Nitartha Digital Library
Tibetan
༄༅། །ཡང་ཟབ་དཀོན་མཆོག་སྤྱི་འུདས་ཀྱི་སྨད་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ།

1 occurrence of འར་བ་
[Clear Hits]


 
ཡང་ཟབ་དཀོན་མཆོག་སྤྱི་འུདས་ཀྱི་སྨད་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ།


1 occurrence of འར་བ་
[Clear Hits]

 
no previousཡང་ཟབ་དཀོན་མཆོག་སྤྱི་འུདས་ཀྱི་སྨད་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ།no next

ཡང་ཟབ་དཀོན་མཆོག་སྤྱི་འུདས་ཀྱི་སྨད་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ།

ཡང་ཟབ་དཀོན་མཆོག་སྤྱི་འུདས་ཀྱི་སྨད་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ།

ན་མོ་གུ་རུ་པདྨ་ཀཱ་ར་ཡོ། འདིར་དཀོན་མཆོག་སྤྱི་འདུས་བཟློག་པ་བཅའ་བའི་ཕྱག་ལིན་ནི། ཡར་གཞི་གོང་གཏོར་སྨན་རག་ཉིར་སྤྱོད་ཚོགས་གཏོར་འབུལ་རྣམས་མཐོང་བ་བརྒྱུད་པ་ལྟར་བཤམས། མར་གཞི་མདོས་གདན་གྱི་སྟེང་དུ་ལྕགས་སྣོད་འདེམ་ཞལ་ནག་པོ་བྱས་པའི་ཐོག་རྒྱུ་འཁོར་ལོ་རྩིབ་བརྒྱད་བྲིས་པའི་ལྟེ་བར་གྲུ་གསུམ་བྲུས་པར་ལོང་ག་བཅས་པའི་སྟེང་དུ་གཙོ་བོ་དྲག་པོ་ལ་དམར་གཏོར་ཆེད་གཡོན་དུ་དེ་བས་ཆུང་བ་སེང་གདོང་མ། དེ་རྒྱབ་འཁོར་གྱི་གཏོར་མ་བརྒྱད་བཅས་ལ་བསྐོར། གཙོ་བོ་ལ་གཙང་དགུ་རི་འཁོར་རྣམས་ལ་གསུམ་རེ། ཙཀ་ལི་གཏོར་གདུགས་དང་བཅས་བཙུག མཐར་གཙང་ཉེར་བརྒྱད་སྒོ་གཙང་དང་བཅས་པ་ཕྱག་ལེན་ལྟར་བཙུག སྔོ་དམར་ཐག་པས་དཀྲིས། མདུན་དུ་སྨན་རག་ཉེར་སྤྱོད་ལིང ག་གཏོར་མཆུང་དང་བཅས་པ་བཤམས། སྐྱབས་སེམས་ནས་དཀར་་་་བཏང་ལ་སྤྱི་འདུས་ཞི་བའི་བསྙེན་འཚམས་བར་རོ། ཧཱུྃ། བདག་ཉིད་པདྨ་འོད་འབར་ཐུགས་ཀ་རུ། གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱིཿ མཐའ་མ་བཛྲ་

གུ་རུའི་སྔགས་ཕྲེང་ནི། གཡོན་དུ་བཀོད་ནས་གཡས་སུ་འཁོར་བ་ལས། འོད་ཀྱི་པདྨ་འདོ་ཞིང་ལ་སོགས་པའི། ཕྱོགས་བཅུའི་ཞིང ་ནས་དཀོན་མཆོག་རྩ་གསུམ་རྣམས། གུ་རུ་པདྨ་འདོ་འབར་རྣམ་པ་རུ། ཆར་ལྟར་བབ་ནས་བདག་ལ་ཐིམ་པ་ཡི། དབང་དང་བྱིན་རླབས་དངོས་གྲུབ་ཐོས་པར་གྱུར། ༀ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བསྙེན་པ་སྟོང་བཟླས། སླར་ཡང་གུ་རུའི་དཔྲལ་བར་ཟླ་བའི་སྟེང་། ༀ་ཡིག་དཀར་པོའི་མཐའ་མར་སྔགས་ཕྲེང་ནི། གཡས་སུ་འཁོར་བས་འོད་ཟེར་ཟླ་ཤར་ལྟར། ཕྱོགས་བཅུར་འཕྲོས་པས་བདག་དང་བསྲུང་བྱ་ཡི། སྒྲིབས་གཉིས་བག་ཆགས་ནད་གདོན་སྡིག་སྒྲིབས་རྣམས། མུན་པར་ཉི་ཤར་ལྟ་བུར་སངས་ཀྱིས་དག ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྒྲིབ་གཉིས་བག་ཆགས་ནད་གདོན་བར་

ཆད་ཐམས་ཅད་ཤིནྟཾ་ཀུ་རུ་ཡོ་སྭཱ་ཧཱ༔ ཞེས་ཉིར་གཅིག་ཙམ་བཟླས། དེ་ནས། རང་ཉིད་པདྨ་འོད་འབར་གནས་འགྱུར་ནས། གུ་རུ་དྲག་པོ་དམར་ནག་ཞལ་གཅིག་པ། ཁྲོ་གཏུམ་ཕྱག་གཉིས་རྡོ་རྗེ་སྡིག་པ་བསྣམས། ཁྲོ་ཆས་ཡོངས་རྫོགས་ཞབས་གཉིས་མདོར་ཐབས་ཀྱིས། པད་ཉིད་དགྲེགས་བསྣོལ་བའི་ཁྲི་ལས་འགྱིངས། སྤྱི་བོར་འཇའ་ཚོན་སྣ་ལྔའི་དགུར་ཁྱིམ་དབུས། པདྨ་འོད་འབར་རིགས་བདག་ཚུལ་དུ་གསལ། ཧཱུྃ་ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འདོ་འབད་སྐད་ཅིག་ལ༔ རྔམས་བརྗིད་ཁྲོས་པའི། སོགས༴ དྲག་པོ་འདོན། རང་ཉིད་གུ་རུ་དྲག་པོས་ཐུགས་ཀ་རུ། ཉི་སྡེང་ཧཱུྃ་ཡིག་དམར་པོའི་མཐའ་མ་རུ། དྲག་སྔགས་གཡོན་བཀོད་གཡས་སུ་དྲག་ཏུ་འཁོར། དེ་ཡི་འོད་ཀྱི་ཕྱོགས་བཅུའི་རྩ་གསུམ་ལྷ། མཆོད་ཅིང་གུ་རུ་དྲག་པོའི་རྣམ་པ་རུ། ཆར་ལྟར་བན་ནས་རང ་ལ་སིབ་སིབ་ཐིམ། མཐུ་སྟོབས་བྱིན་རླབས་ནུས་མཐུ་ཕུན་ཚོགས་གྱུར། ༀ་ཨཱཿཧཱུྃ། ཨ་རྩིག་ནོད་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཞེས་ཕྲིང་སྐོར་ལྔ་བཟློས།

དེ་ནས། དེ་ནས་གུ་རུ་དྲག་པོ་གནས་འགྱུར་ནས། མཁའ་འགྲོ་སེང་གདོང་སེང་ཞལ་ཟླ་ལྟར་དཀར། ནམ་མཁའི་མདོག་ལྡན་གྲི་གུག་ཐོད་ཁྲག་བསྣམས། གཅོར་བུ་རུས་པའི་རྒྱན་དྲུག་དག་གིས་བརྒྱན། གཡོན་བརྐྱང་པད་ཉི་བམ་རོའི་གདན་ལ་འགྱིངས། གཡོན་གྱི་གྲུ་མོར་ཁཊྭཱམ་ག་བཏྟེན་ཅིང་། སྤྱི་བོར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། རིགས་བདག་ཚུར་དུ་པདྨ་འདོ་འབར་གསལ། ཐུགས་དཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་ནི། པད་ཉིའི་གདན་ལ་གུ་རུ་དྲག་པོར་གསལ། ཧཱུྃ་བྷྱོཿ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ༴ སོགས། སེང་གདོན་མ་འདོན། ཐུགས་དཀར་ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། ཉི་སྟེང་བྷྱོཿཡིག་མཐའ་མར་སྔགས་ཕྲེང་ནི། གཡས་སུ་བཀོད་དེ་གཡོན་དུ་འཁོར་བ་ཡིས། འདོ་ཀྱི་ཕྱོགས་བཅུའི་རྩ་གསུམ་ལྷ་ཚོགས་རྣམས། སེང་གདོང་མཁའ་འགྲོའི་སྐུར་གྱུར་ཆར་ལྟར་བབས། བདག་ལ་ཐིམ་པས་མཐུ་སྟོབས་ཕུན་ཚོགས་ཡུར། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཕྲིང་སྐོར། ལྔ་བཟླས། དེ་ནས་

མདུན་གྱི་གཏོར་མདོས་བྲན་ལ། ཕཊཿ མདོས་བཞི་བདུད་པོ་མ་ཏྲཾ་རུ་དྲ་གསལ། ཁམས་སུམ་ལས་ཉོན་བསྡིམ་པས་དུག་ལྔ་རྒྱས། བདག་བསྐྱེད་མཚོན་ཆའི་ཆར་བབས་ཕུང་ཁམས་ནི། ཁྲོལ་གྱི་ཞིག་པས་ལྤགས་པ་མེ་ཕྲེང་དང་། རྡོ་ར་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས། བྲང་རུས་ཧོམ་ཁུང་གནོད་བྱེད་གསལ་བའི་སྟེང་། རྩིབ་ཁོག་ཐོད་མཁར་གྲུ་བཞི་སྒོ་བཞི་པ། རྒྱན་དང་ཏྟ་བབས་མཚན་ཉིད་ཡོངས་རྫོགས་དབུས། འཁོར་ལོ་རྩིབ་བརྒྱད་ལྟེ་བར་པ་ཉིའི་སྟེང་། བདུད་བཞི་བྱད་མ་ཕོ་མོ་བསྣོལ་བའི་སྟེང་། ཧཱུྃ་བྷྱོཿཡོངས་གྱུར་འདོ་འཕྲོས་དོན་གཉིས་བྱས། ཚུར་འདུས་སྐད་ཅིག་ཡོངས་སུ་གྱུར་པ་ལས། གཡས་སུ་གུ་རུ་དྲག་པོ་སྐུ་མདོག་མར། ཟུར་ཞལ་གཡོན་གཟིགས་ཞབས་གཉིས་མདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཏྲུམ་ཏྲུམ་གསོལ༔ སྤྱན་གསུམ་དམར་ཟླུམ་གདངས་མིག་ཕྱོགས་བཅུར་འཁྱིལ༔ དྲོག་པ་ཕོ་མོ་འདར་ཞིང་དངངས་པར་བྱེད༔ ཤངས་ནས་རླུང་

འཚུབས་འབྲུག་སྒྲ་ལྡིར་བ་ཡིས༔ ཁམས་སུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ རལ་པ་ཁམས་ནག་ནམ་མཁའི་དབྱིངས་སུ་བསྐྲེངས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་རློག༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྗེས་མཐའ་དམག་བཟློག༔ གཡོན་པས་ལྕགས་སྡིག་ནག་པོ་སྤྲུལ་པ་འགྱེད༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྡོང་མཛད་མགོ་ཕྲོང་ལྔ་བཅུས་བརྒྱན༔ གླང་ཆེན་ལྐོ་རློན་སྟོབས་བཅུ་ལྷུན་གྱིས་རློབས༔ སྟགས་ཤམས་དང་རྒྱལ་དྲོག་པ་དབང་དུ་སྡུད༔ རིན་ཆེན་རུས་བརྒྱད་མཁའ་འགྲོ་རོལ་དུ་ཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚྭ་འཕྲོ༔ མོ་དུང་ཟེར་གྱི་ཚྭ་ཚྭ་སྐར་ལྟར་འཁྲུག༔ གཡོན་དུ་ཡུམ་མཆོག་སེང་གདོང་སྐུ་མདོག་མཐིང ་༔ སེང་ཞལ་སྤྱན་གསུམ་ཁྲོ་ཚུལ་གཡས་སུ་ཕྱོགས༔ གཅོར་བུ་ལོངས་སྤྱོད་རློགས་པའི་སྐུ་མངའ་བ༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆེན་དུ་བཟུང་ནས་

དུག་གསུམ་སྒྲོལ༔ རུས་རྒྱན་མེ་ལོང་བརྒྱན་གྱི་ར྄ཀྐི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང་༔ པདྨ་ཉི་ཟླ་བ་རེའི་གདན་ལ་བཞུགས༔ ཤར་རྩིབ་ལས་མཁན་ལྕགས་ཀྱི་སྡིག་པ་ནག མགོ་དགུ་ར་ནི་བཅོ་བརྒྱད་བར་སྣང་གཟེངས། ལུས་ཀུན་གཉེར་མ་མིག་གང་དྲི་ངན་ཁྱབ། ལྷོ་རྩིབམེ་དབལ་དམར་ནག་ཁྲོ་ཆས་རྫོགས། ཕྱག་གཡས་ཐོ་བ་གཡོན་པས་མེ་ཞགས་བསྣམས། ཞབས་གཉིས་མདོར་སྟབས་རྒྱལ་བསེན་ཕོ་མོ་མནན། ནུབ་ཅིག་སྤྲུལ་པའི་བྱ་ཁྱུང་སྐུ་མདོག་དམར། གནམ་ལྕགས་མཆུ་སྡེར་སྤུ་གྲིའི་འདབ་གཤོག་ལྡིང་། ཀྲང་ཀྲིང་སྒྲ་སྒྲོགས་ཀླུ་རིགས་སྦྲུལ་རྣམས་ཟ། བྱང་རྩིབ་ཁྲོས་ནག་ཁྲོ་མོའི་ཆ་ལུང་རྫོགས། ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས། ཁཊྭཱམ་མཆེན་བཅུག་བརྐྱང་བསྐུམ་མདོག་གདོན་ནོ་མནན། ཤར་ལྷོར་སྐུ་སྤྲུལ་སེང་གདོང་སྐུ་མདོག་དཀར། ལྷོ་ནུབ་གསུང་སྤྲུལ་སྟག་གདོང་སྐུ་མདོག་དམར། ནུབ་བྱང་ཐུགས་སྤྲུལ་པ་

