Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་གསུམ་རིག་པའི་གསོལ་འདེབས་འཁྲུལ་རྟོག་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous སྐུ་གསུམ་རིག་པའི་གསོལ་འདེབས་འཁྲུལ་རྟོག་རང་གྲོལ།next

སྐུ་གསུམ་རིག་པའི་གསོལ་འདེབས་འཁྲུལ་རྟོག་རང་གྲོལ།

སྐུ་གསུམ་རིག་པའི་གསོལ་འདེབས་འཁྲུལ་རྟོག་རང་གྲོལ་བཞུགས། ཨེ་མ་ཧོ། ཡེ་གྲོལ་སྟོང་པ་ཆོས་ཀྱི་སྐུ། །ཀུན་བཟང་དགོངས་པ་དབྱེར་མེད་ཐུགས། །གཅིག་འདུས་བླ་མར་གསོལ་བ་འདེབས། །ཀ་དག་རྟོགས་པར་བྱིན་གྱིས་རློབས། །སྣང་ཆ་འགགས་མེད་ལོངས་སྤྱོད་རྫོགས། །ཡེ་ཤེས་འཁོར་ལོ་གཅིག་རྫོགས་པ། །ཧེ་རུ་ཀ་དཔལ་རྡོ་རྗེ་ཆོས། །སྤྲོས་བྲལ་རྟོགས་པར་བྱིན་གྱིས་རློབས། །རང་གྲོལ་ཆེན་པོར་རང་ཤར་བ། །རྒྱུན་ཆད་མེད་པ་སྤྲུལ་པའི་སྐུ། །པད་འབྱུང་བླ་མར་གསོལ་བ་འདེབས། །ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །འཁོར་འདས་འུབ་ཆུབ་ལྟ་བའི་ཀློང་། །དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །རིག་ཁྱབ་བརྡལ་བ་ཆེན་པོ་རུ། །ཧེ་རུ་ཀ་དཔལ་བྱིན་གྱིས་རློབས། །ལུས་གནས་རྩ་ཡི་ཕོ་བྲང་དུ། །བདེ་དྲོད་འབར་བར་བྱིན་གྱིས་རློབས། །འཁོར་ལོ་ལྔ་ལྡན་དཀྱིལ་འཁོར་དུ། །དགའ་བཞི་ཡེ་ཤེས་མངོན་གྱུར་ནས། །སྐུ་ལྔ་ཡེ་ཤེས་དབང་ཐོབ་ཤོག །སྐལ་ལྡན་རིག་པ་འཛིན་རྣམས་དང་། །དམ་གཙང་རྡོ་རྗེའི་མཆེད་གྲོགས་བཅས། །རྡོ་རྗེ་ཐེག་པའི་ལམ་རྒྱུད་ལ། །བརྟེན་ནས་སྐུ་གསུམ་ཞིང་ཁམས་སུ། །དབུགས་ཆེན་འབྱིན་པར་བྱིན་གྱིས་རློབས། །ཁམས་གསུམ་རོལ་པ་དབྱིངས་ཀྱི་ཡུམ། །རང་བཞིན་ཀུན་ཏུ་བཟང་མོ་དང་། །བདེ་ཆེན་གཉིས་མེད་མཉམ་སྦྱོར་ནས། །མཐར་ཐུག་ཟུང་འཇུག་སྐུ་འགྲུབ་ཤོག །རྣལ་འབྱོར་ཉམས་ཀྱི་སྣང་བ་ཀུན། །ཆོས་རྣམས་སྤྲོས་པ་ལས་འདས་པའི། །གདོད་མའི་གཞི་དབྱིངས་ཡེ་ཤེས་ཆེ། །འབྲས་བུ་རང་གྲོལ་རྒྱལ་བའི་ཐུགས། །འཁོར་འདས་དག་མཉམ་ལྟ་བའི་གདེངས། །ཐིག་ལེ་ལྔ་ལྡན་དབྱིངས་སུ་ཨཱཿ ཞེས་པ་འདི་ཡང་འཇིགས་རྣམ་པས་གང་ཤར་སྨྲས་པའོ།།


previous སྐུ་གསུམ་རིག་པའི་གསོལ་འདེབས་འཁྲུལ་རྟོག་རང་གྲོལ།next