Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྐལ་བཟང་སངས་རྒྱས་སྟོང་རྩའི་མཚན་བརྗོད་ངན་སོང་འཇིགས་སྒྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྐལ་བཟང་སངས་རྒྱས་སྟོང་རྩའི་མཚན་བརྗོད་ངན་སོང་འཇིགས་སྒྲོལ།next

བསྐལ་བཟང་སངས་རྒྱས་སྟོང་རྩའི་མཚན་བརྗོད་ངན་སོང་འཇིགས་སྒྲོལ།

༄༅། བསྐལ་བཟང་སངས་རྒྱས་སྟོང་རྩའི་མཚན་བརྗོད་ངན་སོང་འཇིགས་སྒྲོལ་བཞུགས། །

༄༅། ན་མོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། སྤྲོ་ན་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་གསེར་ཐུབ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤཱཀྱ་ཐུབ་པ་དོན་ཐམས་ཅད་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་གསལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་གཉིས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ལེགས་རྒྱུ་སྐར་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་བའི་དེད་དཔོན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལག་ཆེན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱུ་སྐར་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྩི་སྨན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྙན་པའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲོལ་བའི་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་འཕྲོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་མྱ་ངན་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་རྒྱལ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་གསལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕྲེང་ཐོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་གཟིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛོད་སྤུ་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟན་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་གདུལ་དཀའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚོགས་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚིགས་བརྟན་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་འགྱིང་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷུན་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྡོམ་པ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་བསྙེངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་ཀྱི་སྡེ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་དགྱེས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བྱིན་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟན་པར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ཡོད་མཐོང་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་བཟང་སྐྱོང་ལ་ཕྱག་འཚལ་ལོ། །སངས་རྒྱས་དགའ་བོ་ལ་ཕྱག་འཚལ་ལོ། སངས་རྒྱས་འཆི་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁ་ལོ་སྒྱུར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྱེས་པར་གཤེགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆུ་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་ལག་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཀྱི་གླང་པོ་ལ་ཕྱག་འཚལ་ལོ། སངས་རྒྱས་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྲུག་སྒྲ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་སེམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡིད་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ན་ནོར་བུ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲག་ཤུལ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྗོན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་རྒྱལ་བ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་བརྩེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡན་ལག་སྐྱེས་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་མཐའ་ཡས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་མཁྱེན་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟུལ་ཞུགས་བརྟན་ལ་ཕྱག་འཚལ་ལོ། །སངས་རྒྱས་བཀྲ་ཤིས་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལག་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་འོད་འཕྲོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པས་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འབྱུང་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་ཡི་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ལེགས་སེམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་པ་བརྩེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕན་པར་བཞེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རོལ་བར་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མུན་པ་དང་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་བོའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཅན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་མཐོ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་རྒྱལ་ལ་ཕྱག་འཚལ་ལོ། །སངས་རྒྱས་རུ་རིང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་གྲགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ལྡན་ཉི་ཟླ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་མཁན་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་དུས་མཁྱེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔལ་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། སངས་རྒྱས་སྲིད་མཐའ་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གློག་གི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་གྱི་རི་བོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེས་བྱིན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་ཏུ་དགའ་བར་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྩོན་འགྲུས་བརྟན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པར་རྫོགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྙེངས་དང་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོད་འོས་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲོན་མ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་དྲི་ཞིམ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་མཆོག་འཛིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མུན་པ་དང་རྣམ་པར་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་འགྲམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱོན་རབ་ཏུ་ཞི་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་རྩི་འཆང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་ཡི་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་བརྒྱན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བུའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་བོ་བརྩེགས་པའི་ཏོག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འབྱུང་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ངེས་པར་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་སྦྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འབྱུང་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེ་དབང་མཚུངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་ཀྱིས་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གནས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གདུགས་མཛེས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་བོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་འཕགས་པའི་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་རོལ་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུ་ཡི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་རི་བོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུ་དགའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་ཕྲེང་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུ་ཡི་ལག་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མིག་བརྒྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་སྦྱངས་པའི་བློ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟིལ་གནོན་ཡེ་ཤེས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐའ་ཡས་པའི་སྤྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པར་གསུང་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ངེས་པའི་བློ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐའ་ཡས་པའི་གཟུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེ་ཚོམ་རྣམ་པར་སྤངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་ལས་འདས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ཡོད་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྟོགས་པར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་མཛད་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་མཐའ་ཡས་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