དོམ་གདོང་སྐུ་མདོག་མཐིང་། བྱང་ཤར་ཕྲིས་སྤྱང ་གདོང་སྐུ་མདོག་ལྗངས། ཀུན་ཀྱང་ཁྲོས་རྔམས་ཕྱག་གཡས་གྲི་གུག་ཕྱར། གཡོན་པས་ཐོད་ཁྲག་ཁཊྭཱམ་གྲུ་མོར་བསྟན། གཅེར་བུ་རུ་བརྒྱན་གཡོན་བརྐྱང་འགྱིང་བག་བཞུགས། རྩིབ་ཆེན་བར་ཁྱམས་ཁོར་ཡུག་ཐམས་དུ། ཡོན་ཏན་སྤྲུལ་པའི་མ་མོ་འབུམ་དང་ནི། རིགས་བཞི་མཁའ་འགྲོ་བྱོ་བ་ས་ཡ་སོགས། རི་རབ་སོ་གཉིས་རྡུལ་མཉམ་ཌ྄ཀི་མ། དྲེགས་པ་སྡེ་བརྒྱད་དཔའ་ཀ་ཏུམ་ཁྲོ་ཆས་འཆང་། རིགས་མཐུབ་བྲན་བཅས་ཐོད་མཁར་ཤར་སྒོ་རུ། སྟག་གདོང་དཀར་མོ་ལྕགས་ཀྱུ་ལྷོ་སྒོ་རུ། ཕག་ངོ་སེར་མོ་ཞགས་པ་ནུབ་སྒོ་རུ། སྤྲེལ་གདོང་དམར་མོ་ལྕགས་སྒྲོགས་བྱང་སྒོ་རུ། སྤྱང་གདོང་ལྗང་མོ་དྲིལ་བུ་གཡོན་ཐོད་ཁྲག ཕྱི་སྒོ་རྒྱལ་ཆེན་སྡེ་བཞི་དཔུང་དང་བཅས། གཙང་ལ་དབང་ཕྱུག་ཉེར་བརྒྱད་ལ་སོགས་གསལ། ཕོ་བྲང་ཕྱི་རོལ་སྟེང་གི་ནམ་མཁའ་ལ། འཇའ་འོད་ཀློང་དུ་པདྨ་ཉི་ཟླའི་སྟེང་། པདྨ་འབྱུང་གནས་ཅུང་ཟ་ཁྲོས་པའི་ཉམས། ཕྱག་གཡས་

༡༠

རྡོ་རྗེ་ནམ་མཁའི་དབྱིངས་སུ་ཕྱར། གཡོན་པས་བྷནྡྷ་ཁཊྭཱམ་གྲུ་མོར་བཏྟེན། པད་ཞྭ་ཆོས་གོས་ཕོད་ཁ་ཟ་བེར་གསོལ། དཔའ་བོ་མཁའ་འགྲོ་འབུམ་གྱི་དབུས་ན་བཞུགས། རྩ་གསུམ་གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། རང་བཞིན་གནས་ནས་ཡེ་ཤེས་སྤྱན་དྲངས་གྱུར། ཧཱུྃ། བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་དང་། དབང ་དྲག་རོལ་པའི་དུར་ཁྲོད་ཆེན་པོ་དང་། ཨོ་རྒྱན་རབ་འབར་འཁྲིག་པའི་དུར་ཁྲོད་ནས། གུ་རུ་ཞིང་དྲག་སེང་གསུམ་ལྷ་ཚོགས་རྣམས། དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ནོ། འདིར་གཤེགས་དགྱེས་པ་ཆེན་པོའི་གདན་ལ་བཞུགས། སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་བསྟོད། ཕྱི་མཆོད་ཉེར་སྤྱོད་བདུན་དང་འདོན་ཡོན་ལྔ། ནང་གསང་རིག་མ་བཅུ་དྲུག་སྨན་རག་གཏོར། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་སྲོག་དབུགས་སོགས། དངོས་འབྱོར་ཡིད་སྤྲུལ་རྒྱ་མཚོའི་མཆོད་པ་འབུལ། དགྱེས་པར་བཞེས་ལ་ཐུགས་དམ་གཉེན་པོ་བསྐང་། ༀ་མ་ཧཱ་གུ་རུ་པདྨ་ཀཱ་ར་པདྨ་ཀྲོ་དྷ་དྷཱ་ཀི་སེང་ཧ་

༡༡

མུ་ཁ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཨརྒྷཾ་པུཥྤེ༴ སོད་ནས། ཤབྟ་པྲ་ཏིཙྪ་སྭཱ་ཧཱ། པཉྩ་ཨ་མྲྀ་ཏ་བཱ་ལིཾ་ཏ་རཀྟ་ཁྷཱི་ཁྷཱི། ཧཱུྃ། རྒྱལ་བ་ཀུན་འདུས་རིག་འཛིན་པདྨ་འབྱུང་། གཟུགས་སྐུ་རབ་ཏུ་འཁྲོས་པ་སྲིན་པོའི་གཟུགས། ཡུམ་མཆོག་དྲག་མོ་སེང་གེའི་གདོང་པ་ཅན། རྩ་གསུམ་འཁོར་ལོའི་བསྒྱུར་ལ་ཕྱག་འཚལ་བསྟོད། ཡཀྴ་མེ་དབལ་མཁའ་འགྲོ་ཁྲོས་མ་སོགས། སྤྲུལ་པ་ཁྱུང་ཆེན་ཕོ་ཉ་ལྕགས་སྡིག་ནག སྟག་སེང་དོམ་གདོང་མཁའ་འགྲོ་བྱེ་བ་འབུམ། ཡང་ཁྲོས་དྲེག་པ་སྡེ་བརྒྱད་དང་བཅས་པ། འཁོར་དང་སྤྲུལ་པར་བཅས་ལ་བདག་བསྟོད་དོ། བཛྲ་ཨ་རྩིག ཨ་ ཀ་པ་མ་ར་ཙ་རྣམས་ཅི་ནུས་བཟླས། ཆོགས་དང་གཏོར་བསྔོས་བསྐང་བ་རྣམས་གཞུང་ལྟར་བྱ། དེ་ནས་མདུན་དུ་གྲུ་གསུམ་དུ་ལིང་ག་བཤམས་ལ། ཆུ་རྒོད་ཀྱི་བྲན་ལ། བསྒྲལ་ཆས་རྣམས་འདུ་བྱས་ལ། ༀ་སྭཱ་བྷ་ཝ། སོགས། སྟོང་པའི་ངང་ལས་བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ། ཨེ་ལས་གནམ་ལྕགས་ཀྱི་ཁང་

༡༢

སྒྲོམ་ཟུར་གསུམ་པ། ཁ་དོག་ལ་མཐིལ་ཡངས་པ། ཟིན་ནས་ཐར་པ་མེད་པའི་ནང་དུ་ནྲྀ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་སྔོ་ལ་ཧམ་པ། སྐྱ་རིད་པ། མྱ་ངན་གྱི་ཕྱག་རྒྱ་ཅན་ཡན་ལག་ལྕགས་སྒྲོགས་གི་བཅིང ་བ། གཅེར་བུ་མགོན་སྐྱབས་དང་བྲལ་ཞིང ་སྐད་ངན་རྩེ་རེ་རེ་འདོན་པ་ཞིག་ཏུ་གྱུར། ན་མ་དྲ་་་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་ཀྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱིས༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུང་མ་རྣམས་ཀྱིས་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་རིག་འཛིན་ཆེན་པོ་པདྨ་དྲག་པོ་རྩལ་དང་ཡུམ་མཆོག་དྲག་མོ་སེང ་གེའི་གདོང་པ་ཅན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བསྟན་ནས་བདག་ཅག་དཔོན་སློབ་སྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང ་འཚེ་བར་བྱེད་པའི་གཟུགས་

༡༣

ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བྱད་ཁ ་སྟོན་པའི་བྱད་མ་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པར་བྱེད་པ་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག ཛཿཧཱུྃ་བཾ་ཧོཿ ཞེས་བཀྲུག་ལེན་གསུམ་དང་། དེ་ནས་ལྷ་དང་ཕྲལ་བ་ནི། བྱ་རོག་དང་འུག་པའི་སྒྲོ་གཡབ་ནས། ཧཱུྃ། དབང་དྲག་ཡབ་ཡུམ་དཀྱིལ་འཁོར་ལྷ་ཡི་ཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོ་དགོངས་སུ་སོལ། ཞིང་བཅུ་ཚང་བའི་དགྲ་བགེགས་ལས་ངན་འདི། མགོན་སྐྱབས་བྱེད་པའི་ལྷ་སྲུང་རྣམས་དག་ཕྲོལ། གལ་ཏེ་མི་ཉོན་མགོན་ཞིང་སྐྱབས་གྱུར་ན། ཡེ་ཤེས་ལྷ་ནི་ཐུགས་དམ་གཡེལ་བར་གྱུར། འཇིག་རྟེན་སྲུང་མ་ཁས་བླང་དམ་བཅའ་ཉམས། དེ་བས་རྣལ་འབྱོར་བདག་གིས་སྡོང་གྲོགས་མཛོད། ནྲྀ་ཏྲི་ཨ་ཀཪྵ་ཡ་དགྲ་བགེགས་སྐྱོབས་བྱེད་ཀྱི་ལྷ་སྲུང་དང་ཕྱེས་ཕྱེས། དེ་ནས་ཕུར་པ་ཐིག་ལེ་ལ། ཧཱུྃ་ང་ནི་དབང་དྲག་འབར་བའི་སྐུ། སྲས་འཁོར་སྤྲུལ་པ་བྱེ་བ་འབུམ། བཀའ་སྡེད་རབ་འཇིགས་ཕོ་ཉར་བཅས། དབང་དྲག་ལྷ་ཚོགས་དུས་ལ་བབ། གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ།

༡༤

གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན། ལྕགས་ཀྱུའི་ཟུང་ལ་ཕུར་བུའི་ཐོབ། གནོད་བྱེད་དགྲ་བགེགས་རྟུལ་དུ་རློག རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། རྩ་སྔགས་ཤམ་དུ། གནོད་བྱེད་དགྲ་བགེགས་མ་ར་ཡ་རྦད་ནན། ཅེས་བསྒྲལ། དེ་ནས་རལ་གྲི་འམ་གྲི་གུག་ཐིག་ལེ་སྟེ། བྷྱོ། ང་ནི་ཡེ་ཤེས་སེང་གདོང་སྐུ། འཁོར་དང་སྤྲུལ་པ་མཁའ་འགྲོའི་ཚོགས། ཀུན་ཀྱང་རང་ཏྟགཱ་ཕྱག་མཚན་ནི། ཁྲོ་མོ་འདུས་པའི་གྲི་གུག་གིས། དགྲ་བོའི་ཕུང་ཁམས་ལ་བཏབ་པས། ཕྱེ་མ་ཏྱུལ་ཕྲན་བཞིན་དུ་གཏུབས། མངོན་སྤྱོ་དྲག་པོའི་ལས་མཛོད་ལ། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། ཎྜཌ་ཤམ་ལ། གནོད་བྱེད་དགྲ་བགེགས་ཏྱུལ་ཕྲན་ཏྱུལ་ཕྲན་ཕྱེ། མ་ཕྱེ་མ་དུམ་བུ་དུམ་བུ་ཤག་ཤག་མཱ་ར་ཡ་རྦད་ནན། དེ་ནས་ཐུན་རྣམས་བརྡིག་ལ། ཧཱུྃ་དབང་དྲག་ཡབ་ཡུམ་ནུས་རྩལ་ལས། ཉུངས་ཐུན་དྲག་པོ་རྦབ་ལྟར་འདྲིལ། ཁྲག་ཐུན་དྲག་པོ་མཚོ་ལྟར་བརླབས། མཚོ་ཐུན་དྲག་པོ་སྐར་འཁྲུགས། དུག་ཐུན་དྲག་པོ་རླུང་ལྟར་འཚུབས། མདའ་ཐུན་དྲག་པོ་ཐོགས་

