Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  collapse section
རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ།next

རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ།

སྐབས་དང་པོ།

༄༅། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས་སོ།།

༄༅། ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཁྱབ་བདག་དང་པོའི་སངས་རྒྱས་ཆོས་ཀྱི་སྐུ། །བདེ་སྟོང་དུས་ཀྱི་འཁོར་ལོ་ལོངས་སྤྱོད་རྫོགས། །འདྲེན་མཆོག་མི་ཡི་སེང་གེ་སྤྲུལ་པའི་སྐུ། །དབྱེར་མེད་རིགས་ཀྱི་བདག་པོར་གུས་བཏུད་ནས། །མཆོག་གི་དང་པོའི་རྒྱུད་རྒྱལ་ལས་བྱུང་བ། །འཕགས་བོད་ཤིང་རྟ་ཆེ་དགུའི་བཞེད་པའི་སྲོལ། །རྩིས་ཀྱི་ལག་ལེན་ཉུང་ངུ་རྣམ་གསལ་འདི། །རིགས་མཐུན་འགའ་ལ་ཕན་ཕྱིར་བསྡུས་ཏེ་འབྲི། །དེ་ཡང་རབ་ཚེས་སྒྱུར་བྱེད་ཀྱི། །འདས་ལོ་ཉིས་བསྒྱུར་འདས་ཟླ་བསྲེ། །གནས་གཉིས་འོག་མ་མིག་གིས་སྤེལ། །མེ་རྩེ་བསྣན་ལ་མདའ་རོས་བགོ། །རྙེད་པ་སྟེང་ཕུལ་ཟླ་བ་དག །ལྷག་མ་དུས་གཟེར་བརྟགས་ཕྱིར་བཀོད། །ཟླ་དག་གནས་ལྔ་༡གཟུགས་༣༡ཟླ་མེ། །༥༠མཁའ་དབང་༠སྟོང་པ་༤༨༠མཁའ་ནོར་ཆུས། ༡ ༣༡ ༥༠ ༠ ༤༨༠།སྟེང་ནས་རིམ་བསྒྱུར་༢ཟུང་༢༢ལག་མིག ༢ ༢༢ ༤༥ ༨༥།༤༥མཚོ་དབང་༡ཟླ་བ་༨༥མདའ་ནོར་བྱིན། །༧༠༧རི་མཁའ་རི་དང་༦དུས་༦༠མཁའ་རོ། ༧ ༦༠ ༦༠ ༦ ༧༠༧།༦༠ཐིག་མཚམས་༧གླིང་དོར་གཟའ་དྷྲུ་དག །ཟླ་དག་སྟེང་༢མིག་འོག་༡ཟླས་གསིལ། ༢ ༡ ༡༩ ༩།༡༩བུག་གཟུགས་༩རྩ་བསྣན་༡༢༦དུས་ཁྱིམ་དང་། ༢༨ ༡༢༦།༢༨ནོར་ལག་གིས་བསྒྲིལ་རིལ་ཆ་དག །ཟླ་དག་གནས་ལྔ་༢བསྒྲོད་པ་༡༠ཕྱོགས། ༢ ༡༠ ༥༨ ༡ ༡༧།༥༨ཀླུ་དབང་༡གཟུགས་དང་༡༧རི་ཟླས་སྤེལ། །༢༥དེ་ཉིད་༥༣མེ་མདའ་༣༠མཁའ་ཡོན་༢ཟུང་། ༢༥ ༥༣ ༣༠ ༢ ༤༦།༤༦དུས་མཚོ་བྱིན་ལ་༦༧རི་རོ་དང་། །༦བྲོ་བ་༦༠ཐིག་མཚམས་༦༠མཁའ་རོ་དང་། ༢༧ ༦༠ ༦༠ ༦ ༦༧།༢༧འཁོར་ལོས་བསྒྲིལ་ལྷག་ཉི་དྷྲུ་དག །སྔ་དྷྲུར་སོ་སོའི་བསྒྱུར་བྱེད་བསྣན། །ཕྱི་དྷྲུ་ཚེགས་མེད་རིམ་པར་རྟོགས། །གཟའ་ཉིའི་དྷྲུ་བར་རྟག་ལོངས་བྱིན། །འཁོར་བསྒྲིལ་གཟའ་ཉི་བར་བ་འགྲུབ། །རིལ་པོར་ཚེས་བསྲེ་༡༤མ་ནུས་བགོ། །ནོར་མཉམ་མི་མཉམ་མཚན་མ་འབྲི། །ལྷག་མས་ཟླ་བའི་རྐང་པ་བཟུང་། །རྐང་སྡོམ་ཆུ་ཚོད་གནས་སུ་བཀོད། །རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། །མ་ཟིན་སྔ་རྐང་དང་པོས་བསྒྱུར། །༡༢༦དུས་ཉིས་རྙེད་པ་ཡང་རྒྱུའི་དབྱུག །བགོས་ལྷག་རིམ་བཞིན་༦༠མཁའ་རོ་༦དུས། །༧༠༧རི་མཁའ་རིས་བསྒྱུར་༡༢༦དུས་ཉིས་ནོར། །སྲང་དབུགས་ཆ་སྟེ་ལྷག་མེད་༠དག །སྡོམ་ལ་ཡང་རྒྱུའི་ཆུ་ཚོད་སོགས། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །ཚོགས་དེ་གཟའ་བར་ལོངས་སྤྱོད་ལ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །གྲུབ་པར་གཟའ་ཉིའི་ཆ་ཤས་དག །སྙོམ་ཕྱིར་གཟའ་ཆ་༦༧རི་རོས་གསིལ། །༧༠༧རི་མཁའ་རིས་བགོ་གནས་དྲུག་བྱ། །དེ་ཡིས་གཟའ་ཕྱེད་རྣམ་པར་དག །ཉི་བར་གཉིས་བཀོད་ཅིག་ཤོས་ལ། །སྐར་དབྱུག་༦དུས་དང་༦༥མདའ་མཚོ་ཕྲི། ༦ ༤༥།མ་ལྡང་༢༧སྐར་བསྣན་ཤུལ་འཁོར་ཕྱེད། ༡༣ ༣༠།ལོངས་ན་དོར་ཞིང་༚༝མཚན་མ་བྲི། །ལྷག་སྐར་༦༠མཁའ་རོས་སྤེལ་དབྱུག་བསྲེ། །༡༣༥མདའ་འདོད་ཀྱིས་ཐོབ་ཉི་རྐང་བཟུང་། །སྡོམ་བཀོད་སྔོན་མས་ལྷག་རྣམས་བསྒྲེས།༦༠ ༦ ༦༧།དབྱུག་བར་བསྒྲིལ་ལ་༡༣༥མདའ་འདོད་ཀྱིས། །ཐོབ་པ་ཡང་རྒྱུའི་དབྱུག་ལྷག་དེ། །༦༠མཁའ་རོ་༦དུས་དང་༦༧རི་རོས་སྤེལ། །རིམ་བཞིན་སྲང་དབུགས་ཆ་ཤས་བསྣན། །༡༢༥མདའ་འདོད་ཀྱིས་རྙེད་རིམ་པ་བཞིན། །སྲང་དབུགས་ཆ་སྟེ་ལྷག་མེད་༠དག །སྡོམ་ལ་ཡང་རྒྱུའི་ཆུ་ཚོད་སོགས། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །ཚོགས་དེ་གཟའ་ཉིའི་ལོངས་སྤྱོད་ལ། །འཁོར་ཕྱེད་དོར་༚༝བསྣན་མ་དོར་༝ཕྲི། །གཟའ་ཉི་དག་འགྱུར་ཉི་དག་གཉིས། །གཅིག་ལ་ཐུན་མིན་རྟག་ལོངས་བསྣན། །ཚེས་འཁྱུད་དེ་ལ་གཟའ་ལོངས་ཀྱིས། །དམན་ལྷག་ཚེས་འཕྲོག་རྣམ་པར་དག །དེ་ལ་ཉི་དག་བསྲེ་སྦྱོར་བ། །ཚེས་གྲངས་༢མིག་བསྒྱུར་༡གཟུགས་དམན་༧རིས། །དོར་ལྷག་ཕྱི་ཆའི་བྱེད་པ་རྟོགས། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། རྣམ་དག་གྲུབ་མཐའི་ལྔ་བསྡུས་བཤད་པའི་སྐབས་ཏེ་དང་པོའོ།།

