Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫ་བྲག་སྤྱི་བསང་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫ་བྲག་སྤྱི་བསང་བསྡུས་པ།next

རྫ་བྲག་སྤྱི་བསང་བསྡུས་པ།

༄༅། རྫ་བྲག་སྟོད་སྨད་ཀྱི་གཞི་བདག་བསང་བསྡུས་བཞུགས་སོ།། བྲག་དམར་རྨོག་མཐོ་རྡོ་རྗེ་དགྲ་འཇོམས་རྩལ། །ས་འཛིན་རྒྱལ་པོ་བ་སྦལ་ཁྱུང་གི་རི། །དུང་ཕྲེང་ཕྱུག་མོ་ནོར་བུ་ལྷ་རྩེ་དང་། །དཔའ་བོ་མདུང་ཡག་མཚོ་ལུང་རི་དཀར་སོགས། །རྫ་བྲག་སྟོད་སྨད་གནས་བདག་ཡུལ་ལྷ་རྣམས། །བསང་ངོ་མཆོད་དོ་ལས་བཞི་མྱུར་འགྲུབ་མཛོད།། མགོ་སྤྲུལ་པས་སོ།།

#div1 གཡུ་སྟོད་སྨད་ཀྱི་བསང་བསྡུས།

༄༅། གཡུ་སྟོད་སྨད་ཀྱི་བསང་བསྡུས་ནི། ཧཱུྃ། མཆོག་གསུམ་རྩ་གསུམ་སྲུང་མའི་ཚོགས་སྤྱི་དང་། །ཁྱད་པར་གཡུ་ཕྲོམ་གཡུ་སྙིང་གནས་ལུང་སོགས། །གཡུ་སྟོད་གཞི་བདག་རྣམས་དང་གཡུ་རོང་གི། །རྡོ་རྗེ་རབ་བརྟན་སྦས་གནས་རྡོ་རྗེ་རྩེ། །སོ་གོ་དགའ་ལྡན་སེང་གེ་དཀར་མོ་དང་། །དངུལ་རྫི་གཡུ་མཚོ་སྲས་རྒྱལ་བྲག་དཀར་སོགས། །ཡུལ་ཕྱོགས་འདི་ཡི་གཞི་བདག་མ་ལུས་པ། །བསང་ངོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད།། མགོ་སྤྲུལ་བས་སོ།།


previousརྫ་བྲག་སྤྱི་བསང་བསྡུས་པ།next