Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱ་ལྷའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱ་ལྷའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།next

རྒྱ་ལྷའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།

༄༅། རྩ་བའི་བླ་མ་འགྱུར་མེད་བློ་གྲོས་མཐའ་ཡས་ཀྱི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་བརྩེ་ཆེན་ཐུགས་རྗེའི་བསྐུལ་མ་བཞུགས། ཨོཾ་འགྲུབ་པར་གྱུར་ཅིག ཟས་གཙང་སྲས་མཆོག་གཉིས་པ་གཅུང་མཛེས་དགའ། །དཔལ་བརྩེགས་ཀུན་ལེགས་རྡོ་རྗེ་ལྷུན་གྲུབ་དང་། །ལྕམ་གྲུབ་དཀོན་མཆོག་སོགས་ཀྱི་ཡེ་ཤེས་སྐུ། །དབང་ཆེན་དགའ་བཞི་བཞད་པར་གསོལ་བ་འདེབས། །བཀའ་དྲིན་ཅན་ཁྱེད་འཁོར་བ་ཇི་སྲིད་བར། །ལས་སྨོན་ཐུགས་རྗེས་འབྲེལ་བའི་གདུལ་བྱ་རྣམས། །ཡལ་བར་མི་འདོར་ངེས་ཕྱིར་ཐུགས་དམ་བསྐུལ། །ཆོས་སྐུའི་དབྱིངས་ནས་གཟུགས་སྐུར་བཞེངས་སུ་གསོལ། །ཐ་གྲུ་མི་གཞན་གཡུ་ལུང་འཛིན་མའི་གཞིར། །རབ་བྱུང་རྣམ་བྱུང་གོ་འབྱེད་གསལ་བའི་རྒྱན། །ཐེག་མཆོག་ལ་མོས་འདྲེན་བྱེད་དགའ་སྟོན་དུ། །གསེར་ཞལ་མུ་ཁྱུད་ལྷག་ལྷག་བསྟན་དུ་གསོལ། །གསང་གསུམ་ཡོན་ཏན་མཚུངས་ཟླ་མ་མཆིས་པས། །གདུལ་བྱ་ཡོངས་ཀྱི་རེ་སྨོན་མྱུར་སྐོངས་ཤིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཛད་ཕྲིན་གྱིས། །དུས་སྙིགས་ཕོང་རྒུད་མུན་ཚོགས་བསལ་དུ་གསོལ། །ཆོས་འདུལ་བསླབ་སྡོམ་གསེར་གྱི་སྲོག་ཤིང་ལ། །བྱང་ཆུབ་སེམས་ཀྱི་པཉྩ་ལི་ཀ་བཟླུམ། །ཐེག་རྩེའི་དགོངས་བརྒྱུད་ནོར་བུའི་ཏོག་ལྡན་པའི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང་དུ་གསོལ། །སྐུ་གསུམ་མཆོག་གསུམ་རྩ་གསུམ་སྲུང་མའི་ཚོགས། །བདེན་གསུང་སྨོན་ལམ་གྲུབ་ཀུན་བདེན་སྟོབས་ཀྱིས། །བདག་གི་འདོད་དོན་ཡིད་ལ་སྨོན་པ་རྣམས། །གེགས་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།། ཅེས་འདི་གང་གི་སློབ་འབངས་པ། །པདྨས་ལུང་ཟིན་ཀུ་སཱ་ལུ། །ཆོས་དབྱིངས་ཀུན་གསལ་རྒྱ་མཚོས་བྲིས། །རེ་སྨོན་དོན་དང་ལྡན་གྱུར་ཅིག །


previousརྒྱ་ལྷའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།next