Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
སྐྱེ་ཕྲེང་གསོལ་འདེབས་བསྡུས་པ།
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེ་ཕྲེང་གསོལ་འདེབས་བསྡུས་པ།next

སྐྱེ་ཕྲེང་གསོལ་འདེབས་བསྡུས་པ།

༄༅། སྐྱེ་ཕྲེང་གསོལ་འདེབས་བསྡུས་པ་ནི། སྔོན་ཚེ་ཐུབ་དབང་དགེ་བསྙེན་མཛེས་པའི་ཏོག །བར་དུ་པད་འབྱུང་དངོས་སློབ་ལ་སུམ་པ། །མ་འོངས་འདྲེན་མཆོག་ཡོན་ཏན་རྒྱ་མཚོ་རུ། །ལུང་ཟིན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། ཅེས་སམ། ཡང་ན། གུ་རུས་རྗེས་བཟུང་སྐུ་གསུམ་དགོངས་མཛོད་གནང་། །རྫོངས་བདུན་གནས་ཀྱིས་འགྲོ་དོན་སྒོ་འཕར་ཕྱེས། །གླིང་པ་རྣམ་གསུམ་ཆོས་བདག་ལུང་ཟིན་པ། །ཆོས་དབྱིངས་ཀུན་གསལ་རྒྱ་མཚོར་གསོལ་བ་འདེབས།། ཅེས་བརྗོད་ཀྱང་ཆོག ཡང་ན། སྐྱེས་མ་ཐག་ནས་དམ་པའི་ཆོས་དང་འཕྲད། །ཚད་མའི་སྐྱེས་ཆེན་ལྔ་བཅུའི་བྱིན་རླབས་ཐོབ། །ཞི་ལྷག་དབྱེར་མེད་རིག་པའི་རང་ཞལ་མཇལ། །གྲོལ་ཞིག་ཞིང་སྐྱོང་མགོན་པོར་གསོལ་བ་འདེབས།། ཞེས་ཚིགས་བཞི་གསུམ་པོ་འདི་ཁོ་བོའི་རྣམ་ཐར་ཡིན་ལ་གསོལ་འདེབས་ཀྱང་ཡིན། འདིར་མ་འདུས་པའི་ཡོན་ཏན་ནི་སྔགས་རྒན་གཅོལ་པོ་རང་ལ་སྣ་གཅིག་ཀྱང་མེད་པས། འདི་ཙམ་གྱིས་དད་ཅན་རྣམས་ཆོག་ཤེས་པར་མཛོད་ཅིག ཅེས་རང་སློབ་དམ་པ་འཇམ་དབྱངས་བློ་འཕེལ་དང་འོད་ཟེར་མཐའ་ཡས་གཉིས་ཀྱི་ངོར། མགོ་སྤྲུལ་རྒན་པོ་རང་གིས་བྲིས་པ་དགེའོ།།


previousསྐྱེ་ཕྲེང་གསོལ་འདེབས་བསྡུས་པ།next