Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
གླང་རྩིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགླང་རྩིས།next

གླང་རྩིས།

༄༅། གླང་གཟུགས་འདོམ་གང་ཁྲུ་བཞི་པས། །དུས་བཞི་མཚོན་ལ་རྔ་མ་ཚོན། །བཅུ་གཉིས་དུས་ཚོད་བཅུ་གཉིས་མཚོན། །རྫི་བོ་ཁྲུ་གསུམ་ཚོན་དྲུག་པས། །ཞག་པོ་སུམ་བརྒྱ་དྲུག་ཅུ་དང་། །རྒྱ་ལྕགས་ཁྲུ་དོ་ཚོན་བཞི་པ། །དུས་གཟེར་ཉེར་བཞི་མཚོན་པའོ། །དེ་ལྟར་བརྡ་ཡི་གཟུགས་ཀྱིས་ནི། །ལེགས་ཉེས་ལུང་དུ་སྟོན་པ་སྟེ། །དེ་ཡང་བཟང་སྟོབས་ཕོ་ཁམས་ཆེ། །ངན་སྟོབས་མོ་ཁམས་གཙོར་འབྱུང་བས། །དེ་ཕྱིར་ཁ་ཏོག་མང་ཉུང་བཤད། །ལྗང་ཁུ་རླུང་ལྡང་རྩི་ཤིང་དང་། །ལོ་མ་ལྗང་ཀུའི་རིགས་རྣམས་རྒྱས། །མི་ཕྱུགས་དག་ལ་རླུང་ནད་ལྡང་། །དམར་པོ་མེ་ཐན་བཙའ་དང་ནི། །ཚ་ནད་འབྲུ་སྨིན་འབྲུ་གྲངས་ཉུང་། །ཁོལ་བུར་སེར་རྒོད་ལྕེ་ཡང་འབེབས། །དཀར་པོ་སད་སེར་བཀྲེས་དབུལ་དང་། །ཤི་ཆད་གཉན་སྐྲང་ལྷོག་པ་འབྱུང་། །ནག་པོ་ཆར་ཆེ་སྤྲིན་ཕུང་རྒྱས། །མེ་ཏོག་བཀྲག་མདངས་ཆེ་བ་དང་། །གྲང་བ་པད་ཀན་ཀླུ་ནད་ལྡང་། །སེར་པོ་ལོ་ཏོག་རྩི་ཤིང་རྒྱས། །འབྲུ་འཕེལ་སྐྱེ་བོ་དགའ་སྤྲོ་སྤྱོད། །འདུ་བའི་ནད་ཀྱིས་ཅུང་ཟད་ཉེན། །དེ་ཀུན་སྤྱི་ཡི་བཤད་བྱ་ཡིན།། ༧ བྱེ་བྲག་རྭ་ཅོ་དཀར་བ་ན། །མི་ཤི་མང་ཞིང་རྣ་མཇུག་དཀར། །ཡུལ་སྤྱིར་སད་སེར་ལྡང་ཞིང་མགོ། །ཁ་དཀར་ས་སྟོད་སྔ་སད་ལྡང་། །ལུས་པོ་དཀར་བ་བར་སད་དང་། །སུག་བཞི་རོང་ཆེན་ཕྱི་སད་འོང་། །མགོ་དང་རྭ་ཅོ་རྒྱལ་པོ་དང་། །ལུས་པོ་ས་བར་བློན་པོར་དཔྱད། །སུག་བཞི་ཆབ་འབངས་དག་ལ་གནོད། །གང་ལའང་དཀར་པོ་ངན་པར་བཤད། །རྭ་རྣ་མཇུག་དམར་ཚད་རིམ་དང་། །ཡུལ་རྣམས་སྤྱི་ཡི་ཐན་པར་ཤེས། །མགོ་མཚུལ་སོ་དམར་མི་ཆེན་གྱི། །མཁར་ཁང་ལ་ལྡང་ས་སྟོད་ཕྱོགས། །ཐན་ཆེ་དཔྱིད་གསུམ་ར་བཞིའང་གདུང་། །ལུས་དམར་བར་ཕྱོགས་བཙའ་སད་འོང་། །དབྱར་སྟོན་འབྲིང་བཞིར་གྲོང་འཚིག་ཅིང་། །སུག་བཞི་དམར་བས་རོང་ཆེན་དང་། །རྒྱ་ཤོད་དགུན་དུས་ཐ་མ་བཞིར། །ཐན་པས་གདུང་ཞིང་དམངས་གྲོང་འཚིག །ལར་ནི་དམར་ཆ་ངན་མོད་ཀྱང་། །ཕོ་མཚུལ་དམར་ན་ལེགས་པར་བཤད། །རྭ་རྣ་མཇུག་སེར་ཡུལ་སྤྱིར་དགེ། །མགོ་སེར་ས་མཐོའི་རྒྱལ་ཁམས་བདེ། །ཁྱད་པར་ཁ་ལུང་ཞིང་སྐྱེད་བཟང་། །ལུས་དང་ལྟོ་སེར་བར་ཁམས་བདེ། །བློན་རིགས་ཞིང་ལ་སྐྱེད་དུ་ཆེ། །འབྲོག་གནས་ཕྱུགས་དང་དཀར་གསུམ་འཕེལ། །སུག་བཞིས་རོང་ཆེན་རྒྱ་ཤོད་ལེགས། །རྭ་རྣ་མཇུག་ལྗང་ཡུལ་སྤྱིར་དགེ། །མགོ་དང་མཚུལ་བས་སྟོད་རྣམས་བཟང་། །མགོ་བོ་ལྗང་གུས་རླུང་ལྡང་ཞིང་། །ལྷག་པར་རྩི་ཤིང་སྐྱེ་འཕེལ་ཆེ། །ལུས་དང་བར་དཀྲིས་ལྗང་བ་ན། །གནས་དུས་བར་དང་འབྲིང་བཞིར་ལེགས། །སུག་བཞིས་རོང་ཆེན་ས་སྨད་དང་། །དུས་སྨད་ཐ་བཞི་དགེ་བར་ཤིས། །རྭ་རྣ་མཇུག་ནག་ཆུ་ཁམས་ལ་སྔོན་པོའམ་ནག་པོ་གང་ཡིན་དེའོ།། མཆན།ཡུལ་སྤྱིར་རྒུད། །མགོ་ནག་བྱང་དང་སྟོད་ཕྱོགས་ངན། ཁྱད་པར་་་་མཇུག་མ་ཚང་། ༧ དུས་ཚོད་ནམ་ཡང་ཡོས་ནས་བརྩི། །དཔྱིད་དབུགས་ཟུག་པའི་ཉི་མའི་བུས། །དབང་ཐང་ཞྭ་ཡིས་ཆར་བརྟགས་ཏེ། །ཞིང་ལ་ཞྭ་དེ་མཆན་དུ་བཟང་། །རླུང་ཆེ་ཆར་བ་འབྲིང་ཙམ་འབེབས། །མེ་ལ་སར་བཞག་ཆར་མེད་བརྡ། །ས་ལ་ཕྲག་བཀལ་བདེ་ཞིང་དལ། །དུས་བབ་ཆར་གྱིས་འབྲུ་དྲུག་གསོ། །ལྕགས་ལ་གློར་བཏགས་དུས་མིན་ཆར། །མི་སྙོམ་ཡུལ་ཁམས་བདེ་མིན་ཉམས། །ཆུ་ལ་ཞྭ་གྱོན་ཆར་ཆུ་མོད།། ༧ ལུས་ཁམས་ཞྭ་ཡི་མདོག་གང་གིས། །ཡང་རབས་ཚོང་ཟོང་དཀོན་མོད་བརྟགས། ༧ སྲོག་ཁམས་ཏོག་མདུན་མདོག་དག་གིས། །མི་ཡི་སྐྱེ་འཆི་སྐྱིད་སྡུག་སྟོན། །ཏོག་གི་གཡས་སམ་འོག་ཕྱོགས་མདོག །སྲོག་དེའི་མ་ཡིན་ན་ཚ་བརྟགས། །ཏོག་སྟེང་སྲོག་གི་བུ་ཡི་མདོག །སྲིད་ཀྱི་འཕེལ་རྒྱུན་རབ་ཏུ་ཤེས། །མི་ཡི་དར་གུད་གྲོགས་ཏེ་གཡོན། །དགྲ་རྒྱབ་དགྲ་ཟླས་འཚེ་མིན་བརྟགས། །དེ་ཡང་ས་ཁམས་སེར་པོ་སྟེ། །ཡང་རབ་ཤིང་ལྗང་རབ་ཏུ་བཤད། །མེ་ཁམས་དམར་པོ་འབྲིང་པོ་ལ། །ཆུ་ཐ་ལྕགས་དཀར་ཡང་ཐར་བཞེད།། ༧ དབྱུག་སྲང་དཀར་ནག་ཟས་སྐལ་སྟེ། །དཀར་པོ་ལེབ་ཤར་ཆ་ལྔའི་ཐུད། །དབྱུག་མདའི་གྲངས་ཀྱི་བྱེ་བྲག་གི། །དཀར་གསུམ་དཀོན་མོད་དུས་ཚོད་དེ། །ཐིག་མཚོ་ཡང་རབ་རབ་ཏུ་འདོད། །རྩེ་འབྲིང་བགྲོད་ཐ་གཟུགས་ཀྱང་ཐ། །ལེགས་ཉེས་ལུང་དུ་སྟོན་པའོ།། ༧ དཀར་སེར་ཟླུམ་པོ་ཆ་དྲུག་ཟན། །ཆུ་སྲང་བཅུ་བཅུའི་གྲངས་དག་གིས། །འབྲུ་དྲུག་ཟས་ཀྱི་དཀོན་མོད་བརྟགས། །དེ་ཡང་གྲངས་ཡར་འབྲུ་དཀར་དཀར། །ཆ་ལ་འབྲུ་ནག་སེར་པོ་སྟེ། །སྟོང་མདའ་ཡང་རབ་རབ་ཏུ་ཤེས། །མཚོ་མེ་འབྲིང་གི་སྟོད་སྨད་དེ། །བགྲོད་ཟླ་ཐ་མ་ཡང་ཐར་བཤད།། ༧ གླང་གི་གསང་བ་དབུགས་གྲངས་ཀྱི། །རྐང་འགྲོས་ཕྱུགས་ཀྱི་འཕེལ་ཟད་བལྟ། །ཡང་རབ་རབ་དང་འབྲིང་སྟོད་སྨད། །ཐ་མ་ཡང་ཐས་སོ་སོར་དབྱེ།། ༧ གླང་གི་གསང་འབྲས་ཆ་ཤས་ཏེ། །གྲངས་ཀྱི་ཟས་བཅུད་ཆེ་ཆུང་བརྟགས། །མཁའ་འཕེལ་ཟླ་བ་ཟད་པར་སྟོན།། ༧ དེ་ཡི་རྟེན་འབྲེལ་བརྡ་རྟགས་ནི། །ཞྭ་མོ་ཚོན་ལྔ་འབྱུང་ལྔའི་ཁམས། །ཏོག་ནི་ཚོན་གཉིས་ཉིན་མཚན་ཆ། །ཐུད་ལ་ཚོན་ལྔ་འོ་ཞོ་མར། །དར་དང་ཆུར་བ་ལྔ་རུ་མཚོན། །ཟན་ལ་ཚོན་དྲུག་ནས་འབྲས་གྲོ། །སོ་སྲན་བྲ་བོ་འབྲུ་དྲུག་མཚོན། །གསང་བ་ཚོན་དྲུག་དུས་དྲུག་སྟེ། །གསང་འབྲས་ཚོན་གཉིས་དཀར་དམར་ཕྱོགས།། ༧ གླང་རྩིས་གཞན་གྱི་ཁྱད་པར་ལ། །རྣ་བ་ཕོ་གྱོག་མོ་གཡས་གྱོག །ལྟག་སྐྲ་དབུགས་ཉིའི་སྲོག་གི་ཁམས། །ཁྱད་པར་ས་ལ་ཚོ་གཅིག་བྱ། །ལྕགས་ཡུ་དུས་ཀུན་མི་འགྱུར་སྦ། །དུས་བཞི་མཚོན་བྱེད་ཚིགས་པ་བཞི། །གླང་རྫི་ཕོ་གཡོན་མོ་གཡས་ཕྱོགས། །བྱིས་པར་གཞོན་རྩུབ་རྒན་པར་ངན། །དར་མས་རྒན་རྩུབ་བྱིས་པར་ངན། །རྒན་པས་བྱིས་རྩུབ་དར་མར་ངན། །ཁ་སུག་དམར་ན་ཁ་ཉིང་ནད། །རྭ་མཇུག་དམར་ན་དམེ་འཁྲུགས་འོང་། །ཚོ་གཅིག་ཐོར་ཅོག་མཆོག་ཏུ་བཟང་། །གཡས་གཡོན་ཚོ་ནང་ཕོ་མོར་རྩུབ། །དཔྱིད་མགོ་ཟུག་ཉིན་མེ་ཐན་མེ། །ཆུ་ལ་ཆུ་འཇིགས་ལྕགས་མི་མཐུན། །ས་བཟང་ཤིང་ལ་ལོ་ཏོག་རྒྱས། །འབྲས་བུ་གཞན་རྣམས་མཚུངས་པ་འདྲ།། ༧ འབྲུག་ཉིའི་དབང་ཐང་རླུང་སོགས་འབྲས། །ལྗང་གུས་འཐོར་རླུང་ཆུ་འཛིན་གཏོར། །ཆར་བ་འབབ་ཏུ་མི་སྟེར་ལ། །དམར་པོ་ཐོག་གློག་སེར་བ་རྒོད། །སེར་པོ་སྤྲིན་འཐུག་སྦྲང་ཆར་འབྲིང་། །དཀར་པོ་གྲངས་ལྷག་ཁ་གོམ་འཐུལ། །ཞེད་ཆུང་སད་ལྡང་སྔོན་པོ་ཆར། །ཆུ་རྒྱས་ས་འཛིན་ཀུན་གྱིས་འཇིགས། །དབྱར་རྔའི་རྩིས་འབྲས་ཕྱོགས་ཙམ་མོ།།


previousགླང་རྩིས།next