Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོན་ཤར་གནས་བདག་བསང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོན་ཤར་གནས་བདག་བསང་བསྡུས།next

དགོན་ཤར་གནས་བདག་བསང་བསྡུས།

༄༅། གནས་སྲུང་བཙན་རྒོད་ཀྱི་གཏོར་འབུལ་རྒྱུན་ཁྱེར་ནི། གསེར་སྐྱེམས་རཾ་ཡཾ་ཁཾ་གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཧྲཱིཿ པདྨ་དབང་གི་བཀའ་ཉན་དྲེགས་པའི་གཙོ། །ཟབ་གསང་གཉན་གྱི་བསྲུང་མ་གནས་གཏེར་བདག །རྡོ་རྗེ་དགྲ་འཇོམས་དབང་ཆེན་མཆོག་གྲུབ་རྩལ། །འཁོར་བཅས་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །དཔལ་རི་བདེ་ཆེན་རྫོངས་ཀྱི་གནས་མཆོག་ནས། །འདིར་གཤེགས་རང་རང་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་བརྟེན་བསྒྲུབ་བསྐང་བའི་རྫས། །ཕྱི་ནང་གསང་བ་ཡང་གསང་མཆོད་པའི་སྤྲིན། །ཁྱད་པར་རྨད་བྱུང་དམ་རྫས་བཱ་ལིང་ཏ། །འདོད་འབྱུང་བདུད་རྩིའི་སྐྱེམས་ཕུད་དང་བཅས་འབུལ། །དགྱེས་པར་བཞེས་ལ་པ་གོར་བཻ་རོ་དང་། །དཔལ་ཆེན་དགའ་ལོ་ཀརྨ་པ་ལ་སོགས། །རིག་འཛིན་བརྒྱུད་པའི་དམ་ལས་མ་འདའ་བར། །ལྗོངས་འདིར་སྣོད་བཅུད་བསྟན་འགྲོའི་ལེགས་ཚོགས་སྤེལ། །རྣལ་འབྱོར་ཆོས་སྲིད་རེ་ཞིང་སྨོན་པའི་ལས། །གེགས་མེད་འགྲུབ་པའི་སྡོང་གྲོགས་མ་གཡེལ་མཛོད། །ཅེས་རང་གཞན་ལ་ཕན་ཕྱིར་མགོ་སྤྲུལ་གྱིས་བྲིས་པ་དགེའོ།།


previousདགོན་ཤར་གནས་བདག་བསང་བསྡུས།next