Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གེ་སར་རྒྱུན་གཏོར་འདོད་དགུ་མྱུར་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགེ་སར་རྒྱུན་གཏོར་འདོད་དགུ་མྱུར་སྩོལ། next

གེ་སར་རྒྱུན་གཏོར་འདོད་དགུ་མྱུར་སྩོལ།

༄༅། འཛམ་གླིང་སྐྱེས་བུའི་རྒྱུན་གཏོར་འདོད་དགུ་མྱུར་སྩོལ་ཞེས་བྱ་བ་བཞུགས་སོ། གཏོར་སྐྱེམས་སོགས་རཾ་ཡཾ་ཁཾ་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཀྱཻ་བསྭོ་བསྭོ་བསྭོ་ཕཻཾ། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ལ། །འཛམ་གླིང་སྐྱེས་བུ་ཆེན་པོར་མཚན་གསོལ་བ། །དཔའ་ཐུལ་སུམ་ཅུ་དགྱེས་སྡེ་སྤྲུལ་འཁོར་སོགས། །སྐྱེས་བུའི་ལྷ་འཁོར་བསམ་མི་ཁྱབ་པའི་ཚོགས། །རྔ་ཡབ་གླིང་སོགས་གར་བཞུགས་ཞིང་རྣམས་ནས། །ཀི་བསྭོ་ཕེམ་སྒྲ་སྒྲོགས་ཤིང་ད་ཚུར་བྱོན། །བསྒྲུབ་པའི་གནས་འདིར་བྱམས་བརྩེའི་བག་ཕོབས་ལ། །ཕྱག་མཆོད་མཐོལ་བཤགས་བཞེས་ལ་ཕྲིན་ལས་མཛོད། །བཛྲ་ས་མ་ཡཱ་ཛ་ཛཿ ཏིཥྛ་ཨ་ས་ན་སྟྭཾ། ས་མ་ཡ་ན་མོ་ཧཱུྃ། བཛྲ་ས་མ་ཡ་ཤུདྡྷེ་ཨ། ས་མ་ཡ་ན་མོ་ཧཱུྃ། བཛྲ་ས་མ་ཡ་ཤུདྡྷེ་ཨ། མ་ཧཱ་སརྦ་པཱུ་ཙ་ཧོ། ཨོཾ་མ་ཧཱ་པཱུ་རུ་ཥ་སེང་ཧ་རཱ་ཛ་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། མཱུཾ་ཧྲཱིཿ རྒྱལ་ཀུན་ཡེ་ཤེས་རང་གཟུགས་འཇམ་པའི་དབྱངས། །མ་རུང་འདུལ་ཕྱིར་མི་དབང་དཔའ་བོའི་སྐུར། །སྟོན་མཛད་འཛམ་གླིང་སྐྱེས་མཆོག་སེང་ཆེན་རྒྱལ། །དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་འདི་བཞེས་ལ། །ཐུགས་བསྐྱེད་དམ་བཅས་མ་གཡེལ་རྗེས་སུ་དགོངས། །སྒྲུབ་ལ་མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ། །ཆོས་སྲིད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །ཅེས་སོ།། འཛམ་གླིང་སྐྱེས་བུའི་རྒྱུན་གཏོར་འདོད་དགུ་མྱུར་སྩོལ་ཞེས་བྱ་བ་འདི་ཡང་། མགོ་སྤྲུལ་རྒྱ་རས་བྲིས་པ་དགེ་བར་གྱུར་ཅིག །


previousགེ་སར་རྒྱུན་གཏོར་འདོད་དགུ་མྱུར་སྩོལ། next