Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསང་བསྡུས་དབང་པོའི་རྒྱལ་རྔ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསང་བསྡུས་དབང་པོའི་རྒྱལ་རྔ། next

རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསང་བསྡུས་དབང་པོའི་རྒྱལ་རྔ།

༄༅། འཕགས་མ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསང་བསྡུས་དབང་པོའི་རྒྱལ་རྔ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱེ། བདེ་སྟོང་ཡེ་ཤེས་ཆེན་པོའི་མཁའ་དབྱིངས་ལས། །ལེགས་འཁྲུངས་ཟད་མེད་བསང་མཆོད་བདུད་རྩིའི་སྤྲིན། །ནམ་མཁའི་ཁྱོན་དང་མཉམ་པར་བརྡལ་བ་འདིས། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འཕགས་མ་བསང་། །དུར་ཁྲོད་ཆས་ལྡན་ནག་དམར་ལྗང་བའི་ཞལ། །ཁྲོ་འཛུམ་པད་ཉིར་གཡོན་བརྐྱང་རོལ་པའི་གར། །རལ་གྲི་ཁ་ཊཱཾ་ཞགས་པ་འཁོར་ལོ་ཡིས། །ལྷ་རྣམས་རྒྱལ་བྱེད་འཇིགས་སྒྲོལ་འཕགས་མ་བསང་། །ཕས་རྒོལ་རྩ་ལག་སྡེར་བཅས་ཕམ་པར་མཛོད། །ཕྱོགས་ལས་རྣམ་རྒྱལ་མཚན་རྟགས་བསྒྲེང་བའི་རྩེར། །ཡིད་བཞིན་ནོར་བུ་བཀུར་མཆོད་གསོལ་བཏབ་ལྟར། །འདོད་དགུའི་ཆར་འབེབ་དཔལ་ལྡན་རྒྱལ་མོ་བསང་། །ནག་ཕྱོགས་བདུད་དང་ལྷ་མིན་རྒྱལ་མཚན་སྙིལ། །དཀར་ཕྱོགས་ལྷ་མིའི་རྒྱལ་མཚན་སྲིད་རྩེར་སྒྲེངས། །བསྟན་པའི་སྙིང་པོ་ཡེ་ཤེས་མ་ཎི་ཀས། །འགྲོ་ཁམས་སྣང་བྱེད་རྒྱལ་ཡུམ་དཔའ་མོ་བསང་། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལྷ་ཆེན་མོ། །བསང་མཆོད་ཀུན་བཟང་སྤྲིན་གྱིས་རབ་མཉེས་མཐུས། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་དབྱིངས་སུ་ཞི། །ཆོས་སྲིད་དཔལ་ཡོན་འབྱོར་བ་འཕེལ་རྒྱས་བརྟན། །སྲིད་གསུམ་མོས་པ་བཞི་སོགས་དབང་དུ་གྱུར། །ཞིང་བཅུ་ཉམས་པ་བདུན་ལྡན་མིང་མེད་ཐོངས། །ནད་མཚོན་མུ་གེ་སྡུག་བསྔལ་རྒྱུན་ཆད་ནས། །དབང་ཐང་བང་མཛོད་བསོད་ནམས་ནོར་གྱིས་གང་། །བླ་སྲོག་རྟེན་ཕུར་རླུང་རྟའི་ཀ་བ་ཚུགས། །ཚེ་གཡང་མཁར་བརྟེན་སྙན་གྲགས་བ་དན་སྐྱེད། །ཡུལ་རི་འདི་སོགས་བསིལ་ལྡན་ལྗོངས་ཀུན་དུ། །བདེ་དགེ་རྒྱུན་མི་ཆད་པའི་བཀྲ་ཤིས་སྩོལ།། ཞེས་པའང་རྣམ་གྲོལ་རྡོ་རྗེའི་ངོར་མགོ་སྤྲུལ་པས་སོ།


previousརྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་བསང་བསྡུས་དབང་པོའི་རྒྱལ་རྔ། next