ལྷ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གནས་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་ཡོངས་སུ་རྫོགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མྱ་ངན་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ས་ཡི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་སྤྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་འབྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གཟིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་འོད་གསལ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མེད་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པའི་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་བྱེད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་དུས་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཁས་བློ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བར་དཀའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་ཐོབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་རྩལ་མཐའ་ཡས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ཐམས་ཅད་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔའ་བོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྱོར་བ་ལྡན་པ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསོད་ནམས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲོན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་འོད་འཕྲོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་ཡངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་སྐྱེས་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡིད་གཉིས་སྤོང་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཛིན་པ་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་སྲེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོམས་མེད་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་གནས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེར་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཅན་གཙོ་བོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་བའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕལ་ཆེན་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་གྱི་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐ་བ་སྤངས་པ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིམ་ནད་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེས་བུས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེའི་སྡེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕན་ཆེན་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞི་བའི་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཀྱི་གླང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་ཚུགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་ཟླ་ལ་ཕྱག་འཚལ་ལོ། །སངས་རྒྱས་གློག་གི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔལ་སྦས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་ཉི་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་གྲུབ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷུན་པོ་བརྩེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྲ་འདུལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྲ་བཅོམ་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་འགྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉོན་མོངས་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདམ་བུ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུལ་འཁོར་རངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་གྲགས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྲིད་མཐའ་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་བསམ་གཏན་དགྱེས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྫོགས་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་རོལ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་རིན་ཆེན་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྲ་བཅོམ་གྲགས་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨའི་ངོས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛོད་སྤུ་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་པ་གྲགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་ནོར་བུ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བུ་བཀོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་ཆེན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷུན་པོ་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་བཅུ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མ་སྨད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གླང་པོའི་འགྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡིད་དུ་འཐད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞི་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་གསལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁ་ལོ་སྒྱུར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགའ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་ན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྙེངས་བྲལ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞི་བའི་གཟི་བརྗིད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ན་ཚོད་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་རྣམས་དགའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛེས་པར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེས་ཕྱོགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་མཐོ་བར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེ་བོའི་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་བཟང་པོ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་གཟི་བརྗིད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐལ་ལྡན་ཤིང་རྟ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགའ་བ་བཀོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟེགས་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཀྱི་གླང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་འོད་འཕྲོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་བོའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་སྤོས་བཟང་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རབ་བརྟན་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་དྲག་ཤུལ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་ནོར་བུ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཟང་པོ་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེ་གཤེགས་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཚུངས་པ་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་སྐྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུབ་པ་མེད་པའི་ཚོགས་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཀའ་ཐུབ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷུན་པོའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་བརྩེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོད་པ་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྦྱིན་པའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་གློག་འབྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པར་གསུངས་པ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཚོ་བྱེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ན་ཚོད་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པའི་ཚོགས་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་ངེས་པའི་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྲིད་མཐའ་ནོར་བུའི་སྤོས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་བས་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུགས་རབ་གཞུངས་པ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུ་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲག་ཤུལ་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟུལ་ཞུགས་ཐུབ་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་བས་མཆོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བུའི་ཚོགས་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་གླང་ཆེན་སེང་གེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་སྦེད་པ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རྒྱ་མཚོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་ཞི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མྱ་ངན་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤུགས་བཅུ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་ལ་