Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་བདག་ནོར་བུ་གཡུལ་རྒྱལ་མཆོད་པའི་སྒྲུབ་ཐབས་བཞུགས་སོ།།
   
   
   


 
previousགནས་བདག་ནོར་བུ་གཡུལ་རྒྱལ་མཆོད་པའི་སྒྲུབ་ཐབས་བཞུགས་སོ།།next

གནས་བདག་ནོར་བུ་གཡུལ་རྒྱལ་མཆོད་པའི་སྒྲུབ་ཐབས་བཞུགས་སོ།།

གནས་བདག་ནོར་བུ་གཡུལ་རྒྱལ་མཆོད་པའི་སྒྲུབ་ཐབས་འདི་ལྟར་ལྷ་གསོལ་མཉེས་ཐབས་མཆོད་བཤམས་བྱས་ལ། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལྔ་ལྡན་རྒྱལ་བའི་ཞིང་ཁམས་ཕྱོགས། །མཉམ་ཉིད་ལྷ་མཆོག་རིན་ཆེན་འབྱུང་ལྡན་འོག །འབྱུང་བ་ལྔ་པོའི་ཕྱི་ནང་ལེགས་བསྡུས་པའི། །གནས་བདག་ནོར་བུ་གཡུལ་རྒྱལ་བཞུགས་པའི་ཁང་། །ས་རྡོ་ཤིང་བྲག་ལྗང་སེར་གསེར་གཡུའི་མདངས། །རབ་མཛེས་ཕོ་བྲང་དབུས་ལ་སྟག་གཟིག་ལྤགས། །དར་ཟབ་འབོལ་བརྩེགས་སྟེང་ལ་ཡུལ་བདག་པོ། །ཤ་མདངས་དམར་སྨུག་ཁྲོ་འཛུམ་རྔམས་བརྗིད་ལྡན། །གོས་ཆེན་དམར་པོའི་སྟོད་ལེ་ལྷ་ལྷུབ་གསོལ། །ཐེར་མས་གཟན་དང་ནང་བ་ན་བཟའ་སྔོ། །བན་བོན་སྔོན་གྱི་སྲུང་མར་མངའ་གསོལ་རྟགས། །སྐྱེས་མཆོག་དམ་པ་རྣམས་གྱི་བཀའ་ཉན་པ། །ཞྭ་དཀར་ཞྭ་དམར་རེས་མོའི་མགོ་བོས་མཛེས། །དྲིལ་བུ་རོལ་མོ་བོན་གཤང་མཁར་རྔ་འཁྲོལ། །མ་ཏྲི་མུ་ཡེ་ས་ལེ་འདུ་དང་ནི། །མ་ཎི་པདྨེ་བན་བོན་སྔགས་སྒྲ་སྒྲོགས། །ཐབས་ཤེས་དཔའ་བོ་དཔའ་མོ་འཁོར་ལྷ་ཀླུ། །སྨན་མོ་བདུད་བཙན་སྣ་ཚོགས་དྲེགས་པ་འཚོགས། །ནོར་སྲུང་སྟོབས་ལྡན་ཀུ་ཀུ་སྔོ་ནག་ཁྱི། །ཁ་རླང་སྣ་རླུང་ཁ་བ་བུ་ཡུག་འཚུབས། །ཡུལ་འདིའི་སྐྱེས་པ་ཕོ་མོ་གཞོན་ནུ་དང་། །བན་བཙུན་ལ་སོགས་མི་བརྫུ་དགུ་རུ་བརྫུ། །སྐྱེས་བུའི་གོ་མཚོན་ཞོན་པ་བསྐྱོད་འགྲོས་དང་། །བཙུན་མའི་རོལ་མོ་འཁྲོལ་དང་རྔ་བརྡུང་སོགས། །དེ་དག་རྣལ་འབྱོར་སྤྲུལ་པ་འགོ་བའི་ལྷ། །དངོས་མེད་དངོས་སྣང་བྱིན་རླབས་ནུས་སྟོབས་ཅན། །སྤྱན་འདྲེན་བཞུགས་གསོལ་གུས་འདུད་མཆོད་པས་མཆོད། །རང་སེམས་རང་རིག་ངོ་འཕྲོད་ཉམས་ལེན་ཅན། །སྣ་ཚོགས་སྣང་བ་རང་ཤར་རང་གྲོལ་ངང་། །སྲིད་ཞིའི་དཔལ་ཡོན་འབྱོར་པའི་ཐུགས་དམ་བསྐང་། །དགེ་སྒྲུབ་སྡིག་སྤང་ཆོས་མཐུན་སྡོང་གྲོགས་གྱིས། །གཡུལ་འཁྲུག་ནད་མུག་ཉེར་འཚེ་ཀུན་ཞི་ནས། །འཕྲལ་ཕུགས་དགེ་ལེགས་གེགས་མེད་མངྒ་ལཾ། །འཇིགས་མེད་ཆོས་འཕེལ་དེ་ཡིས་བསྐུལ་བའི་ངོར། །ཨོ་རྒྱན་ཆེ་མཆོག་དེ་ཡིས་སྨྲས་པ་དགེ། ། ། །


previousགནས་བདག་ནོར་བུ་གཡུལ་རྒྱལ་མཆོད་པའི་སྒྲུབ་ཐབས་བཞུགས་སོ།།next