Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

9 occurrences of འབེན་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
དྲག་ཤུལ་སྟོབས་ལྡན་དབང་པོའི་གསོལ་མཆོད་ཕྲིན་ལས་གློག་ཞགས་བཞུགས་སོ།།
  
  
  
  
  
  


9 occurrences of འབེན་
[Clear Hits]

 
previousདྲག་ཤུལ་སྟོབས་ལྡན་དབང་པོའི་གསོལ་མཆོད་ཕྲིན་ལས་གློག་ཞགས་བཞུགས་སོ།།next

དྲག་ཤུལ་སྟོབས་ལྡན་དབང་པོའི་གསོལ་མཆོད་ཕྲིན་ལས་གློག་ཞགས་བཞུགས་སོ།།

ཧཱུྃ། རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ནས། །རྒྱལ་བསྲེན་རྡུལ་དུ་བརླག་པའི་མཐུ་བོ་ཆེ། །དྲག་ཤུལ་སྟོབས་ལྡན་དབང་པོ་ཡབ་ཡུམ་དང་། །རུ་འདྲེན་སྡེ་བཞི་འཁོར་བཅས་གནས་འདིར་གཤེགས། །བཛྲ་ས་མ་ཛཿ པད་ཉི་བམ་ཆེན་བསྣོལ་བའི་གདན་ཁྲི་ལ། །བཞུགས་སུ་གསོལ་ལོ་ལས་བཞིའི་ཕྲིན་ལས་སྒྲུབ། །ཕྱི་ནང་གསང་བའི་མཆོད་པ་དམ་པ་ཀུན། །འབུལ་ལོ་རྒྱལ་བའི་བསྟན་པ་སྲུང་བར་མཛོད། །སྲིད་ཞིའི་བདེ་ལེགས་མ་ལུས་འབྱུང་བའི་གཞི། །རྨད་བྱུང་དྲི་མེད་བསླབ་གསུམ་རྫོགས་པའི་མཛོད། །བསྟན་པའི་ཡོངས་སྙིང་སྔ་འགྱུར་སྙན་པའི་གཟི། །ས་སྟེང་ཡོངས་ཁྱབ་བསྟན་སྲུང་མངའ་གསོལ་ལོ། །དྲེགས་པའི་ཡོངས་རྗེ་དྲག་ཤུལ་མཐུ་བོ་ཆེ། །རྣལ་འབྱོར་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་པ་འདི་ནི་མེ་ཁྱི་ཟླ་ཚེས་གཟའ་ཟླ་བའི་ཉིན་གཟིམ་དཀྱིལ་འཆི་མེད་གྲུབ་པའི་དགའ་ཚལ་ནས་ཨོ་རྒྱན་ཐེག་མཆོག་རྡོ་རྗེའི་གང་ཤར་སྤེལ་བའོ། །


previousདྲག་ཤུལ་སྟོབས་ལྡན་དབང་པོའི་གསོལ་མཆོད་ཕྲིན་ལས་གློག་ཞགས་བཞུགས་སོ།།next