Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་ཡུལ་ཕ་ཧའི་སྨན་པ་དཱ་ན་དཱ་སའི་སྨན་བཅོས། 
   
   
   
   
   
   
   
   
   
   
   
   


 
previousའཕགས་ཡུལ་ཕ་ཧའི་སྨན་པ་དཱ་ན་དཱ་སའི་སྨན་བཅོས། next

འཕགས་ཡུལ་ཕ་ཧའི་སྨན་པ་དཱ་ན་དཱ་སའི་སྨན་བཅོས།


DTG211_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་ཕ་ཧའི་སྨན་པ་དན་དེ་སའི་སྨན་བཅོས་རྣམས་བཞུགས་སོ། །༈ དན་རོག་དང་མུ་ཟི་སེར་པོ་གཉིས་ཆ་གཉིས་རེ། དངུལ་ཆུ། རྒྱ་མཚལ། ཚལ་དཀར་ཆ་རེ་རྣམས་ཞིབ་པར་བཏགས་པའི་ཕྱེ་མ་ལ་བྱེ་དཀར་སྦྱར་ནས་ཆུ་སྐོལ་གྱིས་ཕུལ་ནས་བཏང་ན། ཆུ་ནད་ཚ་གྲང་མེད་པར་སྦྱོང༌། ལུས་ཟུངས་ནད་སྟོབས་དང་སྦྱར་ཏེ་ཐུན་གྱི་ཁ་གྲངས་


DTG211_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་སྟེ་བྱ། ལྕག་སོགས་སྤྱི་དང་འདྲ། ཕྱིའི་བྱུག་སྨན་མ། ཐར་ནུ་ཁཎྜ། ཅུ་གང༌། ཤིང་མངར། རྒྱ་གར་སྟོད་ཇ་རྣམས་ཞོ་དོ་རེ། ཤུ་དག །གསེར་མདོག །ཟི་ར་དམར་པོ་རྣམས་ཞོ་གསུམ་རེ། སྨན་ཆེན་ཞོ་གང༌། གླ་རྩི་སེ་བ་བརྒྱད། དུ་བ་རལ་པ་ཞོ་བརྒྱད་རྣམས་ཐོག་མར་སོ་སོར་བཏགས་ལ་བསྲེས་ནས་བཏགས་པའི་ཕྱེ་མ་ལྕགས་སྣོད་དུ་ཆུ་ལ་སྦྱར་ཏེ་གར་སླ་ཞོ་ཙམ་བྱས་བྱུགས་པས་ཕན་ནོ། །ག་པུར། ཟི་ར་དཀར་པོ། །ཕོ་བ་རིས། རྒྱམ་ཚ། སྦྲང་རྣམས་ཆ་རེ། བྱེ་དཀར་ཆ་གཉིས་རྣམས་ཞིབ་པར་བཏགས་པའི་རོལ་བུ་སྐྱུ་རུ་ར་ཙམ་ཆུ་གྲང་གིས་རྟ་བྱས་བཏང་བས་བད་ཀན་དང་རླུང༌། ཚད་པ་རྙིངས་པ་རྣམས་ལ་བརྟེན་པའི་གློ་ལ་ཕན། ག་བུར། ཀུ་ཅི་ལ། མེར་བསྲེགས་ནས་པགས་པ་ཕུད་པ། ས་མུ་དྲ་སོ་ཥ། ཨ་ཕི་མ། ཨ་ཀ་ར་ཀ་ར་རྣམས་ཆ་མཉམ་ཞིབ་བཏགས་ལུག་གི་རིལ་མ་ཙམ་རེ་ཆུ་གྲང་གིས་ཕུལ་ཏེ་ཉིན་བཅུ་བཞིའི་བར་བསྟེན་ན་དབང་པོ་ལས་སུ་རུང་ཤིང་འདོད་པ་སྤྱོད་ནུས་པར་འགྱུར་རོ། །གི་ཧཾ་དང་འཇམ་འབྲས་ཞོ་རེ། དོམ་མཁྲིས་དང་ནི་ལ་ཐོ་ཐ་ཞོ་ཕྱེད། བ་བླ་སེ་བ་བཅོ་ལྔ་རྣམས་ཞིབ་པར་བཏགས་ཐུན་ཚད་བོད་དང་འདྲ་བ་ཆུ་གྲང་གིས་ཕུལ་ཏེ་བཏང་ན་སེ་དུག་གསར་རྙིང་ཐམས་ཅད་ལ་ཕན་ནོ། །ཡང་སེ་དུག་གི་རྨ་གསར་རྙིང་གང་ཡིན་ཀྱང་ཆུ་དྲོན་མོས་བཀྲུས་ལ་སྟོད་ཇ་དང་གོ་ཡུ་བསྲེགས་པ་ཞོ་དོ་རེ། ནི་ལ་ཐོ་ཐ་དང་གླ་རྩི་ཞོ་ཕྱེད་རེ་བཅས་ཞིབ་བཏགས་ནད་པའི་མཆིལ་མས་ཁུ་བ་བྱས་བྱ་རོག་གི་སྒྲོས་རྨ་གར་ཡོད་ལ་བྱུགས་པས་མྱུར་དུ་སོས་པར་འགྱུར་རོ། །འཇམ་འབྲས། ཤིང་ཀུན། ཕོ་རིས་རྣམས་ཞོ་རེ། དན་རོག་ཞོ་ཕྱེད། ཟི་ར་དཀར་པོ་ཞོ་དོ་རྣམས་ཞིབ་པར་བཏགས་པ་ཐུན་ཚད་བོད་དང་འདྲ་བ་ཆུ་སྐོལ་གྱིས་རྟ་བྱས་བཏང་བས་ཕོ་བ་སྦོས་ཁྲོག །དབུགས་མི་བདེ་བ་རྣམས་ལ་ཕན་ནོ། །རྒྱ་གར་གྱི་ཤ་ཚེ་དཀར་པོ་ལྕགས་སྣོད་དུ་ལེགས་པར་བཞུ་ལ་ལུགས་ཀོང་ལྟ་བུ་སྣོད་མི་འཛག་པ་ཞིག་ཏུ་བླུག །དེ་སྟེང་དངུལ་ཆུ་ཞོ་གང་བླུག །དེ་ཉིད་འདྲེས་ནས་ཁེངས་པ་དང་སླར་བཏེག་པས་ཞོ་གསུམ་འབྱུང་ལ། དེ་རས་རྙིངས་པས་ལན་


