Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
འཁོན་སྦྱང་བསྡུས་པ་བཞུགས་སོ།།
  
  
  
  
  
  
  
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousའཁོན་སྦྱང་བསྡུས་པ་བཞུགས་སོ།།next

འཁོན་སྦྱང་བསྡུས་པ་བཞུགས་སོ།།

རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱུང་། རང་དང་དབང་ཆེན་རྟ་མགྲིན་ནག་པོ་སོགས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་རང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་བསམ་ལ། ཡིག་བརྒྱ་སོགས་བཟླས་པ་བྱའོ། །རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་གསུངས་སོ།། །།


previousའཁོན་སྦྱང་བསྡུས་པ་བཞུགས་སོ།།next