Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟན་དཀར་རིན་པོ་ཆེའི་ཞབས་བརྟན་བྲོ་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟན་དཀར་རིན་པོ་ཆེའི་ཞབས་བརྟན་བྲོ་གླུ།next

གཟན་དཀར་རིན་པོ་ཆེའི་ཞབས་བརྟན་བྲོ་གླུ།

༄༅། གཟན་དཀར་རིན་པོ་ཆེའི་ཞབས་བརྟན་སྨོན་བྲོ་མི་ཤིགས་ན་དཱའི་སྒྲ་དབྱངས་བཞུགས། ཨེ་མ་ཧོ། མཁའ་སྤྱོད་འོག་མིན་གྱི་ཞིང་བཞུགས་དགའ་རབ་རྗེ། །གངས་ཅན་མཁས་གྲུབ་ཀྱི་གཙུག་རྒྱན་ལྕེ་བཙུན་པ། །པ༵དྨ༵་འབྱུང་གནས་དང་དབྱེར་མེད་མཁྱེན་བརྩེའི་ཞབས། །བྱིན་རླབས་དངོ༵ས་གྲུ༵བ་ཀྱི་གཏེར་མཛོད་རྡོ༵་རྗེ༵་འཆང་། །མོས་གུས་སྙིང་དཀྱིལ་ནས་འབར་ཞིང་གསོལ་བ་འདེབས། །བསྟོད་དབྱངས་བྲོ་གར་དང་སྦྲེལ་བའི་མཆོད་པ་འབུལ། །བདག་སོགས་མཁའ་མཉམ་གྱི་འགྲོ་ལ་བརྩེར་དགོངས་ནས། །ཟག་མེད་རྡོ་རྗེའི་སྐུར་རྟག་ཏུ་བརྟན་བཞུགས་གསོལ། །ལས་ཅན་གདུལ་བྱ་ཀུན་གཅིག་ཀྱང་མ་ལུས་པ། །གང་འདུལ་ཕྲིན་ལས་ཀྱིས་སྨིན་ཅིང་གྲོལ་མཛད་ནས། །ནམ་ཞིག་དཔོན་སློབ་ཀུན་པདྨ་འོད་གླིང་དུ། །མི་འབྲལ་ཚོམ་གཅིག་ཏུ་འཁོད་པར་བྱིན་གྱིས་རློབས། །ཅེས་བྱ་བྲལ་ཆེན་པོའི་ཞབས་བརྟན་བྲོ་ཚིག་འདི་ཡང་གར་དབང་འཇིགས་རྣམ་གྱིས་བྲིས་པའོ།།


previousགཟན་དཀར་རིན་པོ་ཆེའི་ཞབས་བརྟན་བྲོ་གླུ།next