Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས།
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previous སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས། next

སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས།

༄༅། སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས་བཞུགས། ཨེ་མ་ཧོ། འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་ལས། །ལེགས་འཁྲུངས་གསེར་གྱི་ལག་དང་མཛེས་པའི་ཏོག །གནག་རྫི་གྲུབ་ཆེན་ནོར་བུ་གོ་ལེབ་དང་། །པཎ་ཆེན་ནག་མོའི་ཁོལ་ལ་གསོལ་བ་འདེབས། །བོད་ཡུལ་མཁས་དབང་ཐུ་མི་ཨ་ནུའི་སྲས། །ལ་སུམ་རྒྱལ་བ་བྱང་ཆུབ་གྲུབ་པའི་རྗེ། །པུཎྱེ་ཤྲཱི་ཡེ་རེང་མི་ཡི་དབང་། །བློ་གསལ་བསྟན་སྐྱོང་རྣམས་ལ་གསོལ་བ་འདེབས། །ཀོང་མོ་ཚེ་ལྷ་གང་འབྲེལ་དོན་དང་ལྡན། །སྲིད་སྡེ་དགེ་བའི་ས་སྐྱོང་རྒྱལ་བསྟན་འཛིན། །བློ་གྲོས་རིན་ཆེན་ཟབ་ཆོས་གཏེར་ལ་དབང་། །དབོན་སྤྲུལ་ཀུན་བཟང་གཉིས་པར་གསོལ་བ་འདེབས། །གང་དེའི་ཡང་སྲིད་རབ་བྱུང་གསར་རྙིང་གཉིས། །སྔགས་སྤྱོད་གཅིག་བཅས་གསུམ་གྱི་རྗེས་མ་ཉིད། །སྦས་ཚུལ་བསྟན་འགྲོར་ཕན་པའི་ལྷག་བསམ་ཅན། །འཇིགས་མེད་རྣམ་རྒྱལ་བཟང་པོར་གསོལ་བ་འདེབས། །དེ་ལྟར་ཡིད་གཉིས་སྤངས་ནས་གསོལ་བཏབ་མཐུས། །བདག་སོགས་དཀར་ནག་ལས་སྨོན་འབྲེལ་བ་ཀུན། །གནས་སྐབས་ཀེགས་ཞི་བསམ་དོན་ཡིད་བཞིན་འགྲུབ། །མཐར་ཐུག་དོན་གཉིས་འབྱུང་བར་བྱིན་གྱིས་རློབས།། ཞེས་འདི་གཡུང་དྲུང་སྐལ་བཟང་ནན་བསྐུལ་ངོར། །ཀུ་ཀུའི་མཆེ་བར་གསོལ་བཏབ་རྒན་མོ་གྲོལ། །ཁྱི་སོར་རིང་བསྲེལ་བྱུང་བའི་དཔེ་བཞིན་དུ། །གཞན་ལ་ཕན་ཕྱིར་སྔགས་སྨྱོན་རང་གིས་བྲིས།།


no previous སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས། next