སྐབས་གཉིས་པ།

༈ ཉུང་ངུ་བྱེད་པའི་ལྔ་བསྡུས་ཀྱི། །རི་མོའི་ཁྱད་པར་རྟོགས་འདོད་ན། །གྲུབ་རྩིས་ཇི་བཞིན་ཟླ་དག་དང་། །ཟླ་བཤོལ་རྩིས་འཕྲོའི་ངེས་པ་འཚོལ། །ཟླ་དག་གནས་གསུམ་རིམ་པ་བཞིན། །༡བསེ་རུ་༣༡ཟླ་མེ་༥༠མཁའ་མདས་བསྒྱུར། ༡ ༣༡ ༥༠། ༢བསྒྲོད་པ་༤ཆུ་གཏེར་༥༠མཁའ་མདའ་བྱིན།༢ ༤ ༥༠།༦༠མཁའ་རོ་༦༠ཐིག་མཚམས་༧རིས་བསྒྲིལ་གཟའ། །ཟླ་དག་སྟེང་༢མིག་འོག་༡ཟླས་སྤེལ།༢ ༡།སྟེང་ནས་༡༩བུག་གཟུགས་༢༣མེ་མིག་བསྣན།༡༩ ༢༣།འོག་ནས་༡༢༦དུས་ཁྱིམ་༢༨ནོར་མིག་གིས།༢༨ ༡༢༦།བསྒྲིལ་ལྷག་རིལ་ཆའི་དྷྲུ་བར་ཤེས། །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །༢མིག་༡༠ཕྱོགས་༥༨ཀླུ་དབང་༢ཟུང་༡༠ཕྱོགས་གསིལ། ༢ ༡༠ ༥༨ ༢ ༡༠།༢༦དུས་མིག་༤༠མཁའ་ཆུ་༢༡ཟླ་ཟུང་༣མེ།༢༦ ༤༠ ༢༡ ༣ ༣།༣རྩེས་བརྒྱན་༡༣འདོད་༦དུས་༦༠མཁའ་རོ་དང་། །༦༠ཐིག་མཚམས་༢༧སྐར་དོར་ཉི་དྷྲུའོ།༢༧ ༦༠ ༦༠ ༦ ༡༣།གཟའ་ཉིའི་ཆ་ཤས་༡༣འདོད་པས་བྱ། །རྐང་ལོངས་རྩིས་འཕྲོ་དག་པ་དཀོན། །ཆ་ཤས་ཤེད་སྙོམས་འཚོལ་མི་དགོས། །གཟའ་ཉིའི་རྟག་ལོངས་ཁྱད་པར་ཙམ། །མ་གཏོགས་གཞན་རྣམས་གོང་སྨྲོས་པའི། །རྣམ་དག་གྲུབ་པའི་རྩིས་ལྟར་བཀྲལ། །དེ་ཡིས་བྱེད་པའི་ལྔ་བསྡུས་གྲུབ། ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། བྱེད་རྩིས་ཀྱི་རི་མོའི་ཁྱད་པར་བཤད་པའི་སྐབས་ཏེ་གཉིས་པའོ།།

སྐབས་གསུམ་པ།

༈ སྒྱུར་བྱེད་ཟླ་དག་༧༡གཟུགས་རིས་བརྒྱན། །༢ཟུང་བསྒྱུར་ཉར་༡གཟུགས་སྟོང་༢མིག་བྱིན། །༤༦༠མཁའ་དུས་ཆུ་ཡིས་ཐོབ་པ་དོར། །ལྷག་མ་རིམ་བཞིན་༢༧འཁོར་ལོ་དང་། །༦༠མཁའ་རོ་༦༠ཐིག་མཚམས་༦དུས་༢༣མེ་མིག །གསིལ་ལ་༤༦༠མཁའ་དུས་ཆུས་རྙེད་པ། །རིམ་བརྩེགས་སྒྲ་གཅན་རྩ་བ་སྟེ། །དེ་ཡིས་༢༧འཁོར་ལོར་སྦྱངས་ལྷག་གདོང་། །འཁོར་ཕྱེད་༡༣ ༣༠ཁན་ནམ་ཕྲི་བ་མཇུག །ཕྱོགས་ཀྱི་སྒྲ་གཅན་རྣམ་པར་དག །ཡང་ན་སྒྱུར་བྱེད་ཟླ་དག་ལ། །༧༡གཟུགས་རི་བྱིན་ལ་༢༣༠མཁའ་མེ་མཚེས། །དོར་ལྷག་༣༠མཁའ་མེས་བསྒྱུར་བ་ལ། །ཉར་༡༥ཚེས་སྟོང་ལ་༣༠ཐིག་རྩེ་བསྣན། །གནས་ལྔ་སྟེང་རིམ་༠མཁའ་༠ཐིག་༡༤ཡིད།༠ ༠ ༡༤ ༠ ༡༢།༠མཁའ་༡༢ཉིས་བསྒྱུར་ལ་༡༣མེ་མིག་༦རོ།༢༧ ༦༠ ༦༠ ༦ ༢༣།༦༠ཐིག་མཚམས་༦༠མཁའ་རོ་༢༧སྐར་མ་ཡིས། །བསྒྲིལ་ལྷག་རྩ་བ་རྣམ་པར་དག །གདོང་མཇུག་ཆོ་ག་སྔར་ལྟར་བྱ། །ཕྱོགས་ཀྱི་སྒྲ་གཅན་ངེས་པ་འཆར། །ཉ་སྟོང་སོ་སོའི་ངེས་པ་ལ། །སྟེང་རིམ་༠ཐིག་༧རི་༢ཟུང་༣མེ་༡༥ཚེས།༠ ༧ ༢ ༣ ༡༥།བུལ་བར་བྱིན་ཞིང་གདོང་མཇུག་ཕྲི། །རྗེས་མའི་ཉ་སྟོང་སྒྲ་གཅན་འཆར། །སྒྱུར་བྱེད་ཟླ་དག་༤༣མེ་མཚོས་བརྒྱན། །༧༥མདའ་རིས་བགོས་པ་ལྷག་༠མེད་ཚེ། །རྙེད་མཉམ་སྲོད་ནུབ་མི་མཉམ་ན། །ཐོ་རངས་ཤར་བརྟགས་དུ་མཇུག་མཐོང་། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། ཕྱོགས་ཀྱི་སྒྲ་གཅན་དང་མཇུག་རིང་གི་ངེས་པ་བཤད་པའི་སྐབས་ཏེ་གསུམ་པའོ།།