DTG211_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་པོར་ཆེ་ཆུང་མགོ་ཙམ་མ་བྱུང་བར་དཀྲིས། དེ་ཁོག་མ་ལྟ་བུའི་ནང་དུ་མེ་ཤིན་ཏུ་ཚ་བའི་དཀྱིལ་དུ་རས་རྣམས་རིམ་གྱིས་ཚིག་ནས་བཏོན་པས་དངུལ་དཀར་གྱི་མདོག་ལྟ་བུ་འབྱུང༌། དེ་ནས་ཞོ་ཆར་བཏེག་པའི་ལྗིད་ནས་དང་མཉམ་པ་རེ་བ་ན་དང་མཉམ་དུ་བཏང་ན་མཛེ་རིགས་གང་ལ་ཡང་ཕན་ནོ། །གོང་གི་སྨན་ཐུན་ཆེ་བ་ཙམ་ལ་ཛཱ་ཏི་རྡོག་པོ་ཕྱེད་ཤིང་ཚ་དང་ལི་ཤི་གཉིས་སེ་བ་བཞི་རེ་རྣམས་ཞིབ་པར་བཏགས་ལྗིད་ནས་རྡོག་ཆེ་བ་གཉིས་དང་མཉམ་པ་པ་ན་དང་མཉམ་དུ་བཏང་ན་ལུས་སྟོབས་བསྐྱེད་པའི་མཆོག་ཏུ་འགྱུར་རོ། །བར་སྐྲན་རླུང་ལ་བརྟེན་པ་འདོན་ན་ཁོང་སྨན་གོང་གི་ཀ་རཉྫ་བརྒྱད་པ་ཁོང་དུ་བཏང༌། སྐྲན་གང་ཡིན་ལ་སྣུམ་བྱུགས་ལ་མཐའ་ནས་བཙིར་ཏེ་དུང་འཁོར་ལྟ་བུའི་དཀྱིལ་དུ་བཅུར། དེ་ཡང་ཕྱོགས་བཞི་ནས་མཛུབ་མོས་མནན། དཀྱིལ་དུ་རྒྱ་ཁབ་ཀྱི་རྩེ་མེ་ལ་བསྲེགས་པ་སོར་གང་ཙམ་སྐྲན་ཐོག་ཏུ་བཏང༌། ཀྲོ་སི་ན་ཞེས་པ་རྡོའི་རྩེ་སྣུམ་ལ་བཅུག་སྟེ་མེ་ལ་བསྲོས་ནས་ཁབ་ཀྱི་ཤུལ་དུ་ཚུགས་ལྟར་མནན་པས་སྐྲན་རིགས་དེ་དག་ལ་ཕན་པར་འགྱུར་རོ། །གྲོ་ཕྱེ་ན་ཁ་རོ་སྤུ་ཆེ། སོ་མ་ར་ཙ། སྤོས་དཀར། རྒྱ་མཚལ། སྦུག་ཆི་རྣམས་ཆ་མཉམ་ཞིབ་པར་བཏགས་པ་ཕྱེ་མེ་ལ་བཏབ་པའི་དུ་བ་བཤང་ལམ་གྱི་ཕར་ཚུར་དུ་གཞང་འབྲུམ་གྱི་མེ་ཏོག་རྒྱས་པའི་ཁར་དུ་བས་བདུགས་པའི་རྗེས་གོང་གི་སེ་དུག་གི་བྱུག་སྨན་དེ་རྨའི་ཁར་ནད་པའི་མཆིལ་མར་སྦྱར་ཏེ་ཕོ་རོག་སྒྲོས་མ་དྲག་པར་བྱུགས་པས་སེལ། སྟོད་ཇ། ཤིང་སོལ། འབུ་སྐྱོགས་མེ་ལ་བསྲེགས་པའི་ཐལ་བ་དེ་གསུམ་ཆ་མཉམ་ཞིབ་པར་བཏགས་པའི་ཕྱེ་མ་བཤང་ལམ་ནང་གི་འབྲུམ་པ་བཅད་རྗེས་ཁྲག་རླུང་གིས་བརྒྱལ་འགྲོ་བ་འཇིགས་མི་དགོས། དེ་རྗེས་ཀྲོ་སེ་ནའི་རྡོའི་རྩེ་སྣུམ་ལ་བཅུག་སྟེ་མེ་ལ་བསྲོས་ནས་ཤིན་ཏུ་ཚ་བར་བྱས་ཏེ་འབྲུམ་པ་བཅད་ཤུལ་བསྲེགས་པའི་རྗེས་གོང་གི་སྨན་སྣ་གསུམ་པོ་སྲིན་བལ་གྱི་སྟེང་དུ་སྣུམ་དང་སྦྱར་ཏེ་ཕོང་གི་ནང་དུ་བཅུག །དེའི་ཁར་རས་ཀྱིས་ཁ་དམ་པར་བསྡམས་ཏེ་མ་གྲག་གི་བར་དུ་བཞག་པས་ཕན་ནོ། །གཞང་སྲིན་ནད་ལ་སེ་དུག་གི་བྱུག་སྨན་གྱི་སྟེང་དུ་ནིམ་བུ་བསྣན་ཏེ་


