Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
གྲི་བཙན་གསོལ་མཆོད།།
  
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousགྲི་བཙན་གསོལ་མཆོད།།next

གྲི་བཙན་གསོལ་མཆོད།།

ཧཱུྃ་བྷྱོཿ དབང་གི་ལྷ་དམར་འདོད་འབྱུང་རིན་པོ་ཆེ། །པདྨ་ར་ག་བྱེ་རུའི་མདངས་འདྲ་བ། །དྲེགས་པ་སྡེ་བརྒྱད་བཙན་གྱི་ཚུལ་དུ་སྤྲུལ། །གྲིབ་ལ་འཁུ་ལྡོག་ཆེ་བ་ཤ་བའི་དབུ། །རྩ་གསུམ་རྒྱལ་བའི་བསྟན་སྲུང་འཁོར་དང་བཅས། །རྣལ་འབྱོར་བདག་གི་སྒྲུབ་པའི་རྟེན་འབྲེལ་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས། །ཤ་ཁྲག་མཚོན་བྱེད་གཏོར་མ་རི་ལྟར་དམིགས། །བཟའ་བཅའ་གསེར་སྐྱེམས་སྣ་ཚོགས་མཆོད་པ་བཤམས། །ལྷ་ཀླུ་མི་ལ་རྫུ་བ་ཐོགས་པ་མེད། །དྲག་རྩལ་ཅན་རྣམས་ཐུགས་དམ་བསྐང་གྱུར་ཅིག །དྲེགས་པ་ཟིལ་གནོན་དཀྱིལ་འཁོར་བསྟན་པ་སྲུངས། །དཔའ་བོ་མཁའ་འགྲོ་ཐུགས་དམ་བསྐང་གྱུར་ཅིག །རང་སེམས་རང་ངོ་ཤེས་པའི་འཁྲུལ་སྐབས་ལ། །དྲན་པའི་རྩིས་ཟིན་སྲུང་མའི་ལྷ་ཤར་བ། །ཕྱི་ནང་གསང་གསུམ་ཐུགས་དམ་བསྐང་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་དོན་གཉེར་ཅན་རྣམས་ཀྱིས་བསྐུལ་ངོར་རྫོགས་སྤྲུལ་བཞི་པས་སྨྲས་པའོ།། །།


previousགྲི་བཙན་གསོལ་མཆོད།།next