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་ཐོབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་ཆེན་པོ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པར་སྤྱོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་མཆོག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་རྒྱལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གློག་གི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔལ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་འདུལ་བར་མཛད་པ་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གོ་ཆ་བགོས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་ཕྱག་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་མཐོན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱ་མཚོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ས་འཛིན་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་གྱི་བློ་མངའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་བསགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་མེ་ཏོག་ལ་ཕྱག་འཚལ་ལོ། ། མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་འདས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་སྙན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཅན་གཙོ་བོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲག་ཤུལ་ཅན་གྱིས་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཅན་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་མཐའ་ཡས་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་དོན་ཡོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་དྲང་སྲོང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེ་བའི་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་འདུན་བརྟན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕྱོགས་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཏོག་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུལ་འཁོར་མེ་ཏོག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་རླུང་གི་ཤུགས་ལྟར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་བསམ་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྣང་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་ཚོགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་བསྲུང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་གྱི་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྙེངས་པ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲོགས་བརྟན་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་གནས་མཚུངས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐར་བའི་གཟི་བརྗིད་ལ་ཕྱག་འཚལ་ལོ། །སངས་རྒྱས་ངོས་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་གཟི་བརྗིད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་མཆོག་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པར་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པ་གསུང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་བྱིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་གི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་རྨད་དུ་བྱུང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་ཚུགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྙེངས་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་འོད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་མཐུ་རྩལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་བདེན་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བུའི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅིངས་པ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟུལ་ཞུགས་བརྟན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་གཟི་བརྗིད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པ་ཐུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དལ་གྱིས་བཞུད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟུལ་ཞུགས་དཀའ་ཐུབ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཙམ་པ་ཀ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགའ་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཅན་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་པོའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྱེས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣ་མའི་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཅན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྐྲུན་པར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མདངས་འགྲོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ལེགས་ངེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྱུ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ལག་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསམ་པས་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་འོད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེའི་སྡེ་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྱོར་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་མེད་པའི་སྤྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་འགྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་དྲག་ཤུལ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་མེད་པའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་རྣམ་འབྱེས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁེངས་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྦྲང་རྩིའི་ཞལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གློག་འབྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་ཞི་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྲ་བཅོམ་གྲགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་ཡོན་ཏན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མངོན་པར་འཕགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྦྱིན་སྲེག་འོད་འཕྲོ་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེ་བཀོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུགས་རབ་ཏུ་གཞུངས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱ་མཚོའི་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་གདུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་འཕྲོ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་རྣམ་པར་གྲགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་རྒྱས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟུལ་ཞུགས་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲོན་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གློག་གི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་མཁན་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་རྫོགས་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨའི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་མཛེས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྙོག་པ་མེད་པའི་དོན་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲག་ཤུལ་སྡེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་གཟི་བརྗིད་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་རྩལ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐོགས་མེད་བློ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁ་ལོ་སྒྱུར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེ་དབང་མཚུངས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་འཛིན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྩི་སྨན་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱུ་སྐར་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་གླང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཅོད་པར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་གྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་མཛོད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་དབང་མཚུངས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེའི་སྡེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་བརྩེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་གནས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་སྦྱངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་མཆོག་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྲུག་གི་སྒྲ་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་མངོན་པར་ཤེས་པའི་ཏོག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏོག་གི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་བ་མཆོག་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེས་བུའི་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་སྡུག་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུས་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྒྱན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞུམ་པ་མེད་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་སྣ་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་དཔའ་བོ་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨའི་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་རྒྱས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་རྩལ་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟུགས་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་མཁན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་སྒྲོན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་ཟད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མངོན་པར་རྟོགས་པའི་སྤྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡན་ལག་རྒྱས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུལ་འཁོར་ཤེས་རབ་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་མགོན་མཆོག་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་ཚིམ་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་བྱིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆགས་པ་མེད་པའི་མཛོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་བོས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་བོ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་མཐུ་རྩལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་འཕྲོ་བ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་པོ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤུགས་འཆང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་རྒྱལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟུགས་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་པོ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་གྲུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་སྡེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་ལྷའི་བུ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱ་ཆེན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་འོད་ཟེར་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨྲེང་འདོན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲོན་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་བརྩེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་སའི་བདག་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གྲོལ་བརྙེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་གི་གསེར་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐུབ་པར་དཀའ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་གསལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་གྱི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་ཡོན་ཏན་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་གདུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་ལག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆགས་པ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་གྱ་ནོམ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་ཞིབ་མོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བྱིན་ཐམས་ཅད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྩི་སྨན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་གྲོལ་བའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཀྱི་མཛོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིགས་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆུ་བོ་སྤོང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐོགས་མེད་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེན་པའི་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་སྙན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་དབང་དང་མཚུངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་བརྩེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐར་པའི་གཟི་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་ཞི་བའི་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡིད་དུ་འོང་བའི་གསུང་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་སྦྱངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆུ་ལྷ་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་བས་མཆོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་ལོགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་མཐུ་རྩལ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྐལ་པ་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་འཁྲུགས་པའི་མདོག་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྟོགས་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་ལེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ལ་གནས་པའི་བློ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྣང་བའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཀྱི་གཟི་བརྗིད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་དགའ་བར་མཛད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཡོད་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁྲོ་བ་བཅོམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟུགས་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་སྦྱིན་པར་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་གཙང་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་ཉི་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་མཉམ་པར་བཞག་པའི་བདག་ཉིད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་མདངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་རིགས་གཙོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐལ་ལྡན་ཤིང་རྟ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་གྲོལ་བའི་གཙུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲེག་པ་སྤང་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་ཀྱི་མཛོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཙན་ཏན་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུལ་འཁོར་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨའི་སྙིང་པོ་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་མཁས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་འབྱོར་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་དབྱིག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕྱག་ན་རིན་ཆེན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྫོགས་པར་གསུངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་གསུངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོད་འོས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་རྒྱལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདམ་ལས་བརྒལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་བརྙེས་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྨ་བྱ་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་བྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕན་པར་བཞེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་ཟེར་གྱི་དྲྭ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་བཅོམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཻ་ཌཱུརྱའི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲན་པའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་དགེ་བའི་འོད་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་མཆོག་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེས་བུ་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་རྩིའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་མཆོག་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་མའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞི་བའི་སྟོབས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་རྒྱ་མཚོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རི་ཡི་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་ཞི་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་མཐུ་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་སྙན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ངོས་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་ལ་གནས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་གཟི་བརྗིད་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཁྱེན་ལྡན་ཟླ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་རོ་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་ཐུགས་གཞུང་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་དགོངས་གཏི་མུག་