་བ། རྩལ་ཆེ་བ། བློ་རྣོ་བ། མིག་གསལ་བ། རྣ་བ་གསང་བ། སོ་བརྟན་པ། སྐྲ་དཀར་གཉེར་མ་མི་འབྱུང་བ། འདོད་པ་སྤྱོད་ནུས་པ། ནད་དཀོན་པ་སོགས་ཕན་ཡོན་བསམ་ལས་འདས་སོ། །ཆུ་བསགས་ཚ་གྲང་གང་ལའང་བི་ས་ལོ་ཙ་ན། ཅུ་གང༌། སི་མ་ལ་ཁཱ་ར་དཀར་པོ་


DTG211_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེར་པོ། །རྒྱ་གར་སྟོད་ཇ། བི་ལ་ཝ་རྣམས་ཆ་མཉམ་པ་ཞིབ་པར་བཏགས་པ་ནའི་ཁུ་བས་ཞོ་སླ་བ་ཙམ་བྱས་པ་ཉིན་གསུམ་གྱི་བར་རྡོ་གཞོང་གི་ནང་དུ་ཉེས་ཏེ་བག་ཙམ་སོང་བ་དང་རིལ་བུ་སྲན་ཆུང་ཙམ་བྱས་པ་སྐྲངས་ཆེ་ན་རིལ་བུ་གཉིས་དང་གཞན་ལ་རེ་སྟེ་བ་མར་གསར་པ་བཙགས་བཅད་པས་འཕུལ་མ་ནུ་ཁྲག་ཅན་ལ་བཏང༌། སྨན་གཏོང་རིང་པག་ཐུག་དང་མར་གསར་མ་གཏོགས་གཞན་འཛེམ། ནད་ཇི་ལྟར་ཚན་ཆེ་ཡང་ཐུན་བདུན་གྱིས་ངེས་པར་ཐོན་ནོ། །བཱཾ་ག་དང་ཥཱ་ཌ་ཆ་མཉམ་ལ་ཕྱེ་མར་བཏགས་སོ། །བའི་ཞོ་ཕུལ་གྱི་སུམ་ཆ་ཙམ་ལ་བཏབ་ནས་འཐུངས་ན་ཡང་ཕན་པར་འགྱུར་ཞིང༌། བཅོས་བྱེད་རིང་དམར་སྐྱུར་དང་ཁ་ཚ་རུལ་སུམས་འཛེམ། སོ་མ་ར་ཙ་དང་བྱེ་ཀར་ཆ་མཉམ་པ་ཞོ་ཧུབ་གང་ལ་སྦྱར་ནས་བཏང་ན་སོ་མ་ར་བྱེ་ཀར་ཁྲག་མཁྲིས་ལས་གྱུར་པའི་ཆུ་ནད་ཐོན་ཞིང་མཁྲིས་པས་འགྲིམ་པ་ཡང་ཆོད་དོ། །ཡང་ཚོད་དང་རྒྱས་པ་ར་དུས་ཀྱི་རྩ་བ་གང་བྱས་ཁོག་མའི་ནང་དུ་བླུག་ལ་དེ་ལྟར་ཡང་ཁེབས་གཅོད་རྒྱབ་ལ་རླངས་པ་མི་འཆོར་བ་བྱས་པའི་ཆུ་སུམ་གཉིས་བསྡུས་པའི་ཁུ་བ་ཚན་མོ་ཕོར་པ་གང་བཏུངས་ལ་གོས་ཀྱིས་བྱིབས་ལ་རྡུལ་ཐོན་པར་བྱེད་པ་གནད་དུ་ཆེའོ། །ཙན་དན་དམར་པོ་དང་བཙག་རྡོ་གཉིས་ཆ་མཉམ་པ་ཞིབ་པར་བཏགས་ལ་ཆུས་རྟ་བྱས་རིལ་བུ་གོ་ཡུའི་འབྲུ་ཙམ་དྲིལ་ཏེ་བཏང་བས་ཀྱང་ཕན་ནོ། །འུ་སུ་ལོ་མ་འདྲུ་བཅས་རྫོགས་པའི་ཁུ་བས་བསྐུ་མཉེ་བྱས་ཀྱང་སྐྲངས་པ་འཕྲལ་དུ་འཇོམས་པར་འགྱུར་རོ། །ས་མུ་དྲ་ཕ་ལ་གེ་ཏུ་མང་ཉུང་ཇི་ཙམ་ཡོད་ཀྱང་རའི་གཅིན་གྱི་ཁ་ཕྲུས་ཉིན་རེ་ལ་ལན་གསུམ་རེ་བཏབ་པ། དེ་བཞིན་པའི་འོ་མ། བྷྲིངྒ་ར་ཛའི་ཁུ་བ་རྣ་མས་ཀྱིས་ཉིན་བདུན་རེ་སྐེམ་བཀྲུ་བྱེད། དེ་ནས་ཞིབ་པར་བཏགས་ལ་ཐུན་ཚད་སྲན་མ་གསུམ་ནས་གཅིག་གི་བར་ནད་བབས་ཆེ་ཆུང་སྐབས་དང་བསྟུན། ར་མའི་གཅིན་གྱི་ས་ཁུ་བ་བྱས་ནས་མགོ་ཕྱེད་ན་བར་གང་ན་བའི་ཕྱོགས་ཀྱི་མིག་ལ་འབྱུག་པའམ་སྣ་ལ་བླུག་པས་ཕན་ཞིང་མིག་


DTG211_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱུགས་པས་མིག་སེར་པོར་སོང་བ་ལ་ཡང་ཕན། བྱེ་མ་ཀ་ར་དང་མཉམ་དུ་བཏང་ན་ཚད་པ་གསར་རྙིང་ཐམས་ཅད་ལ་ཕན། བའི་དར་བས་རྟ་བྱས་ཏེ་འཐུངས་ན་རླུང་རྒྱུ་མཁྲིས་ཀྱི་ནད་ཟུག་བཞིན་དུ་ཆེ་བ་ལ་ཕན། ཧིངྒ་དང་མཉམ་དུ་བཏང་ན་མཁྲིས་སྲིན་སྐྱེ་ཐུར་གཟུགས་དང་སྲིན་ལེབ་སྲིན་འབུ་ཆུང་ངུ་སོགས་ལེན་ནས་བདེ་བར་འགྱུར་རོ། །སྦྲང་རྩི་ལ་སྦྱར་ནས་བསེ་དུག་གི་རྨ་དང་ཐོར་བ་ལ་བསྐུས་ན་འཕྲལ་དུ་ཕན་པར་འགྱུར་ཞིང༌། ལྕེ་དིག་པས་གཏམ་ཡུན་རིང་མི་ཐོན་པ་དང་ཕོ་བ་ཤིང་ཀུན་སྤོས་པ་ལ་ཁོང་དུ་བཏང་བས་ཕན། ཡུང་བ་དང་མཉམ་དུ་བཏང་ན་སྐྱུག་སྨན་གྱི་མཆོག་ཏུ་འགྱུར། རང་ཆུ་འམ་ར་མའི་ཆུས་རྟ་བྱས་བཏང་ན་མ་འཇུ་བ་ལ་ཕན་ཞིང་སྦྱོངས་ཀྱང་ཕེབས་པར་འགྱུར་རོ། །བྷྲིངྒ་རཱ་ཛའི་ཁུ་བས་རིལ་བུ་བྱས་ལ་བཏང་ན་མིག་སེར་ལ་ཕན། པི་པ་ལའི་པགས་པ་དང་མཉམ་དུ་ཟོས་ན་མས་རླུང་གྱེན་ལྡོག་དང་རླུང་རྒྱུ་མཁྲིས་ལ་མཆོག་ཏུ་ཕན་ནོ། །ཡང་ར་མའི་ཆུས་རྟ་བྱས་བཏང་ན་སྐྱ་རྦབ་ལ་ཕན། ཨ་དྷཱ་ཛཱ་ཌའི་ཁུ་བས་རིལ་བུ་བྱས་བཏང་ན་དངས་མ་འཛག་པ་ལ་ཕན་ནོ། །ལ་ལ་ཕུད་དང་མཉམ་དུ་བཏུང་ན་རིམས་ནད་ཉི་མ་རེ་མོས་ཀྱིས་ན་བ་ལ་ཕན་ནོ། །བའི་འོ་མ་དང་མཉམ་དུ་བཏང་ན་སྟོབས་བསྐྱེད་པར་འགྱུར་རོ། །ལྒ་དང་མཉམ་དུ་བཏང་ན་དངས་མ་འཕེལ་བར་འགྱུར་རོ། །ཨ་ཀ་ལ་ཀ་ར་ཕྱེ་མར་བྱས་པ་དང་མཉམ་དུ་བཏང་ན་ཁོང་པའི་སྲིན་འབུ་ཐམས་ཅད་ཕྱིར་འཐོན་ནས་། བདེའོ། །ནིམ་བུའི་ཁུ་བ་དང་མཉམ་དུ་བཏང་ན་འདུས་པའི་ནད་ལ་ཕན་ནོ། །རང་ཆུ་ཁྱོར་གསུམ་གྱིས་འཕུལ་ཏེ་བཏང་བས་ནི་ནཱ་བཱི་ཟེར་བའི་རྐང་ལག་གི་སོར་མོ་དང་སྣ་གང་ལ་ཐེབས་ཀྱང་ཆད་འགོ་བ་ཞིག་ཡོང་བ་དེ་ལ་ཕན། ཡང་ནད་དེ་ལ་སྔགས་བྱེད་ན། སང་བཅོས་ཁ་བྱེད་རྒྱུའི་དོ་ནུབ་ནད་པའི་ལུས་བཀྲུས་ལ་མལ་བདེ་བར་ཉལ་བཅུག་སང་ཞོགས་སྔགས་མཁན་གྱིས་ཕྱིན་ལ་ནད་པ་ལས་འདོམ་དོ་ཙམ་གྱིས་འགྱངས་བྱས་ལ་བསྡད། རྐང་ལག་གང་ན་བ་དེ་བསྟན་ལ་འོག་གི་སྔགས་འདྲེན་པ་དང་མཉམ་དུ་འབྲས་


DTG211_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷཱུ་ར་བསྲེས་པས་ནད་པ་བྲབ། རྐང་ལག་གང་ཡིན་ཀྱང་མི་གཉིས་ཙམ་གྱིས་ཟིན་ཀྱང་མི་ཐུབ་པར་སྔགས་མཁན་གྱི་སྔར་སླེབ་ཡོང་བས་ཁྲུ་གང་ཙམ་དུ་སླེབ་པ་དང་གྲིས་འཕྲེད་ལ་རེ་ཁཱ་གསུམ་འཐེན། གང་ན་བ་དེ་འབྲས་བཙོས་པའི་ཟན་དང་སིནྡྷཱུ་ར་བསྲེས་པས་གཏུམས་ལ་བཞག་པས་ཕན་ནོ། །སྔགས་ནི། ཨོཾ་གཱ་ཛཾ་ཏ་གྷོ་རཏ་ཨཱ་བ་ཏཱ་ཚ་ར་ཚེ་དུ་ཨུ་ཏཱ་ར་ཏ་ཨ་བ་ཏཱ་ཧ་ཡ། ན་བ་ནཱ་རི་བ་ཧ་ཏྲ་ཀོ་ཋཱ་སུ་ཥ་བ་ར་ཏཱ་ཨཱ་བ་ཏ་ཧ་ཡ། ཀཱ་ཧཱ་ཏེ་ཨཱ་བར་ཧ་ཡ་ག་ཌྡྷ་ག་ཡ་ནི་ཏེ་ཨཱ་བ་ཏཱ་ཧ་ཡ། ཀཱ་བ་རུ་ཀོ་ཀོ་ཏ་བཱ་ལ་དི་ལཱི་ཀོ་པ་ཏ་སཱ་ཧ། སེ་ཥ་སི་ལཱ་ར་རུ་རུ་ཀ་ནི་ཀེ་པུ་ཏ་མ་ཧ་མ་དཱ་པི་ར་མནྟྲ་པ་ཌྡྷ་ཏ། བ་དྷི་ཥུ་རཱ་ས་ན་བྷེ་ཛྱེ་བྷུ་ཏ་བཱཾ་དྷི་པྲེ་ཏ་བཱཾ་དྷི་དེ་བ་བཱཾ་དྷི་དཱ་ནོ་བཱཾ་དྷི། མ་རི་ཡཱ་མ་སཱ་ན་བཱཾ་དྷི་ཀཱ་ལ་བྷཻ་རོ་བཱཾ་དྷི། ཨཥྚ་བྷཻ་ར་བ་བཱཾ་དྷི་ལོ་ཧ་རོ་ཧ་བོ་ནཱ་སི་དྷ་ཤ་དྷ་བཾ་དྷི་པཱ་ན་ཕུ་ལ་ཀོ་བཱཾ་དྷི། ཏེ་ལ་ཏ་ལེ་ཀོ་བཱཾ་དྷི་བྷཱ་ཏ་དུ་དྷ་ཀོ་བཱཾ་དྷི། ཀ་ར་ན་ཀ་ར་ཏུ་ཏི་ཀོ་བཱ་དྷ་ཥི་རཾ་ཥེ་རཾ་ཥེ་ཧྲ་པཱ་ལ་བཱཾ་དྷི། ཨ་ཋོ་ཏ་ར་སོ་ནཱི་ནཱ་ཨི་བཱཾ་དྷི་བཱ་རཱ་སྱ་མ་སཱན་བཱཾ་དྷི་ཏེ་རཱ་སྱ་ཀ་རུ་བཱ་བཱཾ་དྷི། ཙོ་དཱ་སྱ་བྷཾ་སཱ་སུ་ར་བཱཾ་དྷི་སཾ་ཥ་ནཱི་ཌཾ་ཀ་ནཱི་བཱཾ་དྷི་པ་ཏ། ཚ་ནཱི་བཱཾ་དྷི་བྷེ་ག་ན་བཱཾ་དྷ་ཏོ་བཱ་བཱ་ཨཱད་མ་ཀཱི་དོ་ཧཱ་ཨཱི། བི་བི་ཕཱ་ཏ་མཱ་ཀི་དུ་ཧཱ་ཨཱི་སུ་བ་ར་མུ་ར་ཌཱ། པི་པི་ཕཱ་ཏ་མཱ་ཀི་དཱ་བ་ན་གི་ར། ན་བ་ལཱ་ཥ་ཨ་སི་ཧ་ཛཱ་ར་པི་ར་པི་ཀཾ་བ་ར་བཱ་དྷི་ཌ་རི། ཨ་བ་དེ་ཥོ་རེ་མ་ཧ་མ་དྭཱ་པི་ཏེ་རེ་མནྟ་ཀི་སཀྟཱི། ཨུ་ཏ་ར་ཀོ་ཨུ་ཏ་ར་བཱཾ་དྷཱི། ད་ཚ་ན་ཀོ་ད་ཚ་ན་ནཱཾ་དྷི་པ་ཚཱི་མ་ཀོ་བ་ཚི་མ་བཱཾ་དྷི། པུརྦ་ཀོ་པུརྦ་བཱཾ་དྷི། ཀཱ་ཋ་ཀཱི་རོ་ཊི་བཱཾ་དྷི་ཕི་རེ་མ་ཧ་མ་དཱ་པི་རཱ་སེ་ཥ་སི་ལ་ར་པཌྡྷ་ཏ་མནྟྲ། བཱ་དྷི་ཌཱ་རཱི་མེ་རཱི་བྷཀྟཱི་གུ་རུ་ཀཱི་སིཀྟ་ཕུ་རོ་མནྟྲ་ཨཱི་སྭ་རི་བཱ་ཙཱ། ཞེས་པའོ། །རཱ་ས་རཱ་ཛེ་ཤྭ་ར་ཏེ་བཅུད་ལེན་དབང་ཕྱུག་རྒྱལ་པོའི་སྦྱོར་བ་ནི། དངུལ་ཆུ་དུག་བྲལ། མུ་ཟི་སེར་པོ། །མྲྀ་ཏ་སཱ་ར། ཆུ་ཤིང་ནག་པོས་གོ་ཆོད་ཙམ། ཟངས་ཕྱེ། ཏཱ་ལ་ཀ །བཙན་དུག །ཚལ་དཀར། སི་མཾ་ལ། ལྡོང་རོས། རྒྱ་ཚྭ། ལྕགས་ཕྱེ། ཞ་ཉེ་དཀར་པོའི་ཕྱེ་མ། ཛཱ་ཏི། བོང་ང་དམར་པོ་ནང༌། ཧི་རིམྦྷི་སི་ལྗང་གུ། མུ་ས་ལི། ཛ་བ་ཥ་ར། ནཱི་བ།


DTG211_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡ་བི་རངྒ། སྐྱེར་པ། ཨ་ཀ་ལ་ཀ་ར། པི་པི་ལིང་གི་རྩ་བ། གུར་གུམ། ནཱ་ག་གེ་སར་ཆུང་བ། ཙུ་ཀ །རུ་དྷ། ཀཱ་ཀ་ར་སིངྒི། མ་ལ་ཀཱ་ན། གུ་ནི། བོང་ང་དམར་པོ། །ལ་ལ་ཕུད། ཁུ་ར་ས་ནི་ཨ་ཛ་ཝ་ན། མུཤམྦ་ར། ས་མུ་དྲ་ཕ་ལ། ལྒ། པི་པི་ལིང༌། ད་ཏུ་ཧ་རི་དྲ་ཕོ་བ་རིས། འབྲས་བུ་གསུམ། ཟི་ར་ནག་པོ་རྣམས་ཆ་མཉམ་དང་ག་པུར་ཉིས་འགྱུར། ཀུཊ་དེ་ཐམས་ཅད་དང་དན་རོག་དུག་དབྱུང་ཚར་བ་ནི་རི་བྷི་སི། བསྙམས་པར་བཏགས་ལ་དར་ལ་བཙགས། བྷྲིངྒ་རཱ་ཛའི་ཁུ་བས་སྦྲུས་ལ་ཞག་ཉེར་གཅིག་གི་བར་བཏགས་ཏེ་རིལ་བུ་ཕོ་རིས་ཙམ་སྒྲིལ། རིལ་བུ་རེ་བྷྲིངྒ་ཀཱ་ར་ཛཱི་ར། རཱ་ཛའི་ཁུ་བས་རྟ་བྱས་ཀུ་ཥས། བཏང་ན་རླུང་ཚད་གསར་རྙིང་ཐམས་ཅད་ལ་ཕན། བྱེ་ཀར་དང་མཉམ་དུ་བཏང་ན་མཁྲིས་ཚད་གསར་རྙིང་ཐམས་ཅད་ལ་ཕན་ཞིང་ཟས་གང་ཟོས་ཀྱང་འགྲིམས་འགྲོ་བ་ལ་བཏང་ན་ཡང་ཆད་པར་འགྱུར་རོ། །ཆང་ལ་པི་པི་ལིང་ཕྱེ་མ་བཏབ་པས་རྟ་བྱས་བཏང་ན་བད་ཀན་ལ་བརྟེན་པའི་ཚད་པ་འཇོམས་པར་འགྱུར་རོ། །ར་མའི་གཅིན་གྱིས་རྟ་བྱས་ནས་བཏང་ན་ཕོ་བའི་ནད་མཱ་ལ་ཛྭ་རེ་ལ་ཕན། སོཾ་ཕ་དང་ཕོ་རིས་བསྣན་ལ་བཏང་ན་ཚད་པའི་རིགས་ཐམས་ཅད་ལ་ཕན། སྐྱུ་རུ་ར་དང་བའི་མར་བསྣན་ལ་བཏང་ན་ཕོ་བ་ན་ཞིང་དབུགས་མི་ཐོན་པ་ལ་ཕན། ནཱི་བའི་ལོ་མ་དང་མཉམ་དུ་ཟོས་ན་ཨི་ཀའི་ནད་ལ་ཕན། བྷྲིངྒ་རའི་ཁུ་བར་དང་ག་མི་བདེ་བ་དང་ལྕགས་དྲེག་གི་ནད་གོ་སྙོད་སྦྱར་ཏེ་མིག་ལ་བྱུགས་ན་མིག་སེར་ལ་ཕན་ནོ། །སོཾ་ཕ་དང་ལ་ལ་ཕུད་བསྣན་ཏེ་བྱིན་ན་བུད་མེད་ཀྱི་བུ་བཙས་པའི་རྗེས་སུ་སྐེད་པ་དང་ཚང་ར་ན་བ་ལ་ཕན། ཀ་ར་དང་མཉམ་དུ་བཏང་ན་ཟས་སྐྱིགས་བུའི་སྐོམ་ཚ་གྲང་གང་འགྲིམས་པ་གཅོད་པར་འགྱུར་རོ། །པཱ་ན་དང་མཉམ་དུ་བཏང་ན་མཁྲིས་པའི་ནད་ལ་ཕན། བའི་མར་སར་དང་མཉམ་དུ་ཟོས་ན་བུད་མེད་མངལ་ཆགས་ནས་མི་གནས་པ་གནས་པར་འགྱུར་རོ། །རའི་འོ་མས་རྟ་བྱས་བཏང་ན་དངས་མ་འཛག་པ་ཆོད་དོ། །སྐྱུ་རུ་རའི་ཁུ་བས་རྟ་བྱས་ཏེ་བཏང་ན་དམུ་ཆུ་འཇོག་པ་ལ་ཕན་


DTG211_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ནིམ་བུའི་ཁུ་བར་སྦྱར་ལ་སྣ་བུག་ཏུ་བླུག་ན་མགོ་ཕྱེད་ན་བ་ལ་ཕན་ཞིང་མིག་ལ་བྱུགས་ན་འབྱུང་པོའི་གནོད་པ་ལ་ཕན། འུ་སུ་དང་བ་མར་བསྣན་ནས་བཏང་ན་སྦྲུལ་གྱི་དུག་ལ་ཕན། ལྒའི་ཁུ་བས་རྟ་བྱས་ནས་བཏང་ན་སྡིག་པའི་དུག་ལ་ཕན། ནཱ་ག་དུ། ཥྤ་དང་མཉམ་དུ་བཏང་ན་གཉིད་ཆུང་དུ་འགྲོའོ། །མ་ལ་ཀངྒུ་ནི་དང་མཉམ་དུ་བཏང་ན་ལུས་སྟོབས་འཕེལ་ལོ། །གོང་གསལ་ནི་ཉཊ་རྣམས་ཉིན་བདུན་རེའི་བར་གཏོང་ཞིང་ཟས་སྤྱོད་ནད་སོ་སོའི་སྐབས་ཐོབ་སྦྱོར། སྤྱི་སྨན་གོ་ར་ཙོ་ལིའི་སྦྱོར་བ་ནི། ལི་ཤི། གླ་སྒང་ཛཱ་ཏིའི་མེ་ཏོག །སྨན་ཆེན། ཀུ་ཊ་ཀི། མུ་ས་ལི། སུག་སྨེ་ལ། བ་ཡ་བི་རངྒ། མ་ནུ་ཁྲག་ཅན། གི་ཝཾ། ཀོ་ར། མ་ར་ཧ་ཊི། དངུལ་ཆུ། བོང་ང་དམར་པོ། །མུ་ཟི་སེར་པོ། བ་བླ། དན་རོག་དུག་བྲལ་རྣམས་ཞོ་གསུམ་རེ་དང། ཛེ་ལ་བ་ཏྲི། ལ་ལ་ཕུད་ཞོ་བཅོ་ལྔ་རྣམས་ཞིབ་པར་བཏགས་པ་དར་ཨ་ལ་ཙི་ལ་བཙགས། ཞོ་ཕྱེད་གཉིས་བྷྲིངྒ་རཱ་ཛའི་ཁུ་བས་སྤྲུས་ལ་རྡོ་གཞོང་ནང་དུ་ཉིན་ཉི་བོང་ང་དཀར་པོ་བཅག་ནས་དཀྱིལ་ལྗང་ཁུ་ཡོད་པ་གཉིས་ཤུ་རྩ་གཅིག་གི་བར་ཉེད་ཅིང་སྐབས་སྐབས་སུ་ཉི་མར་ཅུང་ཟད་བསྟན། ས་ཧ་དེ་པའི་ཁུ་བས་སྦྲུས་ལ་ཉིན་གསུམ་གྱི་བར་ཉེས་ལ་རིལ་བུ་སྨ་རུ་མགོ་ནག་ཙམ་སྒྲིལ་ཞོས་རྟ་བྱས་ནས་བཏང་ན་ཆུ་སེར་རླུང་ལྡན་ལ་ཕན། ཉིན་བདུན་གྱི་བར་བཏང་ངོ༌། །དནད་ཕྱེ་མར་བཏགས། གོང་གི་རིལ་བུ་ལས་སུམ་འགྱུར་གྱིས་ཆེ་བ་བཅས་བཏང་ན་སྦྱོངས་ཕེབས་སོ། །བ་མར་གསར་པས་ཁུ་བ་བྱས་ཉིན་རེར་རིལ་བུ་བཞི་རེ་ཉི་མ་བདུན་གྱི་བར་བཏང་ན་རླུང་གི་ནད་དང་མེ་དྲོད་ཉམས་པ་མིག་གི་རབ་རིབ་ལ་ཕན་ནོ། །བྷྲིངྒ་རཱ་ཛའི་ཨ་རཎྜི་ཁུ་བས་རྟ་བྱས་ཉི་མ་གཅིག་ལ་རིལ་བུ་བཞི་བཏང་ན་རླུང་རིགས་འདར་བུ་ལ་ཕན་ནོ། །རའི་འོ་མས་རྟ་བྱས་ནས་བཏང་ན་དངས་མ་འཛག་པ་ཚ་གྲང་གང་ལ་ཡང་ཕན། པའི་ཆུས་རྟ་བྱས་ཏེ་བཏང་ན་ནས་པ་གོང་དང་འདྲའོ། །ཡང་དངས་མ་ཆུ་དང་མཉམ་དུ་འཛག་ཅིང་ནད་ཟུག་བྱེད་ན་གོ་ཡུ་དང་མཉམ་དུ་བཏང་བས་


DTG211_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ནོ། །ཡང་ཁྲག་ཏུ་འཛག་ན་ཨ་བ་ལའི་ཁུ་བས་རྟ་བྱས་བཏང་ན་ཕན་པར་འགྱུར་རོ། །ནིམ་བུའི་ཁུ་བར་སྦྱར་ལ་མིག་ལ་བྱུགས་ན་འབྱུང་པོ་གང་གིས་ཀྱང་གླགས་མི་རྙད་དོ། །འབྲས་བུ་གསུམ་གྱི་ཕྱེ་མ་ཐུར་མགོ་གསུམ་ཙམ་དང་རིལ་བུ་བཞི་མཉམ་དུ་བཏང་ན་མས་རླུང་གྱེན་ལོག་དང་སྟོད་སྐྱུ་རུ་ར་རླུང་སོགས་རླུང་རིགས་དང་ཡན་ལག་ཞ་བ་ལ་ཕན། ཡང་ཟི་ར་དཀར་པོ་དང་མཉམ་དུ་བཏང་ན་ཡང་མས་རླུང་གྱེན་ལོག་དང་སྟོད་རླུང་སོགས་རླུང་རིགས་ལ་ཕན་ནོ། །ཨ་མ་ལི་ཞོ་གང་དང་རིལ་བུ་བཞི་མཉམ་དུ་བཏང་ན་ཆུ་འཚག་རྒྱུ་ཆེན་པོ་མེད་པ་ལ་ཡང་ཡང་འཚག་དགོས་ཤིང་བཙགས་པ་དང་ན་ཚ་ཆེན་པོ་ཡོང་བ་ལ་ཕན། ཤོ་མོ་ས་དང་མཉམ་དུ་བཏང་ན་དངས་མ་འཕེལ་ཞིང་འདོད་པ་སྤྱོད་ནུས་པར་འགྱུར་རོ། །ཟི་ར་ནག་པོ་དང་མཉམ་དུ་ཆུར་བརྡར་ནས་སོ་ན་བའི་ཐད་ཀྱི་ཕྱི་ལ་བྱུག་ས་ན་ཟུག་གཟེར་འཕྲལ་དུ་ཞིའོ། །ཐང་ཕྲོམ་གྱི་ལོ་མ་ཉུང་ཟད་དང་རིལ་བུ་རེ་བཏང་ན་གྲང་མཁྲིས་ཀྱི་ནད་ལ་ཕན། མི་ཐི་སི་བཱ་ར་དང་ལྷན་དུ་བརྡར་ནས་བསེ་དུག་གི་རྨ་དང་ཤུ་བ་ལ་བྱུགས་ན་འཕྲལ་དུ་ཕན། འབྲས་ཆུར་སྤངས་པའི་ཁུ་བས་རྟ་བྱས་བཏང་ན་བཙན་དུག་སྦྱར་དུག་གྱུར་དུག་སོགས་དུག་དྷ་དྷུ་ར་རིགས་ཐམས་ཅད་ལ་མཆོག་ཏུ་ཕན་ནོ། །བོད་སྤངས་ཀྱི་ཁུ་བ་ལ་སྦྱར་ནས་ལུས་ཆུ་དར་སྔོན་པོ་ལ་བསྐུ་མཉེ་བྱས་ན་འདུས་པའི་ནད་ལ་ཕན་ནོ། །བྷྲིངྒ་རཱ་ཛའི་ཁུ་བས་རྟ་བྱས་ཁོང་དུ་བཏང་ཀྱང་འདུས་ནད་ལ་ཕན་ནོ། །ཕག་བྲུན་མེར་བསྲེགས་པའི་ཐལ་བ་དང་བོང་བུའི་གཅིན་ལ་རིལ་བུ་བརྡར་ནས་སྣ་ལ་བླུག་ན་མིརྒིའི་མགོ་ལ་འབུ་ཡོད་པའི་མེ་ཆུ་ཉི་ཟླ་སོགས་འོད་ཅན་ལ་བལྟས་ན་ས་རྒྱལ་ཟེར་གྱི་འགྱེལ་འགྲོ་བའི་ནད་ལ་མཆོག་ཏུ་ཕན། ཆང་གིས་རྟ་བྱས་ནས་བཏང་ན་པར་འགྱུར་རོ། །ཤིང་ཨ་ཀ་ལ་ཀ་རའི་ཕྱེ་མ་དང་མཉམ་དུ་བཏང་ན་བད་ཀན་སྐྱ་སྨུག་མཐའ་ལན་གསུམ་གྱི་དག་ལ་ཕན་ནོ། །ཟངས་ཀྱི་སྣོད་དུ་བའི་ཞོ་ཁྱོར་གང་ཙམ་བླུག་པར་རིལ་བུ་བཏབ་སྟེ་ལེགས་པར་བསྣུར་ལ་ཁོང་དུ་བཏང་ན་མ་འཇུ་བའི་རིགས་ཐམས་ཅད་ལ་ཕན་ནོ། །