༡༥

ལྟར་འཕེན། རྡོ་ཐུན་དྲག་པོ་ཆར་ལྟར་འབེབས། དགྲ་བགེགས་གདུག་པའི་ལྔ་ཕུང་འདི། ཐལ་བ་ཏྡྷུལ་ཕྲན་བཞིན་དུ་རློག ཎྜཌ་ཤམ་དུ། གནོད་བྱེད་དགྲ་བགེགས་ཚལ་པ་ཚལ་པ་རྦད་ནན། དེ་ནས་རྡོ་རྗེའི་བརྡུང་ལ། ཧཱུྃ། བཏྱུངས་ཤིག་རྡོ་རྗེ་འབར་བའི་བསྟུན། བཀའ་ལས་འདའ་བྱེད་སྡིག་ཅན་འདི། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། ལུས་ངག་རྡུལ་ཕྲན་བཞིན་དུ་རློག ཁྲོ་མོ་འབར་བའི་གཏུན་ཁུང་དུ། རྡོ་རྗེ་འབར་བས་རྡུང་བྱས་ནས། ལྷ་འམ་འོན་ཏེ་བརླག་པར་གྱུར། ཐལ་བ་ཏྱུལ་ཕྲན་བཞིན་དུ་རློག །ཎྜཌ་ཤམ་དུ། གནོད་བྱེད་དགྲ་བགེགས་མྱོག་མྱོག་རྦད་ནན། ཅེས་བརྡུང་། དེ་ནས་ལོང་རོ་ཕུད་ལྕོགས་དུ་བཞག་ནས་བདུད་རྩིའི་བྲན་ལ། ཕྱེས་ཤིག་ཕྱེས་ཤིག་རྩ་གསུམ་ཞལ་ཕྱེས་ཅིག གནམ་ས་གདང་བ་ཙམ་གྱི་ཞལ་ཕྱེས་ལ། ཚེམ་ནི་གངས་རི་ཙམ་གྱིས་རྣོ་དབལ་གཙེགས་ལྗགས་ནི་གློག་དམར་བར་སྣང་ཁམས་སུམ་བརྐྱངས། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། ཕུང་པོ་ལྷག་མ་མེད་པར་ཞལ་དུ་བཏབ། འགགས་མེད་རོལ་པ་

༡༦

ཆེན་པོའི་མགྲིན་པར་བསྟིམས། འཁྲུལ་མེད་མངོན་སངས་རྒྱས་པའི་ཕྲིན་ལས་མཛོད། ༀ་ཨཱཿཧཱུྃ་ཨ་རྩིག སོགས་རྩ྄གས་ཤམ་དུ། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ༴ མ་ཧཱ་རཀྟ༴ མ་ཧཱ་གོ་རོ་ཙ་ན༴ མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི། ཅེས་བཏབ་སོ། ཧཱུྃ་ཧྲཱིཿ ལྷོ་ནུབ་ཏྲ་ཡབ་གླིང་ཕྲན་སྲིན་པོའི་ཡུལ། དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ནས། དཀོན་མཆོག་རྩ་གསུམ་རབ་འབྱམས་འདུས་པའི་སྐུ། བོད་ཀྱི་ལྷ་བསྐལ་མཁའ་མཉམ་ཡོངས་ཀྱི་སྐྱབས། བསླུ་མོད་མ་གོན་པོ་པདྨ་ཐོད་ཕྲིང་རྩལ། སྐུ་ལ་མཚན་དཔེའི་གཟི་བརྗིད་འོད་དུ་འབར། གཡས་ནས་ཡི་དམ་ལྷ་ཚོགས་སྤྲིན་བཞིན་འཐིབས། གཡོན་ནས་གནས་གསུམ་མཁའ་འགྲོ་ཆར་བཞིན་འབབས། ཕྱོགས་དང་ཕྱོགས་མཚམས་ཆོས་སྐྱོང་སྲུང་མ་དང་། ནོར་ལྷ་དཀར་ཕྱོགས་སྐྱོང་བ་བྲན་བཞིན་འཚུབས། བསྐུལ་ལོ་ཆོས་ཀྱི་དབྱིངས་ནས་ཐུགས་དམ་བསྐུལ། མཛོད་ཅིག་མཁའ་མཉམ་སེམས་ཅན་མ་ལུས་པ། སྐད་ཅིག་རང་དབང་མེད་པར་དབང་བསྡུས་ལ། སྣང་བ་མཐའ་

༡༧

ཡས་ཞིང་དེར་འདྲེན་དུལ་ལོ། དེ་ནས་བཟློག་པ་ཚར་དུ་ཐོན་གྲངས་ཀྱི་གཏོར་ཆུང་གསུམ་རེ་བཤམས་ལ། ན་མོ་དཀོན་མཆོག་རྩ་གསུམ་བདེན་པའི་མཐུས། བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། གནོད་པར་བྱེད་པའི་གདོན་བགེགས་ལོག་འདྲེན་རྣམས། གཏོར་མ་འདི་ལ་རང་དབང་མེད་པར་ཁུག ཆིངས་དང་སྡོམ་སྟེ་མྱོས་ནས་དྲན་མེད་གྱུར། དགྲ་བགེགས་ཨམ་ཀུ་ཤ་ཛཿཧཱུྃ་བྃ་ཧོཿ འགུག་ཞུག་ལེན་གསུམ་བྱས་ཏེ། ཧཱུྃ། དབང་དྲག་འབར་བ་དྲག་པོ་ཐོད་ཕྲེང་རྩལ། སྐུ་མདོག་དམར་ནག་དུས་མཐའ་མེ་ལྟར་འབར། འཁོར་འདས་སྡང་དགྲ་གནོད་པ་བཟློག་ཏུ་གསོལ། དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས། དུག་གསུམ་མི་དགེ་བཅུ་རྣམས་བཟློག་ཏུལ་ལོ། ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན་པ་ཡིས། དུག་ལྔ་ལས་གྱུར་ན་གདོན༴ དབུ་སྐྲ་རལ་པས་ནམ་མཁར་ཁྱབ་པ་ཡིས། སྟེང་གདོན་གཟའ་སྐར་ལྷ་གདོན༴ ཤང་ནས་འབྲུག་སྒྲ་རླུང་ནག་འཚུབས་པ་ཡིས། ཐོག་སེར་ལོ་ཉེས་

༡༨

མུ་གེ༴ ཞལ་གདངས་ལྗགས་འདྲིལ་མཆེ་བཞི་གཙེགས་པ་ཡི། ཟ་འདྲེ་བདུད་བཞིའི་གནོད་པ༴ ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་བ་ཡི། མཐའ་དམག་དུས་འཁྲུག་ཡོ་ལང་། གཡོན་པས་སྤྲུལ་པའི་སྡིག་རྒོད་འགྱེད་པ་ཡི། རྒྱལ་འགོང་དམ་སྲི་སྨྱོ་འདྲེ༴ སྦྲུལ་རིགས་ལྔ་ཡི་སྐུ་ལ་བརྒྱན་པ་ཡི༴ ཀླུ་རིགས་ལྔ་ཡི་གནོད་པ༴ མི་མགོ་རློན་པའི་དོ་ཤལ་བྱས་པ་ཡི། འཆི་བདག་གཤིན་རྗེའི་ཕོ་ཉ༴ གླང་ཆེན་ཀོ་བས་སྟོད་གཡོག་བྱས་པ་ཡི། བགེགས་དང་བདུད་ཀྱི་སྟོབས་ནུས༴ ཞབས་གཉིས་བརྐྱང་བསྐུམ་དྲེག་པ་མནན་པ་ཡིས། སྲིད་དང་ཞི་བའི་མཐའ་གཉིས༴ སྟག་གིས་པགས་པས་སྨན་དཀྲིས་བྱས་པ་ཡི། ཤ་ཟ་སྡེ་བརྒྱད་གནོད་པ༴ རུས་པའི་བརྒྱན་དྲུག་སྐུ་ལ་གསོལ་བ་ཡི། དུར་སྲི་དུར་འདྲེའི་གནོད་པ༴ སྐུ་ལ་ཁྲོ་ཆུང་ཚྭ་ཚྭ་འཕྲོ་བ་ཡི། ཁྲོ་བོ་ཁྲོ་མོའི་བཀའ་ཆད༴ བསྐལ་པའི་མོ་དཔུང་ཀློང་ན་བཞུགས་པ་ཡི། མ་རིག་འཁོར་བའི་སྡུག་བསྔལ༴

༡༩

མཁའ་འགྲོ་མ་ཚོགས་རོལ་དུ་ཁྲིད་པ་ཡི། ཡེ་ཤེས་འཇིག་རྟེན་སུན་མ༴ མོ་དབའ་ཁྲོ་ཚོགས་གཡས་ནས་ཧཱུྃ་སྒྲ་ཡི། སྲིད་པ་ཕོ་རྒྱུད་གནོད་པ༴ མཁའ་འགྲོ་མཚོགས་གཡོན་ནས་ཕཊ་སྒྲ་ཡི། སྲིད་པ་མོ་རྒྱུད་གནོད་པ༴ ཡེ་ཤེས་ཁྱུང་ཆེན་ནམ་མཁར་ལྡིང་བ་ཡི། ཀླུ་གཉེན་པ་བད ག་གནོད་པ༴ ཕྱོགས་མཚམས་སྤྲུལ་པའི་ལྕགས་སྡིག་ཤིག་ཤིག་ཟིང་། འབྱུང་པོ་དམ་སྲི་འགོང་སོ༴ སྡེ་བརྒྱད་དམག་དཔུང་བྲན་དུ་བསྐོར་བ་ཡི། དགྲ་སྣ་དམག་སྣ་ཇག་རྐུན་བཟློག་ཏུལ་ལོ། ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲིང་རྩལ། སྣང་སྲིད་སྤྱི་འདུལ་ཆོ་བཙན་འགྲེན་ཟླ་བྲལ། ཐབས་མཁས་ཐུགས་རྗེས་བགེགས་རྣམས་ཚར་གཅོད་ཕྱིར། སྐུ་ཡི་སྤྲུལ་པ་ཡཀྴ་མེད་བལ་འགྱེད། ཀླུ་གཉེན་ས་བདག་ཚོགས་རྣམས་འདུལ་བའི་ཕྱིར། གསུང་གི་སྤྲུལ་པ་ཡེ་ཤེས་ཁྱུང་ཆེན་དམར། དམ་སྲི་འབྱུང་པོའི་ཚོགས་རྣམས་འདུལ་བའི་ཕྱིར། ཐུགས་ཀྱི་སྤྲུལ་པ་གནམ་ལྕགས་སྡིག་པ་ནག མ་མོ་མོ་གདོན་ཚོགས་རྣམས་འདུལ་བའི་ཕྱིར། ཡོན་ཏན་སྤྲུལ་པ་ཁྲོས་མ་ནག་མོ་མཐིང་། བར་ཆད་རྐྱེན་

༢༠

ངན་ཚོགས་རྣམས་འདུལ་བའི་ཕྱིར། འཁོར་ཚོགས་སྤྲུལ་པ་ཡང་སྤུལ་མ་ལུས་བཅས། ཁྱོད་རྣམས་སྔོན་གྱི་ཐུགས་དམ་དབྱིངས་ནས་བསྐུལ། དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། བགེགས་རིགས་ཀླུ་གཉེན་འབྱུང་པོ་མོ་གདོན་སོགས། བར་ཆད་རྐྱེན་ངན་ཚོགས་རྣམས་བཟློག་པ་དང་། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། བཀའ་ཡི་སྲུང་མ་ཕྱི་འཁོར་ལ་གནས་པའི། དགྲ་ཇག་ལྟས་ངན་འདུལ་བའི་གཉན་པོ་ཆེ། ཕྲིན་ལས་སྤྲུལ་པ་དྲེགས་པ་སྡེ་བརྒྱན་ནི། དཀར་པོ་ལྷ་དང་ཁྲམ་ཐོག་གཤིན་རྗེ་དང་། ནད་བདག་མ་མོ་ནག་པོ་བདུད་ཀྱི་ཚོགས། དམར་པོ་བཙན་དང་དཀོར་བདག་རྒྱལ་པོ་དང་། གཏོར་སྲུང་གནོད་སྦྱིན་པ་བདག་ཀླུ་ཡི་ཚོགས། མདའ་མདུང་རལ་གྲི་མཚོན་ཆའི་འཁོར་ལོ་བསྣམས། རང་རང་རིགས་མཐུན་འཁོར་ཚོགས་འབུམ་གྱིས་བསྐོར། དགྲ་བགེགས་ཤ་ཁྲག་ཏོར་མ་འདི་བཞེས་ལ། སྔོན་གྱི་ཁས་བླངས་དམ་བཅའ་མ་འདབ་བར། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།

༢༡

བྷྱོ་མདོས་ཟོར་ཤ་ཁྲག་གཏོར་མ་འདིས། ད་ལྟ་རྣལ་འབྱོར་བདག་ཅག་ལ། སྡེ་བརྒྱད་ཆད་པ་བྱུང་བ་བཟློག བྱེད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བེནྡྷའི་སྔགས་ཟོར་འདུས་པ༴ མུ་སྟེགས་བོན་པོའི་ཛོ་དམར༴ ལྷ་འདྲེའི་ཟ་ཁ་ཟུག་པ༴ རྒྱལ་པོ་ལོ་ཡི་བདུན་ཟོར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང ་དགྲ༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤརྑའི་སྐྱ་མ་འ་ཟུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོ་ལོང་དམ་པ༴ འབྱུང་བའི་དགྲ་གཤེད་འཐབ་པ༴ གཟའ་སྐར་དུས་ཚེས་ངན་པ༴ ལོ་སྐག་ཟླ་ཞག་ངན་པ༴ ཁྲམ་དང་བྱེད་དུ་བཙུད་པ༴ ཧོམ་དང་སྤར་བུ་བསྐོར་བ༴ དགྲ་ཇག་བདུད་དུ་ལང་བ༴ ལྟས་ངན་གློ་བུར་ཡེ་འགྲོགས༴ དུས་མིན་འཆི་རྣམས་བརྒྱད༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆགས་ཆེན་ཉམས་ང་ཐམས་ཅད༴ སྔོན་དགུག་ཕྱི་ནས་འདེད་པ༴ དགྲ་སྣ་ཕུང་སྣ་གྱེད་སྣ༴ ནད་སྣ་རིམ་སྣ་ཡམ་སྣ༴ དགྲ་པྲི་རྨིང་ངན་ཐམས་ཅད༴ ཆེ་སྲི་ཆུང་སྲི་རྒན་སྲི༴