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་ཀྱི་ཡན་ལག་ཁྱད་པར་འཕགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་ཏུ་མཛེས་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞི་བའི་དོན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱོན་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་སྦྱངས་དགེ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨའི་མཛོད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་པའི་མདོག་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟེགས་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཀྱི་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྙེངས་པ་དང་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་བཞེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་པའི་སྤྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་ཡི་མཆོག་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྙེངས་པ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟིགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་དབྱངས་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་ཆེན་པོའི་སྟེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་ཟླ་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་མཁྲེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྗོན་ཤིང་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གདངས་སྙན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསོད་ནམས་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་དཔལ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཕགས་པ་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་སྟོབས་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐར་མ་ལ་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་གྱི་རྔ་སྒྲ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་སྟུག་པའི་ཞལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་བཟང་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྱོར་བར་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་ཕུང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཡེ་ཤེས་ང་རོ་ཕྱག་འཚལ་ལོ། །སངས་རྒྱས་ནམ་མཁའ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོད་སྦྱིན་ང་རོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་རྣམ་འགོད་ང་རོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་འོད་ཟེར་གཟི་བརྗིད་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲང་སྲོང་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་དང་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་པའི་ཚོགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོད་སྦྱིན་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡུལ་དང་བྲལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་ཚོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཏོག་དང་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུལ་འཁོར་སྤོབས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་རབ་སྦྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་དགྱེས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་དབང་བསྒྱུར་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་རྩི་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསམ་གཏན་སྙོམས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཁྲུགས་པ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་རབ་ཞི་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕྱོགས་མ་བསླད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞལ་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤུགས་གནས་ཡེ་ཤེས་ལྡན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུང་བའི་དབང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་ཟབ་མོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་རྩི་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོད་པར་ལྡན་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་གི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཁམས་གསུམ་གྱི་མཆོད་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་ཉི་མའི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷས་མཆོད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐར་པའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་བའི་གཙུག་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་རྩིའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛེས་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མ་ལྟར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དག་པའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་གཙུག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྫོགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་གྱེན་དུ་འཕགས་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་བྱིན་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་འགྱེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཀོད་པ་མཛེས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཏི་མུག་མེད་པར་གནས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྨ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏོག་གི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེ་བར་དགོངས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཏི་མུག་མེད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོ་ག་མཁྱེན་ལ་ཕྱག་འཚལ་ལོ། །སངས་རྒྱས་དག་པའི་རྒྱ་མཚོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་མངའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་དམའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེ་བོ་དགའ་བར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྨ་བྱའི་ང་རོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མ་ཞུམ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྲིད་པའི་སྲེད་པ་དྲི་མ་སྤངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱོད་པའི་སྟེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་མང་པོས་སྙན་པར་བསྒྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕྱག་ན་པདྨ་བསྣམས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྲ་ལས་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྱོར་ལྡན་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུལ་འཁོར་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་འོད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་ང་རོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་ལྟར་ཤར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇོམས་པའི་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་གཡོ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕན་པ་དང་ལྡན་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་སྒྲོན་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་ཀྱིས་བསྐུལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་གོའུ་ཏ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་མདངས་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གནས་པའི་རང་བཞིན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་ཡན་ལག་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཀྲ་ཤིས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་སྟོན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་གཟི་བརྗིད་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་བའི་སྒྲོན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཐུ་རྩལ་བརྟན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་སྒྲ་ཆེན་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་ཞི་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མའི་ཞལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐར་བའི་བརྟུལ་ཞུགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚུལ་ཁྲིམས་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟུལ་ཞུགས་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྡུལ་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྙིང་པོ་འཕགས་ལ་ཕྱག་འཚལ་ལོ། །སངས་རྒྱས་མིག་སྨན་ལ་ཕྱག་འཚལ་ལོ། །སངས་རྒྱས་འཕེལ་བར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་ཀྱི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དུས་མཁྱེན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲན་པའི་དབང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་མེད་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་མཆོག་བགྲོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱོད་པ་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་དགྱེས