DTG211_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་ཀ་ར་དང་མཉམ་དུ་བཏང་ན་མཁྲིས་པ་ལ་ཕན། སྦྲང་རྩི་དང་མཉམ་དུ་ཟོས་ན་ལུས་སྟོབས་བསྐྱེད་པར་འགྱུར་རོ། །པ་ཐུ་བའི་ལོ་མ་བརྡུངས་པ་དང་མཉམ་དུ་བཏང་ན་མཁྲིས་པ་ཤ་སེར་དང་རྡེལ་ནད་ལ་ཕན། མ་ནུ་ཁྲག་ཅན་ཆུང་ངུ་དང་མཉམ་དུ་བཏང་ན་གསེབ་དྲི་སོགས་ལུས་ཀྱི་རྔུལ་ཆེན་པོའི་དྲི་དང་ཆུ་རྟགས་ཀྱི་དྲི་ངན་པ་ལ་ཕན། སླེ་ཏྲེས་དང་མཉམ་དུ་བཏང་ན་གྲང་བ་འཛག་པ་ཚ་གྲང་མཐའ་དག་ལ་ཕན། ཉེ་ཤིང་པ་དང་མཉམ་དུ་བཏང་ན་རླུང་གིས་ན་ཟུག་བྱེད་པ་དང་བ་བྱི་བ་སོགས་ལ་ཕན། ལ་ལ་ཕུད་ཤུ་དག་གཉིས་ཕྱེ་མར་བཏགས་པ་དང་མཉམ་དུ་བཏང་ན་རྐེད་པ་ན་བ་ལ་ཕན། བག་ནི་དྲིལ་ནས་ཟ་ཆུས་རྟ་བྱས་ནས་ལོ་གསུམ་ཟླ་བ་གསུམ་ཞག་གསུམ་ཉི་མའི་སུམ་ཆ་གསུམ་གྱི་བར་དྲིལ་བུ་རེ་བར་མ་ཆད་པར་བསྟེན་ན་ལུས་ཀྱི་ནད་གསར་རྙིང་ཐམས་ཅད་འབྱང་ཞིང་ལུས་སྟོབས་འཕེལ་བ་དང་རྒས་ཁ་སྲབ་སོགས་ཕན་ཡོན་བསམ་ལས་འདས་སོ། །ནད་པར་གཏོང་སྐབས་ཟས་སྤྱོད་སོགས་ནད་བབས་དང་བསྟུན་ཏེ་སྐབས་དང་སྦྱར་རོ། །སྐྲན་གྱི་སྨན་ལ་དནདའི་རྩ་བ་ཞོ་བཞི། ལྒ་དང་ཁ་རུ་ཚ་ཞོ་ཕྱེ་དོ་རེ། ཤིང་ཀུན་སེ་བ་ལྔ་རྣམས་ཆུ་ཕོར་པ་གསུམ་ལ་བཏབ་ལ་ཆ་གཉིས་གདུས་པའི་ཕོར་གང་ཁོང་དུ་བཏང་ན་རླུང་སྐྲན་འཕྲལ་དུ་ཞིག་པར་འགྱུར་རོ། །ཡང་འགྲོན་བུ་མེར་བསྲེགས་པའི་ཐལ་བ། ཕོ་རིས། པི་པི་ལིང༌། ལྒ། ཙི་ཏྲ། སེཾ་ཅ་ལ་ལོ་ཎ་ཁ་རུ་ཚྭ་རྣམས་ཞིབ་པར་བཏགས་པ་དང་ལ་བཙགས་ལ་ཐུར་མགོ་དོ་ཙམ་ཆུ་སྐོལ་གྱིས་རྟ་བྱས་བཏང་ན་སྐྲན་གྱི་རིགས་ཐམས་ཅད་ལ་ཕན་ནོ། །ཤིང་ཀུན་ཆ་ཕྱེད། ཟི་ར་དཀར་པོ། །ལྒ། ཁ་རུ་ཚ། འུ་སུ་རྣམས་ཆ་རེ་བཅས་ཐང་ཐུན་ཙམ་ཆུ་ཕོར་པ་གསུམ་གྱི་ནང་དུ་བཏབ། ཆ་གཉིས་གདུས་ལ་བཏང་ན་མཁྲིས་སྐྲན་ཞིག་བར་འགྱུར་རོ། །ཀཱ་ཀ་ར་སིངྒི། དྷ་བ་རའི་མེ་ཏོག །ལྒ། བུ་རམ་རྣམས་ཆ་མཉམ་ཞིབ་པར་བཏགས་པའི་རིལ་བུ་བ་རུ་ར་ཙམ་རེ་བཏང་ན་དྷ་ནི་ཉ་ཕོ་སྐྲན་ཞིག་པར་འགྱུར་རོ། །རྒྱ་ཚ། སེནྡྷོཁ་རུ་ཚ། ཙི་ཏྲ། ལྒ། པི་པི་ལིང་གི་རྩ་བ་རྣམས་ཆ་མཉམ་


DTG211_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིང་ཚ་ཕྱེད་བཅས་ཞིབ་པར་བཏགས་ལ་ཐུར་མགོ་དོ་ཙམ་ཆུ་སྐོལ་གྱིས་རྟ་བྱས་བཏང་ན་སྐྲན་གྱི་རིགས་མཐའ་དག་ལ་ཕན། ཀེ་ལ་ཀའི་རྩ་བ། དནདའི་རྩ་བ། ལྒ། ཙི་ཏྲ། རྒྱམ་ཚ་རྣམས་ཆ་མཉམ་དང་ཤིང་ཀུན་ཆ་ཕྱེད་བཅས་དང་ཐུན་ཙམ་ཆུར་གདུ་ལུག་ས་གོང་བཞིན་བྱས་བཏང་ན་རླུང་ལ་བརྟེན་པའི་མ་ཞུ་བའི་སྐྲན་ཞི་བར་འགྱུར་རོ། །ཨ་རུ་ར་དང་ལྒ་ཆ་མཉམ་ལ་ཤིང་ཀུན་ཆ་ཕྱེད་བཅས་ཞིབ་པར་བཏགས་པ་ཐུར་མགོ་དོ་ཙམ་ཆུ་སྐོལ་གྱིས་འཕུལ་ཏེ་བཏང་ན་མེ་དྲོད་ཉམས་པའི་སྐྲན་ཞི་བར་འགྱུར་རོ། །རྒྱམ་ཚ། ཁ་རུ་ཚ། ལྒ། ཙི་ཏྲ། བ་རུ་ར། པི་པི་ལིང་གི་རྩ་བ་རྣམས་ཆ་མཉམ་པ་དང་ཤིང་ཀུན་ཆ་ཕྱེད་བཅས་ཞིབ་པར་བཏགས་ལ་ཐུན་ཚད་གོང་བཞིན་ཆུ་སྐོལ་གྱིས་འཕུལ་ཏེ་བཏང་ན་ཁྲག་ལ་བརྟེན་པའི་མ་འཇུ་བའི་སྐྲན་ཞི་བར་འགྱུར་རོ། །འགྲོན་ཐལ། ལྒ། པི་པི་ལིང༌། ལི་ཤི། ཛཱ་ཏི། ཁ་རུ་ཚྭ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་འཕུལ་བཏང་ན་རླུང་སྐྲན་ཞི་བར་འགྱུར་རོ། །ཕོ་རིས། པི་པི་ལིང༌། ལྒ། ལ་ལ་ཕུད། ཟི་ར་ནག་པོ་རྣམས་ཆ་མཉམ་དང་ཤིང་ཀུན་ཆ་ཕྱེད་བཅས་ཕྱེ་མར་བཏགས་ལ་ཆུ་སྐོལ་གྱིས་འཕུལ་ནས་བཏང་ན་ཆུ་སྐྲན་ཞི་བར་འགྱུར་རོ། །ཕོ་རིས། པི་པི་ལིང༌། ལྒ། ལ་ལ་ཕུད། རྒྱམ་ཚ། ཙི་ཏྲ། ཟི་ར་ནག་པོ། །ཤིང་ཀུན་རྣམས་ཆ་བསྙམས་པ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་འཕུལ་ནས་བཏང་ན་སྐྲན་གྱི་རིགས་ཐམས་ཅད་ཞི་བར་འགྱུར་རོ། །ལྒ། ཏིག་ཏ། པི་པི་ལིང༌། ལ་ལ་ཕུད། ཨ་ཀ་ལ་ཀ་ར། ལི་ཤི། ཁུ་ར་ཤ་ན། པི་པི་ལིང་གི་རྩ་བ་རྣམས་ཆ་མཉམ་ཐང་ཐུན་ཙམ་ཆུ་སུམ་གཉིས་གདུས་པའི་ཁུ་བ་ཕོར་གང་བཏང་ན་མཁྲིས་སྐྲན་ཞི་བར་འགྱུར་རོ། །ཕོ་རིས། པི་པི་ལིང༌། ལྒ། ཙི་ཏཱ་ཡ་ཏ་རྒྱམ་ཚ། ལ་ལ་ཕུད་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བ་མར་ལང་ཐང་རྩེ་བཙགས་བཅད་པས་རྟ་བྱས་གཏོང་ཞིང་ཅུང་ཟད་ལུས་ལ་བྱུགས་ན་བུད་མེད་བུ་བཙས་པའི་རྗེས་སུ་ཁྲག་


DTG211_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲིས་ཀྱི་སྐྲན་བྱུང་བ་ལ་ཕན་ནོ། །སྤྲུལ་ཤ་དང་ལྒ་ཆ་མཉམ་ཞིབ་པར་བཏགས་པ་དར་ལ་བཙགས་ཏེ་སེ་བ་བཅུ་དྲུག་རེ་ཆུ་བསྐོལ་གྱིས་རྟ་བྱས་བཏང་ན་དམུ་ཆུ། སྐྱ་རྦབ་ཀྱིས་སྐྲངས་པ། མཁྲིས་པ། རླུང༌། མགོ་ན་བ། ཕོ་བ་ན་བ་སོགས་ནད་གསར་རྙིང་མཐའ་དག་ལ་ཕན། སྦྲུལ་གྱི་པགས་པ་བརྗེས་པ་མེ་ལ་བསྲེགས་པ་ཞིབ་པར་བཏགས་པ་མིག་ལ་བྱུགས་ན་མིག་གི་ནད་ཐམས་ཅད་ལ་ཕན་ཞིང་མིག་གསལ་བར་འགྱུར་རོ། །སྦྲུལ་ཤུན་དང་བའི་འོ་མ་མཁུར་བཀང་བྱས་ན་སོའི་ནད་ཐམས་ཅད་ལ་ཕན་ནོ། །སྦྲུལ་ཤུན་ཞིབ་པར་བཏགས་པ་བ་ཞོ་བཙགས་པས་སྦྲུས་ལ་རིལ་བུ་སྲན་མ་ཉིས་འགྱུར་ཙམ་སྒྲིལ་ལ་ཁོང་དུ་བཏང་ན་ཟ་འཕྲུག་ལ་ཕན། གཉེན་འབུར་གྱིས་སྐྲངས་པར་སྦྲུལ་གྱི་ཁྲག་བྱུགས་ན་མྱུར་དུ་ཕན། རྨ་བྱའི་སྒྲོ་མདོངས་མེ་ལ་བསྲེགས་པའི་ཐལ་བ་ཆུ་གྲང་གིས་འཕུལ་ནས་བཏང་ན་ཁྲག་སོགས་སྐྱུག་པའི་རིགས་ཆོད་པར་འགྱུར་རོ། །སྡིག་པ་མེར་བསྲེགས་པའི་ཐལ་བ་སྲན་མ་ཙམ་ཆུ་གྲང་གིས་རྟ་བྱས་བཏང་ན་རྡེལ་ནད་འཕྲལ་དུ་སེལ་ཞིང་བུད་མེད་ཀྱི་ནུ་མ་སྐྲངས་པ་ལ་ཡང་ཕན་ནོ། །སྡིག་པ་མེར་བསྲེགས་པའི་དུ་བ་ཁོང་པར་བཏང་ན་སྲོག་ཆགས་ཀྱི་གནོད་པ་མི་འབྱུང༌། མི་ཐོད་ཞིབ་པར་ཉེས་ལ་ཆུར་བྷི་ཚུ་ལི་སྦྱར་ཏེ་བྱུགས་ན་འབྲས་བུ་སྐྲངས་པ་ལ་ཕན། མི་ཐོད་མེར་བསྲེགས་ལ་ཐུར་མགོ་དོ་ཙམ་རེ་ཁོང་དུ་ཞག་བདུན་གྱི་བར་བཏང་ན་འབྲས་བུ་སྐྲངས་ཤིན་ཏུ་ཆེ་བ་ལ་ཕན་ནོ། །རྐང་ལག་གི་སེན་མོ་གོག་པའི་ནད་ལ་ཁང་བྱིལ་གྱི་ཀླད་པ་བྱུགས་ན་འཕྲལ་དུ་ཕན། གདོང་ལ་གྲོ་ཐིག་ཡོད་པར་ཁང་བྱིལ་གྱི་བྲུན་ཆུ་ལ་སྦྱར་ལ་ཉིན་བདུན་གྱི་བར་དུ་བྱུགས་ན་མེད་པར་འགྱུར་རོ། །སྤྱི་ཐེར་སོགས་མགོ་ལ་སྐྲ་མེད་པར་རྟའི་ཀླད་པ་ཉིན་བདུན་གྱི་བར་དུ་བྱུགས་ན་སྐྲ་སྐྱེ་བར་འགྱུར་ཞིང་རྒྱ་དང་སྨ་ར། ཙི་ཌིསོགས་འདོད་ཀྱང་གོང་འདོད་པར་བྱུགས་ཛྷ་མིང་པས་སྐྱེ་བར་འགྱུར་རོ། །མ་ཧེའི་ར་མ་ཧེ་ཀ་སིངྒ་སྐྱུ་རུ་ར་དང་མཉམ་དུ་ཆུ་ལ་བཙོས་ཚོས་པ་དང་བཏོན་ལ་མེར་བསྲེགས་པའི་གྷོ་རག་ནགྫ་ཐལ་བ་གོང་གི་


DTG211_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཆུར་བཏབ་སྟེ་མགོ་བོར་བྱུགས་ན་སྐྲ་ཤིན་ཏུ་བཟང་བ་སྐྱེ་བར་འགྱུར་རོ། །དེའི་རྗེས་སུ་པགས་མཚམས་ལ་ཆུ་སེར་འཕེལ་བའི་རྟགས་བྱུང་ན་རྭ་སྣུམ་གྱི་དཀྱིལ་དུ་བཙོས་ལ་བྱུགས་པས་ཞི་བར་འགྱུར་རོ། །པགས་ནད་ཁོལ་བུ་བ་སེན་མོ་བཏབ་ཀྱང་རེག་པ་མི་ཚོར་པ་དང་སྐོམ་པ་ལ་བྱི་བའི་བྲུན་ཆུར་བརྡར་བ་བྱུགས་པས་ཕན་ནོ། །མཛེའི་བཅོས་ཐབས་ནི། ཐོག་མར་མཛེ་ལ་རིགས་རྣམ་པ་བདུན་ཏེ། ལུ་ཏ་ཀུཥྛ། སརྦ་དྷཱ་ཏུ་ཀུཥྛ། བི་ཙི་ཏྲ་ཀུཥྛ། ལཱ་ལ་ཀུཥྛ། སུ་ཡ་ཀུཥྛ། ཙནྡྲ་ཀུཥྛ། ཥ་ཥེནྡྲི་ཀུཥྛ། རྣམས་ཏེ་དེ་ཡང་ཆུ་རླུང་གི་མཛེ་ལ་ཐོག་མར་ཤ་ལྤགས་ཁོལ་བུར་ཟ་ཞིང་བྲད་ན་ཆུ་སེར་མང་དུ་དོན་ཡོང༌། མཁྲིས་རླུང་ལ་གཞན་མ་གོང་དང༌། ཆུ་རླུང་ཐབ་སལ་བརྟེན་པའི་མཛེ་མཁྲིས་རླུང་ལ་བརྟེན་པའི་མཛེ་གྲང་རླུང་ལ་བརྟན་པའི་མཛེ་ཁྲག་ལ་བརྟེན་པའི་མཛེ་ཁྲག་མཁྲིས་ལ་བརྟེན་པའི་མཛེ་གྲང་མཛེ་ཤ་བཀྲ་འདྲ་བ་ལ་དྲོད་ཤིན་ཏུ་ཆེ་ཞིང་མདོག་ཀྱང་ཅུང་ཟད་དམར་ལ་བྲད་ན་ཁྲག་ཀྱང་འབྱུང་བའོ། །གྲང་རླུང་ལ་ཐོག་མར་ལུས་ཁོལ་བུར་སྐྲངས་ཤིང་མདོག་ཀྱང་ཁྲ་བོར་ཡོང་ལ་རྗེས་སུ་ཚིགས་ཆེ་ཆུང་ཐམས་ཅད་སྐྲངས་ཤིང་ཆུ་སེར་འཛག་པའོ། །ཁྲག་མཛེ་ལ་ཡན་ལག་དང་རྣ་བ་སྣ་སོགས་ཀྱི་རྩེ་ཆད་ཅིང་རྣག་ཁྲག་འཛག་ཅིང་མདོག་ཀྱང་དམར་པོར་འོང་ངོ༌། །ཁྲག་མཁྲིས་ལ་བརྟེན་པ་གཞན་མ་གོང་དང་འདྲ་བ་ལ་དྲོད་ཤིན་ཏུ་ཆེ་བའོ། །གྲང་མཛེ་མདོག་དཀར་ཞིང་རྣག་ཁྲག་ཆུ་སེར་མང་དུ་འཛག་གོ །ཤ་བཀྲ་ལ་རྟོགས་པར་སླ་བའོ། །དེ་དག་གི་སྨན་ནི། ཨ་རུ་ར་གསེར་མདོག་དང་ནག་ཆུང༌། བཙོད། དུ་བ་རལ་པ། བཙན་དུག །ཀ་ན་བི་རའི་རྩ་བ་རྣམས་ཞིབ་པར་བཏགས་ལ་བའི་ཆུས་སྦྲུས་ནས་ནད་གང་ཡོད་ལ་བྱུགས་ན་ཆུ་རླུང་གི་མཛེ་དང་མཁྲིས་རླུང་གི་མཛེ་ལ་ཕན་ནོ། །ཟངས་ཀྱི་པར་བུའི་ནང་དུ། མུ་ཟི་སེར་པོ། །ཚ་ལ། ཡུང་བ། ཛྷི་རི་ཏ་ར་ཌ་ནཉྒྲིཥྛ་གྲཾ་ཧྱ་དྷཱུ་རསྟ་ཨམ་བའི་ཤ་འབྲས་ཀྱི་སྐོགས་བ་འབྲས་བུ་རྣམས་ཆ་མཉམ་ཞིབ་བར་བཏགས་ལ་ཙི་ཏཱའི་ཤིང་གོང་གི་ཆ་གཅིག་དང༌། །གི་ཝ་ཀྭ་རའི་ཤིང་ཆ་གསུམ་བཅས་བླུགས་ལ་ཁ་ལེགས་པར་བཅད། དེ་རྫའི་ཁོག་མ་ཆེ་བ་ཞིག་གི་ནང་དུ་བཅུག་


DTG211_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁ་བསྡམས་ཏེ་ཐབ་མེ་རྟག་པའི་ཐབ་གོང་དུ་ཟླ་བ་དྲུག་གི་བར་དུ་བཞག །དེ་ནས་བཏོན་ལ་ཕྱེ་མར་བྱས་ཏེ་རའི་འོ་མ་དང་སྦྱར་ནས་བྱུགས་པས་གྲང་རླུང་གི་མཛེས་ཚིགས་སྐྲངས་པ་འབྲལ་དུ་ཞིའོ། །མུ་ཟི་སེར་པོ། །ཐང་ཕྲོམ་གཉིས་ཏིལ་སྣུམ་གྱི་ནང་དུ་བསྐྱུར་ལ་མ་ཚིག་བར་མེ་བཏང༌། དེ་ནས་གྲང་ཐག་ཆོད་པ་དང་བྱུགས་པས་མཁྲིས་རླུང་ལ་བརྟེན་པའི་མཛེ་ལ་ཕན་ནོ། །མུ་ཟི་སེར་པོ། །འབྲས་བུ་གསུམ། མ་ནུ་ཁྲག་ཅན། སྒྲོན་མེ་ཤིང་གི་འབྲུ་མངར་སྐྱུར་གཉིས་ཡོང་བའི་སྐྱུར་བ། ཏིལ་ནག་རྣམས་ཆ་མཉམ་བྷྲྀངྒ་རཱ་ཛའི་ཐང་ཆུ་དང་མཉམ་དུ་བཏགས་ལ་བྱུགས་ན་ཁྲག་མཛེ་ལ་ཕན་ནོ། །ཀོན་པོ་དང་པགས་པ་སེ་ཀོ་ལྟར་སང་བའི་ཟ་ཕྲུག་ལ་ཕན། ཧ་རིམ་བི་ཆ་གཅིག །ཕོ་རིས་ཆ་གཉིས། ཙ་ཌི་མི་ཐོད་བསྲེགས་པའི་ཐལ་བ་ཆ་གསུམ་རྣམས་ཞིབ་པར་བཏགས་ལ་ཆུ་གྲང་གིས་རྟ་བྱས་བཏང་བས་མཛེ་ནད་ཀྱི་རིགས་ཐམས་ཅད་ལ་ཕན་ནོ། །ཁྱུང་སྡེར་སྨུག་པོ། །དོང་གའི་འབྲུ། ནཱི་བ། བཱ་ཡ་བི་རངྒ། བོང་ང་དམར་པོ་ནང་ལྗང་གུ། པི་པི་ལིང༌། ཙི་ཏྲ། མུ་ཟི་སེར་པོ། །པོང་དམར་ནད་ལྗང་རྣམས་ཆ་མཉམ་ཞིབ་པར་ཐུར་མགོ་དོ་ཙམ བཏགས་ལ་ཐུན་ཐུར་མགོ་དོ་ཙམ་རེ་ཆུ་གྲང་གིས་རྟ་བྱས་བཏང་ན་ཡང་མཛེ་རིགས་གུ་རི་བུ་ཆ་རཱ་ཛ་བྲྀཀྵ་ཀུན་ལ་ཕན། ལྒ། པི་པི་ལིང༌། ཕོ་རི་ས། དོང་གའི་འབྲུ། བོང་དམར། སྐྱུ་རུ་ར། བ་རུ་ར་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བའི་ཞུན་མར་ལ་སྦྱར་ཏེ་བྱུགས་ན་ཆུ་རླུང་ལ་བརྟེན་པའི་མཛེ་ལ་ཕན། སྒོག་སྐྱ། ནཱི་བ། ཙི་ཏྲ། བ་བླ། མུ་ཟི་སེར་པོ། །ཀ་ན་བི་རའི་རྩ་བ། སཪྶུཾ། རུ་དྷ། ཤོ་མོ་ས་ལྕགས་བཏུལ་མ་རྣམས་ཆ་མཉམ་ཞིབ་བར་བཏགས་ལ་ཆང་གིས་ཁུ་བ་བྱས་ནས་རྫ་སྣོད་དུ་བླུག་ཁ་ལེགས་པར་བཅད། གཅི་བ་དང་རྟ་སྦངས་རྙིང་པའི་ལ་བུ་ན་དཀྱིལ་དུ་ཞག་ཉེར་གཅག་གི་བར་བསྙལ། དེ་ནས་བཏོན་ལ་བྱུགས་ན་སད་ཁགྲང་རླུང་ལ་བརྟེན་པའི་མཛེ་དང་ཁྲག་མཁྲིས་ལ་བརྟེན་པ་གཉིས་ལ་མཆོག་ཏུ་ཕན། ཁ་རུ་ཚ། དན་རོག །སྨ་རུ་མགོ་ནག་རཱ་ཏི་གྷུཾ་གྷ་ཙི


DTG211_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྟེང་གོ་ར་ཙི་ལིའི་སྦྱོར་བ་དང་པོའི་རིལ་བུ་རྣམས་ཆ་མཉམ་པ་ཞིབ་པར་བཏགས་པ་གྲང་མཛེའི་རྨ་གང་ཡོང་ལ་གཙགས་བུ་རྣོན་པོས་རྩ་བས་དེ་ལ་བཏབ་པས་ཕན་ནོ། །མུ་ཟི་སེར་པོ། །འབྲས་བུ་གསུམ། མ་ནུ་ཁྲག་ཅན། ཏིག་ནག །སྒྲོན་མེ་ཤིང་གི་འབྲུ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་བྷྲིངྒ་རཱ་ཛའི་ཁུ་བ་དང་སྦྱར་ནས་བྱུགས་ན་ཡང་གྲང་མཛེ་ཞ་བར་འགྱུར་རོ། །དན་རོག །སྨ་རུ་མགོ་ནག །ཙི་ཏཱ་རྣམས་ཆ་རེ། ཛཽ་ཥ་ར་ཆ་གསུམ། ལྒ་ཆ་བཞི། ནཱི་བ་ཆ་ལྔ་རྣམས་ཞིབ་པར་བཏགས་ཆུ་ལ་སྦྱར་ནས་བྱུགས་ན་ཡང་གྲང་མཛེ་ཞི་བར་འགྱུར་རོ། །དོང་གའི་འབྲུ། ཏིལ་ནག །ལྒ། བུ་རམ་རྣམས་ཆ་མཉམ་ལ་ཞིབ་པར་བཏགས་པ་རིལ་བུ་སྐྱུ་རུ་རའི་འབྲུ་ཙམ་བྱས་བཏང་ཚྭའི་རིགས་ལྕེ་འབིགས་པ་ལྟ་བུ་ན་གྲང་མཛེ་དང་ཤ་བཀྲ་ལ་ཕན་ནོ། །སྨན་དེ་རྣམས་གཏོང་བའི་རིང་པག་ཐུག་མ་གཏོགས་དཀར་སྐྱུར་དམར་གསུམ་ཐམས་ཅད་འཛེམ། ཡ་མའི་བཅོས་ལ་ཡང་རིགས་གསུམ་སྟེ། ཨ་ད་སི་སི། པཱི་ནཱ་ས། ན་ཐུ་ར་རྣམས་སོ། །དེ་རྣམས་ཀྱི་སྨན་ནི། ཕག་ཚིལ། བུ་རམ། ལུག་གི་མར་གསུམ་ཆ་མཉམ་མེར་བསྐོལ་ལ་གྲང་བ་དང་སྣར་བླུགས་ན་ཡ་མ་དཀར་པོ་ལ་ཕན་ནོ། །བྱེ་ཀར། ཀུངྒུ། བ་མར། གསུམ་ཆ་མཉམ་པ་མེར་ཡ་མ་དཀར་པོ་ཡ་མ་ཁྲ་བོ་ཡ་མ་ནག་པོ་ཆག་རྡོལ་རྒྱབ་ཡོད་བསྐོལ་བ་གྲང་བ་དང་སྣར་བླུགས་ཀྱང་ཕན་པར་འགྱུར་རོ། །ཡང་ན། ཤིང་མངར། པི་པི་ལིང་གི་རྩ་བ་གཉིས་ཞིབ་པར་བཏགས་པའི་མར་བཙགས་བཅད་པ་དང་སྦྱར་ལ་སྣར་བླུགས་ཀྱང་ཕན་ནོ། །ཕོ་རིས་མགོ་བོ་གཞོགས་བྱེད་པ་སྣ་དམར་པོར་འགྲོ་འབྲུ་གསུམ། ཨ་ཏུ་སའི་ལོ་མའི་ཁུ་བ་དང་མཉམ་དུ་ཉེས་ལ་སྣར་བླུགས་ཀྱང་ཕན་ནོ། །ཁྲ་བོ་ཛེ་ཉ་མ་དྷུ་ལ། ཚ་ལ། པི་པི་ལིང༌། ཤུག་པ། རེ་བ་དྷྭ་རྨ་ཛོ་ཥ་ར། དནདའི་རྩ་བ་རྣམས་ཆ་བསྙམས་པ་ཞིབ་པར་བཏགས། ལྕགས་སྣོད་དུ་སྣུམ་ལ་བཏབ་སྟེ་བ་ཙག་ཆོད་པ་དང་གྲང་དུ་བཅུག་ལ་སྣར་བླུགས་ན་ཕན་ནོ། །ཡ་མ་ནག་པོ་ཡང་ན། ཡུང་བ། མུ་ཟི་སེར་པོ། །


