Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
ལྷ་མོའི་གསོལ་ཀ་བཞུགས་སོ།།
  
  
  
  
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousལྷ་མོའི་གསོལ་ཀ་བཞུགས་སོ།།next

ལྷ་མོའི་གསོལ་ཀ་བཞུགས་སོ།།

ལྷ་མོའི་གསོལ་ཀ་འདི་ཉིད་ཀྱི་ཞལ་བྱང་དབུ་ཤོག་ལྡེབ་དང་པོ་མ་རྙེད་པས་ཅུང་ཟད་ཆད་ཡོད།
དུར་ཁྲོད་རྟག༔ རྩུབ་གྱུར་ཚལ་དེ་འཇིགས་སུ་རུང༔ མཁའ་འགྲོ་སྔོན་མོ་ནམ་མཁའི་མདོག༔ དཔའ་སྟོབས་རྒྱས་པའི་རྔམས་བརྗིད་ངོམ༔ ཐོད་སྐམ་བརྒྱན་པའི་ཐོར་གཙུག་མཛེས༔ ལན་ཚར་ལྕང་ལོའི་ཟར་བུ་འགུལ༔ སྤྱན་གསུམ་སྲིད་གསུམ་ས་ལེར་གཟིགས༔ དབང་པོ་སྒོ་ལྔའི་མངོན་ཤེས་ཀྱིས༔ འཁོར་བའི་ལེགས་ཉེས་ཐམས་ཅད་མཁྱེན༔ དུར་ཁྲོད་དཔའ་མོའི་བརྒྱན་གོས་གསོལ༔ ཆིབས་སུ་ཤུག་ལྡན་དྲེའུའི་སྟེང༔ ཕྱེད་སྐྱིལ་རླུང་གི་རྫུ་འཕྲུལ་ཅན༔ གོམ་སྟབས་ཤུག་འགྲོས་ས་སྟོང་སྤོ༔ འཕོངས་སྟེང་མིག་གཉིས་ཁྲ་ཧྲིག་གེ༔ མཁའ་འགྲོའི་སྟོབས་རྒྱས་རྒྱན་ཆ་མཛེས༔ ལྷ་མོའི་ཕྱག་གཡས་དར་མདུང་ཕྱར༔ གཡོན་པས་ནད་ཀྱི་རྐྱལ་པ་འཛིན༔ དགྲ་ལ་འཚེ་བ་གཏོང་བྱེད་རྟགས༔ འཁོར་དུ་ལྷ་མོ་ཀླུ་མོ་དང༔ བདུད་མོ་བཙན་མོ་མང་པོས་བསྐོར༔ རྣལ་འབྱོར་བསྒྲུབ་པ་དམ་ཚིག་ཅན༔ སྲིང་མོ་ལྟ་བུའི་བརྩེ་གདུང་གྱིས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ རོལ་མོའི་སྒྲ་དང་གསུར་ཆེན་དུང་པ་བཏང༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དྲེགས་པ་དཔལ་ལྡན་ལྷ་མོ་མཛེས༔ རྫུ་འཕྲུལ་སྟོབས་ཆེན་གར་བསྒྱུར་བ༔ བསྟན་བསྲུང་ཆེན་མོ་བཞུགས་སུ་གསོལ༔ སེམས་ཉིད་མ་བཅོས་སྟོང་པ་ཡང༔ དྲན་པས་རྩིས་ཟིན་ལྷོད་ཆགས་པ༔ རྒྱལ་བསྟན་སྲུང་མའི་དོན་དེ་ཡིན༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་སྣང་འགགས་མེད་དབང་པོ་ལྔའི༔ རྒྱན་དང་ལྟད་མོ་ངོམ་པའི་ཚུལ༔ རྩ་རླུང་ཐིག་ལེའི་རྣལ་འབྱོར་པས༔ མཁའ་འགྲོ་ཤུགས་འགྲོ་ཕྱག་རྒྱ་མོ༔ གསལ་སྟོང་ཐབས་ཤེས་བདེ་བ་ཆེ༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་རོལ། ཨོཾ་བཛྲ་ཨརྒྷཾ་པདྱཾ་ནུཥྤེ་དྷུ་པྤེ་ཨཱ་ལོ་ཀེ་གྷནྒྷེ་ནེ་ཝིདྱ་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ་ཧྲཱིཿ དབྱིངས་ཡུམ་ཀུན་ཏུ་བཟང་མོ་དང༔ ཡེ་ཤེས་འཇིག་རྟེན་སྣ་ཚོགས་སྤྲུལ༔ ཟངས་མདོག་དཔལ་རིའི་སྲུང་མ་དང༔ རྒྱ་གར་འོད་གསལ་ལྷ་ཡི་རིགས༔ བྷ་ག་ལ་ཡི་རྒྱལ་སྲིད་འཕྲོག༔ སློབ་དཔོན་པདྨའི་སྔོན་འབྱུང་དུས༔ མཐུ་སྟོབས་དཔལ་མོའི་བྱིན་གྱིས་བརློབས༔ འཁོར་དང་བཅས་ལ་བསྟོད་པར་བགྱི༔ ཨོཾ་བཛྲ་དྷཀྐཱི་མ་ཧཱ་ཀ་ལི་རེ་མ་ཏི་བྷྱོ་ཧཱུྃ་ཕཊ༔ མཆོད་བསྟོད་སྤྱི་ཁྱབ་ལྟར་བྱ༔ ཧཱུྃ་ཧོཿ དགོངས་སུ་གསོལ་ལོ་སེམས་ཅན་མ་ལྟ་བུ༔ གསན་དུ་གསོལ་ལོ་བདུད་འདུལ་རེ་མ་ཏི༔ སྔོན་དུས་བར་སྐབས་དེང་སང་ལྔ་བདོའི་ཚེ༔ རྒྱལ་བའི་ཐུགས་རྗེས་ཡལ་དོར་མེད་ན་ཡང་༔ འཁོར་བའི་སྡིག་སྤྱོད་རྒྱུ་འབྲས་བསླུ་བ་མེད༔ སྡོམ་པ་དམ་ཚིག་ཉམས་པའི་རྐྱེན་བྱས་ཏེ༔ སྡུག་བསྔལ་མཚོ་རྡོལ་རྦ་རླབས་གཡོ་བའི་དུས༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཡིས༔ ཐུགས་རྗེའི་ནུས་སྟོབས་ཚ་ཟེར་སྟོང་འབར་འདྲས༔ ཀུན་ཏུ་ཁྱབ་པ་ཐར་ལམ་སྣང་གསལ་ཤོག༔ མདོ་སྔགས་བཤད་བསྒྲུབ་ཆོས་སྒྲ་སྒྲོགས་པ་ཡིས༔ ངུར་སྨིག་རྒྱ་མཚན་འཛིན་པའི་རྣལ་འབྱོར་པ༔ ཆོས་མཐུན་བསམ་པའི་དོན་ཀུན་འགྲུབ་པར་ཤོག༔ ཡེ་ཤེས་ལྷ་རྣམས་སྤྱན་གཟིགས་གསལ་འགྲིབ་མེད༔ བསྒྲུབ་པོས་འབོད་དུས་སྙན་གྱིས་ཐོགས་མེད་གསོན༔ བསྐུལ་བའི་ཚེ་ན་བང་མ་བུལ་བ་དང་༔ རྣལ་འབྱོར་པ་རྣམས་བསྐྱེད་རྫོགས་ནུས་སྟོབས་སྤོར༔ བྷ་ལིང་ཏ་དང་དམར་ཆེན་ཨརྒྷཾ་བཞེས༔ ཞིང་བཅུའི་འཁོར་བ་སྟོང་པའི་ཕྲིན་ལས་མཛོད༔ དགེ་བཅུའི་དཔལ་ལྡན་ཕུན་ཚོགས་དགེ་ལེགས་ཤོག༔ཐ་མལ་འཁྲུལ་སྣང་གཟུང་འཛིན་གདོན་ཞི་ནས༔ མ་ཡེང་མི་བསྒོམ་ཉིན་མཚན་འཁོར་ཡུག་འདྲེས༔ བདེ་ལེགས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ རྩ་བ་གསུམ་གྱིས་ཐུགས་དམ་བསྐུལ་ལོ༔ ཕྲིན་བཅོལ་ཚིག་ཉུང་དོན་འདུས་འདི་སྨྲས་དགེ༔ ལྷ་མོའི་བསྐང་བ་ནི༔ སྐུ་གསུམ་ལྷུན་གྲུབ་དཔལ་ལྡན་ལྷ་མོ་མཆོག༔ རང་རིག་རང་གསལ་ཐུགས་དམ་བསྐང་བྱེད་ནི༔ མཆོད་པ་དངོས་གཙང་རོ་བརྒྱ་ལྡན་པའི་ཟས༔ གདོས་བཅས་མེད་པས་ལྷ་ཁྱོད་ཐུགས་དམ་བསྐང་༔ སེམས་ཉིད་རང་ངོ་ཤེས་པའི་ཐུགས་དམ་བསྐང་༔ རྐྱེན་ངན་ཀུན་ཞི་ཕྲིན་ལས་བཞི་འགྲུབ་པའི༔ སྡོང་གྲོགས་མ་གཡེལ་བཛྲས་མ་ཡ༔ མཆོད་བ་གཙང་སར་འབུལ་ལོ༔ རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་དགོངས་གཏེར་ལས་བྱོན་པའོ།། །། མངྒ་ལཾ། །བཀྲ་ཤིས་ཤོག དགེའོ།།


previousལྷ་མོའི་གསོལ་ཀ་བཞུགས་སོ།།next