DTG211_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་པར་བཏགས་པ་ལྕགས་སྣོད་དུ་ནད་པའི་མཆིལ་མ་དང་སྦྱར་བ་གཞང་སྲིན་གྱིས་ཟ་ཕྲུག་གང་བྱེད་པའི་མཐར་མ་གྲག་པར་བྱུགས་ཤིང་སྐམ་པས་སེལ་ལོ། །ཡ་མས་མགོ་བོའི་རྩ་རྒྱུད་གློག་ལྟར་འཁྱུག་པ་ལ་ཡ་ཁུང་གི་རྩ་སྟེང་དང་ལྟག་པའི་སྤུ་འཁྱིལ་གྱི་རྩ་སྟེང་བསྲེགས་པས་ཁྲག་དང་རླུང་ལ་བརྟེན་པའི་ཡ་མའི་རིགས་ལ་ཕན་ནོ། །མིག་ཕྱེ་བའི་རྗེས་ཉིན་དང་པོ་གུ་ཡུ་དང་ནི་ར་མུ་ལི་གཉིས་བརྡར་བའི་ཁུ་བ་མིག་ལ་བྱུགས་ཏེ། དེ་སྟེང་སྲིན་བལ་ཡུང་བའི་ཆུར་སྦངས་ལ་བཀབ། གཉིས་པར་སྐྱུ་རུ་ར་ཤས་ཆེ་བ། ཡུང་བ་ཅུང་ཟད་བརྡར་བའི་ཁུ་བ་མིག་ལ་བྱུགས་སྲིན་བལ་གོང་ལྟར་བཀབ་མིག་གི་ཕྱི་སྐྲངས་ན་ཁ་ཆེ་ཤ་ཁ་མ། སྐྱུ་རུ་ར་སྒ་སེར། གི་རུ་རྣམས་ཆ་མཉམ། ཨ་ཕི་མ་ཅུང་ཟད་སྦྱར་བ་ཞིབ་བཏགས་ཆུ་ལ་སྦྱར་མིག་གི་གང་ན་སར་བྱུགས། མིག་འབྱེ་དུས་གློ་བྱུང་ན་གློ་སྨན་ལ། ཨ་ཛ་ཝ་ན་ཆ་གཉིས། དྷ་ཏུར་ཆ་གཅིག །པི་པི་ལིང་ཆ་ཕྱེད་རྣམས་ཞིབ་པར་བཏགས་པ་ཆུར་སྦྱར་ལ་གྲོ་ཕྱེ་ཅུང་ཟད་བཏབ་ནས་རིལ་བུ་སྲན་མ་ཙམ་སྒྲིལ་བ་ལྟོ་སྟོང་དུ་སོ་རྩག་མཆིལ་མ་དང་ལྷན་དུ་མིད་པས་པན། མིག་འབྱེ་གདོང་དུ་ངར་མ་བཅུང་ཅན་ཟོས་པའི་མིའི་རིས་རྣམས་ལ་ཉིན་ཞག་རེའི་ཟས་ཀྱི་རིགས་བཀག། སྐོམ་ཀྱང་ཅུང་ཟད་ལས་མི་གཏོང༌། རྒན་རྒོན་དང་ཟས་སྐྱ་བའི་རིགས་ལ་མཚན་གང་རེ་གོང་བཞིན་བཀག །མིག་འབྱེད་ཟས་སྤྱོད་སྤྱི་དང་འདྲ། སྐྱུགས་པ་སོགས་བྱུང་ན་རྨ་བྱའི་སྒྲོ་མེར་བསྲེགས་པའི་ཕྱེ་མ་ལུག་རིལ་ཙམ་ཆུ་གྲང་ཧུབ་རེ་དང་སྦྱར་བ་ཁོང་དུ་བཏབ་བས་སྐྱུག་པ་ཐམས་ཅད་ལ་ཕན་ནོ། །མིག་གི་འབྲས་བུ་དམར་པོར་སོང་ན། སྐྱུ་རུ་ར། ཤ་ཆེབ་། སྒ་སེར་ཅུང་ཟད་སྦྱར་བའི་ཁུ་བར་སྲིན་བལ་སྦྱར་ནས་མིག་ལ་བཏབ་པས་ཕན་ནོ། །མིག་གི་འབྲས་བུ་ནག་པོ་དཀར་པོར་སོང་ན་ཕཊ་ཀི་རི་ཞོ་གསུམ། ཚྭ་ཞོ་གཅིག་བཅས་ཞིབ་པར་བཏགས་པའི་ཕྱེ་མ་རྡོའི་སྟེང་དུ་སྣུམ་ཅུང་ཟད་ཙམ་བླུགས་པ་དང་བསྲེས་ཏེ་གོ་ཡུས་འདྲེས་པར་དཀྲུགས་པའི་ཁུ་བ་མིག་སྨན་ལྟར་དཀར་པོའི་སྟེང་དུ་བླུགས་པས་སེལ་ལོ། །མིག་གི་འབྲས་བུའི་ནང་དུ་ཁྲག་གིས་དམར་པོར་སོང་ན། རྡོ་སྟེང་དུ་ཆུ་ཐིགས་པ་གཅིག་བླུག །དེའི་སྟེང་ལན་ཚྭ་ཅུང་ཟད་


