Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
ལྷ་མཆོག་རྡོ་རྗེ་གྲགས་ལྡན་གྱི་འཕྲིན་བཅོལ་དང་ཉམས་མགུར་བསྒྲགས་མ་ཡིད་ཀྱི་པད་ཚལ་ཞེས་བྱ་བ་བཞུགས་སོ།།
  
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousལྷ་མཆོག་རྡོ་རྗེ་གྲགས་ལྡན་གྱི་འཕྲིན་བཅོལ་དང་ཉམས་མགུར་བསྒྲགས་མ་ཡིད་ཀྱི་པད་ཚལ་ཞེས་བྱ་བ་བཞུགས་སོ།།next

ལྷ་མཆོག་རྡོ་རྗེ་གྲགས་ལྡན་གྱི་འཕྲིན་བཅོལ་དང་ཉམས་མགུར་བསྒྲགས་མ་ཡིད་ཀྱི་པད་ཚལ་ཞེས་བྱ་བ་བཞུགས་སོ།།

ཨ་ཧོ། ཁྲག་ཞག་རྒྱ་མཚོ་རྦ་ཀློང་འཁྲིགས་པ་ཡི་ཀློང་ན། །པདྨའི་བཀའ་ཉན་འཇིག་རྟེན་དྲེགས་པ་ཡི་གཙོ་བོ། །ཤིན་ཏུ་གདུལ་དཀའ་མ་རུང་ལོག་འདྲེན་གྱི་གཤེད་པོ། །གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་གི་བཀའ་སྡོད། །རྡོ་རྗེ་གྲགས་ལྡན་མཐུ་སྟོབས་དབང་ཕྱུག་གི་མངའ་བདག །སྐུ་མདོག་དམར་པོ་ཁྲག་མདོག་བཟོད་དཀའ་ཡི་ལང་ཚོ། །འོད་དང་འོད་ཟེར་ཉི་མ་སྟོང་ཕྲག་ལས་ལྷག་པ། །དྲན་པ་ཙམ་གྱི་ཅི་བསམ་ཡིད་བཞིན་དུ་བསྒྲུབ་མཛད། །ཕྱག་གཡས་བསེ་ཡི་རུ་མཚོན་ནམ་མཁའ་ལ་ཕྱར་ཞིང་། །གཡོན་པས་དམ་ཉམས་འཆིང་བྱེད་བཙན་ཞགས་ནི་བསྣམས་པ། །གར་དགུའི་རྣམ་རོལ་ཁྲོས་པའི་དཔལ་འབར་གྱི་དབང་ཕྱུག །ཟ་འོག་བེར་གསོལ་རྣམ་ལྔའི་རྒྱལ་མཚན་གྱིས་བརྒྱན་ཏེ། །འཇའ་རིས་འཁྱིལ་བའི་སག་ལྷམ་ཡུ་རིང་ནི་གསོལ་ཏེ། །ཆུ་སྐྱེས་ཉི་ཟླ་བམ་རོ་ཕོ་མོ་ཡི་གདན་ལ། །ཐབས་ཤེས་འདུ་འབྲལ་མེད་པའི་འདོར་སྟབས་སུ་བཞུགས་པ། །བསྐལ་བའི་མེ་དཔུང་དམར་ནག་འཁྲིགས་པ་ཡི་ཀློང་ན། །གསང་ཡུམ་གཟི་བརྗིད་ཆེན་མོ་ཟླ་བ་ཡི་མདོག་འདྲ། །རྟག་ཏུ་ཡབ་ལ་རྗེས་སུ་ཆགས་པ་ཡི་ཚུལ་གྱི། །ལུས་དང་གྲིབ་བཞིན་མི་འབྲལ་བདེ་དགའ་ཡི་དཔལ་སྟེར། །དྲན་པ་ཙམ་གྱི་བདེ་ཆེན་དངོས་གྲུབ་ཀྱི་འབྱུང་གནས། །ཡིད་ལ་ཅི་འདོད་འབད་མེད་དངོས་གྲུབ་ནི་རྩོལ་བ། །ཀ་དག་དོན་དམ་དབྱིངས་སུ་ཆོས་སྐྱོང་ཞེས་མེད་ཀྱང་། །ཁ་དོག་བདེན་གྲུབ་འཛིན་པ་ཀུན་རྫོབ་ཀྱི་ཚུལ་དུ། །ག་ལེ་རང་རིག་རྩིས་ཟིན་ཆོས་སྐྱོང་གི་ངོ་བོ། །ང་བདག་གཟུང་འཛིན་བྲལ་བའི་དགྲ་ལྷ་ཡི་རྒྱལ་པོ། །ཅ་ག་སྤྱན་གཟིགས་རྣམ་མང་ལྷུན་པོ་ལྟར་སྤུངས་པ། །ཆ་བྱད་སྣ་ཚོགས་སྟོན་པ་ཆུ་ཟླ་ཡི་གར་བཞིན། །ཇ་རིལ་མི་མགོ་བརྩེགས་པའི་དུར་ཁྲོད་ཀྱི་ཞིང་འདིར། །ཉ་རྒྱས་འདིར་གཤེགས་དགྱེས་པ་ཆེན་པོ་ཡི་བཞུགས་ལ། །ཏ་ཐཱ་ག་ཏའི་བསྟན་པ་ཡིད་བཞིན་གྱི་ནོར་བུ། །ཐ་མལ་མི་ཡི་རྫུ་ཞུགས་གྲུབ་བརྙེས་ཀྱི་ཚོགས་ལ། །ད་ལྟ་གནོད་སེམས་འཆང་བའི་མ་རུང་པའི་ཚོགས་རྣམས། །ན་ཚ་འཆི་བ་དྲག་པོའི་སྡུག་བསྔལ་ལ་སྦྱོར་ཅིག །པ་སངས་མིག་དམར་ལ་སོགས་སྡེ་བརྒྱད་ཀྱི་ཚོགས་དཔོན། །ཕ་རོལ་ཕམ་ལ་བསྐུར་མཛད་དགྲ་ལྷ་ཡི་རྒྱལ་པོ། །བ་ལང་སྤྱོད་སོགས་གླིང་བཞི་སྐད་ཅིག་ལ་འགྲོད་པ། །མ་ལྟར་བྱམས་པའི་དགྲ་ལྷ་ཁྱོད་ཉིད་ལ་བསྟོད་དོ། །ཙ་ར་མཁའ་ལྡིང་དུད་འགྲོ་རྐང་བཞི་ཡི་ཚོགས་དང་། །ཚ་ཊམ་ཀ་དང་རྒྱལ་མཚན་འཕན་འཕུར་གྱི་བྱེ་བྲག །ཛ་ཧུའི་རྒྱུན་བཞིན་བཏུང་བ་རྒྱ་མཚོ་ཡི་རིགས་བྱེད། །ཝ་སྤྱང་ལ་སོགས་མཐུན་རྫས་སྣ་ཚོགས་ཀྱི་རོལ་མོ། །ཞྭ་ལྟར་བརྟེན་པའི་དགྲ་ལྷ་ཁྱོད་ཉིད་ལ་འབུལ་ན། །ཟ་འདྲེ་ཕུང་སྲི་མི་མཐུན་རྐྱེན་ངན་གྱི་ཚོགས་རྣམས། །འ་འུར་ཧཱུྃ་ཕཊ་ཛ་བྷྱོ་རུ་ལུ་ཡི་སྒྲ་ཡིས། །ཡ་མནྟ་ལྟར་འཆོར་མེད་མངོན་སྤྱོད་ཀྱིས་སྒྲོལ་ཅིག །ར་ས་འཁྲུལ་སྣང་བོད་ཁམས་གནས་ཡུལ་གྱི་ཚོགས་རྣམས། །ལ་ལ་ཙམ་མིན་ཆོས་འཁོར་ཐམས་ཅད་ཀྱི་མངའ་བདག །ཤ་སྟག་ཉིན་མཚན་དུས་དྲུག་མེལ་ཚེ་ཡི་བྱ་རའི། །ས་ཕྱོགས་གང་དུ་གནས་ཀྱང་གློག་རྟར་ལས་མྱུར་པའི། །ཧྱ་གྷྲི་ཝའི་སྔོན་གྱི་ཐ་ཚིག་ལ་དགོངས་ཏེ། །ཨ་ལ་ལ་ཞེས་དགའ་བའི་རྣམ་འགྱུར་་་་་ འདི་ཉིད་ཀྱི་མཇུག་ནས་མ་དཔེ་མ་བརྙེད།


previousལྷ་མཆོག་རྡོ་རྗེ་གྲགས་ལྡན་གྱི་འཕྲིན་བཅོལ་དང་ཉམས་མགུར་བསྒྲགས་མ་ཡིད་ཀྱི་པད་ཚལ་ཞེས་བྱ་བ་བཞུགས་སོ།།next