Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་སྡེར་མོའི་བསང་བསྡུས་དགྲ་འཇོམས་འཕྲུལ་རྒྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་སྡེར་མོའི་བསང་བསྡུས་དགྲ་འཇོམས་འཕྲུལ་རྒྱོགས།next

རྡོ་རྗེ་སྡེར་མོའི་བསང་བསྡུས་དགྲ་འཇོམས་འཕྲུལ་རྒྱོགས།

༄༅། རྡོ་རྗེ་སྡེར་མོའི་བསང་བསྡུས་དགྲ་འཇོམས་འཕྲུལ་རྒྱོགས་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། སྟོང་ཆེན་དབྱིངས་ཀྱི་ཡུམ་ལྔའི་མཁའ་ཀློང་ནས། །བདེ་མཆོག་ཡེ་ཤེས་སྒྱུ་འཕྲུལ་རྣམ་རོལ་གར། །དགའ་བཞིའི་དཔལ་སྟེར་ཟག་མེད་བདུད་རྩིའི་སྤྲིན། །འཆི་མེད་ལམ་ཡངས་མཛེས་པར་བྱེད་པ་འདིས། །སྐུ་གསུམ་ཡོངས་འདུས་པད་འབྱུང་གཙོ་འཁོར་བསང་། །བདེ་གཤེགས་ཡོངས་རྫོགས་བཀའ་དགོངས་ཕུར་གསུམ་བསང་། །མ་མོ་མངོན་རྫོགས་ཕག་ཁྲོས་སེང་གསུམ་བསང་། །འཇིགས་པ་ཀུན་སྐྱོབས་ཏཱ་རེ་ཉེར་གཅིག་བསང་། །ཁྱད་པར་བདེ་གཤེགས་མཚོན་ཆའི་རྒྱལ་པོའི་དྲུང་། །ཐུགས་བསྐྱེད་ཞལ་བཞེས་ཕྲིན་ལས་དུས་བབས་ཕྱིར། །འགྲོ་རྣམས་དགྲ་ཇག་ཆོམ་རྐུན་འཇིགས་པ་ལས། །སྒྲོལ་མཛད་འཕགས་མ་རྡོ་རྗེ་སྡེར་མོ་བསང་། །དུས་གསུམ་བདེ་གཤེགས་ཀུན་གྱི་སྤྲུལ་པའི་སྲས། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་མ། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་མོ། །སྲིད་གསུམ་རྣམ་རྒྱལ་རྡོ་རྗེ་སྡེར་མོ་བསང་། །དཔལ་ཆེན་ཁྲོ་རྒྱལ་ཡོངས་ཀྱི་དགྱེས་སྐོང་ཡུམ། །རིག་འཛིན་རྣལ་འབྱོར་ཀུན་གྱི་གྲོགས་མཛད་མ། །ཐེག་དགུའི་བསྟན་པ་སྲུང་བའི་མངའ་བདག་མོ། །དཔལ་ལྡན་མཁའ་འགྲོ་རྡོ་རྗེ་སྡེར་མོ་བསང་། །ཆགས་པའི་མདངས་ཀྱིས་ཡིད་ཅན་དབང་དུ་སྡུད། །ཁྲོ་གཉེར་གཡོ་བས་འཇིགས་ཚོགས་ཟིལ་གྱིས་གནོན། །རྡོ་རྗེ་རལ་གྲི་ཐོ་བ་ཕུར་བུ་ཡིས། །དགྲ་བགེགས་དཔུང་འཇོམས་རྡོ་རྗེ་སྡེར་མོ་བསང་། །ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་འཇིགས་སྒྲོལ་མ། །ཟག་མེད་བདུད་རྩིའི་མཆོད་པས་མཉེས་ཚིམ་ནས། །རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ནད་གདོན་འཇིགས་དང་བར་ཆད་གནོད་པ་སོལ། །ཚེ་བསོད་ལོངས་སྤྱོད་དཔལ་འབྱོར་རྒྱས་པ་དང་། །རེ་སྨོན་མོས་པ་དབང་དུ་འབྱོར་བ་དང་། །ཟ་བྱེད་མཆེ་སྡེར་གདུག་པའི་གནོད་འཚེ་བཟློག །དགྲ་ཇག་ཆོམ་རྐུན་མིང་ཡང་མེད་པར་མཛོད། །ནད་མཚོན་མུ་གེ་འབྱུང་བའི་གཡོ་འཁྲུགས་སོགས། །འཇིགས་དང་གནོད་པ་ཀུན་ལས་བསྲུང་ཞིང་སྐྱོབས། །གནས་སྐབས་མི་མཐུན་གཡུལ་ལས་རྒྱལ་བ་དང་། །མཐར་ཐུག་འཕགས་མའི་གོ་འཕང་མངོན་གྱུར་མཛོད། །ཅེས་འདི་ལྷ་གྲོགས་རྣམ་གྲོལ་རྡོ་རྗེའི་ངོར། །མགོ་སྤྲུལ་དྷརྨའི་མིང་གིས་ཤར་མར་བྲིས། །དགེ་བས་ཡིད་ཅན་འཇིགས་ལས་རྣ༵མ་པར་གྲོ༵ལ། །རིང་མིན་རྡོ༵་རྗེ༵་འཆང་བ་ཉིད་གྱུར་ཅིག །དགེའོ།།


previousརྡོ་རྗེ་སྡེར་མོའི་བསང་བསྡུས་དགྲ་འཇོམས་འཕྲུལ་རྒྱོགས།next