DTG211_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར། དེ་སྟེང་གོ་ཡུ་གོང་བཞིན་བརྡར། དེ་སྟེང་དུ་སྣུམ་ཐིགས་གཅིག་བླུག །དེ་རྣམས་གོ་ཡུས་འདྲེས་པར་བརྡར་བའི་ཁུ་བ་མིག་གི་འབྲས་བུའི་སྟེང་དུ་མིག་སྨན་ལྟར་བཏབ་པའི་རྗེས་མིག་བཙུམས་ཏེ་སྲིན་བལ་ལ་སྣུམ་བསྐུས་པར་ཚྭ་ཞིབ་བཏབ་པ་སྲིན་བལ་གྱི་ཕྱི་ལ་སྦྱར་མིག་གི་སྟེང་དུ་རྫས་རྣམས་ཕྱི་ལ་འོང་བ་བྱས་ཏེ་བཀབ་པས་ཕན་ནོ། །འདི་དག་ལག་ལེན་རྒྱ་གར་དབུས་འགྱུར་ཕ་ཏ་ཧའི་ཡུལ་གྲུ་ནས་འོངས་པའི་སྨན་པ་ད་ན་ད་ན་ས་སྟེ། སྦྱིན་པའི་འབངས་ཞེས་པ་ལས་དར་མོ་མཚོ་བྱེད་ཀྱིས་རྙེད་པའོ། །ཏིག་ཏ་ཐང་ཐུན་ཙམ་ཞིག་ཆུ་གྲང་དཀར་ཡོལ་གསུམ་གཉིས་ཙམ་གྱི་ནང་དུ་སྦངས་ལ་ཁ་གཅོད་རྒྱབ། སྐར་མ་མཐོང་སར་ས་རུབ་ནས་ནམ་ལངས་པར་བཞག །ཁུ་བ་ཐོན་ངེས་བྱས་པའི་རོ་མ་ཕོ། །པི་པི་ལིང་ཆེ་ཆུང་འབྲིང་གསུམ་བཏགས་པའི་ཕྱེ་མ་བཏབ་ལ་ཞག་གསུམ་གྱི་བར་བཏུངས་པས་ནད་ཞི་བ་དང༌། དེ་མིན་ཚད་པ་རྙིངས་པའི་རིགས་ལ་ལན་བདུན་བཏང་བས་ཚད་པ་གསར་རྙིངས་ཐམས་ཅད་ལ་མི་ཕན་པ་མེད་དོ། །བུད་མེད་བུ་སྐྱེས་པའི་འོ་མ་ཐུར་མ་གང་ཙམ་ལ་རྒྱ་མཚོའི་ལྦུ་བ་ཞིབ་པར་བཏགས་པ་ཐུན་ཆུང་དུ་ཞིག་བཏབ་ལ། མེ་ལ་འཇམ་ཙམ་བསྲོས་ལ་རྣ་བའི་ནད་ཟུག་མ་གྲག་པར་བླུག་པས་ཕན། སྨན་ཆེན་སྲན་མ་ཙམ། ས་མུ་དྲ་ཕ་ལ་གཅིག་ཞིབ་བཏགས་ཕྱེ་མ་ནས་ཙམ་སྣག་ཁྲག་གང་འཛག་པའི་རྣག་རྣམས་སྲིན་བལ་གྱིས་ཕྱིས། དེ་རྗེས་མ་གྲག་པར་སྐམ་འདེབས་བྱས་པས་ཕན། ཙི་ཏྲ་ཀའམ་ཙི་ཏ་ཞིབ་པར་བཏགས་པ་ཐུན་གསུམ་ཙམ་ཆུ་དཀར་ཡོལ་ཕྱེད་ཙམ་གྱི་ནང་དུ་སྤང་སྟེ་ཁུ་བ་བཙགས་པའི་ཁར་འབུ་སྐྱོགས་མེར་བསྲེགས་པའི་ཐལ་བ་དཀར་པོ་ཐུན་གཅིག་བཏབ་བས་ཆུ་དེ་དམར་པོར་འགྲོ་དེ་བཏུངས་ན་མཆིན་པ། མཚེར་པ། ཕོ་བ་སོགས་ལ་བད་རླུང་གིས་སྤོས་ཏེ་ནད་ཟུག་བྱེད་པ་ལ་ཕན་ཞིང་ཁ་དོག་དམར་སེར་དུ་འགྲིམ་འོད། ཟས་སྤྱོད་རྩམ་པ་ཇ་འབྲས། གྲོ་བག་མ་གཏོགས་གཞན་མའི་རིགས་འཛེམ་སྨན་ཞག་གསུམ་བར་བསྟེན་དགོས། འུ་སུ་དང་འཇག་མ་རྙིངས་པ་ཆ་མཉམ་ནུབ་གཅིག་སྤངས་པའི་ཁུ་བ་བཙགས་པར་བྱེ་དཀར་ཆ་གཅིག་བཏབ་པ་བཏུངས་པས་ཆུ་ལམ་ཚ་ཤར་བྱེད་པ་དང་ས་བོན་དཀར་དམར་འཛག་པ་ལ་ཕན་ནོ།།


DTG211_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ ག་ལ་ཨ་ཋ་གྷནྷས་བྲིས་ཞེས་པ། གུར་གུམ་གླ་རྩི་ག་བུར་གི་ཧཾ་ཙནྡན་དཀར་དམར། ཨ་ཀ་རུ། ཨ་ཀ་ར། གོ་སྙོད་མ་རྣམས་ལ། ཨ་ཋ་གྷནྷ་ས་གཟེར་རོ། །འཁོར་ལོ་གཉིས་བྲིས་གཅིག་མགུལ་དུ་གདགས་གཅིག་ཆུ་ལ་བཀྲུས་ནས་གྲོག་ཕྱིར་ཕྱུང་ལ་བཀྲུས་པའི་ཆུ་དེ་རང་ཉིད་འཐུངས་པས་དུག་ལས་རྣམ་པར་རྒྱལ་ལོ། །དོན་གཉིས་ འཁོར་ལོ། །༈ གོང་འདྲ་མགུལ་ལམ་རྐེད་པའམ་དཔུང་པ་ལ་གདམས་ན། འགྲོན་པོ་སླར་ལོག་ཡོང་ཞིང་ཡུལ་གཞན་པར་མི་འདོད་བའི་ཐབས་སོ། །བརྒྱ་བཞིའི་ འཁོར་ལོ། ༈ གོང་ འདྲ་མགུལ་དུ་གདགས་ན་གསོན་འདྲེ་འི་གནོད་པ་ཐམས་ཅད་ཐུབ། གཅིག་ཆུས་བཀྲུས་ནས་འཐུངས་ན་ཕན་ནོ། །༈ འདི་མགུལ་དུ་གདགས་ན་འདྲེ་གདོན་མཐའ་དག་ལས་རྣམ་པར་རྒྱལ་ ལོ། ༈ །གོང་འདྲ་སྙིང་གར་གདགས་ན་མདའ་མི་ཕོག་པའི་གདམས་པའོ། །སོ་བརྒྱད་འཁོར་ལོ། ༈ གོང་དང་འདྲ་བའི་འཁོར་ལོ་མདའ་དུང་གི་སྒབ་ལ་གདགས་ནས་བུས་ན་ཕ་རོལ་པོ་འཕམ་ཞིང་རང་ཕྱོགས་རྒྱལ་ལོ།། །།


