Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་སྲས་བསྐང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་སྲས་བསྐང་བསྡུས།next

རྣམ་སྲས་བསྐང་བསྡུས།

༄༅། རྣམ་སྲས་ཀྱི་བསྐང་བསྡུས་ནི། བསྐང་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། བཻ། རིན་ཆེན་མིང་སྤྲུལ་རྣམ་ཐོས་སྲས། །འཁོར་བཅས་ཐུགས་དམ་བསྐང་བའི་རྫས། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་བཅུ་དྲུག་དང་། །རྒྱལ་སྲིད་ཉེ་བའི་རིན་ཆེན་ཚོགས། །ལྷ་ཀླུ་མི་ཡི་རིན་པོ་ཆེ། །གོས་སྔོན་ལུང་ཐང་ཕྲེང་བ་དང་། །ཅང་ཤེས་རྟ་མཆོག་འདོད་འཇོའི་བ། །གཏེར་བུམ་སྐྱེད་ཚལ་དཔག་བསམ་ཤིང་། །མ་རྨོས་ལོ་ཏོག་གཞལ་མེད་ཁང་། །ལྔ་ཚན་ལྔ་སོགས་ལོངས་སྤྱོད་ནོར། །བདོག་པའི་ཡོ་བྱད་ཀ་ཆ་དཀོར། །དཔལ་འབྱོར་དང་བཅས་འཇིག་རྟེན་ཁམས། །གཞན་ཡང་མཐུན་རྫས་དཔག་མེད་ཀྱིས། །རྒྱལ་ཆེན་ནོར་མང་རྣམ་ཐོས་སྲས། །བཙུན་མོ་བཞི་དང་སྲས་མཆོག་བཞི། །ནོར་ལྷ་མཆེད་བརྒྱད་ཀླུ་དབང་བརྒྱད། །ཕྲིན་ལས་སྒྲུབ་མཛད་སྡེ་བརྒྱད་ཚོགས། །དེད་དཔོན་ཉི་ཤུ་རྩ་བརྒྱད་དང་། །སྟོབས་ཆེན་སུམ་ཅུ་རྩ་གཉིས་སོགས། །འཁོར་ཚོགས་མ་ལུས་སྤྲུལ་པར་བཅས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཉམས་ཆགས་འཁོན་གྲིབ་དག་གྱུར་ཅིག །དངོས་གྲུབ་མ་ལུས་འགྲུབ་གྱུར་ཅིག །ཁྱད་པར་ནད་མེད་ཚེ་རིང་ཞིང་། །དབང་ཕྱུག་སྙན་གྲགས་ལོངས་སྤྱོད་རྒྱས། །སྐལ་བཟང་ནོར་ཆོས་ཐར་པའི་དཔལ། །འདོད་དགུའི་ཡོན་ཏན་གོང་འཕེལ་མཛོད། །ཅེས་དང་ཡིག་བརྒྱ་བརྗོད། འདི་ཉིད་ཀྱི་བསྐང་བཤགས་མངའ་གསོལ་རྒྱས་པར་སྤྲོ་མིན་གང་ལྟར་ཡང་རུང་། གྲངས་བསོག་དགོས་པའམ། རྒྱུན་དུ་འདོན་རྒྱུར་ཉེར་མཁོར་མཐོང་ནས་འཇིགས་རྣམ་མིང་གིས་ཤར་མར་བྲིས་པ་མངྒ་ལཾ། དགེའོ།། དགེའོ།། དགེའོ།།


previousརྣམ་སྲས་བསྐང་བསྡུས།next