༢༢

གཞོན་སྲི་དར་སྲི་གོད་སྲི༴ དགྲ་སྲི་མཚོན་སྲི་ནད་སྲི༴ མདོར་ན་སྲིད་པའི་ཆགས་སྒོ་དང་། བདག་ལ་སྡང་བའི་དགྲ་བོ་རྣམས། སྡང་བྱེད་དགྲ་ཡི་སྟེང་དུ་ཟློག གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ། བར་ཆད་བདུད་ཀྱི་སྟེང་དུ་བྷྱོ། ཟ་འདྲེ་ཕུང་འདྲེའི་སྟེང་དུ་ཟེར། དམ་ཉམས་བྱད་མའི་སྟེང་དུ་བྷྱོཿ ༀ་ཨཱཿཧཱུྃ། ཨ་རྩིག སོགས་ནས། ཨཿཡཿམཿདུཿརུཿཙཿཤཿནཿསཿམཿཡཿ དེ་ནས་རིམ་བཞིན་ཤམ། དགྲ་བགེགས་གནོད་བྱེད། འམ། ཆགས་ཆེན་ཉམས་ང་། འམ། བྱད་ཁ་རྦོད་གཏོང་། འམ། ཟ་འདྲེ་ཤི་གཤོད། འམ། ལྟས་ངན་མཚན་ངན། འམ། ཡམ་ནད་རིམས་ནད། འམ། དགྲ་ཇག་ཆོམ་རྐུན། སོགས་གང་གནོད་མིང་བསྒྱུར་ལ། མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག བྷྱོ་བཟློག་ཅིག་སྭཱ་ཧཱ། དེ་ནས་སེང་གདོང་མའི་བཟློག་པ་དུ་ཐོན་གྲངས་ཀྱི་གཏོར་བཤམས་ལ། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། མཁའ་འགྲོ་སེང་གདོང་བདེན་པའི་མཐུས། སྡང་བའི་དགྲ་དང་གནོད་པའི་བགེགས། ཞིང་བཅུ་ཚང་བའི་བྱད་མ་རྣམས། བཱ་

༢༣

ལིཾ་གཏོར་རྫས་འདི་ལ་ཁུག༔ ཛཿཧཱུྃ་བྃ་ཧོཿ ལེན་གསུམ། གཏོར་མ་དཀྲེགས་ཀྱི་ཤྲག་བདུད་རྩིས་རྒྱ་མཚོ་ཆེན་པོར་གྱུར་པ་ལས། མཁའ་འགྲོ་མ་རྣམས་ཀྱི་ཧབ་ཐོབ་དུ་གསོལ་བར་གྱུར། ཅེས་གསལ་བཏབ་ལ། བྷྱོཿ དབང་དྲག་ འར་བའི་ཡུམ་ཅིག་སེང་གདོང་མ། སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་ ་མེད། ལས་ངན་འཁོར་བའི་བག་ཆགས་བཟློག་ཏུལ་ལོ། སེང་གེའི་ཞལ་གདང་རང་སྒྲ་སྒྲོགས་པ་ཡི། བོན་དང་མུ་སྟེགས་ཚོགས་རྣམས་བཟློག་ཏུལ་ལོ། ལོངས་སྤྱོད་རྫོགས་སྐུའི་ཆས་ཀུན་གསོལ་བ་ཡི། མུ་གེ་ལྟོག་འགོང་དབུལ་སྲི༴ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ཡི། ལས་བྱེད་སྲོག་གཅོད་དབུགས་ལེན༴ གཡོན་པས་ཐོད་ཁྲག་ཐུགས་དཀར་འཛིན་པ་ཡི། མ་མོའི་ཁྲག་ནད་དལ་ཡམས༴ ཁཊྭཱཾ་རྩེ་གསུམ་མཆེན་དུ་བཅུག་པ་ཡི། དུག་གསུམ་གདོན་གསུམ་ན་གསུམ༴ རུས་རྒྱན་མེ་ལོ་རིལ་བུའི་གཡེལ་ཁ་ཡི། དཔའ་མོ་ཌཱཀིའི་སུན་མ༴ ཡེ་ཤེས་མེ་དསུང་སྐུ་ལ་འབར་བ་ཡི། གཟུང་

༢༤

འཛིན་གྲིབ་དང་མི་གཙང་༴ གར་ཐབས་པད་ཉི་རོ་སྟེགས་འགྱིང་བ་ཡི། སྣང་སྲིད་པའི་གདོན་ཚོགས༴ སྐུ་སྤྲུལ་མཁའ་འགྲོ་སེང་གདོང་དཀར་མོ་ཡིས། བེནྡྷའི་བྱད་ཁ་རྦོད་གཏོང་༴ གསུང་སྤུལ་དམར་མོ་སྟག་གིས་གདོང་ཅན་གྱིས། བོན་གྱི་ངན་སྔགས་བྱད་ཁ༴ ཐུགས་སྤུལ་ནག་མ་དོམ་གྱི་གདོང་ཅན་གྱི། མུ་སྟེགས་ངན་པའི་སྦྱོར་ངན༴ ཕྲིན་ལས་སྤུལ་པ་མ་མོ་འབུམ་སྡེ་ཡི། མ་མོའི་དལ་ཡམ་རིམས་ན༴ ཡང་སྤུལ་ཕོ་ཉ་རི་རབ་རྡུལ་མཉམས་གྲངས། དགྲ་འདྲེའི་ལྟས་ངན་ཡེ་འགྲོགས་བཟློག་ཏུལ་ལོ། ཧཱུྃ། མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་བཅས་ཀྱིས། ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། བདག་ཅག་འཁོར་དང་བཅས་ལ་གནོད་ལ་ཡི། སྲིད་པའི་ཁྲམ་ཁ་མ་ལུས་དགྲ་ལ་བསྒྱུར། ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམ་པ། བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། མཚེ་ཟོར་རྦད་འདྲེའི་ཉུངས་ཟོར་འཕེན་པ་ཟློག ས་བདག་ཀླུ་ཡི་བྱད་དུ་བཅུག་པ་དང་།

༢༥

ཐེའུ་རང་འབྱུང་པོའི་སྲིད་རྐུན་བྱེད་པ་དང་། གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་། མུ་སྟོགས་ངན་པས་བར་ཆད་བྱེད་པ་ཟློག རྒྱལ་བསེན་རྣམས་ཀྱི་སྨྱོ་འབོག་གཏོང་བ་དང་། དྲང་སྲོང་གཟའ་དང་ཀླུ་བདུད་གནོད་པ་ཟློག ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང་། བོན་པོ་རྣམས་ཀྱིས་གཏོར་ཟོར་འཕོན་པ་ཟློག བན་དྷའི་སྔགས་ཟོར་སྐྱེ་བོའི་མདའ་ཟོར་དང་། བུད་མེད་རྣམས་ཀྱི་དམོར་ཟོར་འཕེན་པ་ཟློག བདུད་ཀྱི་གཤེད་བཞི་རོ་ལང་འབྱུང་པོ་དང་། མ་མོ་རྣམས་ཀྱི་ཁྲག་ཟོར་འཕེན་པ་ཟློག མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། ལྟས་ངན་མི་རུང་བརྒྱད་ཅི་རྩ་ཅིག་ཟློག བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང ་། གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་དང་། སྟོང་ཕྲག་བརྒྱད་ཅུས་བགེགས་ཚོགས་མ་ལུས་དང་། ཡོ་འགྲོག་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་ཟློག དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་།

༢༦

ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཨེ་ཀ་རུ་ནས་ཟློག མ་ཧཱ་རུ་ན་ཟློག ས་ག་དུ་ན་ཟློག ར་ཙ་དུ་ན་ཟློག ཙ་དུ་སྙིང་ལ་ཟློག སུམ་ཏྲི་རཀྴ་ཟློག བྱད་ཟོར་ཕུར་ཁ་ཆགས་ཆེན་ཉམས་ང་ཐམས་ཅད་མ་ར་ཡ་བྷྱོ་བྷྱོ་བཟློག་གོ། བྷྱོ་བཟློག་ཅིག ཅེས་བཟླས། མཁའ་འགྲོ་མ་སེང་གེའི་གདོང་ས་ཅན་ཁྱོ་ཀྱི་རིགས་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བཏཱནས། བདག་དང་བསྲུང་བྱ་མི་ནོར་འཁོར་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱན། ཆགས་ཆེན་ཉམས་ང་རྦད་འདྲེ་རྦོད་གཏོང་། ལོ་སྐག་ཟླ་སྐབ་ཞག་སྐག བྱེད་ཀ་ཕུར་ཁ། འགལ་རྐྱེན། བཀྲ་མེ་ཤེས་པའི་ཕྱོགས་འདི། མཁའ་འགྲོ་སེང་གེའི་གདོང་ས་ཅན་གྱི་བཀའ་བདེན་པས་ཕྱིར། བཟློག་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག ཐལ་མོ་ལེན་གསུམ་གདབ། ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། དགྲ་བགེགས་

༢༧

དེ་ནས་ཚོགས་ཞབས་ནས་ཟན་བྲག་ལ། ཚེགས་གཞོང་དུ་བཞག་པའི་ནང་དུ། ཚོགས་ཤ་ཡང་དུམ་བུ་ལྔ་ཅིམ་བཞག ཚོགས་ཆང་ཡང་བླུག དེ་འཕྲོ་ཚོགས་དང་ཚོགས་ཤ་རྣམས། དཔོན་སློབ་ཆོས་རོལ། ལྷག་མ་བྲན་ལ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ ཨཱཿཐོད་པའི་ནང་དུ་ལྷག་གཏོར་ཡེ་ཤེས་ཀྱིས༔ བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར༔ ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿསྭཱ་ཧཱ༔ སྔགས་དེས་ལན་གསུམ་གྱིས་བྱིན་གྱིས་རླབས།

༢༨

ༀ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་གཏིབ་ཞིང་ཧབ་ཤ་རྒྱུག༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅའ་ཅེ་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ། ཏྲགས་དང་མཚན་མ་སྟེན་པ་དང་༔ བསྒྲུབ་པའི་བར་ཆད་བཟློག་པར་མཛད༔ རྣལ་འབྱོར་བདག་གིས་བཅོལ་བའི་དོན༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུ་ཙིཥྚ་བྷ་ལིང་ཏ་ཁ ་ཁ་ཁྷཱི༔ ཅེས་ལྷག་གཏོར་ཕུལ་ནས།

༢༩

དེ་ནས་གཏོར་མ་གོམ་པ་བདུན་ཅུའི་སར་ཁྱེར་ལ། རཀྟས་བྲན། རྔ་བརྟུང་། ཞིག་ལྤགས་སྡེབས་པ་སོགས་བྱས་ཏེ། ཟ་ལམ་བསྡུས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། བྷྱོ་བྷྱོ་བྷྱོ། སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ནས། འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། ཡེ་ཤེས་ལས་གྲུབ་ལས་ཀྱི་ཁྲོ་མོར་སྟོན། རྡོ་རྗེ་མོན་གཏོར་མ་འདི་ཡིས་ཟློག ས་མཱ་ཡ། བྷྱོ་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་ལྕམ། རྒྱལ་པོ་གཤིན་རྗེ་ཀླུ་དང་གནོད་སྦྱིན་སོགས། རང་རང་མིང་པོའི་སྐག་བསྒྱུར་གནོད་པ་ཟློག བྷྱོཿ དབྱིངས་ཕྱུག་རྡོ་རྗེ་མཁའ་འགྲོ་ཆེན་མོ་དང་། ཨེ་ཀ་ཙ་ཏི་རལ་གཅིག་གློག་མ་སྤྲིན། ཉི་མའི་ཐོད་ཕྲིང་ཐལ་མདོག་ས་བདག་ནི། རལ་གཅིག གནམ་ལྷ་རེ་སྨན་བཙན་ལ་མོ། མ་འཇིག་ཁྲག་རལ་རེ་ཏི་ལས་དབང་ཆེ། ཀོང ་བཙུན་ལ་སོགས་སོ་སོའི་

