Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་རིག་བསྒོམ་བཟླས་ཐར་ལམ་སྣང་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་རིག་བསྒོམ་བཟླས་ཐར་ལམ་སྣང་བྱེད།next

ཀུན་རིག་བསྒོམ་བཟླས་ཐར་ལམ་སྣང་བྱེད།

ཐམས་ཅད་རིག་པའི་བསྒོམ་བཟླས་ཐར་ལམ་སྣང་བྱེད་ཅེས་བྱ་བ་བཞུགས། ན་མོ་གུ་རུ་བཻ་རོ་ཙ་ན་ཡེ། བཀའ་དྲིན་འཁོར་མེད་བླ་མ་ལ། །སྒོ་གསུམ་གུས་པས་ལེགས་བཏུད་ནས། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཐམས་ཅད་རིག་པའི་བསྒོམ་བཟླས་འབྲི། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི།། སྐྱབས་ཀུན་ངོ་བོ་བླ་མ་ལ། །རྣམ་གསུམ་དད་པས་སྐྱབས་སུ་མཆི། །འགྲོ་ཀུན་རྣམ་མཁྱེན་སར་འགོད་ཕྱིར། །སྨོན་འཇུག་དོན་དམ་སེམས་བསྐྱེད་དོ། །ལན་གསུམ་གཉིས་པ་བསྒོམ་བཟླས་དངོས།། ཨཱཿ ཆོས་ཀུན་མི་དམིགས་ངང་ཉིད་ལས། །རང་སྣང་རྣམ་དག་འོག་མིན་ཞིང་། །བཀོད་པ་དཔག་མེད་རྒྱལ་བའི་གནས། །མཚན་རྫོགས་གཞལ་མེད་ཉམས་དགའ་བར། །རིན་ཆེན་སེང་ཁྲི་པད་ཟླ་ལ། །ཨོཾ་དཀར་ཡོངས་སུ་གྱུར་པ་ལས། །ཐམས་ཅད་རིག་པ་རྣམ་སྣང་མཛད། །དཀར་གསལ་མཉམ་བཞག་འཁོར་ལོ་བསྣམས། །ཞལ་བཞིའི་རྩ་ཞལ་ཤར་དུ་གཟིགས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ཆས། །མ་འདྲེས་ཡོངས་རྫོགས་རང་བྱུང་སྐུ། །གསལ་སྟོང་འཛིན་མེད་དབང་གཞུ་ལྟར། །མ་བཅོས་རིག་པའི་ཀློང་དུ་གསལ། །ཐུགས་དབུས་ཟླ་སྟེང་ཨོཾ་དཀར་པོ། །སྔགས་ཀྱིས་གཡས་སུ་འཁོར་བ་ལས། །འོད་འཕྲོས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་ཚོགས་མ་ལུས་སྟོང་པར་སྦྱངས། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱཱཐ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཨོཾ་སརྦ་བིད་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། རྩ་བའི་རིག་པ་ཅི་ནུས་དང་། སྙིང་པོ་མང་དུ་བཟླས་པའི་མཐར། ཧཱུྃ་ཧཱུྃ་ཧཱུྃ།གིས་དབྱིངས་སུ་བསྡུ། །ཨ་ཨ་ཨཿཞེས་ལྷ་རུ་གསལ། གསུམ་པ་བསྔོ་སྨོན་བྱ་བ་ནི། འདིས་མཚོན་དུས་གསུམ་དགེ་བ་ཀུན། །མཁའ་ཁྱབ་འགྲོ་ལ་བསྔོས་པའི་མཐུས། །ངན་སོང་རྒྱུ་འབྲས་ཀུན་བྱང་ནས། །རྣམ་སྣང་གོ་འཕང་མངོན་གྱུར་ཤོག །ཅེས་སོགས་བསྔོ་སྨོན་ཅི་རིགས་བྱ། །དུས་དང་གནས་སྐབས་ཐམས་ཅད་དུ། །སྒོ་གསུམ་ལྷ་སྔགས་ཆོས་སྐུར་བལྟ། །རྒྱུན་གྱི་ཉམས་ལེན་མདོར་བསྡུས་གྲུབ། །ཞེས་པ་སྤྲོས་མེད་རྣལ་འབྱོར་གྱིས། །ཀུན་རིག་ཉམས་སུ་ལེན་པའི་ཚུལ། །བསྒོམ་བཟླས་ཐར་ལམ་སྣང་བྱེད་འདི། །མུ་ཏོ་ཆོས་དབྱིངས་མིང་གིས་བྲིས།། དགེའོ།། དགེའོ།། དགེའོ།།


previousཀུན་རིག་བསྒོམ་བཟླས་ཐར་ལམ་སྣང་བྱེད།next