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་ཐམས་ཅད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཤེས་གཉེན་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཤེས་གཉེན་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་ཏུ་ཞི་བའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་རྩིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་འཕགས་པས་བསྟོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྣང་ལྡན་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་འབར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྣང་བ་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་སྤྱད་རྣམ་པར་སྨིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་པར་དགྱེས་ལ་ཕྱག་འཚལ་ལོ། །སངས་རྒྱས་མྱ་ངན་བྲལ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱོད་པ་དང་ལྡན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསོད་ནམས་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་རྒྱ་མཚོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྨད་དུ་བྱུང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ང་རྒྱལ་སྤོངས་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་བདུད་བརླག་པར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བག་ཆགས་ལས་བརྒལ་བའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་ཕྱེད་པའི་བློ་མངའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྒྱ་མཚོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དག་པར་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚོགས་ཅན་གྲོལ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་རིན་ཆེན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་བསིལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པ་རྒྱལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྫུ་འཕྲུལ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེ་དབང་མཚུངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་མ་དགྱེས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་གཅན་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་འོད་འབར་ལ་ཕྱག་འཚལ་ལོ། །སངས་རྒྱས་སྨན་པའི་བདག་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མདངས་མངའ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་དགྱེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགའ་བའི་སྟོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་སྙན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱོད་པ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁྲུལ་བ་མེད་པའི་བློ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱངས་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྙན་པར་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཏོག་ལྡན་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཟི་བརྗིད་རྣམ་པར་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྗོན་པ་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཏི་མུག་རབ་ཟད་ལ་ཕྱག་འཚལ་ལོ། །སངས་རྒྱས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་བ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་མཐའ་ཡས་པའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟུལ་ཞུགས་བསྟར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོད་པའི་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་མྱ་ངན་བརྒལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་བ་རྒྱས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་བའི་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྱེས་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཞབས་མཛེས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཨུཏྤལ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་དུལ་གནས་མེ་ཏོག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་མཐའ་ཡས་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲང་སྲོང་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་བརྩོན་འགྲུས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྙིང་པོ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་བདག་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་མཐོན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐལ་ལྡན་ཤིང་རྟ་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྦྱིན་སྲེག་འོད་འཕྲོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་གཟི་བརྗིད་ཕུང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་སྟབས་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་གཡོ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་གསལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྤྱོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་གླུ་དབྱངས་ཟབ་སྒྲོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་འཁོར་ལོ་འཛིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དབྱིག་གི་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིག་རྟེན་དགའ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་ཟླ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགའ་བ་མཐའ་ཡས་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་གྱི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་འགྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་བཟང་ལ་ཕྱག་འཚལ་ལོ། །སངས་རྒྱས་ནམ་མཁའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བུ་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ནོར་བཟང་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མ་ཆེ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ང་རོ་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྐྱེ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲ་གཅན་སྦེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་བ་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་བློ་གྲོས་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་མཛད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛད་མཐའ་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྲིད་པའི་མེ་ཏོག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཛོད་སྤུ་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་པ་མཚུངས་མེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་རྣམ་འབྱེད་ང་རོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་མཆེ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཛེས་པར་གཤེགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་སྒྲོན་མེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཀྲ་ཤིས་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡུལ་འཁོར་མྱ་ངན་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་གྲོས་སེམས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བློ་དང་ལྡན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྒྲོན་མའི་སྤྱན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤིན་ཏུ་གཟིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤུགས་ཀྱིས་འདོར་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོབས་ཆེན་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤེས་རབ་མེ་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་བརྟན་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་བདེ་བ་དང་ལྡན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དོན་གསུང་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགྱེས་པ་གསལ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སེང་གེའི་ཞལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཕུད་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་མི་ཡི་སེང་གེ་མོས་པ་མཐའ་ཡས་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། །སངས་རྒྱས་སྟོང་གི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་པོ་ཚངས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོང་གི་བར་ཆད་བསྲུང་ཞིང་གསང་མཛོད་སྡུད་པ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་འཇིག་རྟེན་ཁམས་བྱེ་བ་ཕྲག་བརྒྱའི་གྲངས་དང་མཉམ་པའི་སངས་རྒྱས་སྟོང་དང་རྩ་གཉིས་འཁོར་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་དམིགས་ཡུལ་ཚེ་འདས་མིང་འདི་ཞེས་བྱ་བའི་གཙོར་བྱས་པའི་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་རྟག་པར་རྗེས་སུ་བཟུང་དུ་གསོལ། །ཐུགས་རྗེས་རྗེས་སུ་བཟུང་ནས་ཀྱང་མར་གྱུར་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་བཀའ་དྲིན་བླ་ན་མེད་པ་སྩལ་དུ་གསོལ།། ཞེས་འདི་དགའ་དབང་འཛིན་མ་སོགས། །འགྲོ་མང་ཐར་པའི་ལམ་རྙེད་ཕྱིར། །མགོ་སྤྲུལ་ཆོས་དབྱིངས་མིང་ཅན་གྱིས། །སེམས་དཔའ་ཟླ་བའི་སྙིང་པོ་ཡི། །མདོ་ནས་གསུངས་བཞིན་བྲིས་པ་དགེ།།


previousབསྐལ་བཟང་སངས་རྒྱས་སྟོང་རྩའི་མཚན་བརྗོད་ངན་སོང་འཇིགས་སྒྲོལ།next