DTG211_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་གསུམ། ཟི་ར་དར། བྱེ་ཀར། ཨ་མ་ལིའི་འབྲུ། རུ་རྟ། ཤུ་དག །ཙན་དན་དམར་པོ། །ཨ་ཤྭ་གནྡྷ་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་བའི་ཆུ་དང་སྦྱར་ནས་སྣར་བླུགས་ན་སྣ་ནས་འབུ་དོན་ཡོང་ཞིང་ཕན་ལ་མགོ་འཁོར་ལ་ཡང་ཕན་ནོ། །ཡང་ཕོ་རིས་བུ་རམ་གཉིས་ཆ་མཉམ་བཏགས་ལ་ཆང་སྐྱུར་ལ་སྦྱར་ནས་སྣར་བླུགས་ཀྱང་ཕན་ནོ། །འབྲས་བུ་གསུམ་དང་པི་པི་ལིང་ཆ་མཉམ་བཏགས་ལ་སྦྲང་རྩིས་རིལ་བུ་བྱས་ཏེ་ཁོང་དུ་བཏང་ཞིང༌། སྦྲང་རྩི་ཆུར་སྦྱངས་པས་རྟ་བྱས་སྣར་བླུགས་ཀྱང་ཕན་ཞིང་སྣ་ཁྲག་འཛག་པ་དང་ཁའི་དྲི་ངན་པ་ལ་ཕན་ནོ། །ནག་པོ་ལ། སྐྱུ་རུ་ར་ཞིབ་པར་མགོ་གཞོགས་ཕྱེད་ན་བ་ལ་བཏགས་ལ་བ་མར་དར་མཉམ་དུ་བསྐོལ་ཏེ་གང་ན་སར་བྱུགས་པས་ཕན། སེ་འབྲུའི་མེ་ཏོག་དང་དཱུ་བ་གཉིས་ཀྱི་ཁུ་བ་རའི་འོ་མ་དང་བསྲེས་ལ་སྣར་བླུགས་པས་ཕན་ནོ། །ཡང་པི་པི་ལིང༌། སུཾ་ཧཛྣའི་འབྲུ། བཱ་ཡ་བི་རངྒ། ཕོ་རིས་རྣམས་ཆ་མཉམ་བཏགས་ལ་བའི་ཆུ་ལ་སྦྱར་ནས་སྣར་བྱུག་ཅིང་ཅུང་ཟད་སྣའི་ནང་དུ་བཏང་བས་ཀྱང་ཕན་ཞིང་སྣ་ཁྲག་འཛག་པ་ཡང་ཆོད་དོ། །བྱེ་ཀར་དང་སྦྲང་རྩི་གཉིས་པའི་འོ་ཡ་མ་ནག་པོ་ལ མར་སྦྱར་ནས་སྣར་བླུགས་ན་ཕན་ནོ། །ཡང་བལ་བྱི་ཐང་ཀ་པོ་ཁ་ཆེ། སེ་འབྲུའི་མེ་ཏོག་དཱུ་བ་རྣམས་ཀྱི་ཁུ་བ་རའི་འོ་མ་དང་བསྲེས་ལ་སྣར་བླུགས་ན་ཕན། ཛ་མུ་ནའི་འབྲུ། དཱུ་བ། སེ་འབྲུའི་མེ་ཏོག་གསུམ་གྱི་ཁུ་བ་སྣར་བླུགས་ན་ཕན་ཞིང་སྣ་ཁྲག་ཀྱང་འཆད་དོ། །ཡང་ན། ལྒ་དང་དནྜའི་རྩ་བ་ཆང་སྐྱུར་ལ་ཀུ་སུམ་བྷ་བ་སྦྱར་ནས་གང་ན་སར་བ་སྐུ་མཉེ་བྱས་ན་ཕན། ཡང་ལྒ་ཞབ་པར་བཏགས་ལ་བའི་འོ་མར་སྦྱར་ནས་སྣར་བླུགས་ན་ཕན་ནོ། །བྷྲིངྒ་རཱ་ཛའི་ཐང་ཆུ་དང་འབྲས་བུ་གསུམ་ཞིབ་པར་བཏགས་པ་ཆུ་སྐོལ་གྱིས་རྟ་བྱས་བཏང་ན་ཡང་ཕན་ནོ། །ཡུང་བ་ཆ་གཅིག །སེ་འབྲུའི་སྐོགས་ཆ་གཉིས། གུ་རའི་འབྲས་བུ་སྐོགས་གསུམ། སྟར་བུ་ཆ་བཞི་རྣམས་བཏགས་པ་རིལ་བུ་བྱས། བའི་ཆུ་དང་སྦྱར་ཏེ་དཔལ་བར་བྱུགས་ཀྱང་ཕན་ནོ། །དེས་ཡ་མ་


DTG211_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ནག་ཁྲ་གསུམ་གྱི་བཅོས་རྫོགས་སོ།། །།ཙུ་ཀ །སེ་འབྲུའི་སྐོགས། སྤོས་དཀར། ལ་ལ་ཕུད། ཛཱ་ཏི། ཨ་ཕཱི་མ། ལི་ག་དུར་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུན་ཚད་ཐུར་མགོ་དོ་ཙམ་ཆུ་གྲང་གིས་རྟ་བྱས་བཏང་ན་རྒྱུན་དུ་ཁྲག་འགྲིམས་པ་འཕྲལ་དུ་ཆོད་པར་འགྱུར་རོ། །གླ་སྒང༌། སྤོས་དཀར། ཤ་འབྲས་ཀྱི་ནཱི་ར་ལ་སྐོགས། ནཱ་ག་གེ་སར་གྱི་ཐང་ཆུ། ས་ག་ན་བ་དེ་མ་ཛུའི་འབྲས་བུ། བིལ་བའི་ནང་གི་འབྲུ། དྷ་ཡའི་མེ་ཏོག །ཛཱ་ཏི། སོ་མ་ར་ཙ། ཨ་ཕཱི་མ། ལི་ག་དུར། ཀེ་ལ་མེ་ཏོག །ཀ་ཀ་ཎ་སིངྒ། ལི་ཤི། ལ་ལ་ཕུད་རྣམས་ཆ་མཉམ་ཞིབ་པར་བཏགས་པ་དར་ལ་བཙགས་ཏེ་ཐུར་མགོ་དོ་ཙམ་རེ་བའི་ཞོ་དང་མཉམ་དུ་བཏང་ན་འགྲིམས་བྷཻ་ལ་ཀ་ནད་ཚ་གྲང་ཡང་འཕྲལ་དུ་ཆོད་དོ། །པི་པི་ལིང་གི་ཤིང་གི་པགས་པ། པོ་ཥ་རའི་རྩ་བ། དྷ་ཝའི་མེ་ཏོག །མུ་ས་ལི། ཤ་འབྲས་ཀྱི་སྐོགས། ཏྲི་གུ་ཌའི་རྩ་བ། ཟི་ར་དཀར་པོ། །རྒྱ་གར་སྟོད་ཇ། ཨ་ཕཱི་མ་རྣམས་ཆ་མཉམ་བཏགས་པ་དར་ལ་བཙགས། ཐུན་ཚད་གོང་འདྲ་སྦྲང་རྩི་དང་མཉམ་དུ་བཏང་ན་ཁྲག་འགྲིམས་པ་གཅོད་དོ། །ཨ་ཕཱི་མ། ཀེ་ལའི་མེ་ཏོག་ཕོ་རིས། ལ་ལ་ཕུད་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་གྲང་གིས་རྟ་བྱས་བཏང་ན་ཡང་ནུས་པ་གོང་དང་འདྲའོ། །དྲས་ཤུལ་ལ་བརྟེན་པའི་ལྟེ་བའི་རྩ་འཕྱུས་པའི་ནད་གང་ཟོས་པ་དང་ཁྲག་རྒྱུན་པར་འགྲིམས་ཤིང་ནད་ཟུག་ཡོད་སར་འཕར་བ་ཞིག་ཡོད། དེའི་བཅོས་ལ། ས་འབྲས་ཀྱི་ཤིང་གི་པགས་པ། ནཱ་ག་གེ་སར་གྱི་ཐང་ཆུ། ཨ་ཕཱི་མ། ལ་ལ་ཕུད། ལི་ག་དུར། ཕ་ཊ་ཀ་ཌི་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་དར་ལ་བཙགས་པ་ཐུར་མགོ་དོ་ཙམ་སྦྲང་རྩི་དང་མཉམ་དུ་བཏང་ན་མྱུར་དུ་ཕན་ཞིང་གཞན་ཡང་ཁྲག་འགྲིམས་པ་ལ་ཕན་ནོ། །ཡང་གོང་གི་ལྟེ་བ་འཕྱུས་པའི་ནད་དེ་ལ་ནད་པ་རང་གིས་རྒྱབ་ཏུ་ལག་པ་གཡས་ཀྱིས་རྐང་པ་གཡོན་གྱི་མཐེ་བོང་ཟིན། ལག་པ་གཡོན་གྱིས་རྐང་པ་གཡས་ཀྱི་མཐེ་བོང་ཟིན།


DTG211_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མི་ཞིག་གིས་ལག་པ་བསྣོལ་མཚམས་ནས་ལན་བདུན་གྱི་བར་དུ་བཏེགས་པས་ཀྱང་འཕྲལ་དུ་ཕན་ཞིང་ནད་པར་འཕྲལ་དུ་ཟུག་གཟེར་ཆེ་བར་ཡོང་ཡང་དེ་ལ་ཚད་མི་དགོས་སོ། །ཛཱ་ཏི། ཨ་ཕཱི་མ། ག་པུར། གླ་རྩི། ཐང་ཕྲོམ། སོ་མ་ར་ཙ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་དར་ལ་བཙགས་པ་ཐུན་ཚད་སྐྱུ་རུ་ར་ཙམ་སྦྲང་རྩི་དང་མཉམ་དུ་བཏང་ན་ཟས་མདོག་དང་ཁྲག་སོགས་གང་འགྲིམས་པའི་རིགས་གསར་རྙིང་ཚ་གྲང་ཀུན་ལ་ཕན། ཚད་པ་སོགས་ཀསྦུར་ཀསྟུ་རི་སྐོམ་ནད་སེལ་བའི་སྨན་ནི། འབྲས་བུ་གསུམ། རྒྱམ་ཚྭ། ལ་ལ་ཕུད་རྣམས་ཆ་མཉམ་ཞིབ་པར་བཏགས་ལ་ཐུར་མགོ་དོ་ཙམ་རེ་ཆུ་ཕོར་གང་གི་ནང་དུ་བླུགས་ལ་ཕྱེད་ཙམ་སྐམ་པ་དང་གྲང་ཐག་བཅད་རས་ལ་བཙགས་ཏེ་ཁོང་དུ་བཏང་ན་ཕན་ནོ། །ཡང་མཁྲིས་ཚད་ལ་བརྟེན་པ་ཁོ་ནས་སྐོམ་ན། ཕོ་རིས་དང་བྱེ་ཀར་མཉམ་ཞིབ་པར་བཏགས་པ་ཀ་ཀ་ར་སིངྒའི་ཁུ་བས་རྟ་བྱས་བཏང་ན་ཕན། ཆུ་བསྒྲིམས་པ་ལ། ཚ་ལ་མེར་བསྲེགས་པའི་ཐལ་བ་ཐུར་མགོ་དོ་ཙམ་བ་དར་གྱིས་རྟ་བྱས་བཏང་ན་མྱུར་དུ་ཕེབས་སོ། །རྒྱམ་ཚ་དང་ཁ་རུ་ཚ་ཞིབ་པར་བཏགས་ལ་ཆུ་བཅུས་ནས་ཞག་གཅིག་སོང་བས་རྟ་བྱས་བཏང་ན་ཡང་ཕེབས་སོ། །བྱི་བའི་བྲུན་པའི་དར་བས་ཁུ་བ་བྱས་བརྡར་ལ་རྡོ་རྗེ་དང་འབྲས་བུ་གཉིས་དང་མགོ་བོའི་མཚོག་མ་ལ་བྱུགས་ཁོང་དུ་ཡང་ཅུང་ཟད་བཏང་བས་མྱུར་དུ་ཕེབས་ངེས་སོ། །འཇམ་འབྲས་ཀྱི་སྙིང་པོ་ཞིབ་པར་བཏགས་ཤེལ་ཀར་དང་མཉམ་དུ་ཆུས་རྟ་བྱས་ལ་བཏང་ན་ཡང་ཕེབས་སོ། །ལྷ་མོ་དབུ་མས་ལྷ་དབང་ཕྱུག་ཆེན་པོ་ལ་གསོལ་བ། ཀྱེ་ལྷ་ཡི་ལྷ་མཆོག་དབང་ཕྱུག་ཆེ། །ཁྱེད་ནི་འཇིག་རྟེན་བྱེད་པོ་སྟེ། །ནད་ཀུན་ཞི་ཞིང་བློ་འཕེལ་པའི། །ཀམ་ཚ་སྨན་མཆོག་བདག་ལ་བསྟན་དུ་གསོལ། །ཞེས་གསོལ་བ་དང༌། དབང་ཕྱུག་གིས་བཀའ་སྩལ་པ། ཉོན་ཅིག་རི་སྲས་དཔལ་ཆེན་མོ། །ནད་འཇོམས་བློ་འཕེལ་ཡོན་ཏན་གཏེར། །སྨན་མཆོག་མ་ལ་ཀཱཾ་གུ་ནིའི། །བསྟེན་ཐབས་ཕན་ཡོན་བཤད་པར་བྱ། །དེ་ལ་དང་པོར་བཤལ་སྐྱུགས་


DTG211_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལུས་དག་པར་བཀྲུས་ལ་ཉིན་དང་པོར་མ་ལ་ཀཱཾ་གུ་ནིའི་འབྲུ་གཅིག །གཉིས་པར་གཉིས། དེ་ནས་རིམ་བཞིན་ཉིན་བདུན་གྱི་བར་འབྲུ་རེ་སྤར། ཉིན་བདུན་ནས་བཟུང་ཟླ་བ་གཅིག་དང་ཞག་བཅུའི་བར་འབྲུ་བདུན་རེ་བསྟེན། དེ་བར་ཟས་གང་ལའང་ཚྭ་བའི་རིགས་འཇོམས་པར་རླུང་མཁྲིས་བད་ཀན་འདུས་པ་སོགས་ཚ་གྲང་གསར་རྙིང་ཐམས་ཅད་རྩ་བ་ནས་འབྱིན་པར་བྱེད་ཅིང༌། ལུས་བརྟན་པ་དང༌། གཟི་བརྗིད་ཆེ་བ་དང༌། ནད་དཀོན་པ། མིག་གསལ་བ། སྟོབས་འཕེལ་བ་སོགས་ཡོན་ཏན་མཐའ་ཡས་ཤིང༌། ཁྱད་པར་བློ་གྲོས་པདྨ་ཁ་ཕྱེ་བ་ལྟར་གྱུར་ནས་བློ་རྣོ་བ། འཛིན་བཟང་བ། རིག་པ་གསལ་བ། བརྗེད་མི་འགྲོ་བ། རྩོད་པ་བཟང་བ་སོགས་བློ་འཕེལ་གྱི་མཆོག་ཏུ་འགྱུར་རོ། །ཡང་ཚེས་བཅོ་ལྔ་དང་གཟའ་ཉི་མ་འཛོམ་པའི་མཚན་མོ་མ་ལ་ཀཱཾ་གུ་ནིའི་སྣུམ་གྱི་སྒྲོན་མེ་སྦར། དེ་ལ་རྐུན་པོའི་ཐོད་པ་བཀབ་ནས་དུ་བ་ཆགས་སུ་བཅུག་པ་དེ་མིག་ལ་བྱུགས་ན་མིག་ཆུས་མ་དག་པར་ལྷ་འདྲེ་མི་གསུམ་གང་གིས་ཀྱང་མཐོང་བར་མི་འགྱུར་རོ། །ཡང་གཟའ་ལྷག་པ་ཡོད་པའི་ཉི་མ་ཀཱཾ་གུ་ནིའི་སྣུམ་ཁོལ་མ་རྙིང་པའི་ནང་དུ་ཆུ་བླུག །དེ་སྟེང་མ་ལ་ཀཱཾ་གུ་ནིའི་ཞིབ་པར་བཏགས་པ་བཏབ་ལ་བ་སྐོལ་བ་གྲངས་སུ་བཅུག་པའི་སྣུམ་ཁ་ཞག་ལྟར་ཡོང་བ་ཟོས་ལ་རྟིང་པར་བྱུགས་ན་མཛེ་རིགས་ཀྱིས་ཡན་ལག་ཆད་འགྲོ་བ་སོགས་པར་འགྱུར་ཞིང་གདོང་མཛེས་ཤིང་མདངས་དང་ལྡན་པར་འགྱུར་རོ། །ཉིན་ཉེར་གཅིག་གི་བར་སྣུམ་སེ་བ་བཅུ་གཉིས་རེ་ཁོང་དུ་བཏང་ན་མཛེའི་རིགས་མཐའ་དག་རྩ་བ་ནས་ཐོན་པར་འགྱུར་རོ། །ཡང་གཟའ་ཉི་མ་ཡོད་པའི་ཉིན་སྣོད་གཙང་མར་བ་ནག་མོའི་འོ་མ་བསྐོལ། དེ་ལ་མ་ལ་ཀཱཾ་གུ་ནིའི་ཞིབ་པར་བཏགས་ལ་བཏབ་སྟེ་རུ་མ་དང་བཅས་ཞོ་བསྙལ། དེ་དཀྲོགས་ཏེ་མར་བཙོས་ལ་འབྲས་བ་ནག་མོའི་འོ་མར་བཅོས་བའི་མར་དེ་ནས་སེ་བ་བཅུ་གཉིས་རེ་བཏབ་པ་ཟླ་བ་གཅིག་དང་ཞག་བཅུའི་བར་ཟོས་ན། སྐྲ་དང་སྨ་ར་དཀར་པོར་སོང་བ་སླར་ཡང་ནག་པོར་འགྱུར་རོ། །གཟའ་མིག་


DTG211_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཡོད་པའི་ཉིན་བ་ནག་མོའི་མར་བཙགས་བཅད་ལ་ཕྱེད་ཙམ་གྲང་བར་མ་ལ་ཀཱཾ་གུ་ནིའི་འབྲུ་དར་ཏིལ་ནག་ཆ་མཉམ་ཕྱེ་མར་བཏགས་པ་བླུག་སྟེ་ཉིན་དང་པོར་སེ་བ་བཅུ་གཉིས། གཉིས་པར་ཞོ་གང་སེ་བ་བཞི་སོགས་ཉིན་བདུན་གྱི་བར་དུ་ཆ་རེ་སྤར། དེ་ནས་རྒྱུན་དུ་བསྟེན་ཐུབ་ན་རབ་དེ་མིན་ཟླ་གཅིག་དང་ཞག་བཅུའི་བར་དུ་བསྟེན་ན་ཚེ་ཤིན་ཏུ་རིང་བར་འགྱུར་ཞིང་གོང་དུ་འགྲོ་ཡང་མགྱོགས་བུལ་རྟ་དང་མཉམ་པར་འགྱུར་རོ། །ཞེས་ལྷ་དབང་ཕྱག་གིས་ལྷ་མོ་དབུ་མར་གདམས་པ་རྫོགས་སོ།། །།ཨ་ཤྭ་གནྡྷ་ཞིབ་པར་བཏགས་པའི་ཕྱེ་མ་ཞོ་གསུམ། བ་དཀར་རྐྱང་ནག་རྐྱང་ལྟ་བུ་སྤུ་མདོག་གང་ཡིན་ཀྱང་མདོག་གཞན་མ་འདྲེས་པའི་ཁ་གཙང་གི་མར་བཙགས་བཅད་པའི་ནང་དུ་བཏབ་སྟེ་འཁང་པ་དང་བུད་མེད་དུས་བབ་ཀྱི་ཟླ་མཚན་འཛག་ནས་ཚད་པའི་ཉིན་ཁོང་དུ་བཏང་ན་བུད་མེད་ཕྲུ་གུ་མི་ཡོང་བའང་ངེས་པར་སྦྲུམ་པར་འགྱུར་རོ། །ཡང་སིཾ་གྷ་ཌ། ལྒ། བྷ་ཊ་ཀ་ཊཻ་ཡ། པི་པི་ལིང༌། ནཱ་ག་གེ་སར་རྣམས་ཆ་མཉམ་ཞིབ་པར་བཏགས་པ་དར་ལ་བཙགས་པ་ཐུར་མགོ་གསུམ་བ་མདོག་གཅིག་གི་འོ་མ་ཁྱོར་གང་ཙམ་ལ་བཏབ་སྟེ་དུས་གོང་མཚུངས་ལ་བྱིན་ནའང་ངེས་པར་མངལ་དང་ལྡན་པར་འགྱུར་རོ། །མ་ལ་ཆགས་ཀྱང་མི་གནས་པར་འཇིག་ན། ལཱ་ལ་ཀ་མ་ལའི་རྩ་བ་བའི་འོ་མར་བཙོས། དེ་ནས་སླར་ཡང་བ་མར་གྱི་ནང་དུ་བཙོས་ལ་ཞིབ་པར་བཏགས་ལ་གོང་གི་བ་མར་བཞུ་བ་དང་མཉམ་དུ་བཏང་ན་འཇིག་པར་མི་འགྱུར་རོ། །ཡང་བིལྦའི་འབྲུ་དང་སྨྱུག་མའི་ལོ་མ་ཆ་མཉམ་ཞིབ་པར་བཏགས་ལ་ཆུས་རྟ་བྱས་ནས་ཉིན་བདུན་གྱི་བར་བཏང་ཀྱང་མི་འཇིག་གོ །མིག་སྨན་གྱི་ཞག་བདུན་ནད་ཀྱང་གྲག་འོང སྦྱོར་ཐབས་ནི། སུརྨ། ལྡོང་རོས། ས་མུ་དྲ་ཕ་ལ་རྒྱ་མཚོ་ས་མུ་དྲ་ཕེན་ལྦུ་བ། མུ་ཏིག །བྱི་དང་ག་བསྡུ་བ་ཥ་པ་རི་ཡ། ཕཊ་ཀི་ཌི། བྱུ་རུ། ལོ་དྷ། ཕོ་རིས་རྣམས་ཆ་མཉམ་ཞིབ་པར་བཏགས་དར་ལ་ལེགས་པར་བཙགས།


DTG211_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འཁར་སྣོད་དུ་ཙན་དན་དམར་པོའི་སྐྱ་བའི་མཇུག་ཟངས་དམར་གྱིས་གཏུམས་པས་ཉིན་ཕྱེད་ཙམ་སྐམ་ཉེད་བྱ། དེ་ནས་བཅུས་ནས་ཞག་གཅིག་སོང་བའི་ཆུ་ཅུང་ཟད་བླུགས་ལ་ཉི་མའི་བཞི་ཆ་གཅིག་ཙམ་བསྣུར་ལ་རིལ་བུར་དྲིལ། སྐམ་པ་དང་རྡོ་འཇམ་པོའི་ངོས་སུ་ཆུ་དང་ལྷན་དུ་བརྡར་ནས་མིག་ལ་བྱུགས་ན་ལིང་ཏོག །སྟེང་འོག་གི་འགྲིབས། ཤ་འཛེར། མིག་ཆུ་འཛག་པ། རྒྱང་མིག་མི་གསལ་བ་སོགས་མིག་གི་ནད་མཐའ་དག་ལ་ཕན་ནོ། །ཀི་ཀ་རའི་མེ་ཏོག །རྒྱ་གར་སྟོད་ཇ། གླ་སྒང༌། ཁི་རྞིའི་འབྲུ། པ་ཊ་ཀི་རི་རྣམས་ཆ་མཉམ་ཞིབ་པར་བཏགས་པ་དར་ལ་བཙགས། རའི་འོ་མས་ཁུ་བ་ཕྱས་ལ་རིལ་བུ་སྒྲིལ་བ་ཞོས་ཁུབ་བྱས་བརྡར་ནས་མིག་སྟེང་འོག་གང་རིགས་ཀྱིས་བསྒྲིབས་ནས་མི་མཐོང་བར་བྱུགས་ན་མཐོང་བར་འགྱུར་རོ། །རི་ཕྱུགས་ཀྱི་གཅི་བ་སེར་ཁ་མ་མེ་ལ་བསྲེགས་པའི་ཐལ་བ་ཞིབ་པར་བཏགས། དེར་ཆུར་བླུགས་ལ་རས་སམ་དར་ལ་ཚགས་ཐེངས་གཉིས་བྱས། དེ་ནས་ཆུ་དེ་དངས་སུ་བཅུག་ལ་དལ་བུས་ཕོ་བས་མཐིལ་དུ་ཆགས་པའི་ཐལ་བ་དེ་སྐམས་པ་དང༌། འཁར་སྣོད་དུ་པང་ཁའི་སྣུམ་དང་ལྷན་དུ་ཙན་དན་གྱི་སྐྱ་བ་ཟངས་གཏུམས་ཅན་གྱིས་ཉི་མ་གསུམ་གྱི་བར་བསྣུར་བ་ཆུང་ངུ་རེ་མིག་ལ་བྱུགས་ན་ཤ་འཛེར་དང༌། དམར་པོར་སོང་བ་སོགས་ཁྲག་ལ་བརྟེན་པའི་མིག་ནད་ཐམས་ཅད་ལ་ཕན། བདུད་རྩི་མིག་སྨན་གྱི་སྦྱོར་བ་ནི། སུརྨ། གསེ་ར་རྡོ། །ལྡོང་རོས། བིག་པན། པ་ཊི་ཀ་ཊི་ཧིརྨ་ཛི། པི་པི་ལིང༌། ཕོ་རིས། རྒྱམ་ཚ། ཀུ་རུ་པཱ་ལ། བ་རུ་རའི་འབྲུའི་ནང་གི་སྟིང་པོ། ཥ་པ་རི་ཡ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་དར་ལ་བཙགས། རྡོ་གཞོང་ཤིན་ཏུ་འཇམ་པོའི་ནང་དུ་སོན་མཀྵི ཆུ་བཅུས་ནས་ཞག་གཅིག་སོང་བ་ས་གར་སླ་ཞོ་ཙམ་སྦྲུས་པ་སྐམ་ཐག་མཆོད་པར་ཉེད་ཐེངས་གཅིག །དེ་ནས་ཉི་མར་ཅུང་ཟད་ཅིག་བཞག །ཡང་བུད་མེད་བུ་སྐྱེས་པའི་འོ་མས་གར་སླ་གོང་ཙམ་བྱས་པ་མ་སྐམ་པར་ཉེད་ཐེངས་གཅིག །དེ་བཞིན་དུ་བའི་འོ་མས་ཐེངས་


