Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
ཆེན་པོ་བདུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆེན་པོ་བདུན།next

ཆེན་པོ་བདུན།

༄༅། ཐེག་པ་ཆུང་ངུ་ལས་ཆེན་པོ་བདུན་གྱིས་ཐེག་ཆེན་ཁྱད་པར་དུ་འཕགས་ཚུལ་ནི། དམིགས་པ་ཆེན་པོ་དང་། སྒྲུབ་པ་ཆེན་པོ་དང་། ཡེ་ཤེས་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། ཐབས་ལ་མཁས་པ་ཆེན་པོ་དང་། ཐུབ་པ་ཆེན་པོ་དང་། ཕྲིན་ལས་ཆེན་པོ་སྟེ་བདུན་གྱིས་འཕགས་པ་ཡིན། དེ་ལ་དམིགས་པ་ཆེན་པོ་ནི། ཐེག་ཆེན་པས་ཆོས་ཉིད་ནམ་མཁའ་འདྲ་བ་ལ་དམིགས་པར་ནུས་ལ་ཆུང་ངུ་པས་མི་ནུས་སོ།། སྒྲུབ་པ་ཆེན་པོ་ནི། ལམ་དང་སྤྱོད་པའི་དུས་རང་གཞན་གཉིས་ཀའི་དོན་ཐེག་ཆེན་པས་སྒྲུབ་པ་ཉིད། ཉན་རང་ལ་རང་དོན་ལས་མེད་དོ།། ཡེ་ཤེས་ཆེན་པོ་ནི། བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་སྙིང་རྗེ་དང་ཟུང་དུ་འཇུག་པའི་ཡེ་ཤེས་ཡོད་པ་ཐེག་དམན་ལ་མེད་དོ། །བརྩོན་འགྲུས་ཆེན་པོ་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་ལ་སྤྲོ་བའང་ཉན་རང་ལ་མེད་དོ།། ཐབས་མཁས་པ་ཆེན་པོ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པས་དོན་སྒྲུབ་པ་ཡང་ཐེག་དམན་ལ་མེད་དོ།། ཐུབ་པ་ཆེན་པོ་ནི། སངས་རྒྱས་ནས་གཞན་དོན་དང་སྟོབས་སོགས་ཀྱི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའང་འབྱུང་བར་ངེས་ལ་ཐེག་དམན་ལ་མ་ཡིན་ནོ།། ཕྲིན་ལས་ཆེན་པོ་འཁོར་བ་ཇི་སྲིད་ཀྱི་བར་དུ་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་ཉིད་ཀྱང་ཉན་རང་ལ་མེད་པས། དེས་ན་ཐེག་དམན་ཉན་རང་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའ་ལ་དཔེར་ན་བ་གླང་གི་རྨིག་རྗེས་ཀྱི་ཆུ་དང་། གངས་ཆེན་མཚོའི་ཁྱད་པར་དང་། མེ་ཁྱེར་དང་ཉི་ཟླའི་ཁྱད་པར་དང་། གྲོག་མཁར་དང་རི་རབ་ཀྱི་ཁྱད་པར་ལྟ་བུས་འཕགས་ཁྱད་ཡོད་པར་མདོ་རྒྱུད་བསྟན་བཅོས་ཇི་སྙེད་པ་ནས་གསུངས་པ་མངོན་སུམ་དེ་ཀའོ།། ཞེས་མགོ་སྤྲུལ་པས་སོ།།


previousཆེན་པོ་བདུན།next