༣༠

ཆད་པ་ཟློག རྒྱལ་པོ་བཞི་དང་བློན་བཞི་ཁྲོ་རྒྱལ་ཆེ། ཁམས་གསུམ་ཧཱུྃ་སྒྲོགས་ཟངས་ཁྲབ་གསོལ་ཞིང་བརྗིད། མུདང་དམིགས་ཐོགས་པས་བདུད་དཔུང་ལོག་འདྲེན་ཟློག གཞན་ཡང་བཟློག་ཅིང་། བསྒྱུར་བའི་ཕྲིན་ལས་ནི། ལྷ་ཆེན་གདུགས་རྩུབ་དྲ་སྲོང་དམོད་པ་ཟློག བགེགས་རིགས་སྟོང་ཕྲག་གདོན་རིགས་ཉི་ཁྲི་ཟློག ཡེ་འགྲོགས་སུམ་བརྒྱ་གློ་བུར་དགུ་བཅུ་ཟློག ལྟས་ངན་བརྒྱད་ཅུ་དུས་མིན་འཆི་བ་ཟློག ཧཱུྃ་བྷྱོཿ སྡང་དགྲ་གནོད་བྱེད་དཔལ་ཆེན་འཁོར་བཅས་ཀྱི། གཅིག་བསྡུས་རྡུལ་ཕྲན་བཞིན་བརློག་བྷྱོ་བཟློག་བསྒྱུ། ཞེས་པ་ཕུར་ཆུང་ལ་སབ། བཀའ་བརྒྱད་ཟ་ལམ་དོན་བསྡུས་པར་བགྱིད་མཁན། ཀརྨ་སུ་ཁ་ར་གརྦའི་མིང་ཅན་ནོ། དགེ་འོ།

༣༡

དག་ནི་ཐམས་ཅད་ཀྱིས། ལུས་ངག་ཐལ་བ་ཏྲུལ་དུ་རློག རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲོལ། ཁྱེད་ཀྱི་རིགས་སྔགས་བཟླས་པའི་མཐུས། གནོད་བྱེད་མ་ལུས་ཞི་བ་དང་། ཅི་བསམ་ཡིད་བཞིན་འགྲུབ་པ་དང་། བཤད་སྒྲུབ་བསྟན་པ་རྒྱས་པར་ཤོག དེ་ནས་ལྷག་མ་འདོན་ལ་གཙང་འདབ་དུ་ཕུལ། གཙང་རཀྟས་བྲན་ལ། ཧཱུྃ་བྷྱོ༔ དབང་དྲག་འབར་བ་ཡབ་ཡུམ་གཏོར་ཆེན་གྱིས། ཕྱི་རོལ་ལྕགས་རི་དཀྱིལ་འཁོར་མུ་རན་ལ། དམར་ནག་གཙང་ཕུར་ཉི་ཤུ་རྩ་བརྒྱད་བསྐོར། དངུལ་ལམ་དཀར་པོའི་ཤིང་ལ་བྱས་པ་ཡི། ཤར་ཕྱོགས་ཞི་བའི་ལས་མཛད་གཙང་ཕུར་བདུན། ཞི་བའི་གཙང་ཕུར་ཟླུམ་པོ་ཨ་ལུང་རིས། ཡར་གྱི་རྩེ་ལ་དུང་སེང་རལ་པ་བསྲེགས། མར་གྱི་རྩེ་ལ་ཆུ་སྲིན་མཆེ་བ་གཙིགས། སྐད་པ་རྒྱ་མདུད་ཟླུམ་པོ་གཞལ་ཡས་ཁང་། ཞི་བའི་ལས་མཛད་ཤར་གྱིས་མ་བདུན་གནས། ནང་གདོན་འཇིག་པ་བརྒྱད་སོགས་ཞི་བ་དང་། ཤར་གྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། གསེར་རམ་རྒྱས་པའི་ཤིང་ལས་བྱས་

༣༢

པ་ཡིས། རྒྱས་པའི་ལས་མཛད་ལྷོ་ཡི་གཙག་ཕུར་བདུན། རྒྱས་པའི་གཙང་ཕུར་གྲུ་བཞི་ཨ་ཁང་རིས། ཡར་གྱི་རྩེ་ལ་རྒྱ་སྟག་འཛུམ་དྲུག་རྒྱས། མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཉེར། སྐད་པ་རྒྱ་མདུད་གྲུ་བཞི་གཞལ་ཡས་ཁང་། རྒྱས་པའི་ལས་མཛད་ལྷོ་ཡི་སྲིང་བདུན་བཞུགས། ཚོ་བསོད་འབྱོར་པ་དྲུག་རྣམས་རྒྱས་པ་དང་། ལྷོ་ཡི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། ཟངས་སམ་དབང་གི་ཤིང་ལས་བྱས་པ་ཡིས། དབང་གི་ལས་མཛད་ནུབ་ཀྱི་གཙང་ཕུར་བདུན། དབང་གི་གཙང་ཕུར་ཟླ་ཕྱེད་ཟླ་གམ་རིས། ཡར་གྱི་རྩེ་ལ་གཟིག་ཆེན་ཐིག་ལེ་ངར། མར་གྱི་རྩེ་ལ་དོམ་ནག་མཆོ་བ་གཙིགས། སྐད་པ་རྒྱ་མདུད་ཟླ་གམ་གཞལ་ཡས་ཁང་། དབང་གི་ལས་མཛད་ནུབ་ཀྱི་མཛའ་བདུན་གནས། སྣང་སྲིད་མ་ལུས་དབང་དུ་སྡུད་པ་དང་། ནུབ་ཀྱི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། ལྕགས་སམ་དྲག་པོའི་ཤིང་ལ་བྱས་པ་ཡིས། དྲག་པོའི་ལས་མཛད་བྱང་གི་གཙག་ཕུར་བདུན།

༣༣

དྲག་པོའི་གཙང་ཕུར་ཟར་གསུམ་ཕུར་པ་རིས། ཡར་གྱི་རྩེ་ལ་བསེ་ཡི་གླག་མེ་འཇུམ། མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་གྲགས། སྐད་པ་རྒྱ་མདུད་གྲུ་གསུམ་གཞལ་ཡས་ཁང་། དྲག་པོའི་ལས་མཛད་བྱང་གི་བྲན་བདུན་གནས། བདུད་བཞི་དགྲ་བགེགས་དམ་སྲི་བསྒྲལ་བ་དང་། བྱང་གི་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད། དཀྱིལ་འཁོར་མཐའ་སྐྱོང་བ་མོ་ཉེར་བརྒྱད་ཀྱིས། རྩང་ཕུར་ཉེར་བརྒྱད་འཚུབས་མ་རིས་སུ་བཙུག ཡར་ཅི་ཟུར་གསུམ་མཁའ་ལ་ཟེངས་ཟང་། སྟེང་ཕྱོགས་གཟའ་དང་རྒྱུ་སྐར་དལ་ཟེར་ཟློག མར་རྩེ་ཟུར་གསུམ་ངན་སོང་སྙིང་ལ་གཟིར། འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་ཟློག སྐད་པ་རྒྱ་མདུད་བར་ན་ཁྲིག་གེས་ཁྲིག བར་ཕྱོགས་ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག གཙང་སྟོད་དམར་པོ་མེ་འབར་ལམ་སེ་ལམ། དམར་པོ་བཙན་དམར་ཏྟ་རྒྱུག་ཤ་ར་ར། བཙན་གྱི་གྲི་ཐབས་གཟེར་ཁ་དགྲ་ལ་ཟློག གཙང་སྨད་ནག་པོ་མུན་པ་ཐིབ་བེས་ཐིབ། ནག་པོ་བདུད་

༣༤

ཀྱི་བྲོ་བརྡུང་ཁྲིག་གེས་ཁྲིག བདུད་ཀྱི་ཞགས་པ་ཡེ་ཐོག་དགྲ་ལ་ཟློག གཙང་སྐད་སེར་པོ་རྒྱ་གྲམ་ཁྲམ་ཤིག་རིས། གཤིན་རྗེའི་ཁྲམ་ཐོག་སྲོག་ལེན་ཡོ་རེ་རེ། འཆི་བདག་གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཟློག གཙང་ཕུར་སྨད་ནི་སྲིན་མོ་འགྲོས་སུ་བཙུགས། སྲིན་མོ་བླ་རྐུན་ཚོགས་ནི་ཞུང་ངེས་ཞུང་། མ་མོ་སྲིན་མོའི་ཁྲག་ནད་དལ་ཡམས་ཟློག གཙང་སྐད་དྲྭ་མིག་མཁའ་འགྲོ་དྲ་བ་སྡོམ། དཔའ་བོ་ཌཱཀའི་གར་བྱེད་ཁྱུག་གེས་ཁྱུག གནས་དང་ཡུལ་གྱི་མཁའ་འགྲོའི་སུན་མ་ཟློག གཙང་ཙེ་ཤ་དང་ལིང་གས་བརྒྱན་པ་ནི། ཤ་ཟ་ཞིང་སྐྱོང ་རྣམས་ཀྱི་དལ་ཁ་ཟློག བཱ་སུ་ཏ་དང་སྔོ་དམར་ཐག་པས་དཀྲིས། རྒྱུ་གཟེར་ནད་སྤྲིན་སྔོ་དམར་དགྲ་ལ་ཟློག དམར་ནག་གཙང་གི་ཕུར་པ་ཉི་ཤུ་བརྒྱད། དྲག་པོའི་གཙང་ཕུར་མདའ་ལ་ཉེ་རིང་མོད། ཐུན་རྫས་ཡུངས་དཀར་རྦབ་ལ་གྱེན་མཐུར་མེད། ཕོ་ཉ་བཀའ་སྡོད་ལས་ལ་བཀའ་སླད་མེད། དྲག་སྔགས་དམིགས་པའི་འབེན་ལ་ཆེ་ཆུང་མེད། སྡང་བའི་དགྲ་བགེགས་

༣༥

གཟུ་སྤང་གསེར་ཁྱེམས་ནི། ཧཱུྃ། རྩ་གསུམ་དཀོན་མཆོག་སྤྱི་འདུས་ལྷ་ཚོགས་དང་༔ ཁྱད་པར་དབང་གྲགས་པདྨ་སྲུང་མར་བཅས༔ ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདུག་སོགས༔ མཆོད་འོས་ཀུན་ལ་གསེར་ཁྱེམས་དམ་པ་འབུལ༔ ཉེས་མེད་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། སྡང་དགྲ་གནོད་བྱེད་དམ་ཉམས་ཀུན་གྱིས་མཉམ༔ བདེན་རྫུན་ཤན་འབྱེད་གཟུ་དང་སྤངས་མཛོད་ཅིག༔ དམ་ཚིག་གཉེན་པོ་རྗེས་དགོངས་དགྲ་བགེགས་སྒྲོལ༔

༣༦

༣༧

དབང་དྲག་འབར་བའི་ཁྱུང་བཟློག་ནི༔ དམ་ཏོར་ཤ་དང་ཁྲག་གི་བརྒྱན༔ དཔལ་བཤེས་ཉ་བོ་དཔལ་ལྔ་བཤམ་ལ༔ དཀྲུགས་བྱས་ལ་བདུད་རྩི་བྲན༔ རཀྟས་བྲན་ལ་ཏིང་ངེ་འཛིན་གྱིས༔ ཧཱུྃ༔བྷྱོ༔ དྲག་པོ་པདྨ་ཐོད་ཕྲེང་སྤྱི་གཙུགས་ནས། ཕྲིན་ལས་ལྷུན་གྲུབ་མཐའ་ཡས་འཁྲོས་པའི་ཁྱུང་། སྤྱི་བོའི་གཙུགས་ནས་ལྷ་འདྲོའི་གཉེན་པོ་ལྡིང་། བྱ་ཁྱུང་མཐིང ་ནག་མེའི་གཤོག་པ་ཅན། ཁྲོ་གཉེར་མཆུ་སྡེར་རྡོ་རྗེའི་མཆུ་སྡེར་ཅན། ཞེ་སྡང་གདུག་པའི་ཀླུ་རྣམས་ཞལ་དུ་གསོལ། གནམ་ལྕགས་རྭ་ལ་གདུགས་པའི་ཚྭ་ཚྭ་འཕྲོ། རིག་ཀྱི་བདག་པོ་སྤྱི་བོའི་གཙུགས་ན་བཞུགས། མི་འགྱུར་རྡོ་རྗེ་འབར་བའི་བ་སྤུ་ལ། སྤྲུལ་པ་ཡང་སྤྲུལ་བྱ་ཁྱུང་མང་པོ་འགྱེད། རལ་གྲི་འབར་བའི་གཤོག་པ་གཡས་གཡོན་ལ། ཡེ་ཤེས་དཔལ་གྱི་མེ་སྒྲ་འབྲུག་ལྟར་གདིར། མཐའ་ཡས་འཁྲོས་པའི་ཁྱུང་ལ་ཕྱག་འཚལ་ཏོ། ཁྱུང ་ཆེན་རྭ་ཅོ་ལྡིང་བ་ཡི། འབྱུང་བ་ཀུན་འཁྲུགས་

