Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད།
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད།next

སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད།

སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད་བཞུགས། ཨེ་མ་ཧོ། སྔོན་དུས་བསྐལ་བར་གསེར་གྱི་ལག་པའི་དབང་། །ཐུབ་པའི་སྤྱན་སྔར་རྒྱལ་སྲས་མཛེས་པའི་ཏོག །དབྱངས་ཅན་འཕགས་མས་རྗེས་བཟུང་ནག་མོའི་ཁོལ། །མཁས་ཤིང་གྲུབ་བརྙེས་ནོར་བུ་ཧཱུྃ་ཀཱ་ར། །བྲམ་ཟེའི་སློབ་དཔོན་སུ་ཝརྞ་དཱི་པ། །སྨྲི་ཏི་ཛྙ་ན་རྣམས་ལ་གསོལ་བ་འདེབས། །བྷོ་ཊར་པདྨས་རྗེས་བཟུང་ལ་སུམ་པ། །སྙེ་ཐང་ཡང་དབེན་མུས་ཆེན་རྣམ་རྒྱལ་བཟང་། །ཟབ་གཏེར་མངའ་བདག་རཏྣ་ཀརྨ་གླིང་། །དབུ་མའི་སྲོལ་འཛིན་དགའ་བའི་རྡོ་རྗེའི་མཚན། །བསམ་གཏན་ཆོས་གླིང་མཆོག་སྤྲུལ་ཀུན་བཟང་པ། །དེ་སྤྲུལ་གསར་རྙིང་བསྟན་འཛིན་གསུམ་ལ་འདུད། །འདི་འོག་ཟབ་གཏེར་མངའ་བདག་ལམ་སྟོན་གླིང་། །མ་འོངས་འདྲེན་མཆོག་ཡོན་ཏན་རྒྱ་མཚོ་ཞེས། །སླར་ཡང་འགྲོ་ཕན་བྱེད་པོ་མཐའ་ཡས་ཀྱིས། །མཁའ་ཁྱབ་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ཞེས་པ་འདི་པདྨ་དངོས་གྲུབ། རིག་འཛིན་རྒྱ་མཚོ། ཨོ་རྒྱན་བདེ་ཆེན། ཀློང་ཆེན། དངོས་གྲུབ་རྣམས་ནས་བསྐུལ་ངོར། མགོ་ལོག་ཨ་མྱེ་རང་གིས་བྲིས་པའོ།།


previousསྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད།next