སྐབས་བཞི་པ།

༈ ཟླ་ཉི་འཛིན་ཚུལ་བརྟགས་པའི་ཕྱིར། །༠ཐིག་དང་༣༡གཟུགས་མེ་༤༡ཟླ་མཚོ་༤ཆུ། །༡༠ཕྱོགས་རྣམས་བུལ་བྱིན་གདོང་མཇུག་ཕྲི། །དེ་དང་ཟླ་ཉི་གང་ཉེ་བསྟུན། །ཟླ་འཛིན་བཅོ་ལྔའི་ཚེས་འཁྱུད་དང་། །གདོང་མཇུག་ཉུང་གིས་མང་སྦྱངས་ལྷག །སྐར་༠སྟོང་ཆུ་ཚོད་༥༠མཁའ་དབང་མན།༠ ༥༠།ཤར་ཚེ་སྦྱངས་ལྷག་ཆུ་ཚོད་དེ། །༥མདས་བགོ་ནོར་གྱིས་རེའུ་མིག་བཟུང་། །འཛིན་ཆ་སྒྲིབ་ཡུན་འཁྲུལ་མེད་ཤེས། །ཉི་འཛིན་གནམ་སྟོང་ཉི་དག་དང་། །གདོང་མཇུག་གང་སྦྱངས་གདོང་གིས་ཉི། །སྦྱངས་ལྷག་སྐར་༠སྟོང་དབྱུག་༥༠མཁའ་དབང་།༠ ༥༠།ཉི་མས་གདོང་སྦྱངས་༠ ༥འཛིན་པ་མེད། །ཉི་མས་མཇུག་སྦྱངས་དབྱུག་༤༠མཁའ་མཚོ།༠ ༤༠།མཇུག་མས་སྦྱངས་ལྷག་དབྱུག་༨ཀླུ་མན།༠ ༨།ཤར་ཚེ་སྦྱངས་ལྷག་རེའུ་མིག་བཟུང་། །འཛིན་ཆ་སྒྲིབ་ཡུན་དང་བཅས་རྟོགས། །ཉི་དག་གཅིག་དང་བུལ་བ་བསྲེ། །སྦྱངས་ལྷག་གདོང་ཕྲི་མཇུག་མར་བསྣན།༢༧ ༦༠ ༦༠ ༦ ༦༧།རང་འཁོར་གྱིས་བསྒྲིལ་༡༣ ༣༠འཁོར་ཕྱེད་དོར།༣ ༣༠།གནས་རྣམས་སྟོང་ན་ངེས་ཀྱང་ཟེར།༠ ༠ ༠ ༠ ༠།མྱོང་རྩིས་བསྒྲོད་གཉིས་མཐར་ཉེ་ཚེ། །འཆར་ཀ་ནུབ་ཀར་ཉེ་བ་དང་། །དཔྱིད་མཉམ་ཕྱེད་གོང་སྟོན་ཕྱེད་འོག །འཛིན་པའི་རི་མོ་ཤར་ན་ངེས། །དུས་ནི་ཚེས་ལོངས་སྔ་མ་ཡིས།༦༠ ༠ ༠ ༠།༦༠མཁའ་རོར་ཕྲི་ལྷག་ད་ལྟ་བར། ༦༠ ༦ ༦༧།བསྲེས་ལ་ཆུ་ཚོད་བར་དུ་བསྒྲིལ། །༦༤མཚོ་དུས་ནས་བཟུང་༥༤མཚོ་དབང་བར། །རེའུ་མིག་ཚེས་གཟའི་དབྱུག་ལ་ཉ་སྟོང་གང་ཡིན་གྱི་གཟའི་ཆུ་ཚོད་ཕྲི་བསྣན་གང་ཡང་མ་བྱས་པ་དེ་ལ་བསྣན། །ཟད་ཚེ་ཚེས་འཕོ་ཟླ་ཉི་འཛིན། །ཕྱོགས་དང་ཁ་ཏོག་རེའུ་མིག་བཞིན། །ཞིབ་མོར་བརྟགས་ནས་སྨྲ་བར་བྱ། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། ཟླ་ཉིར་ནུར་བྱིན་འཇུག་ཚུལ་བཤད་པའི་སྐབས་དེ་བཞི་པའོ།།