༣༨

ལྟས་ངན་བཟློག རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན། ཉོན་མོངས་ལས་ཀྱི་ལྟས་ངན་བཟློག སྤྱན་གསུ་ཁྲོ་ཆུང་ཁོལ་མ་འདྲ་བདག་གཡོས་པའི་ལྟས་ངན་བཟློག གཡས་ཀྱི་གཤོག་ཟུར་བཅུ་པོ་ལ། གསོད་བྱེད་ཁྲོ་བོ་བཅུ་རུ་ཤར། གསོད་བྱེད་བཅུའི་ལྟས༴ གཡོན་གྱི་གཤོགས་ཟུར་བཅུ་པོ་ལ། ཟ་བྱེ་ཁྲོ་མོ་བཅུ་རུ་ཤར། སྒྲོལ་བྱེད་ཡུམ་གྱི་ལྟས༴ ཁྱུང་གམ་འཇུག་སྒྲོས་སྤྲུལ་པ་ལ། སྲིད་པའི་མ་མོ་ལྟས༴ ཁྱུང་གི་སྡེར་མོ་བསྒྲད་པ་ཡི། བསྔགས་པའི་ཕུར་ཁའི་ལྟས༴ ཁྱུང་གི་ཟེ་སྒྲོའི་སྤྲུལ་པ་ལས། རྦོད་སྟོང་ངན་པའི་ལྟས༴ ཁྱུང་གི་སྐན་སྒྲ་སྡེབ་པའི་དུས། ནམ་མཁའ་ཁྲགས་ལྟས་དམར་བར་བྱས། ལྷ་སྲིན་འཁྲུགས་པའི་ལྟས༴ ལྕེ་ནི་གློགས་ལྟར་དམར་བ་འདི། བན་བོན་ངན་སྔར་བྱད་ཁ་བཟློག བསྲེགས་པའི་ཚྭ་ཚ་ཕྱོགས་བཅུར་འཕྲོ། རང་སྲོང་དམོས་པའི་ལྟས༴

༣༩

བྷྱོ་བྷྱོ་བྷྱོ༔ ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ན་ག་ལེ་ཧཱུྃ ་ཕཊ༔ ཨྃ་ཨྃ་ཡིག་ཡོངས་སུ་གྱུར་པ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ནད་གདོན་བར་ཆད་བསལ་ནས་ཀྱང་༔ མཆོག་ཐུན་དངོས་གྲུབ་རྩལ་བ་དང་༔ མི་ནད་ཕྱུགས་ནད་ཞི་བར་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདིས༔ ཁྱུང་ཆེན་འབར་བའི་ལྷ་ཚོགས་ཀྱིས༔ བཞེས་གཅིག་རོལ་ཅིག་ཁ་རཾ་ཁྭ་ཧི༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ ཁྱུང་ཆེན་འབར་བའི་ཞལ་དུ་བསྟབ༔ བདག་གི་བྱང་ཆུབ་སྒྲུབ་པ་ལ༔ འགལ་རྐྱེན་བར་ཆད་ཞི་བ་དང་༔ མཐུན་སྐྱེན་བསམ་མྱུར་དུ་སྒྲུབས༔ རྣལ་འབྱོར་བདག་ཅགས་འཁོར་བཅས་ཀྱིས༔ ཀླུ་གདེན་ཐམས་ཅད་ཞལ་དུ་བསྟབ༔ སྨྱོ་ནད་ཐམས་ཅད་བསྒྱུར་དུ་གསོལ༔ རིམས་གྲིབ་ཐམས་ཅད་བསལ་དུ་གསོལ༔ མི་མཐུན་ལོགས་པའི་རྐྱན་ངན་རྣམས༔ སྡང་བའི་དགྲ་བོའི་སྟེང་དུ་བྱོལ༔ གནོད་པའི་བགེགས་ཀྱི་སྟེང་དུ་བྷྱོ༔ ཟ་བར་

༤༠

བྱེད་པའི་འདྲེ་ལ་བྷྱོ༔ ཕུང་བར་བྱེད་པའི་སྲི་ལ་བྷྱོ༔ ཡིད་ལ་བརྣག་པའི་སྟེང་དུ་བྷྱོ༔ བྷྱོ་བཛྲ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨེ་ས་མ་ཡ་བྷྱོ་ཟློག་ཅིག༔ ཅེས་གཏོར་མ་མདོས་ནང་དུ་འབུལ༔ ཕྲིན་ལས་གང་བསམ་བཅོལ༔ བསྒྲུབ་པའི་བར་ཆད་བཟློགས་པར་ཐེ་ཚོམ་མེད༔ ཅེས་དགེ་སློང་བདེ་ཡངས་པས་བསྐུལ་བའི་ཕྱིར། ཀརྨ་རཱ་ག་ཨ་པྱེས་སྦྱར་བ་འདིས༔ བསྔགས་འཆགས་མང་པོ་ལ་ཕན་གྱུར་ཅིག༔ སརྦ། མངྒ་ལཾ༔

༤༡

འབྱུང་པོ་གནོད་བྱེད་རྣམས། དྲག་པོ་གཙང་གི་ཕུར་པས་རྡུལ་དུ་རློག རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། གཏོར་འབུལ་ཚེ་འགུགས་རྗེས་ཆོག་རྣམས་གཞུང་ལྟར་བྱ། བཟློག་པ་གྲོལ་སྐབས་ཟོར་འཕེན་ན་ཤོག་ལིང་འམ། ཟན་ལིང་གང་ཡོད་ཅིག་བཤམས། མ་འཕང་ན་གདན་གྲུ་གསུམ་ནྲྀ་ཏྲི་སོགས་ཕྱག་ལེན་ལྟར་བྲིས་ལ། སྣ་སེམ་དཀར་གཏོར་དང་གསེར་སྐྱེམས་བྲན་ལ། ཧཱུྃ། ཤར་ལ་སོགས་པའི་ཕྱོགས་བཅུ་ན། གནས་པའི་ལྷ་ཀླུ་མི་མ་ཡིན། ཐམས་ཅད་བཀའ་ཡི་གཏོར་མ་ལོང་། རིག་འཛིན་བདག་གི་ངག་འདིར་ཉོན། བདེ་གཤེགས་བསྟན་ལ་སྤྱི་དགྲ་བྱུང་། དེ་ལ་ཁྲག་འཐུང་ཆེན་པོའི་བཀའ། དྲེགས་ས་ཐམས་ཅད་དམག་དཔུང་ བསྡུས། ལམ་དུ་གནས་པའི་མཐུ་ཆེན་དེངས། མ་རུང་ལྷ་སྲིན་འཁོར་དང་བཅས། ཐམས་ཅད་དི་རིང་དམག་ལ་དྲོངས། དྲང་སྲོང་རྒྱལ་པོ་རཱ་ཧུ་ལ། འཁོར་བཅས་བདག་གིས་སྡོང་གྲོགས་མཛོད། ཅེས་གཏོར་བཟློག་ཁྱིམ་དུ་འབུལ་ན་དཀར་གཏོར་འདི་འདོན། རི་ལ་འབུལ་རྒྱུ་ཡིན་ན་དཀར་གཏོར་བཞག དེ་ནས་གསེར་སྐྱེམས་

༤༢

གཏོར་གཞུག་ལ། ཧཱུྃ། ཕྱོགས་བཅུ་ཀུན་ལ་གནས་པ་དང་། ཡུལ་ཕྱོགས་འདི་ལ་གནས་པ་ཡི། ས་བདག་ཀླུ་གཉེན་མཐུ་ཆེན་ཀུན། རྣལ་འབྱོར་བདག་ལ་སྙན་གསོན་དང་། ཆང་བས་དེ་ནི་ངོ་ཆེ་མེད། མེད་པ་དེ་ནི་མེ་ལ་བཙལ། གསེར་བས་དེ་ནི་རིན་ཆེ་མེད། སྲ་བ་དེ་ནི་བྲག་ལ་བསྐོས། བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། མཐོ་བ་རྣམས་ཀྱི་ཞབས་ཡར་བསྐུམ། དམའ་བ་རྣམས་ཀྱི་དབུ་མར་སྨོད། བར་པ་རྣམས་ཀྱི་སྐུ་ཟུར་ལ། དྲག་པོའི་གཏོར་མའི་ལམ་ཕྱེས་ཅིག ཧཱུྃ། དབང་དྲག་པདྨ་ཡབ་ཡུམ་ཀྱི། ནང་སྒོ་སྲུང་བའི་སྒོ་མ་བཞི། ཕྱི་སྒོ་སྲུང ་བའི་རྒྱལ་ཆེན་བཞི། གསེར་སྐྱེམས་མཆོད་པ་འདི་བཞེས་ལ། སྒོ་བ་རྣམས་ཀྱི་སྒོ་ཕྱེས་ལ། འཕྲང་མ་རྣམས་ཀྱི་འཕྲང་སོལ་ཅིག གཏོར་ལམ་དགྲ་དང ་བགེགས་ལ་སྟོན། དགྲ་དཔུང་ཆོམ་ལ་བགེགས་དཔུང་ཐུལ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛེད། ཅེས་གསེར་སྐྱེམས་ཕྱོག་པ་བཞིར་གཏོར་ནས་བཟློག་པའི་སྒོ་གཙང་བཞི་ཤབ། ཧཱུྃ། སྟེང་

༤༣

འོག་ཕྱོགས་མཚམས་གནས་པ་ཡི། སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་རྣམས། གསེར་སྐྱེམས་བཞེས་ལ་དམག་ལ་ཆོས། དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། གཏོར་ཟོར་རྦབ་དུ་ཤ་ར་ར། ཁྲག་ཟོར་ནད་རླུང་ཀྱི་ལི་ལི། ཉུངས་ཟོར་མདའ་ལྟར་ཏ་ལ་ལ། མཚེ་ཟོར་མདུང་ལྟར་ཟོངས་ཟང་དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག གཏོར་ཆུག་བཅུ་ཆུ་གཙང་གི་བྲན་ལད། ན་མོ་དཀོན་མཆོག་གསུམ་གྱིས་བདེན་པས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག ཛཿཧཱུྃ་བྃ་ཧོཿ ཟངས་ལྕགས་འཁོར་ལོས་ཤ་ཁྲག་གཏུབ་ཅིང་ཚེ་སྲོག་ནྲྀ་ཡིག་བདག་དང་། རྣམ་ཤེས་ཨཱཿཡིག་རྒྱལ་བའི་ཐུགས་ཀར་ཐིམ་པར་གྱུར། དགྲ་བགེགས་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་སརྦ་དྷརྨཱ་པཱ་ལ་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁྷཱི་ཁྷཱི། གཏོར་ཆུང་རྣམས་རིམ་པར་འབུལ་ཞིང་། ཧཱུྃ་ཧྲཱིཿ ལྷོ་ནུབ་པདྨ་འོད་ཀྱི་ཞིང་ཁམས་ནས། རྒྱལ་བ་ཀུན་འདུས་རིན་འཛིན་པད་འབྱུང་རྗེ། དཔའ་བོ་

༤༤

མཁའ་འགྲོ་བྱེ་བ་འབུམ་དང་བཅས། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། རབ་འཁྲོས་ལས་ཀྱི་དབང་དྲག་སྲིན་པོའི་གཟུགས། ཁྲོ་བོའི་ཆས་རྫོགས་འཇིགས་རུང་བསྐལ་མེ་འབར། སྲིད་པ་གསུམ་གྱི་གཡོ་འཁྲུགས་བཟློག་པར་བྱེད། དམ་རྫས༴ ཐུགས་དམ༴ དབང་དྲག་པདྨའི་ཡང་འཁོར་ལ་གནས་པའི། དྲེགས་པ་སྡེ་བརྒྱད་རང་དཔུང་ཚོགས་བཅས། དམ་རྫས༴ ཐུགས་དམ༴ བྷྱོ་རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་མཁའ་འགྲོ་མ། སྣང་སྲིད་དབང་བསྒྱུར་སྐུ་གསུམ་ལ་མཁའ་འགྲོའི་གཙོ། དཔའ་གཏུམ་དྲག་མོ་སེང་གེའི་གདོང་ས་ཅན། དམ་རྫས༴ ཐུགས་དམ༴ སྐུ་ལས་སྤྲུལ་པ་དཀར་མོ་སེང་གདོང་མ། གསུང་ལས་སྤྲུལ་པ་དམར་མོ་སྟིག་གདོང་། དམ་རྫས༴ ཐུགས་དམ༴

༤༥

ཐུགས་སྤྲུལ་མཐིང་ནག་དོམ་གྱི་གདོང་པ་ཅན། ཕྲིན་ལས་སྤྲུལ་པ་མ་མོ་སྤྱང་གདོང་མ། དམ་རྫས༴ ཐུགས་དམ༴ ཀུན་ཀྱང་ཡང་སྤྲུལ་མ་མོ་བསམ་མི་ཁྱབ། སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས། དམ་རྫས༴ ཐུགས་དམ༴ དམ་ཚིག་འཇིག་རྟེན་སྣ་ཚོགས་ཐམས་ཅད་དང་། མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་བཅས་ཀྱིས། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། ལྷ་རྣམས་ནམ་མཁར་བརྟེག་པར་བསྒོམལ། ཕཊ྄༔ གཏོར་ཆེན་རྩེ་ཡི་ལྷ་ཚོགས་རྣམས། མདུན་གྱི་ནམ་མཁར་དཔག་སྟེ་བཞུགས། ཧཱུྃ་ས་ར་ཎ། སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། བདག་དང་སྦྱིན་བདག་རྣམས་ལ་ཐིམ། ལས་བཞིས་ཕྲིན་ལས་མྱུར་དུ་འགྲུབ། གཏོར་མདོས་གནམ་ལྕགས་ཟོར་དུ་གྱུར། དགྲ་བགེགས་བསྒྲལ་བའི་ལས་ལ་བཞེངས། ཙཀ་མི་དང་གཏོར་གདུགས་བླངས། དེ་ནས་གཏོར་འབུལ་རྣམས་རིན་པར་བཤམས་ལ། བཟློག་པ་ཟོར་ལམ་དུ་དཔག་ནས་རཀྟས་བྲན་ལ་ཟ་ལམ་འདོན། དེ་ནས་ཟོར་འཕེན་ན་ཀོང་ཟོར་གྲུ་གསུམ་བཞིའི་ནང་དུ་རིམ་བཞིན་ཡུང་དཀར། ཁྲག མཚི། དུག་རྣམས་བླུགས། མདའ་ཟོར། རྡོ་ཟོར། ཟོར་