DTG211_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་འཁོར་ལོ། ༈ ། གོང་འདྲ་འཁོར་ལོ། །བུད་མེད་ཁྱོ་ལ་བློ་མི་གཏོད་པ་ལ་གདགས་ན་བློ་གཏོད་པར་འགྱུར་རོ། །དོན་ལྔ་འཁོར་ལོ། ༈ །གོང་འདྲ་མགུལ་དུ་གདགས་ན། རླུང་གི་ནད་ཀྱིས་གཟུགས་པོའི་མགོ་མཇུག་ཐམས་ཅད་དུ་སྲིན་བུ་རྒྱུགས་པ་ལྟར་ཁྱུགས་པ་ལ་ཕན་ནོ། ། ཉི་ཤུ་བཞིའི་འཁོར་ལོ། །༈ འདི་ཞིང་གི་ཟུར་བཞིར་གདགས་ན་བཙའ་སད་སེར་བ་སོགས་ལོ་ཐོག་ལ་གནོད་པ་མི་ འབྱུང་ངོ༌། །བརྒྱ་དང་བརྒྱད་ཅུའི་འཁོར་ལོ། །༈གོང་འདྲ་ནས་སོགས་ཀྱི་བོང་མཛོད་ནང་དུ་བཅུག་ན་རུལ་བ་སོགས་དྲི། མི་མན་མ་པའི་ཐབས་སོ། །ཡང་འདི་གདགས་ན་ནག་ཅན་བཙོན་ནང་ནས་འཐོན་ནོ། འབུམ་འཁོར་ལོ། །༈ གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་རྐེད་པ་ལ་གདགས་ནས་མདུན་ཕྱོགས་སུ་འོངས་པ་བྱམ་ན་བུད་མེད་བུ་མི་ཆགས་པར་བཤད་དོ། །བརྒྱ་ཉི་ཤུ་འཁོར་ལོ། ༈ །སུ་ཧྲུག་ལ་ཁབ་ཀྱིས་འཁོར་ལོ་བྲིས་ནས་ཁྱོའམ་སྐྱེས་སྨན་ཕྱི་དང་མཐུན་ནང་དུ་མི་མཐུན་ན་སོ་སོར་གཉིས་ ཀར་གདགས་ན་མཐུན་པར་འགྱུར་རོ། །དོན་དྲུག་འཁོར་ལོ། ། གོང་འདྲ་བྲིས་ནས་གཡག་གི་རྭ་འམ་ཟེ་བར་གདགས་ན་ཁ་ཚ་ཟེར་བའི་ཕྱུགས་ནད་ལ་ཕན་ནོ། །སོ་གཉིས་འཁོར་ལོ། ༈ །གོང་འདྲ་ཕྲུ་གུ་ཉིན་མཚན་དུ་དུ་བར་མགུལ་དུ་གདགས་ན་ཕན་ནོ། །བཞི་བཅུ་འཁོར་ལོ་།།


DTG211_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། ༈ གོང་ འདྲ། ནང་གི་ཟུར་བཞིར་གདགས་ན། མི་ཤི་ནས་འདྲེར་སྐྱེས་ནས་གནོད་པ་བྱེད་པ་མཐའ་དག་ཞི་བར་འགྱུར་རོ། །དོན་གཉིས་འཁོར་ལོ། ༈ །ཤིང་རྡོ་ཏིའི་མྱུ་གུས་གི་ཧཾ་ཙནྡན་དམར་པོ་ཕོ་རོག་ཁྲག་གིས་བོང་བུའི་པགས་པ་ལ་བྲིས་རྐང་པ་ལ་གདགས་ ན། གཞན་གྱིས་མི་མཐོང་ངོ༌། སྒྲིབ་ཤིང་ཡིན་ནོ། །༈ གོང་འདྲ་རྐེད་པ་ལ་གདག་ནད་པ་གན་རྒྱལ་དུ་ཉལ་ནས་གང་ན་སར། ཟངས་ ལྕགས་ཀྱི་སྣོད་གང་རུང་གི་ནྔ་དུ་འཁོར་ལོ་གཅིག་མེ་ལ་བསྲེགས་ནས་ཆུ་བསྲེས་ཏེ་ཁོང་དུ་བཏང་ན། སྲིན་ནད་ཀྱི་རིགས་མཐའ་དག་ལ་ཕན་ནོ། །གཅིག་གིས་མ་ཕན་སླར་གང་དགོས་བསྐྱར་རོ། །༈ གོང་འདྲ་ཞིང་གི་ཟུར་བཞིར་ཤིང་གི་མགོ་ལ་གདགས་ན་འབྲུ་ལ་གནོད་པ་དང་ནད་མི་འབྱུང་ངོ༌། །དོན་བརྒྱད་འཁོར་ ལོ། ༈ གོང་འདྲ་བ་ལ་། མཚོན་གྱི་རྨས་བྱུང་ན། རྨ་གང་བྱུང་ངུ་འཁོར་ལོ་འདི་གདགས་ན་རུལ་མི་འོང་ཞིང༌། །དྲི་ངན་པ་མི་འབྱུང་ངོ༌། ལྔ་བཅུ་དགུའི་འཁོར་ལོ། ༈ གོང་འདྲ་རྐང་པ་ལ་གདགས་ན་འགྲུལ་དྲག་པོ་ཕྱིན་ཀྱང་རྐང་པ་ན་མི་ནུས་པའི་གདམས་པའོ། །བཅུ་དགུ་འཁོར་ལོ་། ༈ གོང་འདྲ་རྣ་མཆོག་གང་ན་པའི་ཕྱོགས་ སུ་གདགས་ན་ཤིན་ཏུ་ཕན་པ་མྱོང་གྲུབ་ལགས་སོ། །ཁུར་པོ་ཁུར་ནས་དུབ་མི་ཡོང་བ་ལ་ཕན་ནོ། །ལྔ་བཅུ་བཞིའི་འཁོར་ལོ། ༈ གོང་འདྲ་ལྟེ་བ་གཅུས་ན་བ་ལ་ཕན་པར་བྱེད་དེ་ལྟེ་བར་གདགས་ན་ཕན་པར་འགྱུར་རོ། །བརྒྱ་ཉེར་གསུམ་འཁོར་ལོ་།།