སྐབས་ལྔ་པ།

༈ སྒྱུར་བྱེད་འདས་ལོ་གནས་ལྔར་བཞག །༡གཟུགས་༡༥ཚེས་༣༡གཟུགས་མེ་༡གཟུགས་༡༢༡ཟླ་ཉིས།༡ ༡༥ ༣༡ ༡ ༡༢༡།བསྒྱུར་ལ་༢མིག་༡༨ཁམས་༤ཆུ་༣མེ་དང་།༢ ༡༨ ༤ ༣ ༨༡།༨༡ཟླ་ནོར་བྱིན་ལ་༣༡༧རི་ཟླ་མེ། །༦བྲོ་བ་༦༠མཁའ་རོ་༦༠ཐིག་མཚམས་༧རིས།༧ ༦༠ ༦༠ ༦ ༣༡༧།བསྒྲིལ་ལྷག་བྱེད་པའི་ལོ་འཕོ་གྲུབ། །སྟེང་ནས་༡གཟུགས་༡༢ཁྱིམ་༢༡ཟླ་མིག་བརྒྱན། ༡ ༡༢ ༢༡ ༠ ༠ ༧ ༦༠ ༦༠ ༦ ༣༡༧།འཁོར་བསྒྲིལ་སྐྱོན་བྲལ་ལོ་འཕོར་ངེས། །ལོ་བདག་གཟའ་དབྱུག་བཅུ་གཉིས་བཀོད། །ལུག་གླང་འཁྲིག་ཀར་སེང་བུ་མོ། །སྲང་སྡིག་གཞུ་སྲིན་བུམ་ཉ་རྣམས། །རིམ་བཞིན་གཟའ་དབྱུག་༡གཟུགས་༥༧རི་དབང་། །༡ ༥༧ ༤ ༥༣།ཟུང་ལྡན་༥༣མེ་དབང་༡གཟུགས་༡༧རི་ཟླ། །༤ཆུ་གཏེར་༥༣རྩེ་འབྱུང་༡གཟུགས་༢༢ལག་མིག ༡ ༢༢ ༤ ༢༤།༤སྡེ་བ་༢༤མཚོ་མིག་༦དུས་༥༡གཟུགས་ཕུང་། ༦ ༥༡ ༡ ༤༠།ཟླ་བ་༤༧རི་མཚོ་༣མེ་༡༦དུས་ཟླ།༣ ༡༦ ༤ ༣༧།༤ཆུ་བོ་༣༧རི་རྩེ་༦མཚམས་༤རིག་བྱེད།༦ ༤ ༠ ༥༢།༠ཐིག་དང་༥༢མིག་དབང་བསྣན་བྱས་ལ།༧ ༦༠།བསྒྲིལ་ལྷག་ཟླ་འཕོ་བཅུ་གཉིས་འགྲུབ། །འདས་ལོར་༥མདའ་བསྲེ་༢༧སྐར་མས་དོར། །ལྷག་མ་བྱེད་པའི་ལོ་སྐར་ཡིན། །ཉ་རྫོགས་ལུག་ཁྱིམ་ལ་སླེབས་པའི། །ཉིན་དེའི་གཟའ་དང་ཟླ་བ་དེའི། །བཅོ་ལྔའི་ཚེས་སམ་དེར་ཉེ་བར། །ཕུར་བུས་སྤྱོད་པའི་སྐར་མ་དེ། །གྲུབ་པའི་ལོ་བདག་གཟའ་སྐར་ཡིན། །སྒྱུར་བྱེད་འདས་ལོ་༡༢ཉི་མས་དོར། །ལྷག་མས་ལོ་ཁྱིམ་རྣམ་དག་རྟོགས། །འདས་ལོ་༨ཀླུས་བརྒྱན་༩བུ་གས་དོར། །ལྷག་མས་༡༠ཕྱོགས་ལ་སྦྱངས་བའམ། །༠ལྷག་མེད་༩བུག་གས་༡༠ཕྱོགས་ལ་སྦྱངས། །དེ་ལྷག་ལོ་སྨེ་དག་པའོ། །སྒྱུར་བྱེད་འདས་ལོ་༣རྩེ་མོས་བསྒྱུར། །གནས་གཉིས་སྟེང་༢ཟུང་འོག་༥མདའ་བསྲེ། །༢ ༥།སོ་སོར་༧རིས་བགོ་རྙེད་པ་དོར། །ལོ་བདག་རྒྱལ་བློན་རྣམ་པར་དག །༤མཚོ་ཡིས་ཕྲི་འམ་༣རྩེ་མོ་བསྣན། །རྗེས་མའི་ལོ་བདག་རྒྱལ་བློན་འཆར། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། ལོ་བདག་དང་ཟླ་བདག་གི་ངེས་པ་བཤད་པའི་སྐབས་ཏེ་ལྔ་པའོ།།

སྐབས་དྲུག་པ།

༈ ༡༨༢༡ ཟླ་ཟུང་ཁམས་ལ་སྒྱུར་བྱེད་སོགས། །བསྲེས་པ་ཤ་ཀའི་ལོ་རུ་གྲགས། །དེ་ཉིད་༣མེས་བསྒྱུར་༧རིས་བགོས་ལྷག །ཟུར་བཀོད་སླར་ཡང་ཐོབ་པའི་ནོར། །ལན་བརྒྱད་༣མེས་བསྒྱུར་༧རིས་བགོས་ལྷག །རིམ་བཀོད་སོ་སོར་༢མིག་གིས་སྤེལ། །༥མདའ་བྱིན་རིམ་པར་ཆར་འབྲུ་རྩ། །བསིལ་དྲོད་རླུང་འཕེལ་ཟད་འཁྲུགས་རྣམས། །མང་བ་༡༧རི་ཟླ་ཉུང་མཐའ་༥མདའ། །བར་མ་༡༡དྲག་པོ་སོགས་སུ་ཤེས། །ཤ་ཀའི་འདས་ལོ་༡༡དྲག་པོས་སྦྱངས། །༤མཚོ་ཡིས་བགོས་ལྷག་ཟུར་དུ་བཀོད། །ནོར་ལ་དེ་ལྟར་ལན་གསུམ་བར། །༡༡དྲག་སྦྱངས་༤མཚོས་བགོ་ལྷག་མ་རྣམས། །རིམ་པར་ཧོར་ཟླ་བཞི་པ་དང་། །ལྔ་དྲུག་བདུན་པའི་ཆར་ཚད་ཡིན། །༦༥ མདའ་རོའི་ལྷག་རྣམས་༣༠མཁའ་མེས་བསྒྱུར། །གནས་གསུམ་སྔོན་མར་༡༤༨༡ཟླ་ནོར་ཡིད། །བསྲེ་ཞིང་བར་མར་༠ཐིག་ལེ་བྱིན། །རྗེས་མར་༥༣༦དུས་མེ་མདའ་བསྣན་ལ། །༦༥མདའ་རོས་རྙེད་པ་ཚེས་གྲངས་སྟོན། །ལྷག་མ་༥མདའ་ཡིས་བགོས་ནོར་དང་། །དེ་ལྷག་འདོད་ལྔའི་བྱ་ར་སྟོན། །སྔོན་མས་དབུགས་ཐོབ་བར་མས་ཁྱིམ། །རྗེས་མས་སྒང་ཚད་འཁྲུལ་མེད་ཤེས། །ལྔ་པ་བཅུ་གཅིག་སྒང་ཚད་ཀྱི། །ཚེས་གྲངས་འདོད་ཆ་ལྔ་ཆ་ལ། །༡གཟུགས་༠མཁའ་༢མིག་དམན་༡ ༠ ༢ བཻ་ཌཱུར་ལུགས། །ཉི་ལྡོག་ཡིན་ཏེ་དེ་ལ་སླར། །༢ཟུང་༠མཁའ་༤མཚོ་ཕྲི་༢ ༠ ༤ ཉི་སྣང་ལུགས། །དེ་ལ་༡ཟླ་༠ཐིག་༢མཚེ་མ་༡ ༠ ༢ སྦྱངས། །རང་ལུགས་དབྱར་དགུན་ཉི་ལྡོག་འཆར། །ལྔ་པའི་སྒང་ཚད་འཁྲུལ་མེད་ཀྱི། །ཚེས་གྲངས་འདོད་ལྔ་དག་པ་ལ། །སྟེང་ནས་༩བུག་༣མེ་༣རྩེ་མོ་བྱིན།༩ ༣ ༣ །ཕག་ཞག་འཆར་བའི་ཚེས་གྲངས་སྟོན། །བརྒྱད་པའི་དབུགས་ཐོབ་རྣམ་དག་གིས། །ཚེས་གྲངས་འདོད་ཆ་ལྔ་ཆ་དེས། །རྀ་ཥི་འཆར་བའི་ཚེས་གྲངས་དང་། །འདོད་ཆ་ལྔ་ཆ་འཁྲུལ་མེད་རྟོགས། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། ཀར་མྱང་དང་དུས་གཟེར་བཤད་པའི་སྐབས་ཏེ་དྲུག་པའོ།།

