Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།


   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནུའི་བྲེང་ངེ་གཡག་ཕྱུག་གི་བསང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནུའི་བྲེང་ངེ་གཡག་ཕྱུག་གི་བསང་བསྡུས།next

ནུའི་བྲེང་ངེ་གཡག་ཕྱུག་གི་བསང་བསྡུས།

༄༅། གཡི་ཉིན་ནུའི་ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་འགྲུབ་བཞུགས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། ཀ་དག་སྐྱེ་མེད་གདོད་མའི་གཞི་དབྱིངས་ནས། །ལྷུན་གྲུབ་འགགས་མེད་ཡེ་ཤེས་རིག་པའི་གདངས། །ཐུགས་རྗེའི་རོལ་གར་མ་འདྲེས་སྒྱུ་མའི་འཕྲུལ། །རྒྱུ་འབྲས་ཕན་གནོད་སྟོན་ཕྱིར་ཅིར་ཡང་སྣང་། །གཡི་ལུང་དགའ་བ་ལྗོངས་ཀྱི་སྨད་ཕྱོགས་ཉིན། །ནུ་ཞེས་གྲགས་པའི་ཡུལ་སྐྱོང་ལྷ་རིགས་བཙན། །ཡོངས་གྲགས་མཚན་ལ་ནུ་བུ་གཡག་ཕྱུག་ཞེས། །དྲེགས་པའི་གཙོ་བོ་རྡོ་རྗེ་ལྷ་བཞད་རྩལ། །རེས་འགའ་ལྷ་གཡག་ཁམས་སྔོན་དུང་རུ་ཅན། །གསེར་གྱི་སྣ་འགུགས་ལ་སོགས་རྒྱན་ལྡན་དང་། །ཕལ་ཆེར་དུང་རྟ་གཡུ་རྔོག་གློག་བང་ཅན། །རིན་ཆེན་སྣ་ཚོགས་རྒྱན་ལྡན་མ་ངེས་སྟེང་། །སྐྱེས་བུ་དཀར་དམར་དཔའ་བོའི་ཆས་ཀྱིས་བརྗིད། །ཕྱག་གཡས་དགྲ་སྲོག་གཅོད་པའི་གྲི་རིང་ཕྱར། །གཡོན་པས་ལོག་འདྲེན་ཀུན་འཆིང་ཞགས་པ་འཕེན། །ལྷ་ཁྱོད་ཡུམ་སྲས་འཁོར་བཅས་མྱུར་བྱོན་ལ། །བསང་མཆོད་འདོད་དགུ་ཀུན་འབྱུང་བདུད་རྩིའི་སྤྲིན། །ཟག་མེད་ནམ་མཁའི་དབྱིངས་མཛོད་འདི་བཞེས་ལ། །ཁྱོད་ལ་རེ་ཞིང་ལྟོས་པའི་ཡོན་མཆོད་རྣམས། །བསྲུང་སྐྱོབས་བྱ་ར་མེལ་ཚེ་རྟག་ཏུ་མཛོད། །ཕུ་ཡི་འབྲོག་འཛིན་རྟ་ནོར་ར་ལུག་སྲུང་། །མདའ་ཡི་རོང་འཛིན་ལོ་ལེགས་འབྲུ་དྲུག་སྤེལ། །གཞི་བྱེས་ལམ་གསུམ་དགེ་བའི་སྡོང་གྲོགས་གྱིས། །ཆོས་སྲིད་བསམ་དོན་མ་ལུས་མྱུར་འགྲུབ་མཛོད།། ཅེས་གཡི་ལུང་ནུའི་ཡུལ་ལྷའི་བསང་བསྡུས་བསམ་དོན་མྱུར་འགྲུབ་ཞེས་བྱ་བ་འདི་ཡང་བླ་མ་བློ་གྲོས་བཟང་པོའི་ཐུགས་བཞེད་བཞིན། མགོ་སྤྲུལ་གྱིས་ཤར་མར་བྲིས་པ་དགེའོ།།


previousནུའི་བྲེང་ངེ་གཡག་ཕྱུག་གི་བསང་བསྡུས།next