DTG211_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །རའི་འོ་མས་ཐོངས་གཅིག་སྤྲུས་པའི་མ་སྐམ་ཙམ་ལ་རིལ་བུ་སྒྲིལ་ལ་སྐམ་ཐག་ཆོད་པ་དང་སྦྲང་རྩིས་རྟ་བྱས་བརྡར་ནས་མིག་ལ་བྱུགས་ན་རླུང་ལ་བརྟེན་པའི་མིག་ནད་ཐམས་ཅད་ལ་ཕན། རའི་འོ་མས་ཁུ་བ་བྱས་ནས་བྱུགས་ན་སྲོད་ལོང་ལ་ཕན། བུད་མེད་ཀྱི་འོ་མས་ཁུ་བ་བྱས་ནས་བྱུགས་ན་ཁྲག་རླུང་ལ་བརྟེན་པའི་མིག་ནད་ཐམས་ཅད་ལ་ཕན། པའི་གཅིན་གྱིས་ཁུ་བ་བྱས་ནས་བྱུགས་ན་མིག་ཚ་ཞིང་མིག་རྣག་མང་དུ་འཛག་པ་ལ་ཕན། འུ་སུའི་ཁུ་བས་རྟ་བྱས་བྱུགས་ན་ཤ་འཛེར་དང་མིག་དམར་པོར་སོང་བ་ལ་ཕན་ནོ། །དེ་རྣམས་ནི་བདུད་རྩི་མིག་སྨན་གྱི་སྦྱོར་བ་ཁ་བསྒྱུར་དང་བཅས་པ་རྫོགས་སོ།། །།ནིར་མ་ལི། ར་ཏན་ཛེ་ཏི་སྐྱུར་བ་གཉིས་ཆ་མཉམ་ཞིབ་པར་བཏགས་འོ་མར་སྦྱར་ཏེ་བྱུགས་ན་རྒྱང་མིག་མི་གསལ་བ་ལ་ཕན། །དུ་བ་རལ་པ་ཞོ་གང༌། དངུལ་ཆུ་ཞོ་གང༌། རྡོ་ཐལ། དན་རོག་བརྒྱ་ཐམ་པ་ལྕེ་སྟོན། ཕོ་རིས་བརྒྱད་ཅུ། དནད་དྲུག་ཅུ་ཐམ་པ་རྣམས་ཀ་ཡི་པ་ལ་ཟེར་ཞིབ་པར་བཏགས་ནིམྦུ་འི་ཁུ་བས་འདམ་བཏགས་བྱས་ལ་རིལ་བུ་དྲིལ་ཏེ་པད་ཁ་ཙམ་རེ་ཆུ་ལ་སྦྱར་ནས་བྱུགས་ན་འབྱུང་ངོ༌། །ཤ་ཟ་ཡི་དགས་ལ་སོགས་པ་གནོད་པས་མིག་ན་བ་ལ་ཕན་ནོ། །འཁར་སྣོད་དུ་ནིམྦུའི་ཆུར་སྨ་རུ་མགོ་ནག་དཀར་པོ་ཞིབ་པར་བརྡར་ཏེ་སྟེང་གླང་པོ་ཆེའི་རྨིག་པ་ཉིས་འགྱུར་གྱིས་མང་བ་ཞིག་ཏུ་བརྡར། དེ་སྟེང་ཀུ་ཀུམ་སྨ་རུ་མགོ་ནག་གི་གསུམ་ཆ་གཉིས་ཙམ་བརྡར། དེ་རྣམས་ལེགས་པར་འདྲེས་པ་དང་མིག་ལ་ཉིན་གསུམ་ནས་བདུན་གྱི་བར་གང་རིགས་འབྱུག་ཅིང་སྨན་ཞག་གང་འབྱུག་གི་རིང་ཕྱིར་མི་འདོད། ཁྱད་པར་རླུང་གི་རིགས་མ་ཕོག་པ་བྱས་པས་ལིང་ཏོག །རྭ། ཤ་འཛེར། འགྲི་བས་སོགས་མིག་ནད་མཐའ་དག་ལ་མཆོག་ཏུ་ཕན་ནོ། །སུརྨ། མིའི་སྐྲ། ཡུང་བ་ཆུང་ངུ་བཅས་བརྡར་ལ་མིའི་འོ་མས་ཁུ་བ་བྱས་ནས་མིག་ལ་བྱུགས་ན་ཁྲག་གིས་མིག་དམར་པོར་སོང་བ་དང་ཤ་འཛེར་ལ་ཕན། ཧོད་ལེན་བ་བ་རན


DTG211_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་དང་གླ་རྩི་སྦྱར་ལ་བྱུགས་ན་ཚ་འཁྲུག་མིག་ཆུ་འཛག་སྟེ་ཟ་ཕྲུག་བྱེད་པ་རྣམས་ལ་ཕན། རྒྱ་མཚོ་ལྦུ་བ། ཨ་པཱི་མ། སི་ར་སའི་འབྲུ་རྣམས་སེ་བ་བཞི་རེའི་རྩེས་ཞིབ་པར་བཏགས། བ་གསར་པའི་ཆུ་བྲེ་གསུམ་ལྕགས་སྣོད་ནང་དུ་སྐྱ་བའི་མགོ་ཟངས་ཀྱིས་གཏུ་མས་པས་དཀྲུགས་པ་དང་མེ་བཏང་ལ་ཆུ་ཕྱེད་ཙམ་སྐམས་པ་དང༌། གོང་གི་སྨན་བཏབ་སྟེ་སྐྱོ་མ་གར་ཕྱོགས་ཙམ་བྱས་སླར་འབྱུག་སྐབས་བའི་ཆུས་ཀླད་ལ་བྱུགས་ན་བར་འགྲིབ་ཆུ་འཛག་པ་ཟ་འཕྲུག །རྫི་མ་མིག་ལ་ཟུག་པ་སོགས་མིག་གི་ནད་ཐམས་ཅད་ལ་ཕན་ནོ། །ཀ་ཡེ་ཕ་ལ་ཞིབ་མོར་བཏགས་པ་ཆུར་སྦྱར་ཏེ་བྱུགས་ན་སྲོད་ལོང་ལ་ཕན་ནོ། །རྭ་ལིང་ཤིན་ཏུ་ཆེ་བས་ཁེབས་ཤིང་ན་ན་ནིམྦུའི་ཁུ་བར་རྒྱ་ཚྭ་ཡུངས་འབྲུ་ཙམ་རེ་བརྡར་ནས་ར་ལིང་གི་ཐོག་ཏུ་ཉིན་གསུམ་གྱི་བར་བླུགས་པས་འཕྲལ་བུ་ཟུག་གཟེར་ཅུང་ཟད་འབྱུང་ཡང་མྱུར་དུ་ཕན་པར་འགྱུར་རོ། །འོ་མ་ཐང་གིས་ཡང་མིག་ལ་རྭ་ལིང་གིས་ཆེར་ན་ན་བཞུ་ཤེལ་སྙིང་པོ་ཕོ་རིས་ཙམ་རེ་ཞིབ་པར་བཏགས་ལ་ཆུར་སྦྱར་ནས་ཉིན་གསུམ་གྱི་བར་བླུགས་ན་ཉིན་དང་པོར་ཟུག་གཟེར་ཅུང་ཟད་ལྡང༌། གཉིས་པར་མིག་སྐྲངས་པོ་ཤིན་ཏུ་ཆེ་ཞིང་ཟུག་གཟེར་ཀྱང་འབྱུང༌། ཉིན་གསུམ་པར་ཟུག་གཟེར་སྐྲངས་པོ་ཞི་བ་དང་ཀཛྫ་མཉམ་དུ་རྭ་ལིང་གང་ཡང་མེད་པར་འགྱུར་ཞིང་འོག་འགྲིབ་ཀྱིས་མི་མཐོང་བ་ཡང་གསལ་བར་བྱེད་དོ། །མིག་གངས་ཕྱིད་ཀྱིས་ན་བའི་ཟུག་གཟེར་ཆེ་ན་ཆུ་གྲང་གཙང་མ་སྣོད་གང་ཡང་རུང་བར་བླུགས་ལ་མིག་མ་བཙུམས་པར་གདོང་ཆུའི་ནང་དུ་བཅུག་ལ་ཟུག་གཟེར་མ་ཆག་པར་བདུགས་པས་མྱུར་དུ་ཕན་པར་འགྱུར་རོ། །དེ་བཞིན་ཡན་ལག་ཁ་བས་ཕྱིད་པ་ཡང་ཆུ་གྲང་མོའི་ནང་དུ་བདུགས་པས་ཕན་ནོ། །དབང་སྡོང་གི་ཐང་ཆུ། ཧ་ལ་དྷ། ཕཊ་ཀི་རི་རྣམས་ཆ་མཉམ་སྟེ་ནི་མྦའི་ཁུ་བ་བྱུང་ན་རབ་དེ་མིན་ཆུར་སྦྱངས་ནས་མིག་གི་ཕྱི་ནང་ལ་བྱུགས་པས་མིག་འབྲས་ཆེན་པོར་སོང་ཞིང་མིག་སྤྲིན་དམར་བ་ཉིན་


DTG211_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གཉིས་ཀར་ནད་ཟུག་ཤིན་ཏུ་ཆེ་བ་ལ་ཕན། ཀ་ནི་ཡ་རའི་རྩ་བ། མཚལ། ཚ་ལ། ནི་ལ་ཐོ་ད། པི་པི་ལིང༌། པི་པི་ལིང་གི་རྩ་བ། ཕོ་རིས། ལྒ་བཟང་པོ་རྣམས་ཆ་མཉམ་ཞིབ་པར་བཏགས། ལྒ་བཟང་བ་ཆུར་སྤངས་པས་ཁུ་བ་བྱས་ནས་རིལ་བུ་སྲན་མ་ཙམ་དྲིལ་ལ་བཏང་བས་ཁྲག་ལ་བརྟེན་པའི་ཚིགས་ན་བ་ཐམས་ཅད་ལ་ཕན། འོམ་བུའི་རྩ་བ། ལྕང་ནག་གི་རྩ་བ་དང་ལོ་མ། སྐྱི་པའི་རྩ་བ་སྡོང་པོ་ལོ་མ་འབྲས་བུ། གཟེ་མ་རྣམས་ཆ་མཉམ་ལ་འོམ་བུ་དང་ལྕང་ནག་གི་རྩ་བ་ཅུང་ཟད་མང་བ་བཅས་གཞོགས་ལ་ཁོག་མ་ཆེ་བ་མཐིལ་དུ་བུག་པ་ནས་ཤོང་བ་ཙམ་ཡོད་པ་ཞིག་གི་ནང་དུ་བླུགས། ཛྷ་ཡུ་ཁེབས་མཛྷ་ན་གཅོད་རྒྱབ་ལ་མྱུ་བ་རླངས་པ་མི་འཆོར་བ་ཁ་ལེགས་གོ་ཤ་རུ་བར་བཅད་དེ་མཚམས་རྫ་སའི་འཇི་མ་པས་གཏུམས་རས་ཀྱིས་དྲིལ་ཡང་འཇིམ་པ་འབྱུག་པ་དང་རས་ཀྱིས་དྲིལ་བ་སོགས་ལྔ་བརྩིགས་ཙམ་བྱས། ས་དོང་བྲུས་པ་ཁོག་མ་ཅུང་ཟད་ཆུང་བ་ཞིག་བཅུག་ལ་སས་སྟེམས། དེའི་ཁར་གོང་གི་ཁོག་མ་བཞག །ཁོག་མ་གཉིས་ཀྱི་མཚམས་ལེགས་པར་བསྒྲིགས་ལ་འཇིམ་པས་རླུང་མི་འཆོར་བར་བྱས། དེ་ནས་ཁོག་མ་ཆེ་བ་ཤིང་དང་གཅི་བའི་དཀྱིལ་དུ་བཅུག་ལ་ཉི་མའི་བཞི་ཆ་ཙམ་ཞིག་མེ་ཤིན་ཏུ་ཚ་བ་བཏང༌། དེ་ནས་གྲང་ཐག་ཆོད་པ་དང་བཏོན་པས་ཁོག་མ་ཆུང་བར་གཤམ་དུ་ཆུ་དང་ཁར་སྣུམ་སྤྲིས་མ་ལྟར་ཆགས་ཡོད་པ་དེ་བཏོན་ལ་ཐུར་མགོ་རེ་ཙམ་ལྒ་དང་མཉམ་དུ་བཏང་ན་བསེ་དུག་མིན་པའི་རླུང་ལ་བརྟེན་པའི་ནད་ཚ་གྲང་ཐམས་ཅད་ལ་ཕན། ལི་ཤི་དང་མཉམ་དུ་བཏང་ན་གྲང་བ་ལ་བརྟེན་པའི་ནད་ཐམས་ཅད་ལ་ཕན། ཡུང་བ་དང་མཉམ་དུ་བཏང་ན་ཁྲག་ལ་བརྟེན་པའི་ནད་གསར་རྙིང་ཐམས་ཅད་ལ་ཕན། རྩམ་པའི་པག་དང་མཉམ་དུ་བཏང་ན་བད་ཀན་གྱི་རིགས་ཐམས་ཅད་ལ་ཕན། གཞན་འདྲེས་མེད་པའི་མཁྲིས་པ་རྐྱང་པའི་ནད་དང་འགྲིམ་པ་གཉིས་པོར་བའི་གཞན་མ་ནད་གང་ལ་ཡང་མི་འགྲིབ་མེད་ཅིང་ཁྱད་པར་ཡན་ལག་ཞ་བ་


DTG211_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྐམས་པ་རྣམས་ལ་ཁོང་དུ་བཏང་ཞིང་སྣུམ་བྱུགས་པས་ནད་མེད་ལྟ་བུར་སོས་པར་འགྱུར་རོ། །ཕུག་རོན། ཁྱིམ་བྱ། ཁང་བྱིལ། རི་བོང༌། རྔ་མོང་རྣམས་ཀྱི་བྲུན་གང་ལེགས་པར་བྱས་པའི་སྐམ་པོ་ཁོག་མ་སྟེང་ཤོད་དུ་ལྡུགས་ལུགས་སོགས་གོང་ལྟར་བྱས་པས་སྣུམ་བཏོན་ལ་ཨ་ཀར་ཀར། ལྒ་བཟང་བ། པི་པི་ལིང་གི་རྩ་བ། ཀ་བུ་རར་སུརྐི་པི་པི་ལིང༌། ཙི་རི་ཤག་ཨུ་ཊཾ་ལ་ལ་ཕུད་ཆུང་བ། སོ་མ་ར་ཙ་རྣམས་ཆ་མཉམ་ཞི་བ་བར་བཏགས་པ་དར་ལ་བཙགས། དེ་ཐམས་ཅད་དང་ཆ་མཉམ་པའི་སྣུམ་བླུགས་ལ་རིལ་བུ་སྐྱུ་རུ་ར་ཙམ་དྲིལ་ལ་བཏང་ན། རླུང༌། བད་ཀན། ཁྲག་གྲང་བ། ཆུ་སེར་རྣམས་ལ་ཕན་ཞིང་ལུས་སྟོབས་རྒྱས་པ་དང་ཁུ་བ་འཕེལ་བས་འདོད་པ་སྤྱོད་ནུས་པ། དང་ཁ་འབྱེད་པ་སོགས་ལ་ཕན་ནོ། །རི་ཕྱུགས་ལོ་གཅིག་ཙམ་འགྲོ་བའི་ལྕི་བ། རའི་རིལ་མ་གཉིས་སྐམ་ཐག་བཅད་ཅིང་གང་ལེགས་པར་བྱས། ཁོག་མ་སྟེང་ཤོད་དུ་མེ་གཏོང་ལུགས་སོགས་གོང་ལྟར་བྱས་པས་སྣུམ་འབྱུང་བ་སྦྲང་རྩི་དང་ཡུང་བ་གང་རུང་དང་མཉམ་དུ་ཁོང་དུ་བཏང་ཞིང་སྣུམ་རྒྱང་པས་ཕྱི་མ་བསྐུ་མཉེ་བྱས་པས་ཆུ་པགས་འགྲམས། ཟ་ཕྲུག །ཚགས་ཚིགས་ན་བ་སོགས་ཆུ་སེར་གྱི་ནད་ཐམས་ཅད་ལ་མཆོག་ཏུ་ཕན་ཞིང་མིག་ལ་བྱུགས་ཀྱང་རླུང་ཆུ་སེར་ལ་བརྟེན་པའི་མིག་ནད་ལ་ཕན་ནོ། །གྲོ་དང་སྐྱེར་པ་མང་ཉུང་མཉམ་པ་དང༌། ཤུ་དག་དེའི་སུམ་ཆ་ཙམ་བཅས་པས་སྣོད་དུ་བླུགས་ལ་སྣུམ་འདོན་ལུགས་གོང་ལྟར་བྱས་པ་སེ་བ་བཞི་ཙམ་རེ་ཁོང་དུ་བཏང་ནའང་ནད་ཚ་གྲང་གསར་རྙིང་ཀུན་ལ་ཕན་པའི་སྤྱི་འཇོམས་སོ། །ཟི་ཚ། སོར་རྒྱམ་ཚ། ཌ་རུ་ཧ་ལད་ཕ་ཊ་ཀི་ཌི་རྣམས་ཆ་མཉམ་བཞུ་ཤེལ་གྱི་དམ་པེ་འཇིམ་པ་དང་རས་བསྣོལ་མར་ལྔ་བརྩེགས་བྱུགས་པ་ཞིག་གི་ནང་དུ་ཕྱེད་ཙམ་གོང་བ་བླུགས། རྫ་སྣོད་ཆེ་བ་ཞིག་གི་ཕྱེད་ཙམ་གཅི་བའི་མེས་


DTG211_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བའི་ནང་དུ་གོང་གི་དམ་པེ་གྱེན་བསྲེགས་ཉལ་སྟབས་སུ་བཞག །ཁརྫ་སྣོད་ཀྱི་ཕྱིར་འོང་བ་བྱས་ལ་སྟེང་དུའང་མེ་བཏང༌། ཁོག་མ་དེ་རྡོའི་སྒྱེང་པུ་གསུམ་སྒྲམ་ལྟ་བུར་བཞག་པའི་མཐིལ་ནས་ཀྱང་མེ་ཅུང་ཟད་གཏོང༌། ཁོག་མའི་ཕྱིར་བཞུ་ཤེལ་གྱི་དམ་པེ་གཅིག་བཞག་ལ་དམ་པེ་གཉིས་ཀྱི་ཁ་སྤྲད་པའི་མཚམས་ལ་ལྷང་ཚེར་བཀབ་ལ་ཕྱིར་འཇིམ་པ་བྱུགས་ཏེ་རླུང་མི་འཆོར་བ་བྱས། མེ་ཉི་མའི་བརྒྱད་ཆ་ཙམ་ཞིག་བཏང་བས། དམ་པེ་ཕྱི་མའི་ནང་དུ་སྣུམ་འོང་བ་དེ་ཐིགས་པ་གསུམ་ཙམ་རེ་དང། ལ་ལ་ཕུད་སེབ་བཞི་ཙམ་ཞིབ་པར་བཏགས་པ་དང་མཉམ་དུ་བཏང་བས་ནད་ཚ་གྲང་གསར་རྙིང་ཐམས་ཅད་ལ་ནི་མི་ཕན་པ་མེད་དོ། །ཟེ་ཚ། རྒྱམ་ཚ། ཕ་ཊ་ཀི་ཌི། སུ་མ་ལ་དཀར་པོ་དང་སེར་པོ། །ཛ་བ་ཥ་ར། མཚལ་ཅོག་ལ་མ་རྣམས་ཆ་མཉམ་བཏགས་པ་བཞུ་ཤེལ་གྱི་དམ་པེར་བླུགས་ལ་སྣུམ་འདོན་ལུགས་གོང་མཚུངས་བྱས་པའི་སྣུམ་དེ་མཛེའི་རྨའམ། ཤུ་བ་གསར་རྙིང༌། ཕོལ་མིག་སོགས་ལ་བྱུགས་ན་ཕན་ནོ། །ཨ་རུ་ར། ཙི་ཏྲ། པི་པི་ལིང༌། རྒྱམ་ཚ། ཨ་རུ་བསྲེགས་པ་རྣམས་ཆ་མཉམ་ཞིབ་པར་བཏགས་པ་དར་ལ་བཙགས། ལྒ་སྤངས་པའི་ཆུས་སྦྲུས་ལ་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་བ་རིལ་བུ་རེ་བཏང་ན་གློ་དང་མགོ་བོ་ན་བ་ལ་ཕན་ཞིང་དང་ཁ་འབྱེད་དོ། །མ་རུ་རྩེའི་འབྲས་བུ་ཞིབ་པར་བཏགས་བ་ལ་ཤ་ལ་ཆུ་གྲང་གིས་རྟ་བྱས་བཏང་ན་གློ་བའི་རྣག་ཐོན་པར་འགྱུར་རོ། །སྤྱི་བཞུར་བརྡུངས་པའི་ཁུ་བ་ཁོང་དུ་བཏང་ན་ཕྱི་ནང་གི་རྩ་འཕྱུས་པའི་རིགས་ལ་ཕན་ནོ། །ཐ་རམ་བརྡུངས་པའི་འབྱར་ཁྱིས་རྨུགས་པའི་རྨ་ལ་དཀྲིས་ན་ཕན། ལུང་ཁ་རི་ལྤ་ཚ་ཡིན། ཞེས་པའི་སྨན་ཚད་པར་ཕན། དཀར་ཤ །ཤིང་ཤ་སོགས་ཤ་མོའི་རིགས་གང་རྙེད་བྱེ་ཀར་དང་མཉམ་དུ་སྦྱར་བའི་ཐང་ཁོང་དུ་བཏང་ན་མཁལ་ནད་གཟེར་ཟུག་འཕྲལ་དུ་གཅོག །


DTG211_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པ་བརྡུངས་པའི་ཁུ་བར་ཕོ་རིས་ཞིབ་པར་བཏགས་ལ་བཏབ་སྟེ་ཁོང་དུ་བཏང་ན་ཁོག་པའི་སྲིན་ནད་ཀུན་ལ་ཕན། མཁན་པའི་དུགས་བྱས་ན་ཕོ་ལོང་འཁྲོག་པ་མྱུར་དུ་ཞི་བར་འགྱུར་རོ། །སྤ་ཡག་པས་སྐྲངས་པོ་དང་རྨ་ལ་ཕན། ལ་ལ་ཕུད་ཆ་ལྔ། ན་རུ་བ་ཙི་ཏ་ཆ་བདུན། ཨ་རུ་ར་ཆ་དྲུག་རྣམས་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་ན་མ་འཇུ་བ། མེ་དྲོད་ཉམས་པ། གླང་ཐབས་རྣམས་ལ་ཕན་ནོ། །བ་དམར་མ་དང་བུ་རམ་སྦྱར་བ་ཆུས་འབུལ་ལ་བཏང་ན་ཤ་སེར་དང་མིག་སེར་ལ་ཕན་ནོ། །བ་དམར་ལྒ་སེར་གྱིས་ཁུ་བ་བྱས་ལ་སྟེང་གྲིབ་གྱི་ནད་མགོར་ཐེབས་ན་རྣ་བར་བླུག་ཅིང་ལུས་གཞན་ལ་ཐེབས་ན་ཁོང་དུ་བཏང་བས་གཟའི་རིགས་མཐའ་ཙི་ཏུ་ཝ་ཏུ་ཊཾ་ཞིང་ཆུ་ལ་སོགས་ལ་ཡོད་པའི་སྲོག་ཆགས་དམར་པོ་ཆུང་ངུ་ཞིག་ཡོད། དག་ལ་ཕན་ནོ། །དེ་ཡང་གཟའ་ནད་ལ། རཱ་ཧུའི་དུག་འཕོག་པ་ཡིན་ན་ལོ་ཕྱེད་གསུམ། སྤེན་པའི་དུག་ཕོག་ན་ལོ་ལྔ། ཀེ་ཏུའི་དུག་ཕོག་ན་བརྒྱད་དེ་དེ་བསྒྲལ་ནས་གཟའི་ནད་ཀྱིས་འཚོ་འཆི་གང་བྱེད་ལས་མི་གནས་སོ། །རྒྱ་ཁུར་དང་བྱེ་ཀར་དང་ཆ་མཉམ་སྦྱར་བ་ཁོང་དུ་བཏང་བས་མི་ཕྱུགས་གང་གི་ཡང་ཆུ་འགགས་པ་སེལ་ལོ། །ཨ་རུ་ར་གཉིས་སྤྲེལ་མགོ་གཞོགས་ཕྱེད་ན་བ་ལ་གང་ན་ཕྱོགས་སུ་བསྡམས་པས་ཕན་ཞིང་སྣ་ཁྲག་ཀྱང་ཆོད་ལ་ཡ་མའི་འབུས་ན་བ་སེལ་ལོ། །ཙན་དན་དམར་པོ་དང༌། དྷུ་རི བཙག་ཞིབ་པར་བཏགས་ཁོང་དུའང་ཅུང་ཟད་བཏང་ཞིང་གང་ན་སར་བྱུགས་པས་མེ་ལྕེ་འཁོར་ལོ་ལ་ཕན་ནོ། །ཙན་དན་སུ་ར་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་འཕུལ་ནས་བཏང་ན་ཁྲག་ལ་ཕན་ནོ། །ཚ་ལ་བསྲེགས་པའི་ཐལ་པ། ཟི་ར་དཀར་པོ། །ཁ་རུ་ཚ་རྣམས་ཞིབ་པར་བཏགས་ལ་ཐུན་ཚད་ཐུར་མགོ་དོ་ཙམ་རེ་བཏང་ན་ཕོ་བར་ན་ཟུག་བྱེད་པ་རླུང་དང་མ་འཇུ་བའི་རིགས་ཀུན་ལ་ཕན་ཞིང་དང་ཁ་འབྱེད་དོ། །ལ་ལ་ཕུད་ཆ་གཉིས། ཁ་རུ་ཚ་ཆ་གཅིག །ཙི་ཏྲ་ཆ་གསུམ། པི་པི་ལིང་ཆ་བཞི།