སྐབས་བདུན་པ།

༈ བྱེད་གྲུབ་སོ་སོའི་ནག་ཟླའམ། །བཤོལ་རྗེས་དབོ་ཟླའི་མདའ་རོའི་ལྷག །༦རོས་བསྒྱུར་༡༣འདོད་བགོས་ལྷག་ལུས་ན། །ནོར་ལ་༡གཟུགས་བསྣན་རགས་ཟིན་སྟོན། །ཡང་ན་སྔ་ལོའི་རགས་ཟིན་ལ། །༡༡དྲག་བསྣན་ཉི་རགས་སྟོང་པའི་ཕྱི་ལོ་བཅུ་གཉིས་བསྣན་དགོས། མཆན།ཕྱི་ལོའི་རགས་ཟིན་འཆར། །དེར་མཐུན་ཟླ་བའི་ཉི་དྷྲུ་ལ། །གང་ཟིན་ཚེས་དེའི་ཉི་བར་བྱ། །སྐར་༠ཐིག་དབྱུག་༤མཚོ་ཚུན་ཤར་ཚེ། ༠ ༤།གཟའ་དྷྲུར་ཉིན་དེའི་གཟའ་བར་བསྒྲུབ།གཟའ་རགས་ཀྱི་ཆ་ཤས་ཤེད་སྙོམས་བྱས་ལ་གནས་དྲུག་བྱ། མཆན། །ལོ་དེའི་གཟའ་ཉི་རགས་པ་འགྲུབ། །ཉི་རགས་དབྱུག་སྲང་དབུགས་རིམ་བཞིན། །༦༠མཁའ་རོ་༦དུས་དང་༦༧ཆ་ཡིས་༡༣གསིལ། །མ་ནོར་སྲང་དབུགས་ཆ་རིམ་བསྣན། །༡༣༥མདའ་ཡོན་ཟླས་ཐོབ་སྲང་དབུགས་ཆ། །གྲུབ་པར་ལྷག་༠མེད་བྱེད་ལྷག་བཅས། །གསུམ་བཀོད་༡ཟླ་༤ཆུ་༦དུས་ཀྱིས་སྤེལ། །བྱེད་པར་ལྷག་༡༣བསྒྱུར་༡༣༥མདའ་འདོད་ཀྱིས། །རྙེད་པ་འདོད་ཆར་བསྲེ་འཁོར་བསྒྲིལ། །ཟླ་ཆུ་དུས་འབྲས་འཁྲུལ་མེད་གྲུབ། །རགས་གཉིས་དྲུག་བཀོད་ཁ་བྱང་འབྲི། །ལུག་དང་བུ་མོར་ཟླ་འབྲས་དམན། །ཉ་སྲང་ལ་བྱིན་གླང་སེང་ལ། །ཆུ་འབྲས་ཕྲི་ཞིང་བུམ་སྡིག་བརྒྱན། །འཁྲིག་ཀར་དུས་འབྲས་འཕྲོག་ཆུ་གཞུར། །བསྣན་པས་ཁྱིམ་དྲུག་སྤྱི་ནོར་འགྲུབ། །འདས་ཟླ་ ༣༠ཐིག་མེས་བསྒྱུར་ཚེས་བསྲེ། །རགས་ཟིན་ཕྲི་ལྷག་བསྐལ་ལི་བཟུང་། །གཟའ་ཉིར་ཁྱིམ་མཐུན་ཕྱི་ནོར་བསྣན། །རིལ་པོར་ཚེས་བྱིན་༡༤ཆུ་ཟླས་བགོ། །རྙེད་པ་སྣོན་འབྲིད་མཚན་མ་སྟེ། །ལྷག་དེས་ཆ་ཤས་ཀྱིས་ཟིན་པའི། །བྱ་ར་བཟུང་ལ་ཕྱེད་དག་གཟར། །ཆ་ཤས་རེའུ་མིག་ནོར་མཉམ་བྱིན། །མི་མཉམ་ཕྲི་བས་རེས་གཟའ་དག །ཟླ་སྐར་སྦྱོར་བྱེད་སྔར་ལྟར་བྱ། །དེས་ཀྱང་ལྔ་བསྡུས་ཚེགས་མེད་རྟོགས། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། ལྔ་བསྡུས་མྱུར་རྩིས་བཤད་པའི་སྐབས་ཏེ་བདུན་པའོ།།

