Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་སྲས་གཏོར་འབུལ་རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་སྲས་གཏོར་འབུལ་རྒྱུན་ཁྱེར། next

རྣམ་སྲས་གཏོར་འབུལ་རྒྱུན་ཁྱེར།

༄༅། རྒྱལ་ཆེན་རྣམ་སྲས་ཀྱི་གཏོར་འབུལ་རྒྱུན་ཁྱེར་ནི། ན་མོ་གུ་རུ་བཛྲ་དྷ་ར་ཡ། འདིར་རྒྱལ་ཆེན་རྣམ་སྲས་འཁོར་བཅས་རྒྱུན་དུ་མཆོད་པར་འདོད་པས་མཆོད་པར་འོས་པའི་རྫས་རྣམས། རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར་ལ། བཻ། རི་རབ་ལྷུན་པོའི་ལྷུན་པོའི་བྱང་ཕྱོགས་ནོར་འཛིན་གྲོང་། །རིན་ཆེན་སྣ་བདུན་ལས་གྲུབ་གཞལ་ཡས་དབུས། །ཛམ་ལྷ་རིགས་བཞི་ནོར་རྒྱུན་དཔལ་ཆེན་མོ། །སྤྲུལ་པའི་ནོར་ལྷ་མཆེད་བརྒྱད་དགྱེས་སྡེར་བཅས། །ཀླུ་ཆེན་བརྒྱད་དང་དེད་དཔོན་ཉི་ཤུ་བརྒྱད། །སྟོབས་ཆེན་སོ་གཉིས་གནོད་སྦྱིན་བྱེ་བ་འབུམ། །མ་ལུས་འདིར་བྱོན་དགྱེས་པའི་གདན་བཞུགས་ནས། །དངོས་ཡིད་སྔགས་རྒྱ་ཏིང་འཛིན་གྱིས་སྤེལ་བའི། །རྨད་བྱུང་ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས། །དགྱེས་པར་རོལ་ལ་རྣམ་བཞིའི་ཕྲིན་ལས་ཀྱིས། །སྒྲུབ་པའི་འབྲས་བུ་མཐར་ཕྱིན་དངོས་གྲུབ་སྩོལ། །རིན་ཆེན་མང་སྤྲུལ་གནས་སྲུང་འཁོར་བཅས་རྣམས། །སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་ཉེར་དགོངས་ལ། །ཆོས་དང་སྲིད་ཀྱི་འདོད་དོན་མ་ལུས་པ། །འབད་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད།། ཅེས་ནོར་བདག་ཡིད་བཞིན་ནོར་བུའི་མཆོད་ཐབས་བསྡུས་པ་འདི་ཡང་ལྷ་མཆོག་འདི་ཉིད་མཉེས་པའི་ཐབས་ལ་བརྩོན་པའི་རྣལ་འབྱོར་བ་དད་ལྡན་ཚུལ་ཁྲིམས་བཟང་པོ་ནས་ཡང་ཡང་བསྐུལ་ངོར། འདུ་ཤེས་གསུམ་པ་སྔགས་བན་ཆོས་དབྱིངས་མིང་གིས་བྲིས་པ་སརྦ་མངྒ་ལཾ།


previousརྣམ་སྲས་གཏོར་འབུལ་རྒྱུན་ཁྱེར། next