DTG211_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ལྒ་དཀར་པོ་ཆ་དྲུག །ཨ་རུ་ར་ཆ་དྲུག་རྣམས་ཞིབ་པར་བཏགས་དར་ལ་བཙགས་ཏེ། ཐུན་ཚད་གོང་བཞིན་བཏང་བས་ལྡན་འདུས་ཀྱི་ནད་གདོང་སེར་པོ་དང་དམར་པོར་སོང་བ་མིག་མི་གསལ་ཤེད་ཆུང་བའི་མགོ་བོ་འཁོར་བ་རྣམས་ལ་ཕན་ནོ། །ཨ་རུ་ར་མེར་བསྲེགས་པའི་ཐལ་བ། ཙི་ཏྲ། པི་པི་ལིང༌། ཁ་རུ་ཚ། ཨ་རུ་ནག་ཆུང་རྣམས་ཞིབ་པར་བཏགས་ལ་ལྒའི་ཁུ་བས་རིལ་བུ་སྐྱུ་རུ་ར་ཙམ་བྱས་ལ་གོང་དུ་བཏང་ན་གློ་ནད་ཀུན་དང་ཕོ་བར་རླུང་ཞུགས་པ་ཁྲག་སྐྲན་རུས་ཚད། དང་ཁ་ཕྱེད་ཆ་ཙམ་འགགས་པ་རྣམས་ལ་ཕན། ཕག་བྲུན་བསྲེགས་པའི་ཐལ་བ་བོང་བུའི་གཅིན་གྱིས་ཁུ་བ་བྱས་ནས་སྣ་ལ་བླུགས་པས་ཡ་མ་ཀླད་གཟེར་ལ་ཕན། ཀ་རཉྫ་བའི་འོ་མར་བཏབ་པའི་ཁུ་བ་ཁོང་དུ་བཏང་བས་ཁོག་སྲིན་དང་གཞང་སྲིན་གྱི་ནད་ལ་ཕན། ཤ་འབྲས་དང་བྱེ་ཀར་ཆ་བསྙམས་པ་ཞིབ་པར་བཏགས་ལ་ཞོ་དང་སྦྱར་ནས་བཏང་ན་ཚད་འཁྲུ་ཆོད་པར་འགྱུར་རོ། །འགྲོན་བུ་བསྲེགས་པའི་ཐལ་བ་མིའི་འོ་མར་སྦྱར་ལ་རྣ་བར་བླུགས་ན་རྣག་འཛག་པ་ཆོད་དོ། །ཛ་མུ་ནི་ཞིབ་པར་བཏགས་པ་ཆུ་ལ་སྦྱར་ནས་བྱུགས་ན་གྲང་ཐོར་རྒྱབ་པ་ལ་ཕན། སྐྱུ་རུ་ར་ཨ་རག་གི་ནང་དུ་སྦངས་པའི་ཁུ་བ་བྱུགས་ན་སྐྲ་ཚན་ཆེ་བར་འགྱུར་རོ། །ཕུར་མོང་ནག་པོ་ཤའི་སྲུབས་རྣམས་ལ་རྫོངས་ན་འ་བུ་མི་འབྱུང་ཞིང་ཤིང་ཀུན་དྲི་མས་ཀྱང་ཐུབ་པོ། །ཨ་རུ་ར། པི་པི་ལིང༌། ཁ་རུ་ཚ་གསུམ་ཆ་མཉམ་ཞིབ་པར་བཏགས་ལ་ཆུ་སྐོལ་གྱིས་རྟ་བྱས་བཏང་ན་ཕོ་བ་དང་རྐེད་པ་ན་བར་ཕན། ཀུ་ཊ་ཀི་ཆ་གཉིས། ཕོ་རིས་ཆ་གཅིག །ཚྭ་ཆ་ཕྱེད་རྣམས་ཞིབ་པར་བཏགས་པ་ཆུར་སྦྱར་ཏེ་བྱུགས་ན་སོ་རྩ་དམ་ཞིང་བརྟན་པར་འགྱུར་རོ། །ལ་ལ་ཕུད་མེར་བསྲེགས་པའི་དུ་བ་ཁ་ལ་བཏང་ན་སོ་སྲིན་ན་བ་ལ་ཕན། བ་ཊ་ཀི་ཊི་ཧོང་ལེན་ཨིའི་འབྲུའི་དུ་བ་འཐེན་པས་སོ་སྲིན་ལ་ཕན། རྒུན་དའི་ཁ་འབྲུམ་དཀར་པོ་མཁྲིས་པ་དང་


DTG211_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་སྐམ་པ་ལ་ཕན། མ་ནུ་ཁྲག་ཅན་གྱི་ནང་གི་ཁྲག་རྐང་ལག་གི་སེར་ཀར་བྱུགས་ཀྱང་ཕན་ཞིང་སྤོས་དཀར་གྱི་ཕྱེ་མ་བཏབ་ཀྱང་ཕན་ནོ། །བིལ་བའི་ནང་གི་འབྲུ། མ་ཛུ་ཕ་ལ། ལྒ་གསུམ་ཆ་མཉམ་སྦྲང་རྩིར་སྦྱར་བ་བཏང་ན་ཁྲག་འགྲིམ་པའི་རིགས་ཆོད་དོ། །མཚལ། ལྡོང་རོས། དངུལ་ཆུ། ཤུ་དག་དཀར་པོ། །བཙན་དུག །མུ་ཟི་སེར་པོ་རྣམས་ཆ་མཉམ། པོ་རིས་ཉིས་འགྱུར་བཅས་ཞག་བརྒྱད་ཙམ་གྱི་བར་ཞིབ་པར་བཏགས་ལ་འབྲས་ཙམ་རེ་རྒྱུན་དུ་བསྟེན་ན་ལུས་སྟོབས་རྒྱས། དང་ཁ་འབྱེད། དྲོད་ཆེ། རླུང་རྣམས་འཇོམས་སོ། །བུ་ཀར་མུ་ལ། ཤུ་དག །ཕོ་རིས། ཁ་རུ་ཚ། མཚལ། ལི་ཤི། ཛཱ་ཏི། ཨ་རུ་ར་རྣམས་ཞིབ་པར་བཏགས་ཏེ་བ་མར་དང་སྦྱར་ནས་སྐྱུ་རུ་ར་ཙམ་རེ་ཁོང་དུ་བཏང་ན་རླུང་ཁྲག་བད་ཀན་སོགས་འདུས་པའི་ནད་ཀྱིས་ཕོ་ལོང་གི་ཡུལ་ཟུག་གཟེར་ཆེ་བ་རྣམས་འཇོམས་ཤིང་ཕན་ལ་སྨན་བསྟེན་རིང་ལ་འོ་མ། འབྲས་པག་ཐུ་ག་རྣམས་ལས་གཞན་མི་ཟའོ། །ཀ་མ་ལ་ཌོ་ཌའི་དཀྱིལ་གྱི་ལྗང་གུ་དེ་བཞི་ལྔ་རེ་ཉིན་ལྟར་གྱིས་ཟོས་ན་བད་རླུང་མགོ་འཁོར་དང་མིག་མི་གསལ་བ་ལ་ཕན་ནོ། །དངུལ་ཆུ། སོ་མ་ལ་ཁ་ར། མུ་ཟི་སེར་པོ། །ཟི་ར་དཀར་པོ་རྣམས་ཆ་མཉམ་ཕྱེ་མར་བྱས་པ་ལུགས་ཆེ་ཆུང་རིལ་མ་ལས་ཆེ་ཙམ་མདོག་སྨུག་སྣུམ་ཕྲེང་བ་བྱེད་པ་དེ་ཡིན། ཀོང་ནང་དུ་བླུག་སྟེ་ཁ་དམ་པར་བཅད་ལ་རླུང་མི་འཆོར་བར་བྱས། དེ་སྟེང་རས་དང་འཇིམ་པས་ལན་གསུམ་གྱི་བར་དུ་སྒྲིལ་ལ་མེ་ཉོར་གྱི་ནང་དུ་ཞག་བདུན་གྱི་རིང་བཞག །དེ་ནས་ས་དོང་བྲུས་ལ་མེ་ཤིན་ཏུ་ཚ་པས་ཉིན་ཕྱེད་ཀྱི་བར་བསྲེགས་ལ་གྲང་པ་དང་བཏོན་ཏེ་བྷྲིངྒ་རཱ་ཛའི་ཁུ་བ་སྦྱར་ཏེ་ལུས་ལ་བསྐུ་མཉེ་བྱས་ན་ཀོང་པོ་དང་ཟ་འཕྲུག་ཤུ་ཐོར་སོགས་ལ་ཕན་ནོ། །ཀ་ཡེ་རཀྟ་ན་ཛེ་ཏི་ཡང་ཟེར་ཕ་ལའི་པགས་པ་དང་


DTG211_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་ཀར་ཆ་མཉམ་བཏགས་ལ་བཏང་ན་དངས་མ་ཚ་གྲང་གིས་འཛགས་ཀྱང་ཕན་པར་འགྱུར་རོ། །ཡང་ཀ་ཡེ་ཕ་ལའི་ཕགས་པ་དང་རྒྱ་གར་སྟོད་ཇ་གཉིས་ཆ་མཉམ་ཞིབ་པར་བཏགས་པ་གྲི་ཁྱི་སོགས་རྨ་གསར་རྙིང་གང་ལ་འང་བཏབ་སྟེ་རས་ཀྱིས་བསྡམས་ལ་ཞག་གསུམ་གྱི་རིང་ཁ་མ་ཕྱེ་བར་བཞག་དེས་ཕན་ངེས་སོ། །འབྲས་དང་ཤུ་བ་གང་ལ་ཡང་ཐོག་མར་ས་བྷུ་ཎའི་ཁུ་བས་ཤིན་ཏུ་དག་པར་བཀྲུས། དེ་ནས་ནཱི་ལ་ཐོ་ཐའི་ཕྱེ་མ་བཏབ་ལ་ཉིན་གཅིག་བཞག །ཉིན་ཕྱི་མ་ནཱི་ལ་ཐོ་ཐ་དང་སྤོས་དཀར་ཆ་མཉམ་ཞིབ་པར་བཏགས་པ་ཏིལ་གྱི་སྣུམ་དང་བསྲེས་ཏེ་ཅུང་ཟད་ཉེད། དེ་ནས་ཆུ་གླང་ཀླད་ཅུང་ཟད་རེ་བླུགས་པ་དང་ལྷན་དུ་ཉིན་ཕྱེད་ཙམ་གྱི་བར་དུ་ཉེས་པས་མདོག་ཤིན་ཏུ་དཀར་བ་ཞིག་འོང་ལ་དེ་བྱུགས་པས་མྱུར་དུ་ཕན་ནོ། །གཉན་འབུར་གྱིས་སྐྲངས་པར་བའི་གཅི་བ་དང་སྣུམ་བསྲེས་པའི་སྐྱོ་མ་དྲོང་མ་ཡལ་བ་སྐྲངས་པ་གང་ཡིན་ལ་བྱུགས། དེ་རས་ཀྱིས་བསྡམས་གྲང་བ་དང་ཡང་བརྗེ་ལ་སོགས་བྱས་པས་མྱུར་དུ་རྣག་ཏུ་སྨིན་པར་ནུས་ཤིང་སྨིན་པ་དེ་བརྟོལ་བ་ལ་ལྒ་སེར་མེར་བསྲེགས་པ་ཆུར་བརྡར་ལ་གང་བརྟོལ་སར་བུག་ཆེ་ཆུང་ཇི་ལྟར་འདོད་ཀྱི་རྒྱར་ཡང་ཡང་བྱུག་པས་མྱུར་དུ་རྡོལ་འོང་ངོ༌། །སྤྲ་ཚིལ་བཞུ་སྟེ་རས་ལ་བཙགས། དེ་སྟེང་བ་མར་བཙགས་བཅད་པ་བླུག་སྟེ་དཀྲུགས་པས་ལེགས་པར་འདྲེས་པ་མཆུ་དང་རྐང་ལག་གས་པར་བྱུགས་ན་འཕྲལ་དུ་ཕན་ནོ། །ཚིགས་པ་དྲུག་པའི་ཕན་ཚུན་དུ་སོར་བཞི་རེ་གཞལ་སར་རྩ་ཧྲང་ངེ་བ་ཡོད་པ་དེའི་ནང་འདེབས་སུ་མེ་བཙའ་བཞག་པས་རླུང་ཁྲག་གིས་མགོ་བོ་ན་བ་དང་རྩ་དཀར་ལ་ཕན། ཚིགས་པ་བཅོ་བརྒྱད་པའི་གཡས་གཡོན་དུ་སོར་གསུམ་རེ་གཞལ་བའི་ས་དང་བཅོ་བརྒྱད་རང་གི་སྟེང་སྟེ་གསུམ་དུ་མེ་བཙའ་རེ་བཞག་པས་རླུང༌། གྲང་བ། རྐེད་པ་ན་བ། མཁལ་རྩ་བྲལ་བ་རྣམས་ལ་ཕན།


DTG211_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་པ་ལྔ་པ་དྲུག་པ་བདུན་པ་གསུམ་དང་མདུན་གྱི་དཀར་ནག་མཚམས་སུ་མེ་བཙའ་རེ་བཞག་པས་ཁྲག་གིས་བྲང་ཚ་བ་དང་སྟོད་ན་བ་སོགས་ལ་ཕན་ཞིང་སྟོད་འཚངས་ལ་དེ་སྟེང་རྐེ་སྟོད་བྱ་ར་ཁུང་དུའང་གཅིག་བཞག་པས་ཕན་ནོ། །ལྷེང་ལྷེང་རྩེ་དབུས་སུ་བཞག་པའི་རྒྱ་གྲམ་སོར་གསུམ་བསྲེགས་པས་མཁྲིས་པ་བད་ཀན་མཆིན་སྐྲན་རླུང་རྣམས་ལ་ཕན། རྐེ་སྟོང་བྱ་ར་ཁུང་དུ་མེ་སྒོར་མོ་ཨ་ལོང་ལྟ་བུ་བཞག་ན་ཁྲག་སྐྱུགས་པ་དང་ཁྲག་རླུང་ལ་ཕན། མེ་ཉམས་གསང་གི་གཡས་གཡོན་མཚོན་རེ་གཞལ་བའི་སར་ཚུགས་རེ་བཞག་པས་རླུང་ཁྲག་དང་ཁྲག་སྐྲན་ལ་ཕན། པུས་མོར་ཚིགས་ཆུ་འཁོར་ན་མེ་ལོང་རུ་བཞིར་ཚུགས་རེ་བཞག་པས་ཁྲག་རླུང་ཆུ་སེར་སོགས་སེལ་ཞིང་ཁྱད་པར་རྐྱང་བསྐུམ་མི་ཐུབ་པ་ལ་ཕན། ཟས་འགྲངས་ལྟོགས་མ་སྙོམས་པའི་མ་འཇུ་གླང་ཐབས་ལ་མཐིལ་བཞིར་ལྕགས་ལེབ་མེ་ལ་དམར་པོར་སོང་བ་བསྲེགས་པའི་འོད་མ་རེག་ཙམ་དང་རས་ཀྱིས་དར་བ་འབྱུག་པ་རེས་འཇོག་ཏུ་བྱས་པས་དྲི་ཤིན་ཏུ་ངན་པ་ཞིག་དོན་ཡོང་ཞིང་དེ་ནས་མྱུར་དུ་ཕན་པར་འགྱུར་རོ། །ཉྭ་ལོག་འཁྲུ་སྐྱུགས་ཀྱི་ནད་ལ་ཞག་བཞི་ཚུན་དུ་ལག་པའི་མཁྲིག་མ་གཉིས་སམ་དེ་འོག་བསྒྲད་མཁྱིད་གང་གིས། དཔུང་འོག་གི་ཉྭ་གཉིས་སོག་པའི་མཐིལ་གཉིས། བརླའི་ནང་གི་ཉྭ་གཉིས། ཕྱིན་དཀྱིལ་གྱི་ཉྭ་གཉིས་རྣམས་ལ་ལྕགས་མདའ་སོར་གསུམ་པ་ཞིག་གིས་སེར་མདོག་ཐོན་ཙམ་བསྲེགས་པས་ཕན་ཞིང་ཚན་ཆེ་ན་ལྟག་ཁུང་སྤུ་འཁྱིལ་གྱི་ཐད་ཀྱི་ལྟག་པའི་ཆུ་ལེབ་གཉིས་དང་རྐང་མཐིལ་གཉིས་བསྲེགས་ན་དེས་ཕན་ངེས་སོ། །སྔར་སྤྱོད་ཀྱི་སྐྱོན་ཡོན་རྣམ་པ་གཞན་དུ་འགྱུར་བ་དང་ལུས་ཀྱི་གཟི་མདངས་བཟང་བ་ངན་པ་དང་ངན་པ་བཟང་བར་འགྱུར་བ་བྱུང་ན་ཀླུ་གདོན་གྱི་ནད་ཞུགས་པའི་རྟགས་ཡིན་པས་སོར་མོ་ཉི་ཤུའི་སེན་སྙིང་གི་མཚམས་དང་སྐྲ་མཚམས་


DTG211_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཕྲེད་ལ་སོར་ལྔ་སེར་མདོག་ཐོན་ཙམ་བསྲེགས་པས་དེའི་ནད་སེལ་ལོ། །རྡོ་ཐལ་ཆུ་ལ་སྦྱངས་པ་དང་སོ་ཕག་རྙིང་པ་བསྲེགས་པའི་ཁུ་བ་གཉིས་གང་རུང་གི་གདུས་ཐང་བཏང་བས་ཉྭ་ལོག་འཁྲུ་སྐྱུགས་ཀྱི་སྐྱུག་པ་སོགས་སྐྱུག་པའི་རིགས་མཐའ་དག་ཆོད་དོ། ༈ །ཤྲཱི་ག་ཎ་ཤཱ་ཡ་ན་མཿ་དཔལ་ཚོགས་ཀྱི་དབང་ཕྱུག་གི་གདམས་པ། ཕྱོགས་གང་དུ་འགྲོ་ཡང་ལམ་དུ་ནད་གདོན་གནོད་པ་སོགས་ཉེར་འཚེ་གང་ཡང་མི་འབྱུང་ཞིང༌། བྱ་བ་གང་དང་གང་ཡིན་པ་དེ་བདེ་བླག་ཏུ་འགྲུབ་པ་དང༌། ཟས་གོས་གནས་མ་ལ་སོགས་འབད་མེད་དུ་འབྱུང་བར་འདོད་ན། ཨོཾ་ཧྲཱིཾ་ཧྲཱིཾ། གླཱི་པཽ། །གཱཾ་གཱཾ། ཞེས་པ་འདི་ཐོག་མར་ཡན་ལག་ལྔ་ཁྲུས་བྱས། གུ་གུལ་སོགས་སྤོས་ཀྱི་དུད་པ་སྔགས་བཟླ་བའི་བར་རྒྱུན་མ་ཆད་པ་དང་བཅས་ཞག་ཉེར་གཅིག་གི་རིང་ཉིན་རེར་བརྒྱ་རྩ་རེ་མ་ཆག་པར་བཟླ་བ་བསྙེན་པ་དང༌། དེ་ནས་ལས་སྦྱོར་ཉེ་རིང་གང་དུ་འགྲོ་བའི་དུས་ཚར་བདུན་རེའམ་ཐ་ནའང་ཚར་རེ་བཟླས་ནས་ཕྱིན་ན་གོང་དུ་སྨོས་པ་ལྟར་གནོད་པ་མེད་ཅིང་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་བ་སོགས་ཡོན་ཏན་བསམ་ལས་འདས་པ་འབྱུང་ངེས་སོ། །ན་མསྶྭ་ར་སྟྱཻ། འཕགས་མ་དབྱངས་ཅན་མའི་བདེན་ཚིག་གི་སྔགས། ཡེ་ཡེ། ས་པཾ། པྲཱི་ཡཱ་བི་དུཿ་མ་ཧཾ་ཧྲཱིཾ། བཱ་གེ་ཤྭ་རཱི། ཤྲཱི་མ་ཧི་ཏ་ནོ་ཤཀྟི། པྲ་ཙོ་ད་ཡ་ཏ། ཅེས་པ་འདི་གཟའ་མིག་དམར་གྱི་རེས་དང་གནམ་གང་ནམ་བྱུང་ལ་དྲི་བཟང་པོའི་དུད་པ་དང་བཅས་ཚར་བདུན་རེ་བཟླས་ན་བསམ་པའི་རེ་བ་ཐམས་ཅད་འགྲུབ་པར་འགྱུར་ཞིང༌། ཁྱད་པར་བློ་རྣོ་བ་དང་ཤེས་རབ་ཆེ་བར་འགྱུར་རོ། །ཨོཾ་ཨཱ་དེ་ཤ་གུ་རུ་ས་ཧར་ཀཱ་བ་རུ། ཀཱ་མི་ཀྵྱ་དེ་བཱི། ཏ་ཧ་བཱ་ཤ །ཨ་ཛ་པཱི་རཱ་ཎི། ཨ་ཛ་པཱི་རཱ་ཎཱི་ཀེ་པུ་ཏྲ། སཱ་ཏ་ཀོ་ན་ཀོ་ན། ཏཱ་བ་བནྡྷོ། །ཏཱི་ཛཱ་རི་བནྡྷོ། །ཨེ་ཀཱཾ་ཏ་ར་བནྡྷོ། །བེ་ཧཾ་ཀརཱ་པནྡྷོ། །ན་དཱི་བནྡྷོ། །ནཱ་ལ་བནྡྷོ། །ནཱ་ལེ་


DTG211_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཀ་ནཱ་རཱ་བནྡྷེ། །ཨི་ས་གྷ་ཊ། པཎྜི་རཧ་ཏོ། །ཨ་ཛ་པཱི་རཱ་ནཱི། ལཱ་ཛ་མེ་རི་བྷཀྟཱི། ཀུ་རུ་ཀི་ཤཀྟི། ཨ་ཛེ་པཱ་ལ་ཡོ་གི་ལ་ཛེ་ཕུ་རོ། །མནྟྲ་ཨཱི་ཤྭ་རཱི་བཱ་ཙཱ། ཞེས་པའི་སྔགས་འདི་ལན་བདུན་བཟླས་ཏེ་ནས་ལ་ཕུ་བཏབ། ཚད་པའི་རིམས་ཉིན་གཅིག་པ། གཉིས་པ། གསུམ་པ། བཞི་པ་རྣམས་གཅིག་ལ་ཕྱི་མ་ཕན། པའི་ཚད་རིམས་རྣམས་ཀྱིས་ན་བར། ཟླ་བོ་ཞིག་གིས་ཐོག་མར་ནད་པའི་མགོ་བོ་རས་ཀྱིས་བསྡམས་ཏེ་བཟུང་ལ་རང་གིས་སྔགས་འདྲེན་ཞིང་ཕུས་བཏབ་པའི་ནས་ངེས་མགོ་བོ་བྲབ། དེ་ནས་ནད་པར་ནད་ག་ན་འདུག་དྲིས་ལ་མགོ་བོ་ཕན་ན་སྐྱེ། དེ་ནས་སྟོད། སྐེད་པ་སོགས་རིམ་བཞིན་རས་ཀྱིས་བསྡམས་པ་སྦོ་ཞིང་ནས་ཀྱིས་བྲབ་པས་མཐར་རྐང་པའི་མཐེབ་མོའི་བར་བྱས་པས་ངེས་པར་ཕན་པར་འགྱུར་ཞིང་སླར་ཡང་མི་འབྱུང་བའི་ཆེད་དུ་སྲད་བུར་མདུད་པ་བདུན། མདུད་པ་རེར་སྔགས་ཚར་རེ་བཟླས་པའི་ཕུས་བཏབ་པ་རྐེ་ལ་བཏགས་སོ། །ཤིན་ཏུ་ཟབ། གྲོང་དང་གྲོང་རྡལ་གང་ལའང་མི་ཕྱུགས་ཀྱི་རིམས་བསྲུང་བར་འདོད་ན་ཐོག་མར་ལྕགས་ཀྱི་གཟེར་སོར་བཞི་པ་གཟེར་མགོ་ཅན་བཞི། དེའི་གདན་གྲོ་གར་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་བྲིས་པ་བཞི། བྱ་ཕོ་ནག་པོ་གཅིག །ཆང་བུམ་པ་གང༌། ནས། གྲོ། །སྲན་ཆུང་མ། སྲན་མ། འབྲས། པད་ཁ། བྲའོ། །གཞན་འབྲུ་སྣ་གང་འཛོམ་ཚོན་པ་རེ་རྣམས་སྟ་གོན་བྱས། ཐོ་རེངས་ཤིན་ཏུ་སྔ་བར་རང་གི་མཆན་ཁུང་གཡོན་དུ་བྱ་ཕོ་ཁ་ཕྱིར་བསྟན་ལ་བཅུག །ལྕགས་གཟེར་དང་དྲིལ་བུ་ལག་གཡོན་གྱིས་འཁྲོལ་ཞིང་བཟུང༌། ལག་གཡས་ཀྱིས་འབྲུ་སྣ་འཐོར་ཞིང་ངག་བསྡམས་ལ་འོག་ནས་འབྱུང་བའི་སྔགས་འདྲེན། ཟླ་བོ་ཞིག་ལ་ཆང་བུམ་བསྐུར་ལ་དེས་ཀུ་ཤ་ལྟ་བུས་རང་གང་འགྲོའི་རྗེས་ལ་ཆང་འཐོར་ཞིང་ཡོང༌།


DTG211_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་གྲོང་ཁྱེར་གྱི་ཤར་དུ་སླེབས་པ་དང་གྲོགས་ཆོས་འབྱུང་གི་རེ་ཁཱ་ཅན་སར་བཞག །དེ་སྟེང་འབྲུ་སྣ་ཅུང་ཟད་བླུག་ཅིང་ཆང་གཏོར་ཏེ་ཆོས་འབྱུང་གི་དཀྱིལ་དུ་ལྕགས་གཟེར་འདེབས་ཤིང་སྔགས་ཚར་གཅིག་འདོན་པ་སླར་ཡང་འབྲུ་སྣ་དང་ཆང་ཅུང་ཟད་བླུགས་ནས་བཞག །དེ་ནས་ལྷོ། །ནུབ་རྣམས་རིམ་པར་གཟེར་འདེབས་ལུགས་སོགས་གོང་ལྟར་བྱས་རྗེས་བྱང་དུ་སླེབ་པ་དང་གཟེར་ཆོས་འབྱུང་གི་སྟེང་དུ་ཉལ་སྟབས་སུ་བཞག་ལ་སྔགས་འདྲེན་ཞིང་འབྲུ་སྣ་དང་ཆང་བླུག །སྔགས་ཚར་གཅིག་སོང་བ་དང༌། གྲོ་ག །གཟེར། འབྲུ་སྣའི་ལྷག །ཆང་དང་བཅས་ཁྱེར་ལ་ལུང་སྟོང་མི་མེད་ས་ཞིག་ཏུ་ཕྱིན་ལ་བྱ་ཕོ་ཁ་ཕྱིར་བསྟན་ལ་སློང༌། དེ་རྗེས་སུ་ཆང་དང་འབྲུ་སྣའི་ལྷག་ཕོ་ལ་ཁྱིམ་དུ་ལོག །ཐོག་མ་ཁྱིམ་ནས་ཐོན་ནས་ནང་དུ་མ་སླེབ་བར་ངག་དང་ཕྱིར་མིག་མ་ཤོར་བ་གལ་ཆེ་ཞིང༌། ནད་ལོག་པ་བྱུང་ན་སླར་ཡང་འདབ་བོ། །འདིས་ནི་མི་ཕྱུགས་གང་གི་ཡང་རིམས་སོགས་འགོས་ནད་ཀྱི་རིགས་བསྲུང་བ་མི་ཐུབ་པ་མི་སྲིད་པ་ཤིན་ཏུ་ཟབ་པོ། །སྔགས་ནི། ཨོཾ་ཨ་སཾ་ཀུ་པུ་ཏྲ་བྲཧྨཱ་ཀི་ཝ་ཙབཱི་ཙ་ཌེ། ནཱ་བ་ནི་རཾ་ཏ་རབྷ་ཡེ། རཱབྣ་བཱ་ཌཱི་ཀཱ་ར་ན་ཀ་རེ་ནི་ཏ་ཥཱ་ཛ་ལ་ག་བེ། ཨ་ཙལ་དཱི་ཋེསྟཱ་བ་ན་མི་ཋེ་བ་མ་བ་ན། ཕ་ལ་ཏོ་ཌ་ཥ་ཨི། ཨི་ཀ་ཌ་བཱི་ཀ་ཊེ་ཙ་ཌ་ཥ་ཡེ། ཙོ་ཏ་ཙེ་ཏ་རི་དེ་ཝཱི་བི་ར་ཧ་ན་བ་ཏཱ་ཨཱ་ཡེ། མེ་རཱི་ས་ཀ་ཏ། གུ་རུ་ཀཱི་བྷཀྟི་ཕུ་རོ་མནྟྲོ་ཨཱི་སྭ་རཱི་བཱ་ཙཱ་ཀ་ཊ་སི་རེ་ཀཱི་པཱ་བི་ཌ་ག་ཛ་མ་ཏཱི་ན་ཀོ་ཧཱ་ར་པ་ནྱཱ་ནི་གཱ་ལཱི་པ་ནྱཱ་ཊི་ལཾ་ཀ་ཀི་ཡ། ཛ་ཧར་ལཾ་ཀ་ཀཱ་ཀོ་ཊ་ས་མུཾ་དྲ་ཀི་ཥཱ་ཨཱི་བྷཱ་ག་བྷ་ག་སི་ཀ་ནཱི་ཌ་ཀ་ནི་ན་བྷ་ག་ཏ་བ་བཱི་ར་ཧ་ན་བཾ་ཏ་ཀཱི་དོ་ཧཱ་ཨཱི། ཞེས་པའོ། །དགྲ་ཇག་རྐུན་མ་སོགས་ཀྱིས་གླགས་མི་རྙེད་པའི་ཐབས་ནི། ཨོཾ་ན་མོ་བྲཧྨ་ཨཱི་ས་རི་ར་རཀྵ་ཋ་ཋ། ཞེས་པ་འདི་རྡོ་ཁམ་བུ་ཙམ་བདུན་ལ་རྡོ་རེར་ཚར་རེ་བཏབ་སྟེ་སྐེད་པའི་གཡས་གཡོན་དང་རྒྱབ་ཏུ་རྡོ་རེ་བསྡམས། ལག་པ་གཉིས་སུ་རྡོ་གཉིས་རེ་བཟུང་ལ་སྔགས་འདྲེན་ཞིང་ཕྱིན་པས་དགྲ་ཇག་གང་གི་འང་གླགས་མི་རྙེད་དོ། །