སྐབས་བརྒྱད་པ།

༈ རེའུ་མིག་༣༠མཁའ་མེའི་གྲངས་ལྔ་བརྩེགས། །དབུས་མར་ཚེས་གྲངས་བྱ་ར་འབྲི། །སྟེང་མའི་དང་པོར་༠ཐིག་༩བུག་༥མདའ། །༣མེ་༤མཚོ་༡༦མི་བདག་དེ་འོག་ལ། །༠མཁའ་༤མཚོ་༢༡ཟླ་མིག་༥མདའ་༤༣མེ་ཆུ། །གྲངས་འོག་དང་པོར་༠མཁའ་༥༩བུག་མདའ། །༣མེ་༤མཚོ་༠ཐིག་ལེ་འོག་མ་ལ། །༠མཁའ་༤ཆུ་༢༡ཟླ་ཟུང་༥མདའ་༩རྩ་རྣམས། །གྲངས་བརྩིའི་ཚེས་ཀྱིས་བསྒྱུར་ལ་བཀོད། །བྱེད་གྲུབ་གཟའ་ཉིའི་རྟག་ལོངས་གྲུབ། །རེའུ་མིག་བཅུ་བཞི་སུམ་བརྩེགས་ཀྱི། །སྟེང་མར་༡གཅིག་ནས་༠ཐིག་བར་བཀོད། །བར་མར་༥མདའ་༡༠ཕྱོགས་༡༥ཚེས་༡༩བུག་གཟུགས། །༢༢ལག་མིག་༢༤རྒྱལ་བ་༢༥དེ་ཉིད་སྔ། །ཕྱི་རྐང་༢༤རྒྱལ་བ་༢༢ལག་མིག་དང་། །༡༩བུག་གཟུགས་༡༥ཚེས་༡༠ཕྱོགས་༥མདའ་༠ཐིག་བསྡོམས། །འོག་མར་༥མདའ་༥དབང་༥འབྱུང་༤མཚོ་༣མེ། །༢མིག་༡གཟུགས་འབྱུང་ལྡོག་བཀོད་ཟླ་རྐང་། །ཉི་རྐང་རེའུ་མིག་དྲུག་སུམ་བརྩེགས། །སྟེང་མར་༡གཅིག་ནས་༠ཐིག་བར་བྲི། །བར་མར་༦རོ་༡༠ཕྱོགས་༡༡དྲག་སྔ་རྐང་། །ཕྱི་རྐང་༡༠ཕྱོགས་༦མཚམས་༠ཐིག་བསྡམས་གྲུབ། །རེའུ་མིག་མཁའ་མེའི་གྲངས་གཉིས་བརྩེགས། །སྟེང་མར་༡ཚེས་༣༠གྲངས་བྱ་ར་སྤེལ། །འོག་དབྱུག་༠ ༥༤མཚོ་དབང་ཚེས་བསྒྱུར་ལ།༢༧ ༦༠ །བསྒྲིལ་བཀོད་ཟླ་བའི་རྟག་ལོངས་འགྲུབ། །རེའུ་མིག་བརྒྱད་བཞི་ཐོག་མ་ལ། །ནོར་གྲངས་དེ་འོག་འཛིན་ཆ་དང་། །གདོང་དང་དུས་མེས་སྒྲིབ་ཡུན་རྣམས། །རིམ་བཀོད་སྦྱངས་ལྷག་སྔོན་མ་འགྲུབ། །དྲག་གཉིས་སྟེང་མར་༦༤མཚོ་དུས་ནས། །༥༤མཚོ་དབང་བར་དུ་༡གཟུགས་དམན་བྲི། །འོག་མར་དབྱུག་༥མདའ་རིམ་བཞིན་སྲང་། །༣༠མཁའ་མེས་ཕྲི་བཀོད་སྦྱིན་བྱེད་གྲུབ། །བཅུ་གཉིས་དྲུག་བརྩེགས་རེའུ་མིག་གི། །གསུམ་པར་འཛིན་ཆ་སྒྲིབ་ཡུན་བཀོད། །དང་པོ་བཞི་པར་གདོང་སྦྱངས་ལྷག །གཉིས་བཞིར་མཇུག་གི་སྦྱངས་ལྷག་དང་། །དྲུག་པར་ཉི་མས་མཇུག་སྦྱངས་འབྲི། །དེ་ཡིས་སྦྱངས་ལྷག་རྗེས་མ་འགྲུབ། །རེའུ་མིག་གསུམ་པ་བདུན་བརྩེགས་གཉིས། །སྔ་ཕྱིའི་དང་པོར་དུས་འཛིན་བཀོད། །གཉིས་གསུམ་བཞི་པར་འཛིན་ཕྱོགས་འབྲི། །ལྔ་པར་མདོག་གི་བྱ་ར་དང་། །དྲུག་བདུན་གདོང་མཇུག་ཁ་ཏོག་སྤེལ། །དུས་ཕྱོགས་མདོག་གི་རེའུ་མིག་འགྲུབ། །གོང་སྨོས་ལྔ་བསྡུས་ནུར་བྱིན་ལ། །འདི་རྣམས་མེད་ཐབས་མེད་ཕྱིར་སྤེལ། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། ལྔ་བསྡུས་སྒྲ་གཅན་གྱི་རེའུ་མིག་བཤད་པའི་སྐབས་ཏེ་བརྒྱད་པའོ།།

