Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ།next

བོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ།

༄༅། བོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ་བཞུགས། རཾ་ཡཾ་ཁཾ་གིས་བསང་རྫས་ཀྱི་སྨེ་བཙོག་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་སྤྲིན་དུ་སྤེལ་ལ། ཧྲཱིཿ བདག་ཉིད་པདྨ་དབང་ཆེན་སྐུར་གསལ་བའི། །ཐུགས་སྲོག་འོད་ཀྱིས་སྤྱན་རས་གཟིགས་དབང་གི། །གསུང་སྤྲུལ་ཡིག་དྲུག་ལྷ་ལུང་དཔལ་རྡོར་གྱི། །ཕྱག་སོར་རྩེར་བྱུང་གནས་མཆོག་བསྲུང་མའི་གཙོ། །ལེགས་ལྡན་ནག་པོ་ཀླུ་དང་གཉན་གྱི་རྗེ། །སོ་སོའི་འཁོར་བཅས་མྱུར་དུ་འདིར་བྱོན་ལ། །དངོས་བཤམས་ཡིད་སྤྲུལ་སྔགས་རྒྱས་ལེགས་སྤེལ་བའི། །བསང་མཆོད་འདོད་དགུའི་སྤྲིན་ཕུང་བཞེས་སུ་གསོལ། །འདོད་གཟུགས་ལྷ་ལ་དབང་བསྒྱུར་ལྷ་ཡི་གཙོ། །ཚོགས་རྗེ་ཚོགས་བདག་ལེགས་ལྡན་ནག་པོ་བསང་། །དགྲ་ཇག་ཆོམ་རྐུན་གནོད་སྡང་གདུག་སེམས་ཅན། །མ་ལུས་འོག་མིན་གནས་སུ་སྒྲོལ་འདྲེན་མཛོད། །ཆུ་བདག་ཀླུ་ལ་དབང་མཛད་ཀླུ་ཡི་གཙོ། །གཡས་ཕྱོགས་གྲུབ་པའི་ཆུ་མིག་ལ་གནས་བསང་། །རྟ་དྲེལ་གནག་ལེགས་ལོ་ཏོག་མངའ་ཐང་རྒྱས། །བཙན་ཕྱུག་འཕན་དར་འཛོམ་པའི་ཕྲིན་ལས་མཛོད། །གཏོད་དང་གཉན་ལ་དབང་མཛད་གཉན་རིགས་གཙོ། །གཡོན་ཕྱོགས་བྲག་རྒྱུད་རྡོ་ལ་གནས་པ་བསང་། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་། །བྱེས་བགྲོད་ལམ་ལྷ་གཞིར་སྡོད་བསྲུང་མ་མཛོད། །བོལ་གོང་ལྡོང་རིའི་ཡིག་དྲུག་སྲུང་མ་རྣམས། །སྔོན་ཚེ་པད་འབྱུང་རྡོ་རྗེ་གྲོ་བོ་ལོད། །བར་དུ་པ་གོར་བཻ་རོ་ཙ་ནའི་མཚན། །དེ་རྗེས་ལྷ་ལུང་དཔལ་ཆེན་དགའ་ལོ་པའི། །བཀའ་དམ་ཐ་ཚིག་མ་གཡེལ་རྗེས་དགོངས་ལ། །རྒྱལ་བའི་བསྟན་བསྲུང་འགྲོ་བའི་བདེ་སྐྱིད་སྤེལ། །ལྗོངས་འདིའི་ནད་གདོན་གོད་ཡམས་བར་ཆད་སོལ། །སད་སེར་བཙའ་ཐན་མུ་གེའི་འཇིགས་པ་སོལ། །མཐའ་དམག་དུས་འཁྲུགས་མཚོན་ཁ་དར་བ་ཟློག །མི་འདོད་དུས་ཀྱི་རྒུད་པ་དབྱིངས་སུ་སོལ། །མདོར་ན་འཕྲལ་ཕུག་རེ་ཞིང་སྨོན་པའི་དོན། །མ་ལུས་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད།། གནས་སྲུང་གི་བསང་བསྡུས་བསམ་འཕེལ་ནོར་བུ་ཞེས་བྱ་བ་འདི་ཡང་དོན་གཉེར་ཅན་འགའི་ངོར། མགོ་སྤྲུལ་གྱིས་གང་དྲན་ཤར་མར་བྲིས་པ་དགེ་ལེགས་འཕེལ།


previousབོལ་གོང་ལྡོང་རིའི་གནས་བསང་བསམ་འཕེལ་ནོར་བུ།next