DTG211_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

༈ བྱིས་པ་སྐྱེས་ནས་ཡང་ཡང་མི་འཚོ་བ་ལ་འཁོར་ལོ་འདི་གྲོ་ག་ལ། གླ་རྩི། ཙནྡན་དཀར་པོ། །ག་བུར། གི་ཧཾ། གུར་གུམ། སི་ལ། ཨ་ཀ་རུ། ཤུག་པ་རྣམས་ཆ་མཉམ་བརྡར་བའི་ཁུ་བས་བྲིས་ཡཾ་ཛཱི་ཨོཾདབུདྲ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཧྲཱིཾ]་ལ་སྐུད་པ་གང་རུང་གིས་བཅིངས་ཏེ་མགུལ་ལ་བཏགས་ན་ངེས་པར་འཚོའོ། ༈ །བུད་མེད་མངལ་དུ་བྱིས་པ་ཆགས་ཀྱང་ཡང་ཡང་ཤོར་ནས་ཕན་མ་ཐོགས་པའི་རིགས་ལ་འཁོར་ལོ་འདི་གྲོ་གར་གོང་གི་དྲི་བརྒྱད་ཀྱིས་བྲིས་ལ་སྲད་བུས་བཅིངས་ཏེ་བུད་མེད་དེའི་ཟླ་མཚན་བབས་ནས་ཞག་གསུམ་གྱི་ཐོག་སྐེད་པར་བཏགས་ན་འཇུར་བར་མི་འགྱུར་ཞིང་ངེས་ཕར་ཕན་ཐོགས་སོ། ༈ །འཁོར་ལོ་འདི་གྲོ་ག་ལ་གུར་གུམ་གྱིས་བྲིས། གུ་གུལ་གྱི་དུད་པས་བདུགས་སྲད་བུ་སྣ་ལྔས་བཅིངས་ཏེ་མགུལ་པར་བཏགས་ན་དུག་རིགས་ཐམས་ཅད་ཐུབ་ངེས་སོ། །དྲི་བརྒྱུད་ཀྱིས་བྲིས་ལ། མགུལ་ལ་བཏགས་ན་འབྱུང་པོ་དང་ཡི་དགས་གང་གིས་ཀྱང་གནོད་པ་མི་འབྱུང་ངོ༌། ། ༈ །ཕོ་བའི་སྐྲན་གྱིས་ན་བ་


DTG211_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གང་ ན་བའི་ཐད་དེར་འབེ་ཏ་ཆུས་བཀང་བ་བཟུང༌། དེ་སྟེང་དུ་འཁོར་ལོ་འདི་ཤོག་བུར་བྲིས་པ་མེས་བསྲེགས། ཐལ་བ་ཆུ་ནང་དུ་འབབ་པ་བྱས། ཆུ་དེ་ཕྱིར་ཕོ། །དེ་ལྟར་ནད་མ་དྲག་པར་བྱས་པས་སྐྲན་ནད་ཐོན་ངེས་སོ། ༈ །ཕྲུ་གུ་སྐྱེ་མ་ཐུབ་པ་ལ་འཁོར་ལོ་འདི་ལི་སྡེར་ལ་སྣག་ཚས་བྲིས་ཏེ་ནད་པའི་མིག་ལ་བསྟན་ལ་རེའུ་མིག་གི་གྲངས་དང་ཨངྒི་རྣམས་འདི་དང་འདི་ཞེས་ངོ་སྤྲོད། དེ་ནས་ཆུས་འཁོར་ལོ་བཀྲུས་ལ་ཅུང་ཟད་ཁོང་དུ་བཏང་ཞིང་མགོ་ནས་བཟུང་རིམ་བཞིན་གཏོར་བས་མྱུར་དུ་བཙའ་བར་འགྱུར་རོ། ། ༈ གྲུག་གུ་སྐྱེས་ནས་མ་ལ་འོ་མ་འཐུང་རྒྱུ་ མེད་ན། འཁོར་ལོ་འདི་གཟའ་མིག་དམར་ཡོད་པའི་ཉིན་གྲོ་གར། སི་ལ། ཙནྡན་དཀར་པོ། །ག་བུར། ཨག་རུ། གུར་གུམ་རྣམས་ཀྱིས་བྲིས་ལ་སྐུད་པས་བཅིངས་ཏེ་མགུལ་དུ་བཏགས་ན་འོ་མ་ངེས་པར་འབབ་པར་འགྱུར་རོ། ༈ །ནས་གོས་སོགས་ནང་གི་ཡོ་བྱད་དང་ཞིང་སོགས་གང་ལའང་བྱི་བའི་གནོད་པ་སྲུང་ན། འཁོར་ལོ་འདི་གཟའ་ཉི་མ་ཡོད་པའི་ཉིན་ཤོག་པུར་གུར་གུམ་གྱིས་ཚར་ལྔ་བྲིས་ཏེ་བསྲུང་བྱ་དེའི་ཟུར་བཞི་དང༌། དབུས་སུ་རེ་རེ་སྦས་ན་བྱི་བ་གནས་གཞན་དུ་འགྲོ་ཞིང༌། འཁོར་ལོ་སྦས་པའི་ནང་ཚུན་ལ་གནོད་པ་མི་འབྱུང་ངེས་


DTG211_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པའོ། ༈ །ཡ་མ་སོགས་མགོ་བོ་ཕྱེད་ན་བ་ལ་འཁོར་ལོ་འདི་གཟའ་ཉི་མ་ཡོད་པའི་ཉིན་གྲོ་གར་དྲི་བརྒྱད་ཀྱིས་བྲིས་ཏེ་སྐུད་པས་བཅིངས་ལ་མགོ་བོར་བཏགས་ན་མྱུར་དུ་ནད་དེ་ལས་གྲོལ་བར་འགྱུར་རོ། ༈ །འཁོར་ལོ་འདི་ཏཱ་ལའི་ལོ་མར་དྲི་བརྒྱད་ཀྱིས་བྲིས་ལ་ཁྲོམ་གྱི་གང་འདུག་སའི་གདན་ལྟ་བུའི་འོག་མནན་ན་ཚོང་གང་འདོད་པ་དེ་ཐོགས་མེད་འོང་ཞིང་རང་རྒྱལ་བར་འགྱུར་རོ། ༈ །བཟའ་མི་རྒྱུན་དུ་མི་འཆམ་པར་འཐབ་མོ་ཁོན་རྒྱག་པར། འཁོར་ལོ་ འདི་གྲོ་གར་གི་ཧཾ་དང་གུར་གུམ་གྱིས་བྲིས་ལ་སྲད་བུས་བཅིངས་ཏེ་སྐྱེས་པའི་ལག་པ་གཡོན་དང༌། བུད་མེད་ཀྱི་ལག་པ་གཡས་ལ་བཏགས་ན་འཁྲུག་པ་མེད་པར་ཤིན་ཏུ་མཛའ་བར་འགྱུར་བ་ནི། ངེས་པར་མྱོང་བས་གྲུབ་པའོ། །༈ འཁོར་ལོ་འདི་གྲོ་ གར་དྲི་བརྒྱད་ཀྱིས་བྲིས་ཏེ་མགོ་བོར་བཏགས་ན། བཙོན་དུ་ཆུད་པ་ལྟ་བུ་རྒྱལ་པོ་དང་ཡུལ་དཔོན་སོགས་གང་གིས་ཀྱང་བཅིངས་པ་ལས་གྲོལ་བར་འགྱུར་རོ། ༈ །འཁོར་ལོ་འདི་གཟའ་ཉི་མ་ཡོད་པའི་ཉིན་གྲོ་གར་དྲི་བརྒྱད་ཀྱིས་བྲིས། གུ་གུལ་གྱིས་བདུགས་ཏེ་མགུལ་དུ་བཏགས་ན། ཤགས་འགྱེད་པ་སོགས་ལ་རང་གིས་གང་ལབ་བདེན་པར་འགྱུར་


DTG211_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཕ་རོལ་པོ་གཉིས་ནས་གྲངས་མེད་ཀྱི་བར་རང་ལ་ངན་གྲོས་རྩོམ་པ་སོགས་ལའང་དེ་དག་གི་མདུན་མ་ཞིག་པར་གྱུར་ནས་རང་གི་ངག་བཙན་ཞིང་དབང་དུ་འགྱུར་རོ། ༈ །རང་གི་གཉེན་བཤེས་སོགས་མཐུན་པའི་མི་ཐག་རིང་པོར་སོང་ནས་སླར་མ་ ལྡོག་ན་འཁོར་ལོ་འདི་ཤོག་བུར་བྲིས་ལ་ཉིན་བདུན་གྱི་བར་ཉིན་རེ་བཞིན་འཁོར་ལོ་རེ་གང་དུ་སོང་བའི་ལམ་དེར་འཕངས་ན་ངེས་པར་མྱུར་དུ་འོང་བར་འགྱུར་རོ། །༈ སྦྲུམ་མ་བཙའ་མ་ཐུབ་པར་འཁོར་ལོ་འདི་ལི་སྡེར་ལ་བྲིས། དེ་ཐོག་མར་བུད་མེད་གྱི་མིག་ལ་བསྟན། དེ་ནས་སྣུམ་གྱིས་འཁོར་ལོ་བཀྲུས་ཏེ་ཕོ་བར་བྱུགས་ན་མྱུར་དུ་བཙའ་བར་འགྱུར་རོ། ༈ འཁོར་ལོ་འདི་གཟའ་ཉི་མའི་ཉིན་སྣག་ཚས་ཤོག་བུར་བྲིས་ལ་སྐུད་ པས་བཙངས་ཏེ་མགུལ་ལ་བཏགས་ན་རྩ་དཀར་གྱི་ནད་ཐམས་ཅད་ལ་ཕན་ཞིང་ཁྱད་པར་ཡན་ལག་དང་སྐེ་རེངས་པ་དང༌། འདར་བ་དང༌། སྐམ་པ་རྣམས་ལ་ངེས་པར་ཕན་ནོ། ༈ །ཁྲག་སྐྱུགས་ནས་མཆོད་ན། ནད་པའི་ལག་པ་གཡོན་གྱི་མཐིལ་དུ་འཁོར་ལོ་འདི་བྲིས། དེའི་དབུས་སུ་སོ་མ་ར་ཙ་ཐུན་ཚད་ཆུང་ཕྱོགས་ཙམ་


DTG211_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བཞག །དེ་ལ་སྔགས་ནི། ཨོཾ་ཧྲིཾ། ཧཱུཾ་རུཾ་སྭཱ་ཧཱ། ཞེས་པ་འདི་བརྒྱ་རྩ་གཅིག་བཟླས་ལ་ཕུས་བཏབ་སྟེ་ནད་པའི་ཁོང་དུ་བཏང་ན་མྱུར་དུ་ཆད་ངེས་སོ། ༈ །མི་ཕྱུགས་གང་གི་ཡང་ཆུ་སྲིས་ནས་ན་བ་ལ་འཁོར་ལོ་འདི་སྣོད་གང་རིགས་ལ་སྣག་ཚས་བྲིས། སྨ་རུ་མགོ་ནག་དཀར་པོ་མི་ལ་གཅིག་དང༌། ཕྱུགས་ལ་གཉིས་ཆུ་དང་མཉམ་དུ་བརྡར་བའི་ཁུ་བས་འཁོར་ལོ་བཀྲུས། དེ་ཁོང་དུ་བཏང་བས་མྱུར་དུ་ཕེབས་པར་འགྱུར་རོ། ༈ །ནད་པ་ཚད་རླུང་འཐབ་པ་སོགས་ཁ་ནས་གང་ལབ་མེད་པ་བྲེད་པ་སྡངས་སོགས་སྨྱོན་པ་ལྟ་བུ་འཆོལ་ཞིང་མཚན་མོ་གཉིད་མི་ཁུགས་པ་སོགས་ལ། གྲོང་བདུན་ནས་སོལ་བ་རྡོག་པོ་བདུན་གཞན་གྱིས་མ་མཐོང་བ་བྱས་ལ་བསླང༌། ཕྱོགས་གང་རིགས་ནས་རྡེའུ་བདུན་སྒྲུགས་ཏེ་ལམ་རྒྱ་གྲམ་ཡོད་པའི་འཛོམ་དུ་རྡེའུ་རེ་ལ་སོལ་རྡོག་རེས་གོང་གི་འཁོར་ལོ་ཟུར་གསུམ་པ་དེ་འདྲ་རེ་བྲིས། ཤར་ནས་བརྩམས་ཏེ་ཕྱོགས་བཞིར་རྡེའུ་རེ་བོར། རྡེའུ་གཉིས་ལམ་རྒྱ་གྲམ་གྱི་དབུས་དེར་སྦས། གཅིག་ཁྱེར་ཏེ་ནད་པའི་སྔས་འོག་ཏུ་སྦས་ན་སེམས་དྲན་པ་ཟིན་ཞིང་གཉིད་ཀྱང་ཁུག་པར་འགྱུར་རོ། །གོང་གི་དེ་དག་བྱེད་སྐབས་མིས་མ་མཐོང་བ་གལ་ཆེའོ། ༈ །མི་ནད་ཆེར་མེད་ཅིང་ལུས་ཀྱི་ཟུངས་རིམས་གྱིས་ཟད་པའི་འཆི་ལ་ཐུག་པ་ལྟ་བུའི་གཅོང་གིས་ཟིན་ཞིང༌། སྨན་པས་ཀྱང་ནད་གང་ཡིན་ངོས་མི་ཟིན་པས་བཅོས་ཀ་གང་བྱས་ཀྱང་མི་ཕན་ན། དེ་ནི་བཟང་ངན་གང་རུང་གི་མི་ཁ་ཕོག་པའི་ནད་ཡིན་པས་དེའི་བཅོས་ལ།


DTG211_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་འདི་ཤོག་བུར་ཚར་གཉིས་དང་ལི་སྡེར་ལྟ་བུའི་ངོས་སུ་ཚར་གཅིག་བྲིས། ཤོག་བུར་བྲིས་པ་གཅིག་པ་གཅིག་ཁང་པའི་ཕྱིའི་ས་གང་འོས་སུ་མེ་ལ་བསྲེགས། གཅིག་ནད་པའི་མགུལ་དུ་བཏགས། ལི་སྡེར་ལ་བྲིས་པ་དེ་ཆུས་བཀྲུས་ཏེ་ཁུ་བ་ཁོང་དུ་བཏང༌། དེ་ནས་རྐང་ལག་གི་སོར་མོ་བཅུའི་སེན་མོ་དང༌། སྤྱི་བོའི་གཙུག་ཏུ་ལྕགས་ཚུགས་རེ་བཞག་པས་ངེས་པར་ཕན་ནོ། ༈ །སྐྱེས་པའི་སྒྲོ་བ་སྐྲངས་པ་དང༌། [[DD: རཏམ་ཞ]་མི་ཕྱུགས་གང་གི་བུ་སྣོད་ལུགས་པ་ལ་འཁོར་ལོ་འདི་ལག་མཐིལ་གཉིས་ལ་བྲིས། ལྷྭམ་གང་རུང་གི་མཐིལ་མེ་ལ་བསྲེགས་པའི་ཐལ་བ་དང་སྣུམ་བསྲེས་པ་ལག་མཐིལ་དུ་ཕུར་ཏེ་སྒྲོ་བའམ་བུ་སྣོད་གང་ཡིན་ལ་རག་ལ་ཅུང་ཟད་བཙིར་བཙིར་བྱས་པས་ཕན་པར་འགྱུར་རོ། ༈ །མིག་ལ་ཤ་ཆེར་གྱི་ནད་ཚབས་ཆེ་བ་བྱུང་ན་ལི་སྡེར་གྱི་མཐིལ་དུ་འཁོར་ལོ་འདི་སྣག་ཚས་བྲིས་དེའི་ནང་དུ་ཆུ་བླུག །དེ་ལ་ནད་པ་བལྟར་བཅུག །ཐེམ་མི་གཅིག་པ་བདུན་ནས་ནས་ཀྱི་སོག་མ་རྐད་རེ་བསླངས། རིམ་བཞིན་སོག་མ་རེ་ལ་མེ་སྦར་ཏེ་ནད་པའི་མགོ་བོར་ལན་གསུམ་རེ་བསྐོར་ཏེ་ཆུ་ནང་དུ་སྐྱུར་བས་ཆུའི་མདོག་སྣུམ་ལྟ་བུར་འགྱུར་འགྲོ་ཞིང་ནད་དེ་ཕན་པར་འགྱུར་རོ། ༈ །རྨི་ལམ་བཟང་ངན་སྣ་ཚོགས་མང་དུ་རྨིས་ན། འཁོར་ལོ་འདི་གཟའ་ཉི་མའི་ཉིན་གྲོ་ག་ལ་དྲི་བརྒྱད་ཀྱིས་བྲིས་ཏེ་རྐེད་ པར་བཏགས་ན་རྨི་


DTG211_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྣ་ཚོགས་རྨི་བར་མི་འགྱུར་རོ། ༈ །ཨོཾ་ན་མོ་ཨཱ་དེ་ཤ་ཡ་གུ་རུ་ཀུམ་པ་ཝ་ནི་རུ་པི། ཨཉྫ་ནི། ཛཱ་ཡོ་པུ་ཏ་ཧ་ན་ཝ་ནྟ། དཱིཋ། མུ་ཋ། ཏཐ། ཏཱི་ཛཱ་རི། ཨེ་ཀཱནྟ་རཱ། བེ་ཧངྒརཱ། ཌ་ཝརུ། ཛཱ་ནཱི་ཛཱ་གྷ་བཱ་ལ། ནེ་ཀཱ་ལ། ཨེ་ཏེ་ཨུ། པ་ར་ཀ་རི། ཏ་ཁ། ཛ་ལ། བ་ལ། བྷསྨཱ་བྷུ་ཏ། མེ་རི་བྷཀྟ། གུ་རུ་ཀི་ཤཀྟི། ཕུ་ར་མནྟྲ། ཕ་ཊུ་སྭཱ་ཧཱ། རྐང་ལག་སོགས་གཉན་ནད་ཀྱིས་སྐྲངས་འབུར་གྱིས་ན་བར་སྔགས་འདི་ཚར་ཉེར་གཅིག་བཟླས་ལ་ཕུས་བཏབ་ཅིང་རྨ་བྱའི་སྒྲོ་མདོངས་ཀྱིས་བྱབས། དེ་རྗེས་བལ་སྐུད་རྐང་བདུན་གཅིག་ཏུ་སྒྲིལ་བར་མདུད་པ་བདུན་བྱས་མདུད་པ་རེ་སྔགས་ཚར་རེ་བཏབ་སྟེ་ནད་པའི་མགུལ་དུ་བཏགས་ན་མྱུར་དུ་ནད་དེ་ལས་གྲོལ་པར་འགྱུར་རོ། ༈ །ཨོཾ་ན་མོ་ཨཱ་དེ་ཤ་གུ་རུ་ཀོ། །སཻ་ནཱ་པཱུ་ར་པརྦ་ཏ། ཏ་ཧཱ་བ་སེ། དྷོ་ཌྷཱོ་རཱ་ཎཱི། རཱ་ཀ་ཤཱ་ཎཱི་ཀེ། ཙཱ་ར་སུ་ཏྲ་ཏེ། ཀོ་ན་ཀོ་ན། ཨནྣ་སུ་ལ། ཛ་ལ་སུ་ལ། རཱཀྟ་སུ་ལ། བཱ་ཡུ་སུ་ལ། ཨེ་ཏེ་ཨུ་པ་ར། ཀ་རེ་ཏ་ཝ། ཛ་ལ། བ་ལ། མེ་རི་བྷཀྟ། གུ་རུ་ཀི་ཤཀྟི། ཕུ་རོ་མནྟྲ། ཕ་ཊུ་སྭཱ་ཧཱ། ཞེས་པའི་སྔགས་འདི་ལ་ལ་ཕུད་མང་ཉུང་ཆ་ལྔ་ལ་ཚྭ་ཆ་གཅིག་ཙམ་བསྲེས་པར་བཏབ་པ་ཁོག་པར་བཏང༌། དེ་རྗེས་ཆུ་སྐོལ་ཧུབ་གང་ཙམ་འཐུངས་བཅུག་ན། སྲིན་ནད། གླང་ཐབས། མ་འཇུ་བ། ཟས་ཕོག་བྱུང་བ་སོགས་ཕོ་བའི་ནད་གློ་བུར་བ་ཕྲལ་དུ་ཕན་པར་འགྱུར་རོ། ༈ །འཁོར་ལོ་འདི་གཟའ་ཉི་མའི་རེས་ལ་གྲོ་གར་ལྒ་སེར་གྱིས་བྲིས། ཨོཾ་ན་མོ་ཨཱ་དེ་ཤ་གུ་རུ་ཀོ་གངྒ་ སེ་ཥ་བཱི་ཀཱ་བྲི་མ་སཱི་རཱ་ཏ་ཧཱ་ར]། ལ་མུ་ནཱ། སཱ་དྷ་ས་ཏི། གཽ་ཙ་རཱ་ཁེ། གཽ་རཱ་ཁ་ཥ་ཛ་ཏི་ན་ཨ་ཝཻ། མུ་ཁ། ན་པཱ་ཀེ། ཥུ་རེ། ལཱ་ལ། གོ་ལཱ་ལ་ཀི། བཱ་ཙ་ཕུ་རཱི། མེ་རི་བྷཀྟ། གུ་རུ་ཀཱི་ཤ་ཀྟི། ཕུ་རོ་མནྟ། ཕ་ཊུ་སྭཱ་ཧཱ། ཞེས་པ་འདི་ལན་བདུན་བཟླས་ལ་འཁོར་ལོར་ཕུས་བཏབ་སྟེ་ཕྱུགས་རའི་དབུས་སུ་


DTG211_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ན་ཁ་ཚ་གོར་སོགས་ཕྱུགས་ནད་ཐམས་ཅད་ཐུབ། དེ་ཡང་ནད་མ་བྱུང་གོང་དུ་བྱས་ན་བསྲུང་ཐུབ། ཕྱུགས་ནད་བྱུང་ནས་བྱས་ན་དེ་ཞི་ཞིང་སླར་འབྱུང་བར་མི་འགྱུར་རོ། ༈ །ཨོཾ་ཛྷ་སྭཱ་ཧཱ། ཤྲཱི་ཡཾ་ལཀྵྨཱི་ན་རཱ་ཡ་ཎ་མནྟྲ། སཧ་ར་ཀཱ་ཝ་རུ། ཀ་མི་ཀྵྱ་དེ་ཝི། ཏེ་ཏི་ས་ཀོ་ཊ་དེ་ཝ་ཏཱ། བ་སུནྡྷ་རཱི། མཌྡྷེ་མཱ་ས་ནེ། རུ་ཥེ། བྲྀ་ཥི། ཧཱ་ཌེ། བཱ་ཌེ། ཨེ་ཏེ་རཀྵྱ་ཀ་ར་ཎཱི། ནཻ་ན་ཡོ་གི་ནཱི་ཀཱི་དོ་ཧཱ་ཨི། ཀེ་ཧུཀ་ཧོ། །ཨ་རོ། །སཱི་ཀ་ཧོ། །བ་རོ་སཱི་ཀ་ཧོ། །པི་ཤ་ལ་ཧེ། པི་ས་ཝ་ལ་ཧོ། །ཊོ་ན་ཧོ། །ཊཱ་མ་ཎ་ཧོ། །ཨཱི་ཋ་ཧོ། །དཱི་ཋ་ཧོ། །མུ་ཋ། ཨེ་ཏི་རཀྵཱ་ཀ་ར་ཎི། ནཻ་ནཱ་ཡོ་གེ་ནཱ་ཀཱི་དོ་ཨཱོ། །ཞེས་པའི་སྔགས་འདི་སྐུད་པ་ནག་པོ་ལ་མདུད་པ་བདུན་བཏབ་པ་ལ་བསྔགས་ཏེ་སྐེ་ལ་བཏགས་ན་མི་ཁའི་རིགས་ཐམས་ཅད་དང༌། མཚན་མོ་གཉིད་ལ་ཧར་ལང་དྲེད་ལངས་སོགས་ལ་ཕན་ངེས་སོ། ༈།ཀཱ་ཙ་ཀ་ཌ་ཝ། བྷ་རེ་ཨ། ཀ་པུ་ར། རཀྵཱ་བཱ་བཱ་ཨ་ད་མ་ཧཱ་ཛུ་ར། བཱ་བཱ་ཨཱ་ད་མ་ཀི་ཚུ་རཱི། ཕ་ར་ཛནྟ་ཀཱ་བཱ་ན། མེ་རི་མུ་ཀཱ་ཨི། ནཱ་མུ་ཀ་ས། ཏ་བ་གུ་རུ། གོ་ར་ཥ་ཀཱི་དོ་ཧཱ་ཨཱི། ལ་མ་ཀཱ་ཀཱ་ཀོ་ཊ། ས་མུ་དྲ་ཀཱི་ཁཱ་ཨི། ཕཱ་ཊ་ཕ་ཊ་ན་ཕཱ་ཊ་ས་ཏ་བ་རཱ་ཛ་རཱ་མ་ཙནྡྲ་ཀཱོ་དོ་ཧཱ་ཨི། ཕུ་རོ་མནྟྲ་ཨཱི་ཤྭ་རཱི་བཱ་ཙ། སྔགས་འདི་བ་ལང་གི་གཅི་བའི་ཐལ་བར་བསྔགས་ལ་སྐྲངས་པ་གང་ཡོད་སར་བྱུགས་ན་གཉན་འབུར་མཐའ་དག་ལ་ཕན་ཞིང་ཁྱད་པར་རྐེན་བ་ལ་མཆོག་ཏུ་ཕན་ནོ། ༈། །ཨོཾ་ག་ཛནྟ། གྷོ་ར་ཏ། ཨ་ཝ་ར། ཚ་ར་ཚི་དུ། ཨུ་ཏཱ་ར་ཏ་ཨ་ཝ་ཏཱ་ཧ་ཡ། ན་ཝ་ནཱ་རི། བཱ་ཧ་ཏྲ། ཀོ་ཋཱ། སུ་ཥ་པ་ར་ཏ། ཨཱ་ཝ་ཏ་ཡ། ཀཱ་ཧ་ཏེ་ཨཱ་ཝ་ཏ་ཧ་ཡ། ག་ཌྷ་ག་ཡ་ནཱི་ཏེ། ཨཱ་བ་ཏ་ཧ་ཡ། ཀཱ་ཝ་རུ་ཀོ། །ཀོ་ཏ་ཝ་ལ། དེ་ལི་ཀོ་པཱ། ཏཱ་སཱ་ཧ། སེ་ཥ་སི་ལཱ་ར། རུ་ར་ཀ་ནི་ཀེ་པུ་ཏ། མ་ཧ་མ་དཱ། བི་ར་མནྟྲ་བ་དྷ་ཏ། བཱ་དྷི་ཁུ་རཱ་སཱ་ན་བྷེ་ཛྱེ། བྷུ་ཏ་བཱནྡྷི། བྲེ་ཏ་བཱནྡྷི། དེ་ཝ་བཱནྡྷི། དྷ་ནོ་བཱནྡྷི། མ་རི་ཡ་མ་སཱ་ན་བཱནྡྷི། ཀཱ་


DTG211_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཻ་རོ་བཱནྡྷི། ཨཥྚ་བྷཻ་ར་ཝ་བཱནྡྷི། ལོ་ཧ་རོ། །བ་ཌོ་ན་སིངྒྷ་ས་བྷ་བཱནྟི། པཱ་ན་ན་ཕུ་ལ་ཀོ་བཱནྡྷི། ཏེ་ལ་ཏ་ལེ་ཀོ་བཱནྡྷི། བྷཱ་ཏ་དུ་ཏ་ཀོ་བཱནྡྷི། ཀ་ར་ཎ་ཀ་ར་རུ་ཧི་ཀོ་བཱནྡྷི། ཥེ་རཾ་ཥེ་རཾ་ཀྵེ་ཏྲ་པཱ་ལ་བཱནྡྷི། ཨ་ཋོ་ཏ་ར་སོ་ནི་ན་ཨི་བཱནྟི། བཱ་ཏཱ་སྱ་མ་སཱ་ན་བཱནྡྷི། ཏེ་ར་སྱ་ཀ་རུ་ཝ་བཱནྡྷི། ཙཽ་ཧ་སྱ་བྷེནྶཱ་སུ་ར་བཱནྡྷི། སཾ་ཥ་ནི། ཌཾ་ཀ་ནི་བཱནྡྷི། པ་ཏ་ཀྵ་ནི་བཱནྡྷི། བེ་ག་ན་བཱནྡྷ་ཏོ་བཱ་བཱ་ཨཱ་ད་མ་ཀི་དོ་ཧཱ་ཨི། བཱི་བི་ཕཱ་ཏ་མཱ་ཀི་དོ་ཧཱ་ཨི། སུ་ཝ་ར་མུ་ར་དཱ་ར། བི་བི་ཕ་ཏ་མ་ཀི་དཱ་ཕ་ན་གི་རེ། ན་ཝ་ལཱ་ཥ། ཨ་སི་ཧཱ་ཛཱ་ར། བི་ར་པེ་ཀམྦ་ར་བཱ་དྷི་ཌ་རི། ཨ་ཝ་དེ་ཥོ་རོ། །མ་ཧཱ་མ་དཱ་པི་ར་ཏེ་རེ་མནྟྲ་ཀི་ཤཀྟི། ཨུ་ཏ་ར་ཀོ་ཨུ་ཏ་ར་བཱནྟི། དཀྵ་ཎ་ཀོ་དཀྵ་ཎ་བཱནྡྷི། པཤྩེ་མ་ཀོ་པཤྩེ་མ་བཱནྡྷི། པཱུརྦ་ཀོ་པཱུརྦ་བཱནྡྷི། ཀཱ་ཋ་ཀི་རོ་ཌི་བཱནྡྷི། ཕི་རེ་མ་ཧ་མེ་དཱ་པཱི་ར། སེ་ཥ་སི་ལཱ་ར་པ་དྷ་ཏ་མནྟྲ། བཱ་དྷི་ཌཱ་བཱི་མེ་རི་བཱཀྟི། གུ་རུ་ཀཱི་ཤཀྟི་ཕུ་རོ་མནྟྲ་ཨི་ཤྭཱ་རཱི་བཱ་ཙ། སོར་མོའི་ནད་དང་ལྦ་བ་ལ་སྔགས་འདི་སུ་ཧྲུག་དམར་པོར་བྲིས་ཤིང༌། འབྲས་ཟན་དང་འོ་མར་ཡང་བཏབ་སྟེ། དེ་ནས་ལྦ་བ་དང་སོར་མོ་གང་ཡིན་ལ་སུ་ཧྲུག་དེས་དཀྲི་ས་འོ་མ་དང་འབྲས་ཟན་བསྲེས་པ་དེས་བྲབ་ན་ཕན་ནོ། ༈ །ཨོཾ་ན་མོ་ཨཱ་དེ་ཤ་གུ་རུ་ཀུཾ། ཨོཾ་ཀཱ་ར་བིནད་སཉུཀྟ། ནི་དྱ་དྷྱ་ཡནྟི་ཡོ་གེ་ཤྭ་རཾ། ཀཱ་མ་རཿ་མོ་ཀྵ་དཤྩེ་ཝ། ཨོཾ་ཀཱ་རཱ་ཡ་ན་མོ་ན་མཿ་ན་མ་སྟེ་རྀ་ཥ་ཡ་དེ་ཝཱ་ན་མ་སྟེ་ཙ་སུ་ར་ག་ཎཱ། ན་རཱ་ནཱ་མ་སྱ། དེ་ཝ་སྱ་ན་ཀཱ་རཱ་ཡ་ན་མོ་ནཱ་མཿ་མ་ཧཱ་དེ་ཝ། མ་ཧཱ་ཏ་མཱ་ནི། མ་ཧཱ་ཡོ་གི་མ་ཧེ་ཤྭ་ར། མ་ཧཱ་པ་ཏ་ཀ །ཧ་རཾ་དེ་ཝ་མ་ཀཱ་རཱ་ཡ་ན་མོ་ན་མཿ་ཤི་ཝ་སཱནྟཾ་ཛ་གནྣཱ་ཐཾ། ལོ་ཀཱ་ནཱཾ་ཤཱནྟི་ཀ་ར་ཎཾ། ཤི་བ་མེ་ཀ་པ་རཾ་དེ་ཝཾ། ཤ་ཀཱ་རཱ་ཡ་ན་མོ་ན་མཿ་བཱ་ཧ་ནཾ་བྲི་ཥ་བྷཤྩཻ་ཝ་བཱ་སུ་ཀི་ཀཎྛ་བྷུ་ཤ་ནཾ། བཱ་མ་ཤཀྟི་དྷ་རོ་དེ་ཝཾ། བ་ཀཱ་རཱ་ཡ་ན་མོ་ན་མཿ་ཡ་ཏྲ་ཏ་ཏྲ། ཏྲ་ཡ་དེ་ཝཱ་བྷྲ་ཧྨཱ་བིཥྟུ། མ་ཧེ་ཤྭ་རཾ། ཡ་ག་ཏ་ཀཱ་ར་ཏཱ། ཛ་གནྣཱ་ཐཾ་ཡ་ཀཱ་རཱ་ཡ་ན་མོ་ན་མཿ་


DTG211_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཀཱ་རེ་མུ་ལ་ཙཀྲ། ན་ཀཱ་རེ་ནཱ་བྷི་མཎྜ་ལེ། མ་ཀཱ་རེ་ཧྲྀ་ད་ཡ་སྠ་ན་ས་ཀཱ་རེ། ཀཎྛ་མེ་ཝ་ཙ། བ་ཀཱ་རེ་བ་ཀྲ་སྠ་ལ། ཡ་ཀཱ་རེ་པུ་ཛོ་ཏི་ཡ་ག་ཏྲཿ་ཞེས་པ་ཡི་གེ་དྲུག་ལ་བརྟེན་པའི་སྔགས་འདི་སྟན་བདེ་བ་ལ་འདུག་སྟེ་རང་གིས་རྒྱུན་དུ་བཟླས་ན་ལུས་ཀྱི་ནད་ཐམས་ཅད་ལ་ཕན་ཞིང༌། ཁྱད་པར་རླུང་མཁྲིས་བད་ཀན་གསུམ་འདུས་པའི་ནད་ སྨན་དཔྱད་གང་གིས་ཀྱང་མ་ཕན་པའི་རིགས་ལ་སྔགས་འདི་ བཟླས་ཤིང་རྨ་བྱའི་སྒྲོ་མདོངས་ཀྱིས་བྱ་བ་ན་ངེས་པར་ཕན་པར་འགྱུར་རོ། ༈ །འཁོར་ལོ་འདི་གྲོ་ག་ལ་དྲི་བརྒྱད་ཀྱི་ས་བྲིས། སྲད་བུས་བཅིངས་ཏེ་སྐེ་ལ་བཏགས་པས་མོན་མཚམས་ལ་འོང་བའི་དུག་མ་ཞེས་པ་ལྟ་བུས་མིའི་རིགས་ཀྱི་མཐོང་དུག །རེག་དུག །ཐོག་དུག་རྣམས་ཀྱི་གནོད་པས་མི་ཚུགས་པའི་བསྲུང་བ་ཡང་དག་པའོ། ༈ །མདའ་གྲི་སོགས་གང་གིས་རྨ་བྱུང་བ་ལ། ཨོཾ་ཨ་རུ་ཀཱི། ལཱ་ལ་ཨཾ་ཎི། བནྡྷཽ་གྷཱ་ཨུ། ཨོཾ་ཙནྡྲ་མཱ་ཏ། སཱུརྻ་པི་ཏཱ། བིཌ་ཀརྟཱ། མ་ནུ་པ་ཊུ། བཱ་ཡུ། བཱ་མུ་ཧ་ནུ་མནྟ་ཀཱི། ཤཀྟི་ཕུ་རེ། ཞེས་པའི་སྔགས་འདི་གང་མང་བཟླས། རྨ་གང་ཡིན་ལ་ཕུས་བཏབ་པས་མྱུར་དུ་ཕན་པར་འགྱུར་རོ། ༈ །འཁོར་ལོ་འདི་གཟའ་ཉི་མའི་ཉིན་གྲོ་གར་དྲི་བརྒྱད་ཀྱིས་བྲིས་ལ་སྐེར་བཏགས། ཚད་རིམས་མ་བྱུང་བ་ལ་འབྱུང་བར་མི་འགྱུར་ཞིང༌། བྱུང་བ་ལ་ཡང་མྱུར་དུ་དྲག་པར་འགྱུར་རོ། ༈ །མེས་ཚིག་པ་ལ། ཨོཾ་མ་ཧཱི་ཥ། བཱ་ས་ནི། མ་ཧཱ་བིདྱ། ཛམྦྷ་ཡ། མོ་ཧ་ཡ། ཨུ་ཚེ་ད་ཡ། ཨཱགྷི། སྟཾ་བྷ་ཡ། ཋཿཋཿ་


DTG211_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་གང་མང་བཟླས་ལ་ཕུས་བཏབ། འབྱོར་ན་ཏིལ་ཕྱེ་མར་བཏགས་པ་འོ་མ་དང་སྦྱར་ནས་བྱུགས་པས་མྱུར་དུ་ཕན་པར་འགྱུར་ཞིང༌། ཏིལ་མ་འབྱོར་ཀྱང་སྔགས་ཁོ་ནས་ཟུག་གཟེར་དྲག་པར་འགྱུར་རོ། །མི་ཕྱུགས་གང་ཡིན་ཀྱང་ཆུར་ཤོར་ནས་ཁོག་པ་ཆུས་གང་སྟེ་འཆི་བར་ཐུག་པ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། རུ་དྲཱ་ཡ་ཛ་ལཾ་སྟཾ་བྷ་ཡ། བཿ་པཿ་ཞེས་པ་འདི་གང་མང་བཟླས་ལ་རྐང་པ་ནས་ཡར་ཕུས་བཏབ་ན་འཕྲལ་དུ་སྐྱུག་པར་འགྱུར་ཞིང་ཆུ་ནད་ཀྱིས་ཟིན་བ་ལ་སྔགས་འདི་བཟླས་ལ་རྨ་བྱའི་སྒྲོ་ལ་བསྔགས་ཏེ་མགོ་བོ་ནས་མར་བྱབས་པས་ཕན་པར་འགྱུར་རོ། ༈ །འཁོར་ལོ་འདི་ཤོག་བུར་རྒྱལ་དང་ཕུར་བུ་འཛོམ་པའི་ཉིན་བྲིས། ཙན་དན་དཀར་པོ། །གླ་རྩི། གུར་གུམ། གསུམ་བྱུགས། ཚོན་སྐུད་སྣ་ལྔས་བཅིངས་ལ་ སྐེར་བཏགས་ན་ཚེ་རིང་བ། ནད་མེད་པ། ལོངས་སྤྱོད་འཕེལ་བ་གཞན་གྱི་ཡིད་དུ་འོང་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་ཅིང༌། ཁྱད་པར་རང་ལ་བརྣག་པའི་དགྲ་གང་ཡིན་པ་དེ་དབང་དུ་འདུ་བར་འགྱུར་རོ། ༈ །གཤིན་འདྲེའི་གནོད་པ་ལ། འཁོར་ལོ་འདི་གཤིན་འདྲེ་དེའི་འཆི་ས་གང་ཡིན་གྱི་ས་རྩད་ཆོད་ན་དེ་དང༌། བསྲུང་བྱ་གང་ཡིན་དེའི་ཕྱི་སྒོ་ལ་སིནྡྷཱུ་རའི་ཁུ་བས་བྲིས་ན་ཁྱིམ་དེའི་མི་ནོར་གང་ལའང་གནོད་པ་མི་འབྱུང་ངེས་དག་པའོ། །༈ ཕོ་མོ་གང་ལའང་འདྲ་སྟེ་ཞ་འོག་སྐྲངས་ནས་ན་བ་ལ། ཨོཾ་རཾ་ཚཾ་རཾ་རཾ་ཚཾ་རཾ་ཚཾ་རཾ་ཨོཾ། ཞེས་པའི་སྔགས་ཡིག་འབྲུ་བཅུ་པ་འདི་གཅི་བའི་ཐལ་བར་བསྔགས་ཏེ་བྱུགས་ན་མྱུར་དུ་ཕན་པར་འགྱུར་རོ། ༈ །རྐང་ལག་གི་ཚིགས་ཆེན་སོགས་རུས་པ་ན་ཞིང་


DTG211_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུག་ལ་གཟེར་ན། བཛྲཾ་ཀཱི་ཥཱི་བི་ལོ་ཧེ་ཀཱ་ཀོ་ཥཱ། ཨི་ཤྭ་ར་ཀུ་ཙི། བྲཧྨཱ་ཏཱ་ལཿ་ཨཱི་ས་པིཎྜ་ཧ་མཱ་རེ་པ་ཡ་ཋ། ཨི་ཤ་པཎྜི་ཀུ། ཛ་ཏཱི་གོ་ར་ཥ་རཀྵ་བ་ལ། ཞེས་པའི་སྔགས་འདི་རྨ་བྱའི་སྒྲོ་མདོངས་ལ་བསྔགས་ཏེ་ལན་བདུན་བྱབས་ན་ཕན་པར་འགྱུར་རོ། ༈ །ཁྱི་སྨྱོན་གྱི་བཅོས་ལ། ཧཱ་ཀཱ་ཙེ་ལཱ། བྲ་ས་ཀཱ། གྷ་ཌ་ཥཱི་ལུ། སཱི་པ་ཀ་རུ། ལ་ཀ་ཌཱི། ནཱི་ལི་པི་ལེ། ཀ་པ་ཌེ། ལ་ཡཱ་བྲཧྨ་ཀཱ། དྲེཥ། ཏུཾ་ཧཾ། ཚོཌྜ་ནཾ། ག་ཕི་ར་མུ་ཁ་ཀཱ་དེ་ས། ཞེས་པའི་སྔགས་འདི་ས་སྦྱིན་པོའི་འདམ་བག་ལག་གཉིས་ཀྱིས་སྣོལ་ཞིང་སྔགས་ཚར་གསུམ་རེ་བཟླས་ནས་ཕུས་བཏབ་ལ་ནད་པའི་མགོ་བོ་ནས་རྐང་པའི་བར་བྱབས། ཡང་གོང་བཞིན་སྔགས་བསྒྲངས་ལ་འཇིམ་པར་ཕུས་བཏབ་ནད་པར་བྱབས། དེ་འདྲ་ལན་ཁ་ཡར་བྱས་ནས་འཇིམ་པ་བཅད་ལ་བལྟས་པས་ཁྱི་དཀར་པོས་འཆངས་པ་ཡིན་ན་ཁྱི་སྤུ་དཀར་པོ་དང༌། ནག་པོ་ཡིན་ན་ནག་པོ་སོགས་ཁྱི་གང་ཡིན་གྱི་མདོག་དང་མཐུན་པའི་ཁྱི་སྤུ་འབྱུང་ལ། དེ་ཡང་ཁྱི་སྤུ་གྲངས་བདུན་ནམ་བྱུང་བར་བལྡབས་ནས་བྱ། བདུན་བྱུང་བ་དང་འཇིམ་པ་ཆུར་སྐྱུར་བས་ནད་དེ་ལས་ངེས་པར་གྲོལ་ལོ། ༈ །སོ་ན་བ་ལ། ཤོག་བུར་ནད་པའི་མིང་བྲིས། དེ་ཀ་བའམ་གདུང་གི་ལོགས་ལ་སྦྱར། ལྕགས་གཟེར་སོར་གསུམ་པ་ཞིག་མིང་ཡིག་གི་སྟེང་དུ་བཟུང་ལ། ཨོཾ་ན་མོ་ཨཱ་དེ་ཤ་གུ་རུ་ཀུཾ། ཧ་ཌི། ཀུ་ཧ་ཌི། ལ་ག་ཀི་ཌ། ཨ་སི་བྷཪྵ་ཀི། བནྡྷོ་པི་ཌ། ཀི་ཌ་ཛ་རེ། བི་ཌ་མཱ་རེ། ས་མ་ཡ་ལ། ཛོ་གི་ཀི། བཱ་ཙ། མེ་རི། བཀྟ། གུ་རུ་ཀི་ཤཀྟི། ཕུ་རོ་མནྟྲ། ཨོཾ་ན་མོ་ཨཱ་དེ་ཤ །ཞེས་པའི་སྔགས་འདི་ཚར་རེ་བཟླས་ལ་ལུགས་གཟེར་ལ་ཐོ་བ་ཅུང་ཟད་རེ་བརྡེག །ཚར་བདུན་སོང་བ་དང་སོར་དོ་ཙམ་གྱི་བར་སྟིམ་པས་མྱུར་དུ་ཕན་ཅིང༌། གཟེར་མ་བུང་བར་སླར་ཡང་ན་བར་མི་འགྱུར་རོ། ༈ །འཁོར་ལོ་འདི་གཟའ་ཟླ་བའི་ཉི་ན་གྲོ་གར་གི་ཧཾ་དང་གུར་


DTG211_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གུམ་གྱིས་བྲིས་ལ། མགུལ་དུ་བཏགས་ན་བཀྲ་ཤིས་ཤིང་བསམ་པའི་དོན་ཐམས་ཅད་འགྲུབ་བོ། ༈ །ལྷ་མོ་དབུ་མས་དབང་ཕྱུག་ལ་གསོལ་བ། འཇིག་རྟེན་ཀུན་གྱི་བྱེད་པོ་དབང་ཕྱུག་ཆེ། །ཀུན་ལ་ཕན་ཕྱིར་འཆི་མེད་ཚེའི་བཅུད་ལེན། །བསྐལ་པ་བསྐལ་པར་རྡོ་རྗེ་ལྟར་གནས་པ། །ང་ཡིས་འདྲི་ཡི་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས་དབང་ཕྱུག་གིས་བཀའ་སྩལ་པ། ཉོན་ཅིག་ལྷ་སྲས་ཡིད་འོང་མ། །ཀུན་ཕན་འཆི་མེད་ཚེའི་བཅུད་ལེན། །ཀརྐོ་ཊི་ཡི་ཆོ་ག་རྣམས། །ལེགས་པར་བསྟན་གྱིས་ཡིད་ལ་ཟུང༌། །དེ་ལ་ཀརྐོ་ཊི་ཡོད་སར་ཕྱིན་ལ་ལུས་ལེགས་པར་བཀྲུས་ཏེ། ཨོཾ་ན་མོ་མ་ཧེ་ཤྭོ་རི་སིདྡྷི་ཤྭ་ར་བནྡྷ་བནྡྷ་ཧུ་ཧུ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདི་བཟླ་ཞིང་རྩ་རྩེ་མ་ལུས་པ་བརྐོས་ཏེ་གཙང་སར་གྲིབ་བསྐམ་བྱ། བསྐམས་པ་དང་ཞིབ་པར་བཏགས་གཟའ་ཉི་མ་ཡོད་པའི་དུས་པ་སེ་བ་བཞི་ཙམ་བའི་འོ་མ་དང་སྦྲང་རྩིར་སྦྱར། ནང་འགོལ་སར་མཚམས་བཅད། འབྲས་བཙོས་པ་དང་བའི་འོ་མ་ཅུང་ཟད་རེ་ལས་གཞན་ཟ་བཏུང་གི་རིགས་མི་བྱེད་ཅིང་ཁྱད་པར་ཚྭ་མ་ཤོར་བ་གལ་ཆེ་ཞིང་ཐོ་རེངས་ཐང་རེ་གཏོང་བ་ཟླ་བ་དྲུག་གི་བར་བསྟེན་པས་ཟླ་བ་བཞི་སོང་བ་དང༌། སྐྲ། ཁ་སྤུ། བ་སྤུ་སོགས། ལུས་ཀྱི་སྤུ་ཐམས་ཅད་བྱི་འགྲོ་ཞིང༌། དེ་ནས་ཟླ་བ་ཕྱེད་གཉིས་ཚུན་ལ་སྐྲ་དང་ཁ་སྤུ་སོགས་གསར་པ་ཤིན་ཏུ་ལེགས་པ་སྐྱེལ། སྐྱེས་པ་དང་ཟླ་བ་ཕྱེད་གཉིས་ཀྱི་བར་ཀརྐོ་ཊའི་འབྲུ་ཁོ་ན་ཞིབ་པར་བཏགས་པ་ཐུན་ཚད་གོང་བཞིན་སྦྲང་རྩི་དང་བསྲེས་པ་ཟོས་པས་ལུས་ཡང་བ་དང༌། གཟི་བརྗིད་ཆེ་བ་དང༌། སེམས་བདེ་བ་དང༌། ནད་མེད་པ་སོགས་འབྱུང་ཞིང༌། བྱ་རོག་གཉིས་ཀྱི་ཚེ་ཚད་སྟེ་ལོ་སྟོང་གནས་པར་འགྱུར་རོ། །དེ་ནས་ཟླ་བ་གཉིས་དང་ཞག་ཉི་ཤུའི་བར་འབྲས་བུ་མར་དང་བསྲེས་པ་བསྟེན་


DTG211_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱ་རོག་གཉིས་ཀྱི་ཚེ་ཚད་སྟེ་ལོ་ཉིས་སྟོང་ཐུབ་ཅིང་ཉིས་སྟོང་དུ་སླེབས་པ་དང་གཉིད་དུ་སོང་བ་ལྟ་བུའི་ལུས་སེམས་མ་བྲལ་ཀྱང་སྨྲ་བརྗོད་སོགས་མི་ཐུབ་པ་ཞིག་འོང་བས་ཀརྐོ་ཊའི་འབྲུ་དང་དངུལ་ཆུ། མུ་ཟི་སེར་པོ་གསུམ་ཆ་མཉམ་བྷྲིངྒ་རཱ་ཛའི་ཁུ་བས་རྟ་བྱས་ནས་གཏོང་ལུགས་སློབ་མ་ལྟ་བུར་བསླབས་ལ་བཞག །དེ་ནས་དྲན་པ་རྙེད་པ་དང་དེ་གའི་མུ་འཐུད་ལ་ལོ་གཅིག་གི་བར་ཟོས་པས་ལོ་བཞི་སྟོང་ཐུབ་ཅིང༌། དེ་ནས་ཀྱང་མུ་འཐུད་དུ་ཟོས་པས་ཆུ་ལ་མི་འབྱིང༌། མཁའ་ལ་བྱ་ལྟར་འཕུར་བ་དང༌། ལུས་ལ་མེ་ཆུ་མཚོན་ལ་སོགས་པས་མི་ཕིགས་ཏེ། དེ་ནི་ལུས་རྡོ་རྗེ་དང་འདྲ་བའོ། །ཀྱེ་རིགས་སྲས་ལྷ་མོ། །འདིའི་ནུས་པ་དང་ཕན་ཡོན་ནི་ཚུལ་བཞིན་དུ་ངས་ཀྱང་བརྗོད་པར་མི་ནུས་མོད། འོན་ཀྱང་ཆོ་ག་སོགས་རགས་པ་ཙམ་ཞིག་བསྟན་ཟིན་གྱིས་སྙིང་དང་འདྲ་བར་ཆོངས་ལ་འགྲོ་བའི་དོན་གྱིས་ཤིག་ཅེས་གདམས་སོ། ༈ །འཁོར་ལོ་འདི་གྲོ་ག་འམ་ཤོག་བུ་ལ་བའི་འོ་མས་བྲིས་ལ་སྲད་བུ་དཀར་པོས་བཅིངས་ཏེ་བཏགས་ན་ནད་རིམས་ཐམས་ཅད་ཐུབ་ཅིང་ཡིད་ལ་འདོད་པ་འགྲུབ་བོ། ༈ །འཁོར་ལོ་འདི་ཏཱ་ལའི་ལོ་མའམ་གྲོ་ག་ལ་མུ་ཟི་སེར་པོས་བྲིས་ལ་བཏགས་ན་ཤིན་ཏུ་མགྱོགས་པས་རྐང་པ་ན་བར་མི་འགྱུར་རོ། ༈ །ཙ་ཀྲ་འདི་གྲོ་ག་ལ་གི་ཧཾ་གྱིས་ བྲིས་ལ་སྲད་བུ་དཀར་པོས་བཅིངས་ཏེ་བཏགས་ན་རྒྱལ་པོ་དང་བློན་པོ་དབང་དུ་འགྱུར་རོ། ༈ །འཁོར་ལོ་འདི་ཤོག་བུ་ལ། ཙན་དན་དམར་པོ། །གི་ཧཾ་ག་བུར། ཨ་ཀ་རུ་གླ་རྩི་གུ་གུལ་གུར་གུམ་


DTG211_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བྲིས་ལ་མགུལ་དུ་བཏགས་ན་གང་འདོད་པ་དབང་དུ་འགྱུར་རོ། ༈ །འཁོར་ལོ་འདི་གྲོ་ག་འམ་སིནྡྷཱུ་རས་བྲིས་ཏེ་གུ་གུལ་གྱི་དུད་པ་བཏང་སྟེ་ལག་པ་གཡས་ལ་བཏགས་ན་བུད་མེད་དབང་དུ་འགྱུར་རོ། ༈།འཁོར་ལོ་འདི་ཤོག་བུ་ལ་རི་དྭགས་ཀྱི་ཁྲག་གིས་བྲིས་ཏེ་བཏགས་ན་རི་དྭགས་ ༈ འཁོར་ལོ་འདི་ གྲོ་ག་འམ་ཤོག་བུ་ལ་དྲི་བརྒྱད་ཀྱིས་བྲིས་ཏེ་བཏགས་ན་འབྱུང་བོ་དང་ཡི་དྭགས་ཀྱི་གནོད་པ་མི་འབྱུང་ངོ༌། ༈ །འཁོར་ལོ་འདི་གི་ཧཾ་གིས་གྲོ་ག་ལ་བྲིས་ཏེ་བཏགས་ན་གྲགས་པ་ཆེ་བར་འགྱུར་རོ། ༈ །རི་སྒོག་རྩ་རྩེ་མ་རྙིང་ས་མ་རུལ་བ་གྲིབ་བསྐམ་བྱས་ལ་ཞིབ་པར་བཏགས། བ་མར་གསར་པས་རྟ་བྱས་ལ་རིལ་བུ་སྐྱུ་རུ་ར་ཙམ་རེ་བཏང་ན་གྲང་བ་དང་རླུང་གི་རིགས་མཐའ་དག་ལ་ཕན་ཞིང་ལུས་ཀྱི་སྟོབས་འཕེལ་ཞིང་འདོད་པ་སྤྱོད་མི་ནུས་པ་ཡང་ནུས་པར་འགྱུར་རོ། །གོང་གི་རི་སྒོག་སྦྲང་རྩིས་རྟ་བྱས་ནས་བཏང་ན་བུད་མེད་ཟླ་མཚན་མ་བབས་པའི་ཁྲག་གི་ནད་ལ་མཆོག་ཏུ་ཕན་ནོ། །ཆུ་གྲང་གིས་རྟ་བྱས་ནས་སྣ་ཁྲག་གང་གིས་ཀྱང་མཆོད་པའི་སྣར་བླུག་ན་མྱུར་དུ་ཆོད་པར་འགྱུར་རོ། །ཡང་སྣ་ཁྲག་ཀྱང་འཛག་ཅིང་མགོ་བོ་ན་ན། རི་སྒོག་གི་འབྲས་བུ་མར་