སྐབས་དགུ་པ།

༈ འདོད་ཆའི་རེའུ་མིག་བཅུ་གསུམ་ཡོན། །ཐོག་༡མར་ ༠ཐིག་བར་གྲངས་འཛིན་འོག །༠ཐིག་༤མཚོ་༣༢སོ་༣ཡོན་༣༨༡གཟུགས་ཀླུ་མེ། ༠ ༤ ༣༢ ༣ ༣༨༡།༠ཐིག་༠སྟོང་༢༠མཁའ་མིག་༠ཐིག་༦༠མཁའ་རོ།༠ ༠ ༢༠ ༠ ༦༠།གྲངས་འཛིན་གྱིས་བསྒྱུར་བསྒྲིལ་བཀོད་འགྲུབ། །ལྔ་ཆ་སུམ་བརྩེགས་གྲངས་འཛིན་འོག །༠མཁའ་༠ཐིག་༥༤མཚོ་དབང་༣མེ་༧༦དུས་རི།༠ ༠ ༥༤ ༣ ༧༦།དེ་འོག་༠ཐིག་༠སྟོང་༤མཚོ་༠མཁའ་༡༢ཉི།༠ ༠ ༥༤ ༣ ༧༦།གྲངས་བསྒྱུར་བསྒྲིལ་བཀོད་ལྔ་ཆ་འགྲུབ། །ཟླ་བ་སོ་སོའི་ཉི་དྷྲུ་ལ། །སོ་སོའི་ཚེས་འདོད་ལྔ་ཆ་ཡི། །རེའུ་མིག་བྱིན་བསྒྲིལ་སོ་སོར་བཀོད། །སོ་སོའི་ཚད་སྟོན་རེའུ་མིག་འགྲུབ། །བསྐལ་ལི་གཟུགས་རི་མེ་ལྔ་བརྩེགས། །དབུས་གྲངས་སྟེང་གྲུབ་འོག་བྱེད་པའི། །གཟའ་ཉི་སྤྱི་མཐུན་བཀོད་པས་འགྲུབ། །ཆ་ཤས་བཅུ་བཞི་དྲུག་བརྩེགས་སོ། །སྟེང་འོག་གྲངས་འཛིན་གཉིས་བཞིར་གྲུབ། །གསུམ་ལྔར་བྱེད་པའི་རེའུ་མིག་སྤེལ། །ཐོག་མར་དམར་ནག་བྱ་ར་བཀོད། །མེ་རྩེ་བརྒྱད་བརྩེགས་དབུས་གཉིས་ལ། །༠མཉམ་དང་༡མི་མཉམ་གྲངས་སོ་སོར། །དམར་ནག་བྱ་ར་སྟེང་འོག་བཀོད། །སྟེང་རིམ་༢༢ཟུང་མིག་༡༠ཕྱོགས་༡གཟུགས་དང་།༢༢ ༡༠ ༡།༣༠མཁའ་མེ་༠ཐིག་༠སྟོང་༨ཀླུ་༣མེ་༡གཟུགས། ༣༠ ༠ ༠ ༨ ༣ ༡།གྲངས་འོག་༢༣མེ་མིག་༣རྩེ་མོ་༡གཟུགས། ༢༣ ༣ ༡།༣༠ཐིག་རྩེ་༦དུས་༠མཁའ་༨ནོར་༩གཏེར་༡ཟླ།༣༠ ༦ ༠ ༨ ༠ ༡།དབུགས་ཁྱིམ་སྒང་གསུམ་མ་ནོར་བཀོད། །སོ་སོར་འདོད་ཆར་༡༢ཁྱིམ་བསྣན་བསྒྲིལ། །རིམ་བཞིན་བཀོད་པས་རྣམ་དག་འགྲུབ། །མེ་རྩེ་བདུན་བརྩེགས་རེའུ་མིག་གཉིས། །སྟེང་མར་༠མཉམ་དང་༡མི་མཉམ་པའི། །བྱ་ར་བཀོད་ལ་སྟེང་རིམ་བཞིན། །༥མདའ་༢ལག་༠ཐིག་དང་༧རི་༢མིག་༤མཚོ། །༥ ༢ ༠ ༧ ༢ ༤།༠ཐིག་དང་༡༧རི་ཟླ་༦དུས་༤རིག་བྱེད། །༡༧ ༦ ༤།༢༢ལག་མིག་༡༠ཕྱོགས་༡གཟུགས་སྔ་མར་བཀོད།༢༢ ༡༠ ༡།རྗེས་མའི་དང་པོར་༥མདའ་༨ནོར་༠ཐིག༥ ༨ ༠།༧རི་༨ཀླུ་༤མཚོ་དང་༤ཆུ་༧གླིང་༣རྩེ།༧ ༨ ༤ ༤ ༧ ༣།༣༠མཁའ་མེ་༦རོ་༠ཐིག་༡༧རི་ཟླ་༡༢ཁྱིམ།༣༠ ༦ ༠ ༡༧ ༡༢ ༤།༤མཚོ་དང་༢༣མེ་མིག་༣ཡོན་༡གཟུགས་བཀོད།༢༣ ༣ ༡།སོ་སོའི་འདོད་ཆར་༡༢ཁྱིམ་བསྣན་བསྒྲིལ། །ཚེས་ལ་༣༠མཁའ་མེ་ལས་༣༡ལྷག་ན། །༣༠མཁའ་མེ་དོར་རྟགས་བཅས་བཀོད་འགྲུབ།། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། རེའུ་མིག་ཉེར་མཁོ་བཤད་པའི་སྐབས་ཏེ་དགུ་པའོ།།

སྐབས་བཅུ་པ།

༈ སྒྱུར་བྱེད་ཟླ་དག་༧༢མིག་རིས་བརྒྱན། །༢༣༠མཁའ་མེ་ལག་པས་དོར་ལྷག་གིས། །སྟེང་འོག་ཉ་སྟོང་སྒྲ་གཅན་འཛིན། །སྒྱུར་བྱེད་འདས་ལོར་༡༥༠ཐིག་ཚེས་བྱིན། །༣༡༧རི་ཟླ་མེ་ཡིས་དོར་ལྷག་གིས། །ལོ་འཕོ་ཟླ་འཕོའི་རེའུ་མིག་ཟིན། །༡༨༢༡ཟླ་ཟུང་ཁམས་ལ་སྒྱུར་བྱེད་སོགས། །བསྲེས་ལ་༣མེས་བསྒྱུར་༧རིས་བགོ་སླར། །ནོར་ལ་དེ་ལྟར་ལན་བརྒྱད་བྱ། །དགུ་པོའི་ཀར་མྱང་རེའུ་མིག་ཟིན། །སྒྱུར་བྱེད་འདས་ལོར་༤མཚོ་བྱིན་༧རིས། །དོར་ལྷག་རྒྱལ་བློན་རེའུ་མིག་འཛིན། །སོ་སོའི་༦༥མདའ་རོའི་ལྷག་རྣམས་ཀྱིས། །འདིར་སྨྲོས་དབུགས་ཁྱིམ་སྒང་གསུམ་དང་། །ལྡོག་གཉིས་ཕག་ཞག་རྀ་ཥི་ཟིན། །དབུགས་ཁྱིམ་སྒང་ལ་རང་ཟླ་དང་། །ལྡོག་གཉིས་༥སྣྲོན་དང་༡༡མགོ་ཡི་ཟླ། །ཕག་ཞག་རྀ་ཥི་༥སྣྲོན་༨ཁྲུམས་ཟླའི། །ཉི་དྷྲུར་སོ་སོའི་ཉི་ལོངས་དང་། །འདོད་ལྔ་གང་ཟིན་ཉི་རྟགས་བསྣན། །འཁོར་བསྒྲིལ་སོ་སོའི་ཚད་རྣམས་འཆར། །སྔོན་རྗེས་རྟགས་ཅན་ལ་བབས་ཚེ། །དེར་མཐུན་ཉི་མའི་དྷྲུ་བ་ལ། །ཚེས་འདོད་ལྔ་ཆའི་ཉི་ལོངས་བྱིན། །བསྒྲིལ་ལྷག་སོ་སོའི་ཚད་རྣམས་འཆར། །གཞན་དུ་དབྱར་རྔ་ཁུ་བྱུག་སོགས། །དུས་བརྟགས་རི་མོ་ཁྱད་པར་རྣམས། །ལོགས་སུ་བཀོད་ལས་ཤེས་པར་གྱིས། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། རེའུ་མིག་འཛིན་ཚུལ་དང་དུས་གཟེར་སོ་སོའི་ཚད་བཤད་པའི་སྐབས་ཏེ་བཅུ་པའོ།།