DTG211_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

༈ འདིར་བྲིས་ནས། སྨན་ཁུག་གམ། སྒྲོ་བའི་ནང་དུ་གདགས་ན་ནོར་རྫས་འབད་མེད་དུ་འབྱུང་ངོ༌། །རེ་ལྔ་འཁོར་ལོ། ༈ འདི་མགུལ་དུ་གདགས་ན། གཉིད་དུ་སོང་དུས་སྡུར་པ་མི་འབྱུང་བའི་གདམས་པ་ཨི་ཐི། ༈ འདི་སྐེད་པ་ལ་གདགས་ན་ཤ་ བཀྲ་ཁྲག་དང་ མཁྲིས་པ་ལ་བརྟེན་ནས་བྱུང་ན་ཕན་པར་འགྱུར་རོ། །ཉིས་བརྒྱ་གསུམ་འཁོར་ལོ། འདི་བྱིས་པ་ཉིན་མཚན་རྟག་ཏུ་མི་ཉན་པར་དུ་བ་ལ་མགུལ་དུ་གདགས་ན་ཉན་པར་བཤད་དོ། །བརྒྱ་བདུན་ཅུ་འཁོར་ལོ། །༈གོང་འདྲ་རྒྱལ་པོ་གཅིག་གིས་གཅིག་ཆོམ་ནས་མི་ནོར་ཤོར་ན་སླར་མི་གཅིག་ལ་མགུལ་ དུ་གདགས་ན། དགྲ་དེའི་ཡུལ་དུ་བཏ་ངན་མི་ནོར་རྣམས་ལོག་པར་འགྱུར་རོ། །དོན་གཉིས་འཁོར་ལོ། །༈ །གྲོ་ག་ལ་གོང་འདྲ་བྲིས་མགུལ་དུ་གདགས་ན་གསོན་འདྲེ་མོའི་གནོད་པ་མི་འབྱུང་བར་ངེས་སོ་། །༈ །གོང་འདྲ་མགུལ་དུ་གདགས་ན་ཚད་པས་ཉིན་རེ་ཐུ་ ཉིན་རེ་བདེ་པ་ལ་ཕན་ནོ། །བརྒྱ་དྲུག་ཅུའི་འཁོར་ལོ། །༈ །གོང་འདྲ་མགུལ་དུ་གདགས། རྫ་འདམ་ལ་འཁོར་ལོ་འདི་བཞིན་བྲིས་ནས་རྫ་འདམ་རིམ་བཞིན་བཅག་པས་དཀྱིལ་དུ་ཁྱི་སྨྱོན་གང་གིས་འཇུས་པའི་ཁ་དོག་དང་མཐུན་པའི་སྤུ་འོངས་པས། དེས་ཁྱི་སྨྱོན་གྱི་དུག་ལས་གྲོལ་ལོ། །གལ་ཏེ་མ་བྱུང་ན་སླར་བསྐྱར་ པས་ཕན་ནོ།།


DTG211_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་འདི་རྐེ་ལ་གདགས་ན། ཕྱོགས་གང་དང་གང་དུ་འགྲོན་འདྲེ་གདོན་གྱི་གནོད་པས་མི་ཚུགས་སོ། ། ལྔ་བཅུ་དྲུག་གི་འཁོར་ལོ། ༈འཁོར་ལོ་འདི་ཞིང་གི་ཟུར་བཞིར་གདགས་ན་ཐེན་པས་ཚིག་འགྲོ་མི་ནུས་པར་བཤད་དོ། །བརྒྱ་ལྔ་བཅུའི་འཁོར་ལོ། །༈ འཁོར་ལོ་འདི་མགུལ་ལམ་ལག་པ་གཡོན་དང་རྐེད་པ་གསུམ་ལ་གདགས་ན་མདའ་ཡོལ་འགྲོ། །བརྒྱ་ཉི་ཤུའུ་འཁོར་ལོ། ༈ འདི་མགུལ་དུ་གདགས་ན། བཟའ་མི་མི་མཐུན་བ་ལ་མཐུན་པར་འགྱུར་བ་ཡིན། གཞན་མི་མཐུན་པ་མཐའ་ དག་མཐུན་ནོ། །ལྔ་བཅུ་ང་དྲུག་འཁོར་ལོ། །༈ འཁོར་ལོ་འདི་མགུལ་དུ་གདགས་ན་གཉིས་ཀྱི་ནང་དུ་དངངས་སྐྲག་འོང་བ་ལ་ཕན་ནོ། །འཁོར་ལོ་འདི་གདགས་ ན་ཕྲུ་གུ་སྐྱེ་མ་ཐུབ་པ་ལ་སྐྱེ་ཐུབ་པའི་གདམས་པའོ། །སྟོང་ཕྲག་འཁོར་ལོ། ༈ འཁོར་ལོ་འདི་ཞོ་བ་སྲུབས་ཀྱི་ཡུ་བ་ལ་གདགས་ན་དཀར་ལ་གནོད་པ་མི་འབྱུང་བར་འགྱུར་རོ། །བརྒྱ་བཅུའི་འཁོར་ལོ། ༈ འཁོར་ལོ་འདི་རྐེད་པ་ལ་ གདགས་ནས་མདུན་ཕྱོགས་སུ་འོང་བ་བྱས་ན། བུད་མེད་བུ་ཡང་ཡང་ཤར་འགྲོ་བར། གཟའ་ཉི་མའི་ཉིན་ཚེས་ཉེར་དགུ་ལ་བྲིས་ནས་གདགས་ན་བུ་ཆགས་པར་འགྱུར་རོ། ༈ གྲོག་ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་དུ་གདགས་ན། ཚད་པའི་རིགས་མཐའ་དག་ལ་ཕན་ནོ། །བརྒྱ་བཅུའི་འཁོར་ལོ།།