༤༦

ཆེན་རྣམས་ཕྱག་ལེན་ལྟར་བཤམས་ལ། དང་པོ་གསེར་སྐྱ་དང་གཟུ་དཔང་ནི། ཧཱུྃ། དཀོན་མཆོག་སྤྱི་འདུས་ལྷ་ཚོགས་དང་། ཁྱད་པར་དབང ་དྲག་སྲུང་མར་བཅས། ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས། མཆོད་འོས་ཀུན་ལ་གསེར་སྐྱེམས་འབུལ། དགྲ་བགེགས་གཏོགས་སྐུ་ཟུར་ཅིག དྲག་པོའི་ལྷ་ཚོགས་དམག་དཔུང་བསྐྱེད། ཉེས་མེད་རྣལ་འབྱོར་འཁོར་བཅས་ལ། སྡང་དགྲ་གནོད་བྱེད་ཀུན་གྱིས་བརྙས། བདེན་རྫུན་ཤན་ཕྱེས་གཟུ་སྤངས་མཛོད། དམ་ཚིག་གཉེན་དགོངས་དགྲ་བགེགས་བསྒྲོལ། མཁའ་འགྲོ་རྒྱུ་ལྡོག་སོགས་ཕྱོགས་དང་བསྟུན་ལ་གདོང་མ་ཐུགས་པར་བྱས། གྲུབ་ཁུང་བསྐྱེད་ཆོག་འགུག་ཞུག་རྣམས་ལས་གཞུང་ལྟར་འདོན། ཟོར་རྣམས་རིམ་པ་བཞིན་དུ། དང་པོ་ཡུངས་ཟོར་ཐོགས་ལ། ཧཱུྃ། ཡུངས་དཀར་རྒྱལ་པོ་ཤ་རི་རམ། ཁྲོ་རྒྱལ་ཡོངས་རྫོགས་དགྱད་ཀྱི་ཟོར། དྲག་སྔགས་ཐོག་སོར་དྲག་པོ་ཡི། དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག ༀ་ཨཱཿཨ་ཙིག་ནེ་རྩིག་དང་། ཨཿཀཿསཿ སོགས། ཨཿཡཿམཿ སོགས། བཛྲ་ཀྲོ་དྷ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕཊ྄༔ ཅེས་འཕང་། དེ་ནས་ཁྲག་ཟོར་ཐོགས་ལ།

༤༧

ཧཱུྃ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས། མ་མོ་ཡོངས་རྫོགས་གྱོད་ཀྱི་ཟོར། ནད་ཡམ་དལ་ཁ་ཆར་བཞིན་ཕོབ། དགྲ་བགེགས་ལྔ་ཕུང་རྟུལ་དུ་རློག ༀ་ཨཱཿཧཱུྃ་ཨ་རྩིག སོགས་དང་། ཨཿཀཿ སོགས། ཨཿཡཿམཿ སོགས། ནྲྀ་ཏྲི་ཤ་ཏྲུམ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ྄༔ ཅེས་འཕང་། དེ་ནས་དུག་ཟོར་ཐོགས་ལ། ཧཱུྃ། འབྱུག་བ་དུག་ཐུན་རླུང་ལྟར་འཚུབས། གདུགས་པའི་དུག་སྣ་ཡོངས་རྫོགས་ཟོར། ལྔ་ཕུང་འཇིགས་བྱེད་དུག་རླང་གིས། དགྲ་བགེགས་ལྔ་ཕུང་རྟུལ་དུ་རློག ༀ་ཨཱཿཧཱུྃ་ཨཱ་རྩིག སོགས། ཨཿཀཿ སོགས། ཨཿཡཿམཿ སོགས། དགྲ་བགེགས་གནོད་བྱེད་ཧུར་ཐུམ་མཱ་ར་ཡ་ཕཊ༔ ཅེས་འཕང་

༤༨

དེ་ནས་རྡོ་ཟོར་ཐོགས་མ། ཧཱུྃ། སྟོབས་ཆེན་འདུལ་བ་རྡོ་ཡི་ཟོར། དྲེགས་པ་ཡོངས་རྫོགས་དྲོག་པོའི་ཟོར། དྲག་པོ་གནམ་ལྕགས་ཐོགས་སེར་གྱིས། དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག ༀ་ཨཱཿཧཱུྃ་ཨ་རྩིག སོགས༴ ཨཿཀཿ སོགས། ཨཿཡཿམཿ སོགས། དགྲ་བགེགས་གནོད་བྱེད་ཧུར་ཐུམ་མཱ་ར་ཡ་ཕཊ྄༔ ཅེས་འཕང་དེ་ནས་མདའ་ཟོར་ཐོགས་ལ། ཧཱུྃ། དཔལ་ཆེན་དྲག་པོའི་མདའི་ཡི་ཟོར། དྲེགས་པ་ཡོངས་རྫོགས་གྱོད་ཀྱི་སྐུ། མི་བཟེད་ཐོགས་ཆེན་མདའ་ལྟར་འཕེན། དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག ༀ་ཨཱཿཧཱུྃ། ཨ་རྩིག སོགས། ཨཿཀཿ སོགས། ཨཿཡཿམཿ སོགས་གནོད་བྱད་དགྲ་བགེགས་ཀྱི་སྲོག་རྩ་དམར་པོ་ལ་མཱ་ར་ཡ་ཕཊ྄༔ ཅེས་འཕགས། དེ་ནས་ཟོར་ཆེན་ཐོགས་ལ། ཧོཿ དགོངས་སུ་གསོལ་ལོ། ལེན་གསུམ། ཆོས་དབྱིངས་སྐྱེ་བ་མེ་དཔའི་ཀློང་ཡངས་ནས། མ་འགགས་གཟུགས་སྐུ་འཁྲོས་པའི་ཚུལ་བསྟན་པ། ཁྲོ་བོའི་རྒྱལ་པོ་དཔལ་གུ་རུ་དྲག་པོ། ཡུམ་མཆོག་དྲག་མོ་སེང་གེའི་གདོང་པ་ཅན། འཁོར་ཚོགས་སྤྲུལ་

༤༩

པ་ཡང་སྤུལ་དག་བཅས་པ། ཤ་ལ་དགའ་བ་ཁྲག་ལ་དགྱེས་ཤིང་སྲོག་ལ་རྔམས་པ་ཁྱེད་རྣམས་ལ། སྤྱིར་ཞིང་བཅུ་ཚང་བའི་བྱེད་མ། སངས་རྒྱས་པདྨ་འབྱུང་གནས་ཀྱི་བསྟན་ལ་སྡང་བ། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་རྣམས་ལ། གནོད་ཅིང་འཚོ་བར་བྱེད་པའི་གཟུགས་ཅན་ཀྱི་དགྲ། གཟུགས་མེད་བགེགས། དམག་ཇག་དང་རྐུན་སྣ་སྟོན་པ། མཐུ་བུ་ལོན་བཞིན་དུ་བསྙེག་པ། དགྲ་ཡ་དང་རྩོད་ཡ་བྱེད་པ། སྲུང་བའི་ལེའུ་ལྷ་ལོག བསླབ་པའི་སློབ་བུ་དམ་ལོག་བསྟན་པའི་མགོ་དཔོན་ཁྲེལ་མེད། བཞག་པའི་བྲན་གཡོག་སྙིང་རིང་། རུས་ཀྱི་ཕ་ཚན་རྒྱབ་ལོག ཉོས་པའི་ཆུང་མ་སྙིང་རིང་། བཅོས་པའི་ནད་པ་པོས་ལོག གཏམ་པའི་ཤོག་རོག་མནའ་ཟན། དམ་ཉམས་པའི་དགྲ་བོ་འདི་སྐྱོབས་བྱེད་ལྷ་སྲུང་དག་ཁང་ཁྱིམ་ལ་ཕྲོལ་ཅིག ཀ་ཆ་སྒོ་ཟོག་དང་འཁོར་གཡོག་རྣམས་རློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་དང་། ཡེ་འགྲོགས་གློ་བུར་རྣམས་ཐོང་ཤིག དབང་ཐང་རླུང་རྟ་དང་དཀོན་པའི་ཚེ་སྲོག་

༥༠

ཆོད་ཅིག ལོ་དང་ཟླ་བར་མ་བཞག ཞག་དང་ཟ་མར་མ་འགྱང་བར། ད་ལྟ་ཉིད་དུ་ཐལ་བ་རྟུལ་ཕྲན་བཞིན་དུ་བརློག་ཅིག ནམ་མཁའ་སྟོང་པ་ལ་ཚད་མ་འཛུག ཆོ་ཕྱི་མ་ལ་དུས་མ་འདེབས། སྐྱེ་ཤི་གཉིས་ལ་ཁུང་མ་འབྱིན། ལས་མཐའ་བཙན་ལ་རྙེད་མ་འདོགས་པར། མྱུར་དུ་ཏཱགས་དང་མཚན་མ་སྟོན་ཅིག ཤ་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་དུ་རོལ་ནས། མཐར་རྣམ་པར་ཤེས་པ་བདེ་བ་ཅན་དུ་སངས་རྒྱས་པའི་ཕྲིན་ལས་མཛོད་ཅིག ཅེས་ཟོར་ཆེན་འཕང་། ཟོར་ལས་འདི་ཉིད་རྣལ་འབྱོར་པ་རང་འདོན་མ་གཏོགས་གར་ཐོད་ཐོད་དུ་བྱ་བ་མི་རུང་། དེ་ནས་གཏོར་འབུལ་རྣམས་བྲན་མ་འགུག་ཞུགས་རྒྱས་པར་བྱས་ལ། ཧཱུྃ་ཧྲཱིཿ ལྷོ་ནུབ་ཏྲ་ཡབ་གླིང་ཕྲན་སྲིན་པོའི་ཡུལ། དཔལ་རི་པདྨ་འོད་ཀྱི་ཞིང ་ཁམས་ནས། དཀོན་མཆོག་རྩ་གསུམ་རབ་འབྱམས་འདུས་པའི་སྐུ། བོད་ཀྱི་ལྷ་སྐལ་མཁའ་མཉམས་ཡོངས་ཀྱི་སྐྱབས། བསླུ་མེད་མགོན་པོ་པདྨ་ཐོད་ཕྲིང་རྩལ། སྐུ་ལ་མཚན་

༥༡

དཔེའི་གཟི་བརྗིད་འོད་དུ་འབར། གཡས་ནས་ཡི་དམ་ལྷ་ཚོགས་སྤྲིན་བཞིན་འཐིབ། གཡོན་ནས་གནས་གསུམ་མཁའ་འགྲོ་ཆར་བཞིན་འབེབས། ཕྱོགས་དང་ཕྱོགས་མཚམས་ཆོས་སྐྱོང་སྲུང ་མ་དང་། ནོར་ལྷ་དཀར་ཕྱོགས་སྐྱོང་བ་བྲན་བཞིན་འཚུབས། བསྐུལ་ལོ་ཆོས་ཀྱི་དབྱིངས་ནས་ཐུགས་དམ་བསྐུལ། མཛོད་ཅིག་མཁའ་མཉམས་སེམས་ཅན་མ་ལུས་པ། སྐད་ཅིག་རང་དབང་མེད་པར་དབང་བསྡུས་ལ། སྣང་བ་མཐའ་ཡས་ཞིང་དེར་འདྲེན་དུ་གསོལ། ཞེས་པ་ཀརྨ་བདེ་ཆེན་རང་གི་མོས་བློས་གསོལ་བ་བཏབ་པའོ། ཧཱུྃ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་ནི༔ སྐུ་ལས་མེ་འོད་མཚོན་ཆ་ཡ་ལ་ལ༔ ཁྲོ་ཚོགས་རབ་འཇིགས་གཡས་ནས་ཧཱུྃ་སྒྲ་ལྡིར༔ མཁའ་འགྲོ་རབ་འཇིགས་གཡོན་ནས་ཕཊ་སྒྲ་སྒྲོགས༔ ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཤིག་ཤིག་ཟེང་༔ གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟ༔

༥༢

ཧོར་སོགས་འཇིགས་པའི་དམག་དཔུང་མྱུར་དུ་ཟློག༔ རང་རང་གནས་སུ་བྱང་ཆུབ་བསྒྲུབ་པ་ལ། ཕྲིན་ལས་དུས་ལ་བབ་པོ་ས་མ་ཡཱ༔ སོང་གདོང་མའི་བསྐུལ་པ་ནི། ཧཱུྃ། ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོཿ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁལ་ལོ་མའི་དབུས་ནས་བཞེངས༔ སྲུང་མ་འཁོར་དུ་རོལ་ཞིང་བཞེངས༔ བདག་ལ་གནག་པའི་དགྲ་བོ་འདིས༔ བླ་མ་དམ་པའི་སྐུ་ལ་བརྡོས༔ སངས་རྒྱས་བསྟན་པའི་རྨིང་རྡོ་བཤིགས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཆོས་མཛད་ཡོངས་ལ་བརྙས་སུ་བཙུག༔ དགེ་བ་བཅུ་པོའི་སོ་ནམས་བཅག༔ མི་དགེ་བཅུ་པོ་དངས་སུ་བླངས༔ རྣལ་འབྱོར་བདག་ལ་བརྡོས་སུ་བཙུག༔ སྔགས་སྲུང་ཁྱེད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ༔ འདི་ལ་ཁྱོད་ཀྱི་མཐུ་མེད་ན༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱོད་ཀྱང་དམ་ཚིག་ཉམས་པ་སྟེ༔

༥༣

པད་འབྱུང་བསྟན་པ་རིན་པོ་ཆེ། ཐུབ་ཆེན་སྙིག་པོ་སྔ་འགྱུར་རྫོགས་ཆེན་བསྟན། ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་རྒྱས་ཤིང་། སྲིད་འདིར་ཡུན་རིང་གནས་པའི་ཕྲིན་ལས་མཛོད། ཅེས་ཀརྨ་བདེ་ཆེན་རང་གི་མོས་བློས་གསོལ་བ་བཏབ་པའོ། ༀ་ཨ་ཀ་རོ། སོགས། ཧཱུྃ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སོགས་གནམ་ཆོས་དཀར་གཏོར་འདོན། དེ་ནས་ཐེབ་རྩེ་གསུམ་ཀའི་གཏོར་མ་མཆོད་གཡོག་ལ་བཅའ་བཅུག་ལ། ཧཱུྃ། སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ སྙིགས་མ་རྩོད་ལྡན་དུས་དང་ལྷ་མའི་གནས༔ ཀུན་བཟང་སྣང་བ་མཐའ་ཡས་པདྨ་འབྱུང་༔ རྒྱུད་གསུང་གཏེར་དུ་སྦས་དང་བཏོན་པའི་ཚེ༔ སྣང་སྲིད་སོ་སོའི་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་དང་༔ ཧོར་སོགས་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ གཏོར་མ་འབུལ་བཅུག དེ་ནས་བཟློག་པ་བཀྱག་

༥༤

བཅུག་ལ། ཧཱུྃ། དབང་དྲག་འབར་བ་ཡབ་ཡུམ་ཀྱིས། ལྷ་སྔགས་ཏིང་འཛིན་ནུས་རྩལ་གྱིས། དཔལ་གྱི་གཏོར་ཟོར་མེ་ལྟར་འབར། དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག མཐའ་དམག་གདུག་པའི་དམག་དཔུང་ཟློག ཧོར་སོགས་རྒྱ་འདྲེའི་དམག་དཔུང་ཟློག འགོང་པོ་སྤུན་དགུའི་དམག་དཔུང་ཟློག དུ་རུ་ཀ་ཡི་དམག་དཔུང་ཟློག བྷྱོཿ གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལང་ཟློག ལོགས་ཀྱི་བཙན་འཁྲོས་རྒྱལ་པོའི་བཀའ་ཆད་ཟློག ཆོས་ཟོར་བོན་ཟོར་དམོད་ཟོར་ཁ་མཆུ་ཟློག ཕོ་ཡི་ཟ་འདྲེ་མོ་ཡི་རྨོང་འདྲེ་ཟློག བར་ཆད་སྟོང་འདྲེ་སྐྱེ་བོའི་དལ་ཁ་ཟློག ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག ཡེ་འགྲེགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག ལོ་སྐག་ཟླ་སྐག་ཞག་སྐག་དགྲ་ལ་ཟློག མོ་ངན་རྨི་ལམ་ངན་པ་དགྲ་ལ༴ བཞི་བརྒྱ་རྩ་བཞིའི་ནད་

༥༥

རྣལ་འབྱོར་ཡིད་ཡང་མི་འཆད་དམ༔ རྒྱུ་འབྲས་བདེན་པས་མི་བསླུ་འམ༔ དགྲ་བོ་ཚེ་ཟད་དུས་ཐེམ་ན༔ ཁྱོད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང ་༔ ལོ་དང་ཟླ་བར་བཞག་ཐབས་མེད༔ བསད་ཏྲག་དོན་སྙིང་ད་ལྟ་ལོང་༔ དུས་ལ་བབ་སོ་ས་མ་ཡཱ༔ དེ་ནས་མགྲོ་བསྐུལ་ནས། རྒྱལ་བ་ཀུན་འདུས་རིན་འཛིན་པད་འབྱུང་རྗེ༔ རབ་འཁྲོས་ལས་ཀྱི་དབང་དྲག་སྲིན་པོའི་གཟུགས༔ ཨ་ཏི་བཀའ་ཡི་བྱ་ར་སེང་གདོང་མ༔ རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ་བཞི། འདིར་གཤེགས་དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས༔ དཔལ་མགོན་མ་ནིང་ཡུམ་མཆོག་དཔལ་འབར་མ། ལས་མགོན་སྲོག་བདུད་སྡེ་བརྒྱད་བདུད་དམག་ཚོགས། རྡོ་རྗེ་བེར་ཆེན་རང་བྱུང་རྒྱལ་མོ་ཡུམ། ཕྱག་བཞི་མགོན་པོ་དུད་སོལ་ཡུམ་དང་བཅས། འདིར་གཤེགས་དངོས་འབྱོར༴ མྱུར་མཛད་མགོན་པོ་རེ་ཏེ་གནམ་དབྱེད་ནི་བཞི།

༥༦

ཞིང་སྐྱོང་སེང་གདོང་ཡུམ་ཆེན་སི་ན་ར། བམ་རོ་ཕོ་མོ་སྡེ་བརྒྱད་བདུད་དམག་སྟོང་། སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཏྲི་མ། གཟའ་མཆོག་ཆེན་པོ་གཟའ་གདོང་རྒྱུ་སྐར་བཅས། འདིར་གཤེགས༴ རྒྱལ་ཆེན་རྣམ་སྲས་ཛམ་སེར་ནོར་རྒྱུན་མ། དམ་ཆེན་སྐྱེས་བུ་མགར་བ་དམར་ནག་དང་། ཡུམ་ཆེན་དགྱེས་སྡེ་ཀོང་བཙན་དེ་མོ་སྐྱོངས། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་བཅས། འདིར་གཤེགས༴ ལྷ་ཆེན་ཐང་ལྷ་རྡོ་རྗེ་མཆོག་རབ་རྩལ། ལྷ་སྨན་བཀྲ་ཤིས་ཚེ་རིང་མཆོད་སྡེ་ལྔ། སྨན་བཙུན་ཆེན་མེ་རྡོ་རྗེ་གཡུ་སྒྲོན་མ། དཀོར་སྲུང་དུར་ཁྲོད་བདག་མོ་རང་ནེ་མ། འདིར་གཤེགས༴ གཏེར་བདག་དགེ་བསྙེན་ཆེན་པོ་ཝ་རུ་ཎ། མཐུ་སྟོབས་ཆེན་པོ་ལྕམ་དྲལ་འཁོར་དང་བཅས། གཞན་ཡང་པད་འབྱུང་དམ་ལ་གནས་པ་ཡིས། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་མ་ལུས་པ། འདིར་གཤེགས་དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས། སངས་རྒྱས་

༥༧

རྣམས་དགྲ་ལ༴ གློ་བུར་བརྒྱ་ཅུ་རྩ་གཅིག་དགྲ་ལ༴ ཕོ་བདུད་དལ་ཁ་གཡས་སུ་ཟློག མོ་བདུད་དལ་ཁ་གཡོན་དུ་ཟློག སྤྱི་བདུད་དལ་ཁ་མཁའ་ལ་ཟློག བཟློག་ཅིག་བསྒྱུར་ཅིག་མཐུ་མ་ཆུང་། བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄༔ ༀ་ཨཱཿཧཱུྃ། ཨ་རྩིག་ནེ་རྩིག་ན་མེ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཿཡཿམཿདུཿརུཿཙཿཤཿན༔ དགྲ་བགེགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་གེག བྷྱོ་བཟློག་ཅིག༔ སྔགས་རྣམས་འདོན་བཞིན་བཟློག་པ་ཕུལ། གཏོར་སྣོད་རྣམས་བཤལ་ལ། བརྟེན་མའི་གཏོར་མ་བླུག་ལ། བྷྱོ། ཁྱད་པར་སློབ་དཔོན་པདྨའི་བཀའ་བསྒྲུབ་པའི༔ བོད་ཁམས་སྐྱོང་བའི་བསྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་དུ་ལྷབ་ལྷུབ་སིལ་སྙན་སྒྲ་དང་

༥༨

བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བདེ་ཁམས་དཀར་པོའི་ཆོས་ལ་འགེད་པ་དང་༔ ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ མཐོང་ཐོས་དྲན་རིགས་སྨིན་ཅིང་གྲོལ་བར་མཛོད༔ བཤལ་ཆུ་ནམ་མཁའ་ལ་མཆོད། གཏོར་གཞོང་སྦུབ་ལ་རྡོ་རྗེ་ཐོག་རྒྱུ་བཞག་ལ། དཀོན་མཆོག་རྩ་གསུམ་བདེན་པས་བར་ཆད་བགེགས། གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཞུག ཧཱུྃ། སྟེང་གསུམ་སྟོང་གི་གཏོར་འཇིག་རྟེན་ན༔ ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ༔ དབང་དྲག་ལྷ་ཚོགས་བྲེ་བརྡུང་བས༔ དགྲ་བགེགས་ཐལ་བར་བརླག་གྱུར་ཅིག༔ ༀ་ལམ༔ ཨཱཿལམ༔ ཧཱུྃ་ལམ༔ སྟམ་བྷ་ཡ་ནན༔ ཏྲ་བྲོ་བྱ། ནང་དུ་ལོག་ལ་ཚེ་འགུག་འདོན་ཞིང་བསྙན་པ་མང་དུ་བཟླས། བཀྲ་ཤིས་བསྡུ་རིམ་བསྔོ་སྨོན་སོགས་ནི་གཞུང་ལྟར་བྱའོ། ཞེས་པ་ཨ་ར་གས་བསྒྲིགས་པ་ལ། ཀརྨ་བདེ་ཆེན་སྙིང པོའི་ཁ་སབ་པ་རྣམས་ཅུང་ཟད་འགྲིགས་ཆགས་སུ་བཀོད་མཁན། རྗེ་

༥༩

ཨ ་ཀ་རོ་སོགས་བྱིན་རླབས། ཧཱུྃ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། བཀའ་དང་དམ་ཚིག་ལ་ནི་བཞག་པ་ཡི། དཔལ་ཆེན་མགོན་པོ་བདུན་བཅུ་རྩ་གཉིས་དང་༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་སོགས༔ དགེ་བསྙེན་དྲེག་པའི་སྡེ་དཔོན་སུམ་བཅུ་དང་། སྔགས་བདག་དྲེག་ཆེན་བཅོ་བརྒྱད་འཁོར་དང་བཅས༔ ཡུལ་ཆེན་ཉི་ཤུ་རྩ་བཞི་ཞིང་སྐྱོངས་དང་། གནས་ཆེན་མཁའ་འགྲོ་སུམ་བཅུ་རྩ་གཉིས་དང་༔ གང་ཅན་བོད་ཀྱི་བསྟན་མ་བཅུ་གཉིས༔ སྐྱོངས་མ་དང་ནི་ཡ་མ་བཅུ་གཉིས་དང་༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་དང་༔ ཆོས་རྒྱལ་རྗེའི་མགུལ་ལྷ་བཅུ་གསུམ་དང་༔ སྲིད་པ་འདི་ཉིད་ཆགས་པའི་ལྷ་དགུ་དང་༔ སྐྱོབས་པར་བྱེད་པའི་ལྷ་ལྔ་བསྟན་པའི་ལྷ༔ ཁྱད་པར་ཡུལ་ཕྱོགས་འདི་རུ་གནས་པ་ཡི༔ ཕ་རི་ཚུལ་རི་གཡས་རི་གཡོན་རི་དང་༔ མདུན་རི་རྒྱབ་རི་མཚེར་ས་སྦྲ་ཁང་འདིར༔ གནས་པའི་ས་བདག་

༦༠

ཀླུ་གཉེན་བཞི་བདག་རྣམས༔ འདི་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་དག་བཅས་ཡི༔ ཁ་འཛིན་སྡོང་གྲོགས་མེལ་རྩེ་སྐྱེས་བསུ་དང་༔ མཐུན་རྐྱེད་རོག་ལྡན་སྒྲུབས་ལ་འགལ་རྐྱེན་སོལ༔ བཅོལ་བའི་ཕྲི་ནས་མྱུར་དུ་འགྲུབ་པར་མཛོད༔ ༀ་སརྦ་ལོ་ཀཱ་པ་མ་ཡི་དམ་བྷ་ལིཾ་ཏ་ཁ་ཧེ༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ གུ་བྱ་ཁ་ཐཾ༔ ཤམཏྱཏྱ༔


no previousཡང་ཟབ་དཀོན་མཆོག་སྤྱི་འུདས་ཀྱི་སྨད་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ།no next