སྐབས་བཅུ་གཅིག་པ།

༈ རབ་ཚེས་སྒྱུར་བྱེད་འདས་པའི་ལོ། །༡༢ཉི་མས་བསྒྱུར་ལ་༠མཆུ་ཟླ་སོགས། །འདས་ཟླ་བསྲེ་ལ་གནས་གཉིས་བཞག །འོག་མ་༢མིག་བསྒྱུར་༤༡ཟླ་མཚོ་བསྣན། །༦༥མདའ་རོས་ཐོབ་བྱིན་ཟླ་དག་གོ། །དེ་ཉིད་༣༠མཁའ་མེས་བསྒྱུར་ཚེས་བསྲེ། །གནས་གསུམ་བར་མར་༤༣མེ་ཆུ་དང་། །འོག་མར་༣༤༣མེ་མཚོ་མེ་བསྣན་ལ། །༧༠༧རི་མཁའ་རིས་རྙེད་བར་མར་བྱིན། །༦༤ཆུ་རོས་བགོས་ལྷག་༠ཐིག་ཤར་ན། །ཞག་དེ་ཆད་པས་ཟླ་ཆུང་ཟེར། །རྙེད་པས་སྟེང་སྦྱངས་ལྷག་སྤྱི་དྷྲུ། །དེ་ཉིད་ལྔར་བཀོད་རིམ་པ་བཞིན། །དང་པོར་༦མཚམས་བྱིན་༧རི་ཡིས་དོར། །ལྷག་མས་ཉིན་དེའི་རེས་གཟའ་ཤེས། །གཉིས་པར་༦མཚམས་བསྣན་༡༢ཉི་མས་དོར། །ལྷག་མས་ཉི་མ་གང་ཡིན་རྟོགས། །༡གཟུགས་ཤར་འབྲུག་ནས་མགོ་འདྲེན་ལ། །༠ཐིག་ལེ་ཤར་བ་ཡོས་སུ་བཞེད། །གསུམ་པར་༤ཆུས་བརྒྱན་༡༠ཕྱོགས་ཀྱིས་བགོ། །ལྷག་མས་འབྱུང་ཁམས་གང་ཡིན་སྟོན། །༡གཅིག་༢གཉིས་༣མེ་ནས་༣༤ས་༥༦ལྕགས་༧༨ཆུར། །གཉིས་སྦྲག་༩དགུ་༠ཐིག་ཤིང་དུ་འདོད། །བཞི་པར་༤མཚོ་བསྲེ་༩བུ་གས་དོར། །ལྷག་དེ་༡༠ཕྱོགས་སྦྱངས་༠ལྷག་མེད་དུས། །༩བུ་གས་༡༠ཕྱོགས་སྦྱངས་ལྷག་མ་ཡིས། །ཉིན་དེའི་སྨེ་བ་གང་ཡིན་རྟོགས། །ལྔ་པར་༢མིག་བྱིན་༨ཀླུས་དོར་ལྷག །ཉིན་དེའི་སྤར་ཁ་གང་ཡིན་ཤེས། །གཅིག་ཤར་༡ལི་ནས་རིམ་པ་བཞིན། །༠ཐིག་ཤར་ཟོན་དུ་ངེས་པར་སྨྲ། །འདས་པའི་ཞག་མ་སྤྱི་དྷྲུ་ལ། །༡༦མི་བདག་བསྣན་ལ་༢༨ཀླུ་ལག་གིས། །དོར་ལྷག་གྱོ་ཁང་རེའུ་མིག་ཟིན། །རེས་གཟའ་དང་མཐུན་རྒྱ་བོད་འགྲིགས། །གོང་གི་བགོས་ལྷག་གྲངས་རྣམས་ཀྱིས། །རང་རང་སོ་སོའི་རེའུ་མིག་རྟོགས། །འདི་ནི་ཚེས་མགོ་སྟག་སྤྲེལ་ནས། །བཟུང་བའི་ཉིན་ཞག་རེ་བཞིན་དུ། །དབང་བྱེད་གཟའ་ཉི་ཁམས་སྤར་སྨེ། །ངོས་འཛིན་ཙི་ནའི་མཁས་རྣམས་ཀྱིས། །བཞེད་བཞིན་མེར་ཀན་དཀའ་བཅུ་སོགས། །མང་པོའི་ཕྱག་ལེན་འདིར་ཡང་སྨྲས། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་ལས། སྤོར་ཐང་གསེར་རྩིས་ཐོར་བུ་བཤད་པའི་སྐབས་ཏེ་བཅུ་གཅིག་པའོ།། ༈ འདིར་སྨྲས་པ། ཟབ་ཡངས་དུས་འཁོར་རྒྱུད་རྒྱལ་མ་དྲོས་མཚོར། །ལེགས་བཤད་རྩིས་ཀྱི་ནོར་བུའི་གཏེར་བརྡོལ་ཚེ། །བཤེས་གཉེན་དེད་དཔོན་མཆོག་གི་བཀའ་དྲིན་གྱིས། །སྐར་རྩིས་རཏྣའི་བགོ་སྐལ་མང་དུ་ཐོབ། །དེ་ལས་རྩིས་ཀྱི་མན་ངག་གསེར་གྱི་ཕྲེང་། །ཉུང་ངུ་རྣམ་གསལ་མཁས་པའི་མགུལ་རྒྱན་འདི། །བློ་གསལ་འགའ་ལ་ཕན་འདོད་ལྷག་བསམ་གྱིས། །འཇུག་བདེའི་རི་མོའི་སྲད་བུར་བརྒྱུས་འདི་ལགས། །འདིར་འབད་ལས་བྱུང་རྣམ་དཀར་འོད་བརྒྱ་ཡིས། །འདིར་འཇུག་ཀུན་གྱི་མ་རིག་དྲུང་ཕྱུངས་ནས། །ཡང་དག་ཡེ་ཤེས་སྣང་བའི་འོད་དཀར་གྱིས། །ས་གསུམ་འགྲོ་བའི་བློ་མུན་སེལ་བར་ཤོག །ཅེས་དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ་ཞེས་བྱ་བ་འདི་ཡང་དཱ་རི་དྲ་ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོས་རང་ལོ་ཉེར་དགུ་པ་རབ་ཚེས་སྒྱུར་བྱེད་རྒྱལ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་མགོ་བརྩམས་ཏེ་དམར་ཕྱོགས་བཟང་པོ་གཉིས་པ་ལ་མཇུག་གྲུབ་པར་བགྱིས་པ་སྟེ་དགེ་བས་རིགས་མཐུན་གསར་བུ་འགའ་ལ་ཕན་ཐོགས་ཆེན་པོ་འབྱུང་བ་དང་། ལམ་འདིར་ཞུགས་ཀྱི་བློ་གསལ་མཐའ་དག་རིགས་ལྡན་ཆོས་ཀྱི་རྒྱལ་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།


previous རྩིས་ཀྱི་མན་ངག་ཉེར་མཁོའི་ལག་ལེན་ཉུང་ངུ་རྣམ་གསལ།next