DTG211_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བཙགས་བཅད་པའི་ནང་དུ་མ་ཚིག་པར་བཙོས་པ་དང་པི་པི་ལིང་ཆ་མཉམ་པ་ཞིབ་བར་བཏགས་པ་བོད་ཀྱི་ཐུན་ཚད་གསུམ་ཙམ་རེ་ཁོང་དུ་བཏང་བས་ཁྲག་ཆོད་ཅིང་ནད་ཀྱང་ཕན་ནོ། །ཞུམ་བུའི་ལྕེ་གྲིབ་སྐམ་བྱས་ལ་ཞིབ་པར་བཏགས་ལ་སེ་བ་བཅུ་དྲུག་ཙམ་རེ་བཏང་ན་མའི་ཁོང་ནས་སྨྲ་མི་ཤེས་པའི་ལྐུགས་པ་ཁ་འབྱེ་བར་འགྱུར་ཞིང་དབང་པོ་ཡང་གསལ་བར་འགྱུར་རོ། །ཞུམ་བུའི་ཁྲག་མ་རུལ་བ་གྲིབ་བསྐམ་བྱས་ཏེ་ཞིབ་པར་བཏགས་ལ་མིག་ལ་བཏབ་ན་ཤ་འཛེར་ལིང་ཏོག་སོགས་མིག་ནད་མཐའ་དག་ལ་ཕན་ནོ། །མགོ་བོ་སྨན་གང་བཏང་ཀྱང་མི་ཕན་པར་ན་བ་ལ་ཞུམ་བུའི་པགས་པའི་ཞྭ་གྱོན་ན་ཕན་པར་འགྱུར་རོ། །སྐྲ་དང་རྒྱ་ཁ་སྤུ་སོགས་མེད་པར་འདོད་ན་ཐོག་མར་ལེགས་པར་བཞར། དེ་ནས་ཕ་ཝང་གི་ཀླད་པས་བསྐུ་མཉེ་ཐེངས་གསུམ་ཙམ་རེ་བྱས་ན་ཕྱིས་ནས་སྐྱེ་བར་མི་འགྱུར་རོ། །ཕ་ཝང་གི་ཕྲུག་གུའི་རོ་མ་མེ་ལ་བསྲེགས་པའི་ཐལ་བ་མིག་ལ་བྱུགས་ན། སྟེང་འགྲིབ། བར་འགྲིབ། ཤ་འཛེར། ལིང་ཏོག །སྐྲངས་པ་སོགས་མིག་ནད་མཐའ་དག་ལ་ཕན་ནོ། །སྦྲུལ་གྱི་ཁྲག་དང་བྱི་བའི་ཁྲག་བསྲེས་པ་སྣ་མདོག་དམར་པོར་འགྱུར་ཞིང་ཟ་ཕྲུག་གིས་ན་བ་ལ་བྱུགས་ན་མྱུར་དུ་ཕན་པར་འགྱུར་རོ། །བུད་མེད་སྦྲུམ་མ་བཙའ་མ་ཐུབ་པ་དང་བུ་རོ་མ་ཐོན་པར་སྦྲུལ་གྱི་ཀླད་པ་མོ་མཚན་གྱི་ནང་དུ་བྱུགས་ན་མྱུར་དུ་ཐོན་པར་འགྱུར་རོ། །སྦྲུལ་གྱི་པགས་པ་མེར་བསྲེགས་པའི་ཐལ་བས་མིག་དམར་པོར་སོང་ཞིང་ན་བ་ལ་ཕན་ནོ། །རྔ་མོང་གི་ཀླད་པ་སེ་བ་བཅུ་དྲུག་ཙམ་རེ་ཁོང་དུ་བཏང་ན་རླུང་གི་ནད་མཐའ་དག་ལ་ཕན་ཞིང་མིག་ཤེང་ཆུང་བའང་ཆེ་བར་འགྱུར་རོ། །རྔ་མོང་གི་སྤུ་མེར་བསྲེགས་པའི་ཐལ་བ་སྣ་བུག་གི་ནང་དུ་ཕུས་བཏབ་ན་སྣ་ཁྲག་མ་ཆོད་པ་མྱུར་དུ་ཆོད་པར་འགྱུར་རོ། །གོས་དར་བསྲེགས་པའི་ཐལ་བ་སྣར་བཏབ་ཀྱང་ནུས་པ་གོང་དང་འདྲ། ཡང་ན་ཆུ་བལ་སྔོན་པོ་སྤྱི་བོར་བཀབ་ཀྱང་ཆོད་དོ། །ཡང་ཆུ་བལ་དང་ཤིང་ཀུན་མཉམ་དུ་བཏགས་ལ་ཆུར་སྦྱར་བའི་སྐྱོ་མ་


DTG211_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མེར་བསྲོས་པའི་དྲོན་མོ་སོ་གང་ན་སར་བྱུགས་ན་ཕྲལ་དུ་ཕན་པར་འགྱུར་རོ། །ནི་ལ་ཀ་ཝང་གི་རྩ་བ། ལོ་མ། རྐང་རྣམས་ཆ་མཉམ་ཞིབ་པར་བཏགས་པ་ཆ་གཅིག །ཤིང་ཀུན་དང་སྣུམ་ཆ་བཞི་བསྲེས་པ་ལྟེ་བར་བྱུགས་ན་སྦོས་ཁྲོག་རླུང་གི་རིགས་མཐའ་དག་ལ་ཕན། ཕུར་མོང་ཀ་ར་དང་བསྲེས་ནས་ཁོང་དུ་བཏང་ན་མཁྲིས་ནད་ལ་ཕན། སུ་ཎ་ཎ་བ་འམ། ས་ཀྲ། གྷཎྜ་པུ་ཎ་ཞེས་མིང་གི་རྣམ་གྲངས། རའི་མར་དང་སྦྱར་ན་མིག་གི་ལིང་ཏོག་ལ་ཕན། སྦྲང་དང་སྦྱར་ན་མཆི་མ་འཛག་པ་ལ་ཕན། ཏིལ་སྣུམ་དང་སྦྱར་ན་མིག་གི་ཟ་ཕྲུག་ལ་ཕན། ཆུ་དང་སྦྱར་ན་མིག་གི་མཐོང་སྣང་སྐར་མ་འདྲ་བ་ལ་ཕན་ནོ། །ཞོའི་ཆུ་དང་སྦྱར་ན་སྲོད་ལོང་ལ་ཕན། ཞ་ཉེའི་བྲག་ཞུན་མདོག་དཀར་བ་འོ་མ་འདྲ་བ་མཆོག །གཞན་བྲག་ཞུན་གྱི་རིགས་གང་བྱུང་ཡང་དེའི་ཁུ་བས་ཡན་ལག་ལ་སོགས་མཐའ་དག་ལ་ཕན་ནོ། །ཟི་ར་དཀར་པོ། །ཡུང་བ་ཞོ་བཞི། མུདྟ་སང་གཏི་ལོ་ཕཊ་ཀི་ཞོ་རེ། གླ་སྒང་ཨ་ཕིམ་ཕོ་རིས་རྣམས་རིམ་གཅིག་ཀྱང་ཁོང་པར་བཏང་ན་བཅུད་ལེན་གྱི་མཆོག་པས་ཆ་བསྐྱུང༌། དེ་རྣམས་ཐང་ཙམ་བརྡུངས། །གྲང་འཐག་མིག་ལ་བདུགས་པས་ཚ་བ་དང༌། མིག་ཆུ་འཛག་པ་དང༌། དམར་པོར་སོང་བ་ལ་ཕན། ཤི་ལ་ཛུ་ཡི་ཁནྡྷ་གདུས་པའི་ཐང༌། །ཁོང་དུ་བཏང་བས་ཡན་ལག་རྩ་འདར་རྣམས། །བྷི་ཁ་སྣུམ་ལ་བཙོས་པས་ཕྱི་ལ་བྱུགས། །ཕྱི་ནང་ལྟག་སྤྲད་བྱས་པས་ངེས་པར་ཕན། །མགོ་དང་ཡན་ལག་རུས་ཆག་ལ་སོགས་དང༌། །རྩ་རྒྱུས་འཁུམ་ཆད་གསར་རྙིང་རྨ་རིགས་ལ། །ཤི་ལ་ཛ་དྷུ་གདུས་པའི་ཐང་དེ་ནི། །ཕྱི་ལ་བྱུགས་དང་ཁོང་དུ་བཏང་བ་ཡིས། །དེ་རྣམས་ཀུན་ལ་ཕན་པ་མྱོང་བས་གྲུབ། །ཤི་ལ་ཛ་དྷུ་གདུས་པ་ཐང་དུ་བཏང༌། །བུ་བཙས་སྐེད་པ་ན་དང་ཕོ་ན་འཇོམས། །དུག་ཉུང་ཕག་བྲུན་སྦྲེ་རོ་མ་ཉིད་བྲུན། །བྱུང་ན་རབ་ཆ་མཉམ་ནུས་ལྡན་བསྲེགས་པ་སྣུམ་དང་སྦྱར། །ཁོང་བཏང་ཕྱི་ལ་བྱུགས་པས་ཞ་གྲུམ་ནད། །གསར་རྙིང་ཀུན་ལ་བཏང་


DTG211_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇོམས་པར་ངེས། །གླང་ཆེན་ལྕི་བའི་དུད་པ་མངལ་ན་བཏང༌། །བུ་དང་ཤ་མ་ཕྲལ་དུ་ཐོན་པར་ངེས། ༈ །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གྲུབ་ཐོབ་ཆེན་པོ་གོརྒ་ནཱ་ཐས་གསུངས་པའི་དྲི་ཆུའི་རྟགས་ལ་ཉིན་རེའི་ལེགས་ཉེས་བརྟག་པ་ནི། དགེ་སློང་ལྟ་བུ་ཁྲིམས་ལྡན་ལ་ཤིན་ཏུ་བདེན་ཅིང༌། ཁྱིམ་པའང་བརྟག་རུང་བ་སྟེ། དེ་ཡང་ཐོ་རངས་ཀྱི་དྲི་ཆུ་ཐོག་མ་ལ་བརྟག་པ་བྱེད་རྒྱུའི་དགོངས་ཉལ་པོ་དྲག་ཤུལ་ཆང་འཐུང་བ་སོགས་སྤང་ཞིང༌། སྲོད་འཁོར་ཙམ་ལ་དྲི་ཆུ་ལན་གཅིག་དོར། དེ་ནས་སང་ལུས་ཀྱི་བ་སྤུ་མཐོང་བ་ཙམ་ལ་དྲི་ཆུ་དོར་ལ་དེ་ལ་བརྟག་པ་སྟེ། གསང་གནས་ཀྱི་ཁ་ནས་དྲི་ཆུ་གཡས་ངོས་སུ་འཁྱོགས་ནས་འགྲོ་ན་དེའི་ཉིན་བཀྲ་ཤིས་ཤིང་བདེ་ལེགས་དང་ལྡན་ལ་བྱ་བ་གང་བརྩམས་ཀྱང་འགྲུབ་པ་སོགས་ཤིན་ཏུ་ལེགས་སོ། །གཞོགས་གཡོན་དུ་འགྲོ་ན་འཐབ་མོ་དང་རྩོད་པ་དང་འཕྲོག་བཅོམ་སོགས་འབྱུང་ཞིང་བྱ་བ་བརྩམས་ཀྱང་མི་འགྲུབ་ལ། གཏམ་མི་སྙན་པ་ཐོས་པ་སོགས་འབྱུང་ངོ༌། །ཆུ་བྱིང་ཐད་ཀར་འགྲོ་ཞིང་གསང་གནས་ཀྱི་མཚམས་ནས་འོག་ཏུ་ཐིགས་པ་བབས་ན་ཟས་གོས་སོགས་ཡིད་དང་མཐུན་པའི་ནོར་ཞིག་ངེས་པར་རྙེད་པར་འགྱུར་རོ། །གསང་གནས་ཀྱི་མཚམས་ནས་ཆུ་རྐང་གཅིག་ལ་དེ་ནས་གཉིས་སུ་གྱེས་ཤིང་སླར་གཅིག་ཏུ་འདྲིལ་ནས་འགྲོ་ན་ཉེ་དུ་མཛའ་བཤེས་སོགས་ཡིད་དང་མཐུན་པའི་མི་ཕྱོགས་སུ་སོང་བ་ཞིག་ངེས་པར་འཁོར་ཞིང་འཕྲད་པར་འགྱུར་རོ། །ཐོག་མར་འདྲིལ་ཞིང་དེ་ནས་ལེབ་མོ་སྲབ་པོར་འགྲོ་ལ་སླར་ཡང་འདྲིལ་ནས་འགྲོ་ན་རྒྱལ་པོའི་ཆད་པའམ་རྐུ་ཇག་སྟོར་བ་སོགས་ནོར་ལ་གོད་ཁ་འབྱུང་ངོ༌། །ཆུ་བྱིང་ལྦུ་བ་དང་བཅས་ནས་འགྲོ་ཞིང་འོག་ཏུ་ཐིགས་པ་ཡང་འབབ་ལ་སར་བབས་པ་རྣམས་ཀྱང་འཁོར་ཞིང་ལྦུ་བ་དང་བཅས་ན་ཆར་ཆེན་པོ་འབྱུང་ངོ༌། །སྒྲ་དང་བཅས་ཏེ་བྱུང་ན་མི་འགྱངས་པར་བྱེས་སུ་འགྲོ་དགོས་འབྱུང་ངོ༌། །དགོ་རུ་ལྟར་གཡོན་དུ་གཅུས་ནས་ཐད་ཀར་འགྲོ་ན་དེ་ཉིན་ནོར་སྟོར་བ་རྙེད་པར་མི་འགྱུར་རོ། །ཆུ་ཕར་མི་འགྲོ་བ་གྱེན་དུ་ཚུར་ལོག་ནས་གསང་གནས་ཀྱི་སྟེང་དུ་འབབ་ན་ཞག་


DTG211_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་སོང་བའི་ཉིན་ངེས་པར་འཆི་བར་འགྱུར་རོ། །གཡས་སུ་གཅུས་ནས་འགྲོ་ན་ནོར་སྟོར་བའང་ཞག་ཁུངས་འཛོལ་བ་ལྟ་བུ་མ་རྙེད་པ་ཞིག་རྙེད་པར་འགྱུར་རོ། །དེ་རྣམས་རྣམ་དཔྱོད་དང་ལྡན་པས་མ་འཁྲུལ་བར་བརྟགས་ནས་སོ་སོར་བཤད་པའི་འབྲས་བུ་ངེས་པར་འབྱུང་བ་ནི་མྱོང་བས་གྲུབ་པའོ། ༈ །ཞི་བ་ལ་ཕྱག་འཚལ་ལོ། །དགའ་བྱེད་ཀྱི་བདེན་པའི་གཏམ་རང་གི་ལུས་ཀྱི་གྲིབ་མར་ལེགས་ཉེས་བརྟག་པ་ནི། ཚེས་བཅོ་ལྔའི་མི་ཁྱིའི་སྐད་སོགས་སེམས་ཅན་མི་གནས་པའི་རྐྱེན་མེད་པའི་གནས་དབེན་པར་ནམ་མཁའ་སྤྲིན་དང་ཁུག་རྡུལ་སོགས་ཀྱི་གྲིབ་མ་མེད་པའི་ཤིན་ཏུ་དངས་པའི་སྐབས་བརྟག་སྟེ། ལུས་གཅེར་བུར་ཕྱུང་ལ་ལུས་དྲོང་པོར་བསྲངས་ཏེ་ལངས་ལག་པ་གཉིས་ཆ་མཉམ་དུ་བརྐྱངས། ཟླ་བ་རྒྱབ་ཏུ་ཁུར་ཏེ་བརྟགས་ལ། དེ་ཡང་ཐོག་མར་ས་ལ་ཤར་བའི་གྲིབ་མའི་མཐེ་བོང་ནས་རིམ་བཞིན་གྱེན་དུ་འཛེགས་ཏེ་མིག་དང་ཐད་མཉམ་གྱེན་ཕྱོགས་ཀྱི་ནམ་མཁའ་ལ་གྲིབ་མ་སྤྲིན་ལྟ་བུ་ཞིག་འཆར་ལ། དེ་ཡང་ནམ་མཁའ་འཆར་བའི་གྲིབ་མ་དེར་ལུས་ཀྱི་དབྱིབས་མེད་པར་ཟླ་བ་ཉ་ལྟ་བུའི་བཟོ་དབྱིབས་ལ་ཤིན་ཏུ་དཀར་བ་ཞིག་སྣང་ན་ཚེ་རིང་ནད་མེད་སྡུག་བསྔལ་མི་འབྱུང༌། བསོད་ནམས་དང་ལོངས་སྤྱོད་མངའ་ཐང་རྒྱས། གྲགས་པས་ས་སྟེང་ཁྱབ་པ་སོགས་ཤིན་ཏུ་ལེགས་སོ། །ལུས་གཞན་མི་གསལ་བར་མགྲིན་པ་གཅིག་པོ་མཐོང་ན་སེམས་ལ་སྡུག་བསྔལ་ཆེན་པོ་འབྱུང་ངོ༌། །ལུས་ཐམས་ཅད་ཚང་ཞིང་དེ་ཡང་སྐྲངས་པའི་དབྱིབས་ལྟ་བུ་སྤོམ་པོར་མཐོང་ན་མྱུར་དུ་ནད་དྲག་པོ་འབྱུང་ངོ༌། །ཚད་དབྱིབས་སྦོམ་ཕྲ་སོགས་རང་གི་ལུས་དང་མཚུངས་པར་མཐོང་ན་ནད་མི་འབྱུང་ཞིང་ལེགས་སོ། །ལུས་བྱིང་གསལ་ལ་མགོ་བོ་མེད་ན་ཟླ་བ་དྲུག་ནས་ངེས་པར་འཆིའོ། །ལག་ཕ་གཉིས་མི་གསལ་ན་རང་ལ་ཡང་ནད་འབྱུང་ཞིང་སྤུན་ཟླ་གཅིག་ངེས་པར་འཆིའོ། །ཁ་དོག་ནག་པོར་སྣང་ན་ནོར་ལ་གོད་ཁ་ཆེན་པོ་འབྱུང་ངོ༌། །བརླ་གཡས་གཡོན་གང་རིགས་ལ་བུག་པ་འདུག་ན་ཆུང་མ་ངེས་པར་འཆིའོ། །


DTG211_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་ཐད་དུ་བུག་པ་འདུག་ན་འཐབ་མོ་དང་ཁ་མཆུ་རྩོད་པ་སོགས་འབྱུང་ངོ༌། །གྲིབ་མ་ཤིན་ཏུ་རིང་ཞིང་མགྲིན་པ་མི་མཐོང་ན། ཡུལ་གྱི་རྒྱལ་པོ་སོགས་མི་ཆེན་པོ་ཞིག་འཆི་བར་འགྱུར་རོ། །སོལ་བའི་མདོག་ལྟ་བུ་ནག་པོར་མཐོང་ན། ས་ཞིང་དང་ནོར་རྫས་ལ་སོགས་པ་ལོངས་སྤྱོད་གཞན་གྱིས་འཕྲོག་པར་འགྱུར་རོ། །སེར་པོར་མཐོང་ན་གཞན་གྱི་མི་ཁ་འབབ་པོ། །དཀར་པོར་མཐོང་ན་ནད་མེད་ཅིང་ལོངས་སྤྱོད་ཐོབ་པ་སོགས་མཆོག་ཏུ་ལེགས་སོ། །མིག་མི་མཐོང་ན་ཡིད་དང་མཐུན་པའི་མཛའ་གྲོགས་འཆི་བའམ་ནོར་སྟོར་བ་སོགས་ཀྱིས་སེམས་ལ་སྡུག་བསྔལ་འབྱུང་ངོ༌། །ལུས་ཀྱི་ཆ་ཤས་ཐམས་ཅད་ཚང་ཞིང་གསལ་ལ་ཁ་དོག་དཀར་ཞིང་བཀྲག་དང་ལྡན་ན་ལོ་དྲུག་ཚུན་ཆད་དུ་འཆི་པའི་འཇིགས་པ་མེད་ཅིང་ནད་དྲག་པོ་མི་འབྱུང་ངོ༌། །ལོངས་སྤྱོད་དང་སྙན་གྲགས་འཕེལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་འདི་ཡང་དག་པའོ། །ཞེས་ཕྱི་ནང་དྲང་སྲོང་གི་ཚེའི་རིག་བྱེད་རྒྱ་མཚོ་ལྟ་བུའི་ནང་ནས་མང་དག་ཡུ་ལ་དབུས་འགྱུར་འཆང་དུ་གཙུག་ལག་གཉིས་པ་ཤེས་པའི་མཁས་མང་ལ་བསྟེན་ནས་དར་རྒྱས་སུ་ཡོད་པའི་སྨན་དཔྱད་ལ་མཁས་པ་ཁ་བ་ཅན་གྱི་ལྗོངས་འདིར་དུ་མ་ཞིག་འོངས་ཚོད་དུ་འདུག་རུང་པཎྜི་ཏ་སྨྲྀ་ཏི་ཕན་ཚུན་སྐད་ཀྱི་བརྡ་མ་འཕྲོད་པས་རྟ་ནག་ཏུ་ལུག་རྫི་མཛད་པའི་ལོ་རྒྱུས་ལྟར་ཅི་ཡིན་ཆ་མ་འཚལ་བར་རང་ཡུལ་དུ་ཕྱིར་ལྡོག་སྟེ་གཞན་ཕན་གྱི་འཕྲིན་ལས་མ་བྱུང་བ་དང༌། ལ་ལས་ཚེའི་རིག་བྱེད་ཤེས་པའི་རྣ་ཐོས་ཙམ་གོ་ཡང་བོད་ཀྱི་གསོ་རིག་པས་ཆོག་ཤེས་པས། ལེགས་བཤད་རིན་པོ་ཆེར། ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས། །ཞེས་པ་ལྟར་ཤེས་བཞིན་ཁྱད་གསོད་ཀྱིས་དོར་བའང་མཆིས་རུང་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་གི་ལོར་ཤཱཀྱ་མུ་ནེའི་ཕོ་བྲང་ཆེན་པོའི་མདུན་ཕྱོགས་རྒྱ་གར་བའི་མི་རིགས་དུ་མ་ཚོགས་ཁྲོད་དུ་སྨན་པ་མཁས་པ་ཞིག་ཡོད་དམ་ཟེར་བའི་གཏམ་ཐོས་པས་རྐྱེན་བྱས་འདར་པ་ལོ་ཆེན་དྲི་མོལ་བྱེད་དུ་བཅུག་པ་འཕགས་ཡུལ་ནུབ་ཕྱོགས་མ་ཧཽ་རའི་སའི་ཆར་བྲམ་ཟེ་གཙང་


DTG211_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རིགས་སུ་སྐྱེས་པ་སཾ་ནྱ་སི་གོ་ད་ར་རཉྩོ་ར་སྟེ་ཁྱིམ་སྤངས་ས་སྤྱོད་ཅེས་བྱ་བས་རྒྱ་གར་དབུས། ཤར། ནུབ། ལྷོ། །བྱང༌། ནཻ་པཱ་ལ་དང་བཅས་པ་ཆུ་བཞིན་མྱུལ་ནས་སློབ་དཔོན་གོ་ཏ་མ་བྷརྠི། ཨུཏྟཱ་མ་གི་རི། ཨུ་ཀཱ་ར་བྷརྠི་སོགས་གུས་པས་བསྟེན་པའི་མཁས་པ་ཆེན་པོར་རྟོག་ཏེ་འདར་བ་པཎ་ཆེན་གྱིས་ལོ་ཙཱ་བགྱིས་དར་མོ་སྨན་རམས་པར་བསླབ་ཏུ་བཅུག་པར་གསོ་རིག་གི་ལག་ལེན་ངོ་མཚར་བ་དུ་མ་བྱུང་རུང་ཕྱོགས་འདིར་མི་རྙེད་པའི་སྨན་གྱི་རིགས་འཚོལ་བར་རྒྱ་བལ་ཕྱོགས་སུ་ཕྱིར་བཏེག ། བལ་པོ་ཡམ་བུའི་རྒྱལ་བློན་ལ་རོགས་དན་དགོས་ཚུལ་གྱི་སྡེ་པའི་ཧུང་རྒྱའི་མཚམས་སྦྱོར་སོང་བ་ལ་བརྟེན་སྨན་གྱི་རིགས་རྣམ་གྲངས་ཤིན་ཏུ་མང་བ་དང་བཅས་མེ་མོ་སྤྲུལ་ལོའི་དབྱར་འབྱོར་པའི་རྒྱ་བལ་གྱི་སློབ་དཔོན་མཁས་པ་རྣམས་ཀྱི་ཞལ་གྱི་བདུད་རྩི་ལས་འོངས་པའི་ཚེའི་རིགས་བྱེད་ཀྱི་མན་ངག་གནད་ཀྱི་སྙིང་པོ་བསྡུས་པ་འདི་ཉིད་མི་ཆོས་གནད་ཕྲེང་ལས། སྔོན་དུས་བོད་འདི་སྲིན་པོའི་རྒྱལ་ཁམས་འདྲ། །དིང་སང་དུས་སུ་རྒྱ་གར་འཕགས་ཡུལ་འདྲ། །བསམས་ཀྱིན་ལོ་ཙཱ་བོད་ལ་དཀའ་དྲིན་ཆེ། །ཞེས་དང༌། ས་སྐྱ་པཎྜི་ཏས། བདེ་བར་གཤེགས་པའི་གཞུང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་ཐོབ་པ། །སྐད་གཉིས་སྨྲ་མཁས་ལོ་ཙཱ་དེ་དག་ནི། །དེ་དག་བདག་ཅག་རྣམས་ཀྱི་མིག་བཞིན་གྱུར། །ཞེས་གསུངས་པ་ལྟར། པཱ་ཎི་བྱཱ་ཀ་ར་ཎ་སོགས་སྒྲ་མདོ་ཆེན་པོ་བཞི་ལ་བློ་གྲོས་ཀྱི་ལང་ཚོ་མཆོག་ཏུ་རྒྱས་པ་སེ་དཀར་རིགས་ཀྱི་ཐིག་ལེ་འདར་པ་ལོ་ཙཱ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྒྱུར་ཅིང་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་དཔོན་མཁས་པ་བཅུ་ཕྲག་ཙམ་བསྟེན་ནས་སྦྱངས་པའི་ཡར་སྟོད་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་འབད་པ་ཆེན་པོས་གཏན་ལ་ཕབ་པའོ། །ཆུ་གཏེར་སླར་ཡང་མ་བསྲུབས་སྔོན་མེད་པའི། །རིག་བྱེད་བདུད་རྩིའི་བུམ་པ་ཐོབ་པའི་ཚེ། །མེས་པོས་དྲན་པའི་གསོ་དཔྱད་དབྱར་སྐྱེས་ཀྱི། །རྔ་གསངས་དེ་ལ་མོས་པ་ཅུང་ཟད་ལྷོད། །ཏི་


DTG211_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སེའི་མདངས་ལྟར་རབ་དཀར་ལྷག་པའི་ཡིད། །ལུས་ཅན་ཚོགས་ལ་རྗེས་ཆགས་ཀུནདའི་ཚལ། །འཛུམ་པའི་ཆོ་ག་གཏོང་མིན་སེམས་བསྐྱེད་ཀྱི། །བསིལ་སྦྱིན་མཁན་པོའི་ཆ་ཤས་ཉེ་བར་དགང༌། །ཕྱོགས་བརྒྱར་ཟེགས་མ་འཐོར་བ་ཀཥྦུ་རའི། །དད་པས་ཚ་གདུང་བཅིལ་ལ་མཚར་འཛིན་ན། །ཡོངས་གྲུབ་བརྒྱ་དང་རྩ་གཅིག་བྲོ་ནད་གཉེན། །སྨན་གྱི་དཔག་བསམ་འཁྲི་ཤིང་འདི་སུས་བསྐྲུན། །རིས་སུ་མཆད་འགྲོ་བ་འཇིགས་བྲལ་བའི། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་ལ་འཇུག་རྣམས་སངས་རྒྱས་ཞེས། །གྲགས་ཅན་བགྲོད་དཀའི་ས་དེ་མི་རིང་སྙམ། །བཟོད་མིན་ཚོར་བ་དྲག་པོའི་ནད་གནོད་དང༌། །དེ་རྒྱུ་སྒྲིབ་གཉིས་ལུས་པ་མེད་བཅས་པ། །འཇོམས་པའི་སྨན་པ་ཆེས་མཆོག་རྫོགས་སངས་རྒྱས། །འགྲུབ་པའི་སྐལ་པ་བཟང་པོར་བདག་འགྱུར་ཤོག ། ཙན་དན་འབྱུག་དང་ཏེའུས་བརྡེག་པ་ལ། །སྙོམས་པར་ཞལ་འཆེའི་ཐུགས་རྗེ་སྙིགས་དུས་འདིར། །བསྐུལ་ན་འཇིག་རྟེན་གསུམ་གྱི་དུཿཁ་རྣམས། །མཁྱེན་བརྩེ་ནུས་པས་ཕ་མཐར་མཛད་དུ་གསོལ། །འགྲོ་མང་སྲོག་ཟུངས་བཅུད་ལེན་བདུད་རྩིའི་གཏེར། །མྱངས་པའི་འབྲས་བུ་ནམ་མཁས་གཞལ་དཀའ་བའི། །དགེ་ཚོགས་མ་ལུས་མཐའ་བྲལ་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །ཞེས་ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་བསྒྱུར་བྱང་སྨོན་ལམ་གྱི་རིམ་པ་འདི་ནི་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་དམར་སེར་ཅན་གྱི་ལོ་ཁྲུམས་ཀྱི་ཟླ་བའི་དཀར་ཆའི་རྒྱལ་བ་དང་པོའི་ཚེས་ལ་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ།། །།


previousཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ། ཚང་སྲས་བཞད་པའི་རྡོ་རྗེ།next