DTG211_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཁོར་ལོ་འདི་གྲོ་ག་ལ་ཨ་ཋ་གྷནྷས་གཟའ་ཉི་མའི་ཉིན་ནས་མགུལ་དུ་གདགས་ན། ཁ་ཟས་རྙེད་པར་བཤད་དོ། །ཉེར་བརྒྱད་འཁོར་ལོ། ༈ གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་སྒོ་ཐོག་དུ་གདགས་ན། ཁྲལ་འུ་ལག་ཉུང་བའི་གདམས་པའོ། །དྲུག་ཅུ་འཁོར་ལོ། ༈ འཁོར་ལོ་འདི་ མགུལ་དུ་གདགས་ན་མི་གཞན་གྱི་སེམས་འགྲོ་ཞིང་བྱམས་པར་འགྱུར་རོ། །བརྒྱད་བརྒྱ་གོ་གཉིས་འཁོར་ལོ། ༈ འཁོར་ལོ་འདི་བྲིས་ནས། ཞོ་སྲུབས་ ཀྱི་ཡུ་བ་ལ་གདགས་ན་དཀར་གྱི་གནོད་པ་ཐམས་ཅད་ཐུབ་བོ། །སུམ་ཅུ་གཉིས་འཁོར་ལོ་༈ གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་དུ་ གདགས་ན། ལྷ་དང་བླ་མ་དཔོན་པོའི་ཐུགས་རྗེས་འཛིན། ལག་པ་ལ་གདགས་ན་ཚད་པའི་རིགས་ལ་ཕན་ནོ། །སུ་ཧྲུག་ལ་ཁྲག་གིས་བྲིས་ནས་གདགས་ན་མཛེ་ནད་ལ་ཕན་ནོ། །བརྒྱ་བཅུ་འཁོར་ལོ། ༈ འཁོར་ལོ་འདི་བཞིན་བྲིས་ལ་ཐུམ་སྐོགས་དར་དཀར་དམར་སེར་ལྗང་བཞིས་གཏུམས་ལ་ཕྱོགས་བཞིར་བཙུགས་ན། ཆོམ་རྐུན་ལས་རྣམ་ པར་རྒྱལ་ལོ། །དྲུག་ཅུ་རྩ་བཞིའི་འཁོར་ལོ། ༈ འཁོར་ལོ་འདི་སྤྱི་གཙུག་ཏུ་གདགས་ན། ཁ་མཆུ་ལས་རྒྱལ་ལོ། ༈ འཁོར་ལོ་འདི་རྐེད་པ་ལ་གདགས་ན། བད་ཀན་རླུང་གིས་བེ་སྣབས་ཁྲུ་བ་ལ་ཕན་ནོ། །ཉིས་བརྒྱ་འཁོར་ལོ། ༈ །འཁོར་ལོ་འདི་མགུལ་དུ་


DTG211_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་། གཅིག་གཏིང་གི་ལོགས་ལ་འཁོར་ལོ་ལྟར་བྲིས་ནས་ཆུས་བཀྲུས་ལ་ཁུ་བ་འཐུངས་ན། བུ་སྐྱེ་མ་ཐུབ་པ་ལ་ཕན་ནོ། བཞི་བཅུ་བཞིའི་འཁོར་ལོ། ༈ འཁོར་ལོ་འདི་གྲོ་ག་ལ་ཨ་ཋ་གྷནྷས་བྲིས། མགུལ་དུ་གདགས་ན་ལམ་བར་ལ་རྐང་པ་མིན་ཁྱིས་མི་འཆའ་བའི་གདམས་པའོ་ བཞིའི་འཁོར་ལོ། ༈ འཁོར་ལོ་འདི་ གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་དུ་གདགས་ན་རུང་ཡ་མས་མགོན་བ་ལ་མཆོག་ཏུ་ཕན་པར་བཤད་དོ། །དྲུག་ཅུ་རེ་གཉིས་འཁོར་ལོ། །༈འཁོར་ལོ་འདི་གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས། གདགས་ན་ཕོ་བ་བད་རླུང་གི་ནད་རྣམས་ལ་ཕན་པར་ འགྱུར་རོ། །ཉི་ཤུ་འཁོ་རློ། །༈ འཁོར་ལོ་འདི་གྲོ་གར་ཙནྡན་དཀར་དམར་དང་གུར་གུམ་གྱིས་བྲིས་ནས་གདགས་ན་ཁྲག་རླུང་གིས་མགོ་ན་བ་ལ་མཆོག་ཏུ་བཤད་དོ། །བཞི་བཅུ་འཁོར་ལོ། །༈ འཁོར་ལོ་འདི་གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་རྐེད་པ་ལ་གདགས་ན། བཤལ་བ་བཅད་པའི་མཆོག་གོ །ཞེ་བརྒྱད་འཁོར་ལོ། ༈ འཁོར་ལོ་འདི་གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་དུ་གདགས་ན། འཁྲུ་བ་མི་ཕེབས་པར་ལྟེ་བ་ན་བ་ལ་ཕན་ནོ། །བརྒྱ་ སོ་གཉིས་འཁོར་ལོ། ༈ འཁོར་ལོ་འདི་གྲོ་ག་ལ་བྲིས་ནས་མགུལ་དུ་གདགས་ན་སི་བའི་རིགས་ལ་ཕན་ནོ། །བརྒྱ་བརྒྱད་འཁོ་རློ། ༈ འཁོར་ལོ་འདི་གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་དུ་དུད་འགྲོའི་རིགས་མཐའ་དག་ལ་བཏགས་ན་གཅན་གཟན་གྱི་གནོད་པ་ལས་རྣམ་པར་རྒྱལ་ལོ། །དགུང་ཅུ་གཉིས་


