Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
ལྷ་མོ་སྔགས་བདག་མའི་མངའ་གསོལ་བསྡུས་པ་བཞུགས་སོ།།
  
  
  
  
  
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousལྷ་མོ་སྔགས་བདག་མའི་མངའ་གསོལ་བསྡུས་པ་བཞུགས་སོ།།next

ལྷ་མོ་སྔགས་བདག་མའི་མངའ་གསོལ་བསྡུས་པ་བཞུགས་སོ།།

བྷྱོཿ དབྱིངས་ནས་ཐབས་ཤེས་རང་བྱུང་གྲུབ་པའི་ལྷ། །དཔལ་ལྡན་སྔགས་ཀྱི་རྒྱལ་མོ་ནམ་མཁའི་མདོག །ཡེ་ཤེས་འཇིག་རྟེན་གང་འདུལ་སྤྲུལ་བསྒྱུར་བ། །ནུས་སྟོབས་ཚ་ཟེར་བརྒྱ་བའི་འོད་འཕྲོ་བཞིན། །འདོད་པ་ཁམས་ཀྱི་མུན་སེལ་དཔལ་གཡང་སྤེལ། །དཔལ་ལྡན་ལྷ་མོ་ཆེན་མོ་མངའ་གསོལ་ལོ། །གདོས་བཅས་ལུས་མེད་འབྱུང་བ་ཆུ་རླུང་ལ། །སྤྲུལ་བསྒྱུར་མ་མ་ཀི་དང་དམ་ཚིག་སྒྲོལ། །ལྷ་མོའི་བཞུགས་གནས་དངོས་ནི་སྲིན་ཡུལ་གླིང་། །ཟངས་མདོག་དཔལ་རིའི་སྒོ་དྲུང་མུ་ལེ་མཚོ། །ཡོངས་འདུས་ཤིང་གི་རྩ་བ་དུར་ཁྲོད་དངོས། །སྡེ་བརྒྱད་དྲེགས་པ་མོ་ཡི་ཚུལ་བསྟན་པ། །ཨོ་རྒྱན་པདྨའི་བསྟན་བསྲུང་མངའ་གསོལ་ལོ། །རིགས་ལྔའི་མཁའ་འགྲོས་དབང་བསྐུར་བྱིན་རླབས་ཐོབ། །རྒྱན་དང་ཆ་ལུགས་རྔམ་བརྗིད་ཡ་མཚན་ངོམས། དྲེལ་རྟ་རླུང་གི་གཤོག་པ་ཅན་ལ་ཆིབས། གོམ་སྟབས་གཅིག་གི་ས་གསུམ་སྤོ་བར་བྱེད། །རྫུ་འཕྲུལ་སྟོབས་ལྡན་ལྷ་མོར་མངའ་གསོལ་ལོ། །སེམས་ཉིད་རིག་པའི་གཤིས་ལ་ངོས་བཟུང་མེད། །ཡེངས་འཁྲུལ་དྲན་པ་གསལ་བའི་སྐད་ཅིག་མར། །རིག་པའི་རང་ཞལ་མཇལ་བའི་སྣང་སྟོང་གཉིས། །ཐབས་དང་ཤེས་རབ་ཟུང་འཇུག་མངའ་གསོལ་ལོ། །དེ་ལྟར་མངའ་གསོལ་བྱས་པའི་བྱིན་རླབས་ཀྱིས། རྣལ་འབྱོར་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། མཐུན་རྐྱེན་དོན་གཉིས་ལྷུན་གྲུབ་དགེ་ལེགས་བསྩོལ། །འདི་ནི་ཉི་གྲགས་གྲྭ་ཨོ་རྒྱན་མི་འགྱུར་ངོར་རྫོགས་སྤྲུལ་བཞི་པ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་ཐུབ་བསྟན་ཡོངས་འདུས་དགའ་ཚལ་དུ་སྦྱར་བས་བསྟན་འགྲོ་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག ། སརྦ་དཱ་ཀྱ་ལྱཱ་ཎཾ་བྷ་ཝ་ཏུ།


previousལྷ་མོ་སྔགས་བདག་མའི་མངའ་གསོལ་བསྡུས་པ་བཞུགས་སོ།།next