Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫ་བྲག་བསང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫ་བྲག་བསང་བསྡུས།next

རྫ་བྲག་བསང་བསྡུས།

༄༅། ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་སྩོལ་བཞུགས། ཀྱཻ། རྫ་ཡུལ་འཛིན་མའི་ཁྱོན་ལ་དབང་བསྒྱུར་ཞིང་། །གནས་ཤིང་བརྟེན་པའི་ཟོ་དོར་ཡུལ་ལྷའི་ཚོགས། །བྲག་དམར་རྨོག་མཐོ་རྡོ་རྗེ་དགྲ་འཇོམས་རྩལ། །ས་འཛིན་རྒྱལ་པོ་བ་སྦལ་ཁྱུང་གི་རི། །དུང་ཕྲེང་དཀར་མོ་རི་དར་ཕྱུག་མོ་སོགས། །མཚོ་སྨན་རྒྱལ་མོ་དུང་ལུང་རི་རྫོང་ཕྱུག །བཀྲ་ཤིས་ལྷ་རྩེ་མཚོ་སྨན་ཕྱུག་མོ་དང་། དཔའ་བོ་མདུང་ཡག་དཀར་ལ་ཡར་རྩེ་དང་། །ནོར་བུ་ལྷ་རྩེ་བན་དང་བོན་གྱི་རི། །རྡོ་རྗེ་རྒྱལ་མཚན་རྡོ་རྗེ་དཔའ་རབ་བརྩེགས། །རྡོ་རྗེ་དྲག་རྩལ་རྡོ་རྗེ་དབང་རྒྱལ་རྩལ། །བཀྲ་ཤིས་དུང་སྙན་རྨ་གཡང་ལྷ་ཕྱུག་དང་། །དུང་མཚོ་ཕྱུག་མོ་དགྱེས་ལྕམ་ཕྱུག་མོ་དང་། །གཉན་པོ་སོ་ལེགས་ལ་སོགས་གཉུག་གནས་ཚོགས། །རྫ་བྲག་སྟོད་སྨད་གནས་བདག་ཡུལ་ལྷ་རྣམས། །བསང་ངོ་མཆོད་དོ་ལས་བཞི་མྱུར་འགྲུབ་མཛོད། །ཅེས་པ་འདི་ཡང་མགོ་སྤྲུལ་པས་སོ།།


previousརྫ་བྲག་བསང་བསྡུས།next