DTG211_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ འཁོར་ལོ་འདི་གྲོ་ག་ ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་ལམ་ལག་པར་གདགས་ན། ཆོས་སྐད་དང་རིགས་ལུང་སོགས་རྒྱལ་བ་དང༌། བློ་གསལ་བའི་གདམས་པའོ། །སྟོང་ཕྲག་བཞིའི་འཁོར་ལོ། ༈ །གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་ཁང་ ཁྱིམ་གྱི་ཟུར་བཞིར་འཁོར་ལོ་གདགས་ནས། སྐྲད་རྙིང་གི་དུད་པ་བཏང་ན། འདྲེ་གདོན་གྱི་གནོད་པས་མི་ཚུགས་སོ། །བརྒྱ་ཉེར་གཉིས་འཁོར་ལོ། །༈ གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་དུ་གདགས་ན་གཟའ་ནད་ཕུར་བུས་གཟུང་བ་ལ་ཕན་ནོ། །སུམ་ ཅུ་འཁོར་ལོ། །༈ གྲོ་ག་ལ་ཨ་ཋ་གྷནྷས་བྲིས་ནས་མགུལ་དུ་གདགས་ན་ནད་རིགས་མཐའ་དག་ལ་སྔར་ནས་ཀྱི་ནད་གཞི་མེད་པར་འགྱུར། ཕྱིས་ནད་རིགས་མི་འབྱུང་བའི་གདམས་པ་ཨི་ཐི། བརྒྱ་དགུ་བཅུ་འཁོར་ལོ། ༈ །གྲོ་ག་ལ་ཨ་ཋ་གྷནྷ་ས་བྲིས་ནས། མགུལ་དུ་གདགས་ན། མཐུ་གཏད་ཀྱིས་གླགས་མི་རྙེད་དོ། །བརྒྱ་དང་ གྱ་གཉིས་འཁོར་ལོ། ༈ འཁོར་ལོ་འདི་ཤོག་བུར་བྲིས་ཏེ་མགུལ་དུ་གདགས་ན། སོ་ནད་ཀྱི་རིགས་མཐའ་དག་ལ་ཕན་ནོ། །༈ གྲོ་ག་ལ་ཨ་ཋ་གྷནྷས་བྲིས་མགུལ་དུ་གདགས་ན། གཉིད་ཀྱི་ནང་དུ་གད་མོ་འོང་བ་ལ་ཕན་ ནོ། ༈ །གྲོ་ག་ལ་ཨ་ཋ་


DTG211_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གྷནྷས་བྲིས། འཁོར་ལོ་གཉིས་བཅོས་ནས། གཅིག་མགུལ་དུ་གདགས་ན། གཅིག་མེ་ལ་བསྲེགས་ནས་དུད་པ་བཏང་ན། བད་རླུང་གིས་གཟེར་བ་ལ་ཕན་ནོ། ༈ །འདི་རྫས་གོང་འདྲ་ནས་སོ་ན་ན་སོའི་བར་དུ་སྟེམས་ན་སོ་ནད་མཐའ་དག་ལ་ཕན་ནོ། །༈ གོང་འདྲ་མགུལ་དུ་གདགས་ན། ནད་པ་ལ་རི་ཐང་མཚམས་སམ་གདོན་སོགས་ཀྱིས་སྨྱོ་ལབ་བྱེད་ཕན་ནོ། ཉེར་དགུའི་འཁོར་ལོ། །༈ འཁོར་ལོ་འདི་མགུལ་དུ་གདགས་ན་འདྲེའི་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་ བཤད་དོ། །བརྒྱད་ཅུ་གྱ་གཅིག་འཁོར་ལོ། །༈།འཁོར་ལོ་འདི་མགུལ་དུ་གདགས་ན། བསམ་པ་ངན་པ་མི་འཆང་བར་འགྱུར་ཞིང་སེམས་བསྐྱེད་ཆེ་བར་བཤད་དོ། །།སོ་གཉིས་འཁོར་ལོ། ༈ །འཁོར་ལོ་འདི་གཅིག་མགུལ་དུ་གདགས་གཅིག་ཆུས་བཀྲུས་ནས་ཁུ་བ་འཐུངས་པ་དང༌། གྲོ་ག་དང་གུ་གུལ་མེ་ལ་བསྲེགས་ནས་དུད་པ་བཏང་ངོ༌། །དེས་མི་འགྲོ་ན་འགྲོ་མི་འདོད་སྡོད་ན་སྡོད་སྙིང་མི་འདོད་པས་ལས་མི་ནུས་པ་ལ་ཕན་ནོ། ༈། འཁོར་ལོ་འདི་རྐེད་པ་ལ་གདགས་ན་དམར་བཤལ་གྱི་ནད་ལ་ཕན་ནོ། །ཁྲག་སྟོད་དུ་རླུང་གིས་བུས་ནས་མགོ་བོ་ན་བ་ལ་ཕན་པར་བཤད་དོ། །སོ་བདུན་འཁོར་ལོ། ༈ འཁོར་ལོ་འདི་མགུལ་ལམ་ལག་པར་གདགས་ན། རང་གི་བུད་མེད་བློ་ཕྱིར་ཁྱེར་ནས་ཁྱོ་གཞན་མ་ཚོལ་ན་ཕན་ནོ། །ལྔ་བཅུ་ལྔ་ འཁོར་ལོ། །


DTG211_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

༈ གོང་འདྲ། [29, 22, 28, 25, 31, 28, 25, 31, 23] ༈ གོང་འདྲ་ཞིང་ལ་ཕན་ནོ། །


previousའཕགས་ཡུལ་ཕ་ཧའི་སྨན་པ་དཱ་ན་དཱ་སའི་སྨན་བཅོས། next