Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་ཙིའུ་དམར་པོའི་བསྐང་བ་དགོས་འདོད་རེ་སྐོང་བཞུགས་སོ།།
  
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousགནོད་སྦྱིན་ཙིའུ་དམར་པོའི་བསྐང་བ་དགོས་འདོད་རེ་སྐོང་བཞུགས་སོ།།next

གནོད་སྦྱིན་ཙིའུ་དམར་པོའི་བསྐང་བ་དགོས་འདོད་རེ་སྐོང་བཞུགས་སོ།།

རྃ་ཡྃ་ཁྃ། ཨོཾ་སྭཱ་བྷཱ་ཝ་ཤུཌྜྷ་སརྦ་དྷརྨཱ་སྭཱ་བྷ་ཝ་ཤུདྡྷོ་ཧཱུྃ། ཨོཾ་ཨཱཿཧཱུྃཿཧོཿསྐུ་གསུང་ཐུགས་ཀྱི་དྲེགས་ཆེན་སྤྲུལ། །མཐུ་ཆེན་སྟོབས་ལྡན་ཙིའུ་དམར། །འཁོར་བཅས་ཐུགས་དམ་དགྱེས་བསྐང་རྫས། །ཞིང་བཅུ་ཉམས་པ་བསྒྲལ་བ་ཡི། །ཕུང་ཁམས་ལས་བྱུང་མཾ་ས་ནི། །རི་བོ་ལྟར་བརྗིད་ཁྲག་གི་མཚོ། །ཀེང་རུས་མཁར་དང་དབང་པོ་ལྔའི། །མེ་ཏོག་སྤུངས་པ་འདི་དག་གིས། །གནོད་སྦྱིན་ཆེན་པོའི་ཐུགས་དམ་བསྐང་། །སྲིད་པའི་དཔལ་འབྱོར་བཀྲ་ཤིས་པའི། །རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །ལེགས་པར་བཤམས་པའི་ཡོན་ཏན་འདིས། །གནོད་སྦྱིན་ཆེན་པོའི་ཐུགས་དམ་བསྐང་། །བྱི་རུའི་མདངས་འདྲའི་འདབ་ཆགས་བྱ། །དེ་བཞིན་ཁྱི་དམར་དཔའ་གཏུམ་རྒོད། །ཅང་ཤེས་རྟ་སོགས་མང་པོ་ཡིས། །གནོད་སྦྱིན་འཁོར་བཅས་ཐུགས་དམ་བསྐང་། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །འདོད་ཡོན་མཛེས་བརྒྱན་བསམ་མི་ཁྱབ། །ཐམས་ཅད་རང་ཤར་རང་གྲོལ་གྱིས། །རྩིས་ཟིན་དྲན་ཤེས་རིག་པ་དེ། །ཆོས་སྲུང་ངོ་བོ་ཡིན་པའི་ཕྱིར། །གནོད་སྦྱིན་ཆེན་པོ་འཁོར་བཅས་ཀྱི། །ཡེ་ཤེས་དབྱིངས་སུ་ཐུགས་དམ་བསྐང་། །མ་རིག་སེམས་ཅན་ལས་དབང་གི། །ཉེས་ལྟུང་འགལ་ཀུན་བཤགས་པར་བགྱི། །ལས་བཞིའི་དབང་ཆེན་བཙན་རྒོད་ཆེས། །རྣལ་འབྱོར་བསྒྲུབ་པའི་གེགས་སོལ་ཅིག །དོན་འགྲུབ་དགེ་ལེགས་ཀུན་འཕེལ་ཤོག །མི་འགྱུར་ཚེ་དབང་གིས་ངོར་རྫོགས་སྤྲུལ་བཞི་པས་སྨྲས་པ་དགེ། །སརྦ་མངྒ་ལཾ། །


previousགནོད་སྦྱིན་ཙིའུ་དམར་པོའི་བསྐང་བ་དགོས་འདོད་རེ་སྐོང་བཞུགས་སོ།།next