Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
པདྨ་འབྱུང་གནས་དང་རྩ་བའི་བླ་མ་གཉིས་སུ་མེད་པ་ལ་གསོལ་བ་འདེབས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨ་འབྱུང་གནས་དང་རྩ་བའི་བླ་མ་གཉིས་སུ་མེད་པ་ལ་གསོལ་བ་འདེབས་པ།next

པདྨ་འབྱུང་གནས་དང་རྩ་བའི་བླ་མ་གཉིས་སུ་མེད་པ་ལ་གསོལ་བ་འདེབས་པ།

ཨེ་མ་ཧོ། སྐུ་གསུམ་ཡོངས་འདུས་རྫོགས་སངས་རྒྱས། །པད་འབྱུང་རྣམ་སྣང་གངས་ཆེན་མཁྱེན། །རྩ་གསུམ་ཡོངས་འདུས་ལྷག་པའི་ལྷ། །པད་འབྱུང་རྡོ་རྗེ་འཆང་ཆེན་མཁྱེན། །མཆོག་གསུམ་ཡོངས་འདུས་སྤྲུལ་པའི་སྐུ། །པད་འབྱུང་ཤཱཀྱའི་རྒྱལ་པོ་མཁྱེན། །སྐྱབས་ཀུན་ཡོངས་འདུས་བླ་མ་རྗེ། །པད་འབྱུང་རྣམ་སྣང་རྡོ་རྗེ་མཁྱེན། །གཅིག་ཆོག་རྒྱལ་པོ་བླ་མ་རྗེ། །ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་དངོས་གྲུབ་སྩོལ། །ཁྱེད་དང་དབྱེར་མེད་མྱུར་འགྲུབ་ཤོག །ཅེས་རབ་བྱུང་བཅུ་དྲུག་པའི་རྒྱལ་ཟླའི་ཚེས་བཅོ་ལྔའི་ཐོ་རེངས་ཁར་སྔགས་རྒན་འཆོལ་བོ་བདག་ལ་པདྨ་འབྱུང་གནས་དང་རྩ་བའི་བླ་མ་གཉིས་སུ་མེད་པས་བཀའ་དྲིན་དུ་གནང་བའོ།།

ཧྲཱིཿ སྐུ་གསུམ་ཡོངས་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །རྩ་གསུམ་ཡོངས་འདུས་གུ་རུ་དྲག་པོ་རྩལ། །མཆོག་གསུམ་ཡོངས་འདུས་རྒྱལ་དབང་པདྨ་འབྱུང་། །སྐྱབས་ཀུན་ཡོངས་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ལས་ངན་བར་ཆད་སོལ། །ཅི་བསམ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མགོ་སྤྲུལ་གྱིས་གསོལ་བ་བཏབ་པའོ།།


previousཔདྨ་འབྱུང་གནས་དང་རྩ་བའི་བླ་མ་གཉིས་སུ་མེད་པ་ལ་གསོལ་བ་འདེབས་པ།next