Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
གནས་སྒོ་འབྱེད་པའི་སྨོན་ཚིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་སྒོ་འབྱེད་པའི་སྨོན་ཚིགnext

གནས་སྒོ་འབྱེད་པའི་སྨོན་ཚིག

༄༅། གནས་མཆོག་སྒོ་འབྱེད་ཀྱི་སྨོན་ཚིག་རེ་འདོད་མྱུར་སྐོང་ཞེས་བྱ་བ་བཞུགས། རབ་འབྱམས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྐུ་གསུམ་ཡོངས་འདུས་ཀུན་མཁྱེན་པདྨ་འབྱུང་། །རྩ་གསུམ་བསྲུང་མར་བཅས་པའི་བྱིན་རླབས་ཀྱིས། །རིགས་གསུམ་འཕགས་པས་བྱིན་བརླབ་གནས་མཆོག་འདིའི། །སྒོ་འཕར་ཕྱེ་བའི་རྟེན་འབྲེལ་མྱུར་འགྲིག་ནས། །རྨད་བྱུང་ངོ་མཚར་སྣང་བ་སྣ་ཚོགས་ཀྱིས། །གདུལ་བྱའི་འགྲོ་ཚོགས་གྲངས་མེད་ཐར་ལམ་ལ། །འགོད་པའི་རེ་སྨོན་གེགས་མེད་འགྲུབ་གྱུར་ཅིག །ཅེས་གནས་མཆོག་སྒོ་འབྱེད་ཀྱི་སྨོན་ཚིག་རེ་འདོད་མྱུར་སྐོང་ཞེས་བྱ་བ་འདི་ཡང་་། སྒྲུབ་བརྩོན་དམ་པའི་རིགས་ཅན་པདྨ་ཚེ་མཆོག་གིས་བསྐུལ་ངོར་མགོ་སྤྲུལ་འཆོལ་བོས་བྲིས་པ་དགེ་ལེགས་འཕེལ་ཞིང་བརྟན་པའི་རྒྱུར་གྱུར་ཅིག སརྦ་མང་ག་ལཾ།


previousགནས་སྒོ་འབྱེད་པའི་སྨོན་ཚིགnext