Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
ཐུན་མཚམས་ཀྱི་སྤྱོད་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous ཐུན་མཚམས་ཀྱི་སྤྱོད་ལམ།next

ཐུན་མཚམས་ཀྱི་སྤྱོད་ལམ།

༄༅། ཐུན་མཚམས་ཀྱི་སྤྱོད་ལམ་ཀུན་ལ་སྣང་གྲགས་རྟོག་པ་ཐམས་ཅད་བླ་མའི་གསང་གསུམ་གྱི་རོལ་བར་བལྟ་ཞིང་ཁྲེགས་ཆོད་ཀྱི་ཉམས་ལེན་སྤྲོས་པ་ཐམས་ཅད་རང་སར་ཞི་བའི་གནས་ལུགས་རིག་པ་རྟོག་མེད་སྟོང་དངས་སང་ངེ་བ་འདི་དང་། ཐོད་རྒལ་གྱི་རིག་གདངས་འོད་གསལ་ལྷག་མཐོང་གི་སྣང་ཆ་གསལ་ལམ་མེ་བ་གཉིས་ཟུང་དུ་འབྲེལ་བར། དགག་སྒྲུབ་བླང་དོར་རེ་དོགས་འཛིན་ཞེན་སོགས་གང་ཡང་མེད་པར་དུས་རྒྱུན་དུ་སྐྱོང་བ་ནི། མན་ངག་གནད་ཟབ་མོ་ཉམས་སུ་ལེན་པའི་མཐིལ་གལ་པོ་ཆེ་ལགས་པས་ཐུགས་དམ་མཛད་འཚལ། འདི་ལས་ལྷག་པའི་གདམས་ངག་ཞིག །ཁ་དང་སྙིང་ན་མེད་ངེས་ཕྱིར། །འདི་ཙམ་བྲིས་པས་ཆོས་མཐུན་གྲོགས། །ཐུགས་ཀྱི་བཞེད་པ་སྐོང་བར་ཤོག །ཅེས་པ་འདི་ཡང་རྡོ་རྗེའི་མཆེད་པོ་མགོན་སྐོར་དབོན་འགྱུར་མེད་ཆོས་བསྟན་ནས་བཞེད་ངོར། མགོ་ལོག་སྔགས་རྒན་གྱིས་བྲིས་པ་སརྦ་མངྒ་ལཾ།།


previous ཐུན་མཚམས་ཀྱི་སྤྱོད་ལམ།next