Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་རྒྱང་འབོད་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་རྒྱང་འབོད་བསྡུས་པ།next

བླ་མ་རྒྱང་འབོད་བསྡུས་པ།

བླ་མ་རྒྱང་འབོད་བསྡུས་པ་ནི། ན་མོ་གུ་རུ། ཚེ་རབས་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེ། །སྒྲོལ་བའི་དེད་དཔོན་ཡིད་བཞིན་དབང་རྒྱལ་ལས། །ལྷག་པའི་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང་། །འགྱུ༵ར་བ་མེ༵ད་པ་སེམས་ཉིད་ཆོས་ཀྱི་སྐུ། །བདེ་སྟོང་བློ༵་འདས་ཐབས་ལམ་དགའ་བ་བཞིའི། །གདམས་ངག་གྲོ༵ས་འདེབས་ཐར་བའི་ལམ་སྟོན་མཁན། །མཐ༵འ་ཡ༵ས་འགྲོ་བའི་གཉེན་མཆོག་འགྲན་བྲལ་བར། །སྐལ་ལྡན་བདག་གིས་འོ་དོད་སྙིང་ནས་འབོད། །མགོན་ཁྱོད་ལྷ་ཡི་སྙན་གྱིས་རབ་གསན་ཏེ། །བཏང་སྙོམ་མ་མཛད་འཁྲུལ་བའི་འཁོར་མཚོ་ལས། །ད་ལྟ་ཉིད་དུ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །དྲངས་ཏེ་ཐར་ལམ་སྟོན་པར་ཁྱེད་རང་མཁྱེན། །སྒོ་གསུམ་དགེ་ལ་སྦྱོར་བར་ཁྱེད་རང་མཁྱེན། །ཚེ་འདིར་འོད་སྐུར་གྲོལ་བར་ཁྱེད་རང་མཁྱེན། །མཐའ་ཡས་འགྲོ་རྣམས་འཁོར་མཚོ་ལས་བསྒྲལ་ཏེ། །ཁམས་གསུམ་འགྲོ་བའི་བླ་མར་བདག་འགྱུར་ཤོག །ཅེས་འདི་ཚུལ་ཁྲིམས་བཟང་པོ་སོགས། །དད་ལྡན་འགའ་ཡིས་བསྐུལ་བའི་ངོར། །གང་གི་གསུང་གིས་འཚོ་བ་ཡི། །སྔགས་རྒན་གྲོལ་ཞིག་པ་དེས་བྲིས། །སརྦ་མངྒ་ལཾ།


previousབླ་མ་རྒྱང་འབོད་བསྡུས་པ།next