Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
སྤྲིངས་ཡིག་བདེན་པའི་རང་སྒྲ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྲིངས་ཡིག་བདེན་པའི་རང་སྒྲ།next

སྤྲིངས་ཡིག་བདེན་པའི་རང་སྒྲ།

༄༅། སྤྲིངས་ཡིག་བདེན་པའི་རང་སྒྲ་བཞུགས། སྐྱབས་ཀུན་ཡོངས་འདུས་རྩ་བའི་བླ་མ་རྗེ། །འབྲལ་མེད་སྙིང་གི་པདྨོར་རྟག་མཆོད་ནས། །གྲོགས་དག་གཞི་མེད་ངན་སྒྲོགས་གཏམ་ཐོས་ཚེ། །ཡིན་ལུགས་དྲང་པོའི་གཏམ་ལན་ཉུང་ཞིག་ཞུ། །ཁོ་བོས་སྐྱེས་ཆེན་ཁྱད་འཕགས་སོ་ལྔ་ཡི། །གསུང་གསང་བདུད་རྩི་ལོངས་སུ་སྤྱོད་མྱོང་བས། །ཚེ་གཅིག་འཇའ་ལུས་འགྲུབ་པར་མ་ནུས་ཀྱང་། །ལྷ་འདྲེ་བརྒྱ་ཡི་ཕན་གནོད་རེ་དོགས་མེད། །ཞྭ་ལྟར་མཐོ་བའི་མཆོག་གསུམ་རྩ་གསུམ་མན། །ཟ་འདྲེ་གྲོང་རྒྱུག་ཐེའུ་རིང་རྐང་གཅིག་ཡན། །བརྗོད་ཚེ་མགྲོན་བཞིའི་གྲལ་འདྲ་མ་གཏོགས་པའི། །རྫེ་རྒྱལ་དངོས་སུ་མཆོད་དང་བཀར་མ་མྱོང་། །ལྟུང་བཤགས་གསེར་སྐུ་རྔ་རྒན་གཉིས་མཚོན་པའི། །དངོས་དང་སར་བརྐུང་བཅོམ་བརླག་ཁྱེར་སོང་ཚེ། །རྫེ་རྒྱལ་དེ་རྗེས་འབྲང་བར་མ་ནུས་ན། །སྤྲང་པོ་ང་རྗེས་འོང་དོན་གཏན་ནས་མེད། །དུས་ངན་སྙིགས་མའི་མི་ལ་བློ་གཏད་མེད། །སྨྲས་ཚད་བདེན་མེད་བརྟགས་ན་རི་བོང་ཅལ། །དམ་པ་སྟག་སེང་འདྲ་རྣམས་བརྟགས་དཔྱད་མཛོད། །ཟོའི་༼གཞི་མེད་ཅེས་པའི་དོན་༽མེད་ཅལ་རྗེས་མ་འབྲང་སྐུ་ཚེ་རིང་། །འགྲོ་མགོན་གླིང་པ་རྣམ་གསུམ་ཟབ་གཏེར་སྒོར། །དབང་ཁྲིད་ལུང་མ་ཐོབ་མཁན་འགའ་མེད་པས། །འུ་ཅག་རྡོ་རྗེའི་མཆེད་གྲོགས་ཡིན་ལགས་ཕྱིར། །མཆེད་གྲོགས་དམ་ཉམས་མ་མཛད་སྐུ་ཚེ་རིང་། །གསེར་ཁོག་མན་ཆད་མདོ་མུར་ཡན་ཆད་ལ། །ཆོས་དང་ཟང་ཟིང་འབྲེལ་ཐོག་མང་ཡོད་པས། །བདེན་མེད་རྫུན་གྱིས་ཐམས་ཅད་མགོ་བསྐོར་ནས། །དད་དམ་འབྲེལ་བ་མ་འཕྲོག་སྐུ་ཚེ་རིང་། །ཞེས་འདི་མགོ་ལོག་ཨ་མྱེ་འཆི་ཁ་མས། །ཆོས་གྲོགས་སྙིང་འདྲ་རྣམས་ལ་སྙིང་ནས་ཞུས། །འབྲེལ་ཐོག་འདི་མཐོང་ཐོས་པ་ཐམས་ཅད་ལ། །མི་ལྡོག་དད་གུས་རྟག་ཏུ་བརྟན་པར་ཤོག །


previousསྤྲིངས་ཡིག་བདེན་པའི་རང་སྒྲ།next